Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཚོ་པདྨ་ཅན་གྱི་གནས་མཇལ་ལས་ འཕྲོས་པའི་གཏམ།

Posted on 2018-04-18 By ཁ་བརྡ 2 Comments on མཚོ་པདྨ་ཅན་གྱི་གནས་མཇལ་ལས་ འཕྲོས་པའི་གཏམ།

ཆབ་མདོ་ངག་ཕུན།

ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས།།
པདྨ་གེ་སར་སྡོང་པོ་ལ།།
ཡ་མཚན་མཆོག་གི་དངོས་གྲུབ་བརྙེས།།
པདྨ་འབྱུང་གནས་ཞེས་སུ་གྲགས།།

ཞེས་གསུངས་དོན་ལྟར་ཚིག་གི་སྔོན་བསུས་ཏེ། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༤ ཚེས་ ༡༤ བདུན་ཕྲག་གཉིས་པའི་དགུང་སེང་དང་སྟབས་བསྟུན་ནས་ཞོགས་པ་སྔ་པོ་ལངས་ཏེ་ཞོགས་བཟས་ཚར་བ་དང་། ཆུ་ཚོད་བདུན་པ་ཙམ་ལ་འཕྲུལ་རྟ་བཞོན་ནས་གནས་མཆོག་ཟ་ཧོར་མཚོ་པདྨ་ཅན་ལ་གནས་སྐོར་ལ་ཕྱིན། མཚོ་པདྨ་ཅན་ལ་རྒྱ་གར་སྐད་དུ་ར་ཝལ་སར་ (Raealsar) ཞེས་ཟེར། ཧི་མ་ཅལ་(Himachal) མངའ་སྡེའི་མཎ་ཌིའི་ཁོངས་སུ་གཏོགས། དེ་ཉིན་གནམ་གཤིས་ཧ་ཅང་མདངས་ཤིང་། ལམ་ཁའི་གཡས་གཡོན་ལ་ལྗོན་ཤིང་ཡིད་དུ་འོང་བ་དེ་དག་མཐོང་དུས་སེམས་ནང་ལ་ཧ་ཅང་གི་དགའ་སྣང་ཚད་མེད་རེ་སྟེར་འོང་གི་འདུག །ལམ་ལ་དཀའ་ངལ་ཅི་ཡང་མེད་པའི་མཚོ་པདྨ་ཅན་ལ་ཉིན་དགུང་ཆུ་ཚོད་བཅུ་གཉིས་ལ་འབྱོར་བ་དང་། མཚོ་ཟུར་ལ་རྙིང་པ་དགོན་པའི་མགྲོན་ཁང་ཞིག་གླས་ཏེ་ཉིན་རེར་ཧིན་སྒོར་༣༠༠ རེད་འདུག །

དེ་ཡང་”ཟ་ཧོར་མཚོ་པདྨ་ཅན་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཟ་ཧོར་སྲས་མོ་མན་དྷ་ར་བ་སོགས་རྗེས་སུ་བཟུང་ནས་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པ་ཟ་ཧོར་རྒྱལ་པོས་གསན་མ་ཐག་སློབ་དཔོན་ཡབ་ཡུམ་གྱིས་འདོད་ལོག་བྱེད་པར་མཐོང་ནས་སློབ་དཔོན་གསོན་བསྲེག་བཏང་། འབྱུང་བ་མེ་ཡིས་མ་ཚིགས་པར་མེ་དཔུང་མཚོ་རུ་བསྒྱུར་བའི་སྐབས་གུ་རུ་པདྨ་སམ་བྷ་”ཞེས་གྲགས་སོ། གནས་རྩ་ཞིག་ཏུ་ངོས་འཛིན་བྱེད།

དེ་ཉིན་ནི་ཡུལ་དེའི་ཁྲོམ་འདུའི་དུས་ཆེན་རེད་འདུག་ན། མཚོའི་མཐའ་སྐོར་ཁྲོམ་སྟོན་མཁན་གྱིས་ཁེངས་ཤིང་མི་ཚོགས་ཧ་ཅང་མང་། མཚོ་ནི་སྔོན་ལྟར་སྔོ་འཐིམ་འཐིམ་གནས་འདུག་ཀྱང་མཚོ་ཟུར་ལ་ཉ་རྐང་གཅིག་ཀྱང་མཐོང་རྒྱུ་མི་འདུག་པས་སེམས་ནང་གཅིག་མ་ཚང་བ་ལྟ་བུའི་བློ་སེམས་མ་བདེ་བ་ཞིག་ཏུ་གྱུར། དེ་སྔོན་ཡིན་ན་མཚོ་ཟུར་ནས་མིའི་རྐང་སྒྲ་གོ་མ་ཐག་ཉ་རྣམས་ཚང་ཁ་ཤིག་ཤིག་གིས་འཕག་མཆོང་བྱེད་འོང་ཞིང་། དེ་རིང་ནི་ཉ་རྐང་གཅིག་ཀྱང་མཐོང་སའི་ཡུལ་ལ་མེད་ཅིང་མིས་སྒྲ་ལས་ཉ་ཡི་སྒྲ་མེད་ཅིང་ཁུ་སིམ་སིམ་གྱིས་གནས་སུ་གྱུར་ལ། གཞན་ལ་སྐད་ཆ་དྲིས་དུས་ཉ་ཚང་མ་ཤི་བ་རེད་ཟེར་བ་ལས་གཞན་ག་རེ་བྱས་ནས་ཤི་བ་ཡིན་པ་སྐད་ཆ་གསལ་པོ་ཤེས་མཁན་མི་འདུག་ལ། དེ་བཞིན་དེ་སྔོན་ཡིན་ན་མཚོ་པདྨ་ཅན་སྲུང་སྐྱོབ་གནང་མཁན་དྭང་བླངས་པ་གཞོན་སྐྱེས་འགའ་ཤས་མཐོང་མྱོང་ཡང་དེ་རིང་ནི་གཅིག་ཀྱང་མཐོང་རྒྱུ་མི་འདུག་ཅིང་། ད་ལོ་མེད་པ་ག་རེ་བྱས་པ་ཡིན་ན་སྙམ་པ་བྱུང་ཡང་སྐད་ཆ་དྲིས་ས་ཞིག་མ་རགས།

དེ་ལས་ཀྱང་མཚོ་ནང་དུ་ཆུ་རྐྱལ་རྒྱག་མཁན་འགའ་ཤས་འདུག་ན་དེ་དག་མཐོང་དུས་དེ་ལས་ཀྱང་ངའི་སེམས་ནང་མི་བདེ་བའི་ཚོར་སྣང་ཟབ་མོ་ཞིག་སྦྱིན། དེ་ནི་གཅིག་བྱས་ན་ང་རང་ཆུང་དུས་མི་ཚེའི་འཚར་ལོངས་བྱུང་སའི་ཁོར་ཡུག་གི་ཁྱད་པ་ཡིན་སྲིད་པ་རེད། ང་འཚར་ལོངས་བྱུང་སའི་བོད་ལྟ་བུར་ཆ་མཚོན་ན་གནས་མཚོ་ཙམ་དུ་མ་ཟད། ཆུ་མིག་ཙམ་ལའང་བཙོག་པ་མི་བཟོ་བའི་གོམས་གཤིས་བཟང་པོ་ཞིག་ཡོད་པ་རེད། གལ་སྲིད་གནས་མཚོ་ནས་སྦྱིན་རླབས་ལེན་དགོས་པའི་དབང་དུ་བཏང་ན་སྣོད་གཙང་མའི་ཁ་བཅོད་ཀྱིས་བཅུས་པ་ལས་ལག་པ་ཙམ་ཡང་ཆུ་མིག་ནང་ལ་རེག་མི་དགོས་པའི་དང་དོན་བྱེད་ལ། གལ་སྲིད་ཆུ་མིག་བཙོག་པ་ཆགས་ན་ཀླུའི་གནོད་པ་ཡོང་དྭོགས་སོགས་ཀྱི་དོགས་གཟོན་བྱེད།

ལྷག་དོན་བོད་ལྟ་བུ་ལོ་ངོ་བརྒྱ་ཕྲག་མང་པོ་དུས་ནས་རང་བཞིན་གྱིས་ཁོར་ཡུག་ལ་གཅེས་སྐྱོང་བྱེད་པའི་གོམས་སྲོལ་བཟང་པོ་ཞིག་ཡོད་པ་ད་གཟོད་གཞི་ནས་རྟོགས་ལ། སྐབས་དེ་དུས་ཁོར་ཡུག་སྲུང་སྐྱོབ་ཅེས་པའི་མིང་མ་རྟགས་པ་མ་གཏོགས་བོད་མིས་སྔ་དུས་ནས་ལག་ལེན་བསྟར་བཞིན་པའི་གནས་སྟངས་ཤིག་ཏུ་གྱུར་འདུག་སྙམ། གནས་རི་དང་། ལྷ་མཚོ། ཤིང་ནགས། ས་རྐོ་རྡོ་རྔོག་བྱས་ན་ཆར་ཆུ་དུས་སུ་མི་འབབ་པ་དང་། ལོ་ལེགས་མི་འབྱུང་བ། ལུང་པར་བཀྲ་མི་ཤིས་པའི་རྐྱེན་ངན་གོད་ཆག་སོགས་ཡོང་གི་རེད་ཅེས་བརྗོད་སྲོལ་ཡོད་པ་རེད་ལ། ཤིང་ནགས་གཅོད་བྲེག་སོགས་གང་ཐུབ་སྤང་བླངས་ཀྱི་ལག་ལེན་བསྟར་གྱི་ཡོད་པ་རེད།

རྙིང་པ་དགོན་པའི་ར་བའི་ནང་ལ་ཕྱི་ལོ་ ༡༩༥༣ ལོའི་ ཟླ་ ༡ ཚེས་ ༥ ཉིན་མོར་མཚོ་པདྨ་ཅན་ལ་ཧི་མ་ཅལ་མངའ་སྡེ་གཞུང་གིས་༸རྒྱལ་བ་རིན་པོ་ཆེ་དང་། པཎ་ཆེན་རིན་པོ་ཆེ་རྣམ་གཉིས་གནས་གཟིགས་ལ་གདན་འདྲེན་ཞུས་དོན་ལྟར་ཕེབས་ནས་བྱང་ཆུབ་ལྗོན་ཤིང་བཙུགས་གནང་མཛད་པ་དང་། ལྗོན་ཤིང་བཙུགས་ནས་ལོ་ངོ་ ༦༡ ཙམ་ཕྱིན་འདུག་ཅིང་ལོ་འདབ་ཧ་ཅང་རྒྱས་འདུག་ཅིང་། ལྗོན་ཤིང་དེ་ཉིད་མཇལ་བ་དང་། བོད་མི་རིགས་ལ་༸རྒྱལ་པཎ་རྣམ་གཉིས་བཀའ་དྲིན་བླ་ན་མེད་པ་ཡིན་པ་དྲན་ནས་རང་དབང་མེད་པའི་མིག་ཆུ་ཤོར་སོང་།

དེ་ནི་ཕྱི་ཉིན་ཞོགས་པ་སྔ་པོ་ལངས་ཏེ་མཚོ་པདྨ་ཅན་གྱི་རི་རྩེའི་བྲག་ཕུག་ནི་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་སྒྲུབ་མཚམས་ལ་བཞུགས་གནས་དང་། དེའི་འཁྲིས་ལ་ལྷ་ལྕམ་མན་དྷ་ར་བའི་སྒྲུབ་ཕུག་ཀྱང་ཡོད་པ་དེ་མཇལ་བར་ཕྱིན། རི་བོ་རྩེ་ལ་འགྲོ་དགོས་འདུག་ཅིང་ལམ་ཁ་ཡག་པོ་འདུག །གུ་རུའི་སྒྲུབ་ཕུག་མ་སླེབས་ཙམ་ལ་རི་སྟེང་ལ་མཚོ་ཆུང་ཡིད་དུ་འོང་བ་ཞིག་ཀྱང་འདུག་པས་ཕྱི་རོལ་པའི་རྩ་ཆེན་ཡིན་རབས་བཤད་སྐད།

དེ་ནས་ཡར་ཙམ་ལ་སྒྲུབ་ཕུག་མཇལ་རྒྱུ་འདུག་ཅིང་། དེ་ཉིན་གནམ་གཤིས་ཧ་ཅང་བཟང་ལ། ཁོར་ཡུག་ཀྱང་ཧ་ཅང་བཀོད་ལེགས་ཡིད་དུ་འོང་བ་ཞིག་ཏུ་སྣང་། གུ་རུའི་སྒྲུབ་ཕུག་ཆེན་མོ་དང་། གུ་རུའི་གསང་ཕུག །གུ་རུའི་ཞབས་རྗེས་བྲག །གུ་རུའི་སྒྲུབ་སྡེ་ལྷ་ཁང་བཅས་བཞི་ཙམ་མཇལ་རྒྱུ་འདུག །གཡས་གཡོན་ཤིང་སྡོང་སྟེང་ལ་རླུང་རྟ་ཧ་ཅང་མང་པོ་བཏགས་འདུག་ཅིང་། བོད་ཀྱི་ས་ཞིག་ལ་སླེབས་པ་ལྟ་བུ་སྣང་བ་སྟེར་འོང་གི་འདུག་ལ། དེ་དག་མཐོང་དུས་སེམས་ནང་སྤྲོ་སྣང་ཞིག་རང་བཞིན་མེད་པ་སྐྱེ་འོང་གི །དེར་གུ་རུའི་སྒྲུབ་སྡེ་ལྷ་ཁང་ལ་ཇོ་མོ་འགའ་ཤས་ཚོགས་ཚོགས་ནས་ཆོས་སྒྲ་ལྷང་ངེར་ཚོགས་བཞིན་མཆིས། གཡས་གཡོན་ལ་ཇོ་མོའི་སྒྲུབ་ཁང་ཡང་འགའ་ཤས་མཆིས། དེ་དག་གནས་མཇལ་ཚར་བ་དང་ཕྱིར་དྷ་ས་ལོག་ཡོང་བ་ཡིན་ནོ། །

སྨྲས་པ།

གནས་མཆོག་གྱུར་པདྨ་མཚོ་ཅན།།
དུས་དེ་རིང་མཇལ་བའི་སྐལ་བཟང་།།
བདག་ལུས་སེམས་གཉིས་ཀྱི་སྟེང་ལ།།
ད་དགའ་བ་ཚད་མེད་སྐྱེས་བྱུང་།།

ད་མི་ལུས་རིན་ཆེན་འདི་ཉིད།།
ད་འཁོར་བ་འདི་ལ་ཇི་གནས།།
ད་དགེ་སྒྲུབ་ལས་ལ་བརྩོན་པའི།།
ད་སྨོན་ལམ་སྙིང་ནས་འདེབས་སོ།།

བསམ་ཚུལ།

Post navigation

Previous Post: འཐབ་རྩོད་ལས་བྱུང་བའི་སྐྱོ་གར།
Next Post: བལ་ཡུལ་བུ་མོ།

Comments (2) on “མཚོ་པདྨ་ཅན་གྱི་གནས་མཇལ་ལས་ འཕྲོས་པའི་གཏམ།”

  1. བཀྲ་ཤིས། says:
    2018-04-26 at 10:32 pm

    ༼དེ་ཡང་”ཟ་ཧོར་མཚོ་པདྨ་ཅན་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཟ་ཧོར་སྲས་མོ་མན་དྷ་ར་བ་སོགས་རྗེས་སུ་བཟུང་ནས་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པ་ཟ་ཧོར་རྒྱལ་པོས་གསན་མ་ཐག་སློབ་དཔོན་ཡབ་ཡུམ་གྱིས་འདོད་ལོག་བྱེད་པར་མཐོང་ནས་སློབ་དཔོན་གསོན་བསྲེག་བཏང་། འབྱུང་བ་མེ་ཡིས་མ་ཚིགས་པར་མེ་དཔུང་མཚོ་རུ་བསྒྱུར་བའི་སྐབས་གུ་རུ་པདྨ་སམ་བྷ་”ཞེས་གྲགས་སོ། གནས་རྩ་ཞིག་ཏུ་ངོས་འཛིན་བྱེད།༽ ཞེས་འཁོད་པའི་ནང་དུ་འདོད་ལོག་བྱེད་པར་མཐོང་ཟེར་བ་དེ་ཡིག་ཆ་གང་གི་ནང་དུ་གསལ་ཡོད་རེད། སངས་རྒྱས་ལ་འདོད་པ་ལོག་རྒྱུ་ཞིག་དང་ལམ་ནོར་རྒྱུ་ཞིག་ཡོད་དམ། རང་འདོད་ཀྱི་རྣམ་རྟོག་ངན་པས་ལོ་རྒྱུས་ལ་བསྲེས་བསླད་མ་གནང་རོགས།

  2. ཆབ་མདོ་ངག་ཕུན། says:
    2018-04-30 at 12:45 am

    སྐུ་ཉིད་ཀྱིས་དགོངས་ཚུལ་གསུང་བ་བཀའ་དྲིན་ཆེ་གནང་། ཡིན་ནའང་གནས་ཡིག་ནང་ལ་དེ་འདྲ་བཀོད་འདུག་ཅེས་ལུང་འདྲེན་བྱས་པ་ཞིག་ལས་གཞན་ང་ལ་དམིགས་ཡུལ་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme