Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་ཀྱི་སྤྱི་འཐུས་འོས་མི་སྤྲོ་ཚིགས་ཆོས་གྲགས།

Posted on 2013-12-212013-12-21 By ཁ་བརྡ་ 77 Comments on མདོ་སྨད་ཀྱི་སྤྱི་འཐུས་འོས་མི་སྤྲོ་ཚིགས་ཆོས་གྲགས།

རྒྱ་གར་གནས་སྡོད་མདོ་སྨད་པ་ཁག་ཅིག་ནས།

unnamedབོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་སྤྱི་འཐུས་ཚད་ལྡན་ཞིག་སླེབས་རྒྱུ་གལ་ཆེ་བས། ད་ལན་མདོ་སྨད་ཀྱི་སྤྱི་འཐུས་བར་མའི་འོས་བསྡུའི་སྐབས། ང་ཚོ་རྒྱ་གར་དུ་གནས་སྡོད་གཤམ་གསལ་མདོ་སྨད་པ་ཁག་ཅིག་གིས་རྒྱུས་ཡོད་ཀྱི་ཆ་ནས་སྤྲོ་ཚིགས་ཆོས་གྲགས་ལགས་མདོ་སྨད་སྤྱི་འཐུས་འོས་མིར་ངོ་སྤྲོད་བྱེད་རྒྱུ་ཡིན། རྒྱ་ཆེའི་མདོ་སྨད་མི་མང་གིས་ཤེས་འཇོན་ལྷག་བསམ་གྱིས་ཕྱུག་པའི་གཞོན་སྐྱེས་ཁོང་ལ་འོས་འཕེན་ཡོང་བའི་རེ་སྐུལ་ཞུ།

ཤེས་ཡོན་སློབ་སྦྱོང་།
སྤྲོ་ཚིགས་ཆོས་གྲགས་ལགས་ནི་ཕྱི་ལོ་ ༡༩༨༡ ལོར་ཨ་མདོ་རྔ་བར་སྐྱེས། བོད་ནང་སློབ་འབྲིང་བར་རྒྱ་ཡིག་སོགས་སྦྱངས། དེ་རྗེས་ཀིརྟིའི་ནང་བསྟན་སློབ་གླིང་མཐར་ཕྱིན། མཁས་དབང་འཇིགས་མེད་ཐེག་མཆོག་དང་། རྨེའུ་དྲུང་ཡིག་སྟག་མ་ལུང་བློ་བཟང་ཆོས་འཕེལ། དགེ་བའི་བཤེས་གཉེན་དཀོན་མཆོག་རྒྱ་མཚོ་སོགས་ཀྱི་མདུན་ནས་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཁག་སློབ་གཉེར་བྱས།ཕྱི་ལོ་༡༩༩༨་ལོར་རྒྱ་གར་དུ་བཙན་བྱོལ་ལ་ཡོང་ཞིང་། ཕྱི་ལོ་༢༠༠༦ ལོར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་མཐོ་རིམ་རིག་གནས་རབ་འབྱམས་པ་ཐོན་ཡོད།

ལས་ཀའི་ཉམས་མྱོང།
རྔ་ཡུལ་ཀིརྟིའི་ནང་བསྟན་སློབ་གླིང་དུ་ལོ་གཉིས་རིང་སྐར་རྩིས་དང་སྐད་ཡིག་དགེ་རྒན་བྱས། རྒྱ་གར་དུ་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་དུ་ལོ་ཤས་རིང་རྩོམ་སྒྲིག་པ་དང་། སློབ་སྤྱི་གཞོན་པ། དགེ་རྒན་སོགས་ཀྱི་ལས་ཁུར་རིམ་པར་ཞུས། དེ་བཞིན་རྡ་ས་རིགས་ལམ་སློབ་གཉེར་ཁང་དུ་བོད་ཀྱི་ལོ་རྒྱུས་དང་། རྩོམ་རིག བརྡ་སྤྲོད་སོགས་ལོ་བཞིའི་རིང་སློབ་ཁྲིད་བྱས་ཏེ་བོད་ཀྱི་ཐུན་མོང་རིག་གནས་འཆད་སྤེལ་ཐུབ་པའི་སློབ་མ་གང་མང་གསོ་སྐྱོང་བྱས། ཕྱི་ལོ་ ༢༠༡༠ ལོར་ལོན་ཌོན་དུ་རྟེན་གཞི་བྱས་པའི་བོད་ཀྱི་རོགས་སྐྱོར་ཐེབས་རྩའི་(Tibet Relief Fund) ལས་ཁུངས་ནང་ཉམས་མྱོང་གསོག་སྒྲུབ་ཆེད་ལས་ཀ་བྱས།

དཔེ་དེབ་གསར་རྩོམ་དང་རྩོམ་སྒྲིག
ཕྱི་ལོ་ ༢༠༠༧ ལོར་<<བོད་དང་བོད་ཀྱི་ཁྱད་ནོར་གླེང་བ་>>ཞེས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་རྡ་ས་བོད་དཔེ་མཛོད་ཁང་གིས་དཔར་དུ་བསྐྲུན། དེའི་ནང་གི་དཔྱད་རྩོམ་<<ལས་འགན་དང་ཐབས་ལམ་གང་འདྲ་ཞིག་བརྒྱུད་ན་བོད་ཀྱི་བདེན་མཐའ་གསལ་ཐུབ>>ཅེས་པ་སོགས་འགའ་ཞིག་ལ་བོད་ཀྱི་དུས་བབ་སོགས་ཀྱིས་སྤེལ་པའི་རྩོམ་ཡིག་འགྲན་བསྡུར་ནང་བྱ་དགའ་ཨང་དང་པོ་ཐོབ་ཡོད། ཕྱི་ལོ་༢༠༡༢ལོར་<<བོད་རིག་པ་ཞིབ་འཇུག>>ཅེས་པའི་དཔྱད་རྩོམ་དུས་དེབ་ཚད་ལྡན་ཞིག་གསར་འདོན་དང་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་ཁུར་བཞིན་ཡོད། དེ་བཞིན་ཀིརྟིའི་བྱེས་པ་གྲྭ་ཚང་ནང་དཔེ་དེབ་དང་དུས་དེབ་ཁག་ཅིག་གི་རྩོམ་སྒྲིག་ལས་ཀ་བྱས།

དབྱིན་ཇིའི་སློབ་སྦྱོང།
རྒྱ་གར་ལྷ་ཕྱོགས་དང་། རྒྱལ་ས་ལྡི་ལིའི་རྒྱལ་སྤྱིའི་སྐད་ཡིག་སློབ་གྲྭར་(inlinguaInternational School of Languages )རུ་དབྱིན་ཡིག་སློབ་སྦྱོང་་། དེ་བཞིན་དབྱིན་ཡུལ་དུ་ཟླ་དྲུག་རིང་དབྱིན་ཇིའི་སྐད་ཡིག་ཆེད་གཉེར་སློབ་སྦྱོང་བྱས། ༸གོང་ས་མཆོག་གི་རང་རྣམ་གསར་པ་<> ཞེས་བོད་བསྒྱུར་བྱས་ཏེ་དཔར་སྐྲུན་བྱེད་མུས།

བོད་དོན་ལས་འགུལ།
ཕྱི་ལོ་ ༢༠༠༨ ལོར་བྷེ་བྷེ་སིའི་ (BBC) སོགས་གསར་འགྱུར་བརྒྱུད་ལམ་མང་པོར་བོད་ནང་གི་ཛ་དྲག་གནས་ཚུལ་ངོ་སྤྲོད་བྱས། ཕྱི་ལོ་ ༢༠༡༠ ལོར་དབྱིན་ཡུལ་དུ་བྷིར་ཊོན་གཙུག་ལག་སློབ་གཉེར་ཁང་( University of Brighton )དང་། ཨོཀིསི་ཧྥོར་ཌི་གཙུག་ལག་སློབ་གཉེར་ཁང་( The Oxford University Buddhist Society ) སོགས་སུ་བོད་དོན་ངོ་སྤྲོད་གཏམ་བཤད་བྱས། ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ལྔ་བར་པོ་ལན་ཌར་འཚོགས་པའི་རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོའི་ཚོགས་ཆེན་ཐེངས་བཅུ་བའི་ (10th PEN International’s Writers in Prison Committee Conference ) ཐོག་བོད་ཀྱི་རང་སྲེག་ངོ་རྒོལ་སྐོར་དང་བཙོན་འོག་ཏུ་ཚུད་པའི་རྩོམ་པ་པོ་རྣམས་ཀྱི་སྐོར་ངོ་སྤྲོད་གཏམ་བཤད་བྱས། ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་དགུ་པའི་ནང་ཡུ་རོབ་ཀྱི་རྒྱལ་ཁབ་ཨེ་སི་ལན་ཌི་རུ་འཚོགས་པའི་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ ༧༩ (79th PEN International Congress in Reykjavik) པའི་ཐོག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་གཡུ་སྒང་འོད་ཟེར་ལགས་དང་ལྷན་དུ་ཚོགས་ཞུགས་བྱས་ཏེ་བོད་དོན་སྐོར་ལ་གྲོས་ཆོད་དོན་ཚན་བདུན་ཅན་ཞིག་སྤྱི་མོས་ཀྱིས་འཇོག་ཐུབ་པ་བྱུང་ཡོད།

ད་ལྟའི་ལས་གནས།
རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་དང་ཕྱི་འབྲེལ་དྲུང་ཆེ་གཅིག་ལྩོགས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་དྲུང་ཆེ། <<བོད་རིག་པ་ཞིབ་འཇུག་>>ཅེས་པའི་དཔྱད་རྩོམ་དུས་དེབ་ཀྱི་རྩོམ་སྒྲིག་འགན་འཛིན། རྡ་ས་རིགས་ལམ་སློབ་གཉེར་ཁང་གི་གདན་ཞུས་རིག་གནས་སློབ་དཔོན་བཅས་བྱེད་མུས།

རྒྱབ་སྐྱོར་དང་འོས་གཞི་ངོ་སྤྲོད་བྱེད་མཁན།

གཡུ་སྒང་འོད་ཟེར། རྡ་ས་ས་གནས་མདོ་སྨད་ཚོགས་གཙོ་དང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ།
གཙང་ཞོལ་བདེ་གསལ། བཙན་བྱོལ་པར་རིས་ལོ་རྒྱུས་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ།
སྨན་ཤེར་བློ་གྲོས། ནོར་གླིང་བོད་ཀྱི་མཐོ་སློབ་ཀྱི་སློབ་སྤྱི།
འཇུ་བསྟན་སྐྱོང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཚིག་མཛོད་རྩོམ་སྒྲིག་འགན་འཛིན།
འབྲོང་དར་རྒྱས། ནོར་གླིང་ཉམས་ཞིབ་སྡེ་ཚན་གྱི་ཉམས་ཞིབ་པ།
པད་མ་མཚོ། བོད་ཀྱི་དུས་བབ་ཀྱི་གསར་འགོད་པ།
སོ་རུ་དར་རྒྱས། ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་སྤྱི།
ཐེ་བོ་ཤེས་རབ་རྒྱ་མཚོ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་རྩོམ་སྒྲིག་པ།
རྔ་བ་བྱང་པོ། རྔ་བ་ཀུན་ཕན་ཤེས་ཡོན་ཐེབས་རྩའི་ཚོགས་གཙོ།

གསལ་བསྒྲགས།

Post navigation

Previous Post: ༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་ཉེར་གསུམ་པ།
Next Post: བོད་ནང་མེར་བསྲེགས། འཛམ་གླིང་གི་ཆག་སྒོ།

Comments (77) on “མདོ་སྨད་ཀྱི་སྤྱི་འཐུས་འོས་མི་སྤྲོ་ཚིགས་ཆོས་གྲགས།”

  1. འདྲེ་རྐང་ཐོ། says:
    2013-12-21 at 4:35 pm

    ངས་ཀྱང་ཐག་རིང་ཞིག་ནས་རྒྱབ་སྐྱོར་དང་རེ་བ་འཛིན་གྱི་ཡོད།

  2. ཞུས་ཆེན་པ says:
    2013-12-21 at 5:19 pm

    མི་འདི་མདོ་སྨད་སྤྱི་འཐུས་སུ་འོས་པར་མཐོང་།

  3. ཡུལ་གྱར་བུ། says:
    2013-12-21 at 6:27 pm

    མདོ་སྤྱི་འཐུས་ལ་ཆབ་སྲིད་པ་མཁོ་བ་ལས་རྩོམ་སྒྲིག་པ་དང་དགེ་རྒན་གྱིས་ཅི་བྱེད། ལྟོས་དང་ལས་ཐོག་སྤྱི་འཐུས་ནང་ན་སྔོན་ཆད་ཤེས་ཡོན་པའི་སྡེ་ནས་ལས་ཀ་བྱས་མྱོང་པའི་མི་ག་ཚོད་ཅིག་འདུག གྲོས་ཚོགས་ཚོགས་དུས་ཁོང་ཅག་གིས་ཁ་ག་འདྲ་ཞིག་གྲགས་མིན་ང་ཚོས་གསལ་བོར་རིག་གའ དེ་ལས་ངེས་པ་དོན་གྱི་མྱི་རང་ཚིགས་ཅན་ཨ་ཚོགས་ཀླུ་མཁར་བྱམས་འདྲ་ཞིག་སྤྱི་འཐུས་ལ་མཁོ་བས་ཐུགས་བསམ་བཞེས་རོགས་མདོ་སྨད་པ། ངས་ནི་ཨ་ཚོགས་ཚང་གི་མྱི་རག་རྡང་དེར་འོས་འཕེན་ངེས་ཡིན།

  4. བོད་ཀྱི་བུ་ says:
    2013-12-21 at 7:06 pm

    སྤྱི་འཐུས་ལ་སྤྱི་འཐུས་མཁོ་མ་གཏོགས་་སྤྱི་འཐུས་ལ་སྤྱི་དཀྲུག་མི་མཁོ། གཞོན་སྐྱེས་རྨ་མེད་ཁོང་གཤོང་གི་བཟང་གི་ཡ།

  5. བོད་ཀྱི་བུ་ says:
    2013-12-21 at 7:28 pm

    སྤྱི་འཐུས་ལ་སྤྱི་འཐུས་མཁོ། སྐྱེས་དངོས་ཞིག་ཡིན་བྱིན་རང་ཚིགས་རེ་ཡོད། གཞོན་སྐྱེས་ཁོང་ལ་མཚོན་ན་ཚུགས་ཐུབ་ཀྱི་སྨྲ་སྒོ་ཞིག་ཡོད། བྱང་ཆུབ་པའི་ཤེས་ཡོན་སློབ་སྦྱོང་གི་རིམ་པ་ཞིག་རྒྱུད་ལ་ཡོད། བཅོས་མིན་གྱི་ལྷག་བསམ་དཀར་པོ་ཞིག་ཁོང་གི་ཕྱག་རྗེས་སུ་གསལ་ལེ་ཡོད།

    ཨེ་མ། ཁོང་ད་གཤོང་གིས་་་སྤྱི་འཐུས་ལ་འགྲིག་གི་ཡ།

  6. བོད་ཀྱི་བུ་ says:
    2013-12-21 at 7:30 pm

    སྐྱེས་དངོས་ཤིག་ཡིན་ཕྱིན་་རང་ཚིགས་རེ་ཡོད།

  7. བོད་ཀྱི་བུ་ says:
    2013-12-21 at 7:50 pm

    སྤྱི་འཐུས་ལ་སྤྱི་འཐུས་མཁོ། སྐྱེས་དངོས་ཤིག་ཡིན་ཕྱིན་རང་ཚིགས་རེ་ཡོད། གཞོན་སྐྱེས་ཁོང་ལ་མཚོན་ན་ཚུགས་ཐུབ་ཀྱི་སྨྲ་སྒོ་ཞིག་ཡོད། བྱང་ཆུབ་པའི་ཤེས་ཡོན་སློབ་སྦྱོང་གི་རིམ་པ་ཞིག་རྒྱུད་ལ་ཡོད། བཅོས་མིན་གྱི་ལྷག་བསམ་དཀར་པོ་ཞིག་ཁོང་གི་ཕྱག་རྗེས་སུ་གསལ་ལེ་ཡོད།

    ཨེ་མ། ཁོང་ད་གཤོང་གིས་་་སྤྱི་འཐུས་ལ་འགྲིག་གི་ཡ།

  8. གསར་བུ། says:
    2013-12-21 at 8:06 pm

    ཨ་མདོ་བ་ཚོས་ནམ་དུ་ཤར་ལ་ཡར་གྱི་རྐུབ་ལ་རྩོམ་སྦྱར་མར་གྱི་མགོ་ལ་རྩོམ་སྦྱར་ནས་འདུག་གི ད་ཐེངས་ང་ཚོས་སྤྱི་འཐུས་ཀྱི་འོས་མི་ཞིག་དགོས་པ་ལས་རྩོམ་སྒྲིག་པ་ཞིག་གི་དགོས་མཁོ་མ་རེད་ལྦ། མི་ཚེའི་དུས་ཚོད་མང་ཤོས་རྩོམ་སྒྲིག་དང་རྩོམ་རིག་གི་སྒང་ལ་བཏང་བཞག་ནི་ཞིག་དེ་ག་རང་ནས་བཞག་ན་ནུས་པ་ཐོན་ས་དེ་ཡག་པོ་མེད་འགྲོ། དེ་ལས་རྡ་སའི་གཡས་གཡོན་ན་ཐད་ཀར་ཆབ་སྲིད་ཀྱི་སྒང་ལ་ཚོར་བ་རྣོ་བའི་མི་ད་དུང་ཡོད་རྒྱུ་རེད་ལྦ།

  9. ཀླུ་སྨྱོན། says:
    2013-12-21 at 8:22 pm

    ལས་རིགས་རྩོམ་སྒྲིག་པ་ཡིན་པའི་ཤེས་ཡོན་ཅན་འདི་རིགས་ཆབ་སྲིད་ཀྱི་ནང་དུ་ཅིག་འདྲུད་ཀི་མ་བསྡད་ན་ཨེ་ཆོག་གི ངས་ཞུ་བ་ཞིག་འཐེན།

  10. ཀླུ་སྨྱོན། says:
    2013-12-21 at 8:27 pm

    གལ་སྲིད་སེམས་ཁམས་བདེ་བོ་ཡོད་པའི་མི་ཞིག་སྤྱི་འཐུས་ཀྱི་ནང་ནས་ལོ་འགའ་བསྡད་དེ་ཕྱིར་སྤྱི་ཚོགས་ནང་ཡོང་དུས་མི་དེའི་ཀླད་པ་ཡོངས་རྫོགས་ཐང་ཐང་མེད་པ་ཆགས་ནས་ཡོང་གི་ཡོད་པ་དེ་ཙམ་ཡང་ཁྱོད་ཚོས་མི་ཤེས་སམ། སྤྲོ་ཚིགས་ཆོས་གྲགས་ལྟ་བུ་སེམས་ཞིབ་མོས་རྩོམ་སྒྲིག་དང་དགེ་རྒན་གྱི་ལས་ཀ་བྱེད་མཁན་ཚོ་ཅིག་འདུག་གི་ཞོགས་ག་ཐོངས། ཁོང་རང་ངོས་ནས་ཀྱང་སྤྱི་འཐུས་འོས་མིར་མ་ལངས་རོགས་ཞུ་ཀི་ཡོད།

  11. བཙག་རོང་འཇོལ་མོ། says:
    2013-12-21 at 8:49 pm

    ཀླུ་སྨྱོན་མིག་ཚ་བ་ཡིན་དང་ཡིན། ཡིན་ནས་མི་འདིས་བཙན་བྱོལ་ནང་ལ་ཕན་གང་ཐུབ་ལས་ངོས་རྒོལ་དང་གཟིངས་འཁྲུགས་སློང་བ་གོ་མྱོང་མེད། རྒྱུ་མཚན་དེ་ལྟར་ཡིན་པས་ཁོང་ལ་མདོ་སྨན་སྤྱི་མཐུན་འོས་ཤིག་ཚང་བར་མཐོང་། རྣམ་པ་ཚོས་སྤྱན་ཡོད་ཀྱང་དམ་ངོས་མི་བཟུང་ནས་བློ་བཟང་ཆོས་འབྱོར་འོས་མིའི་ནང་དུ་དྲུད་ཡོང་ན་མདོ་སྨན་མི་དམངས་ངོ་འཚབ་ཐུབ་རྒྱུ་ཕར་གཞོག་དེ་ལས་ལྡོག་པས་མདོ་སྨད་མི་དམངས་ཀྱི་ཆ་སྒོ་ཞིག་ཀྱང་རེད། གཟབ་པར་འཚལ།

  12. བན་དེ་བ། says:
    2013-12-21 at 9:08 pm

    སྤྱི་འཐུས་ཟེར་བ་ཆབ་སྲིད་ཀྱི་འཐུས་མི་ཞིག་ཡིན་པས་དེར་སྙནརྩོམས་སོགས་དགོས་པ་མེད་་་་སྤྱི་འཐུས་ནང་ལ་ཕེབས་མཁན་གྱི་དེ་སྔ་སུ་ཞིག་གིས་ཀྱང་རྒྱ་ནག་གིས་བཏོན་པའི་བོད་ཀྱི་གནད་དོན་སྐོར་ལ་དགག་པ་ཚ་ནན་རྒྱབ་བཞག་པར་མ་མཐོང། གང་ལྟར་ཆབ་སྲིད
    ཀྱི་ཤེས་ཡོན་ཉམས་མྱོངས་དང་ལྡན་པ་ཞིག་དགོས་་་་ངས་བསྟན་འཛིན་མགོན་པོ་མདོ་སྨད་པའི་ནང
    ནས་ཆབ་སྲིད་ཀྱི་གོ་རྟ྄ོགས་དང་རྩ་ཡོད་མཁན་ཞིག་ཏུ་མཐོང་འོན་ཀྱང་ཁོང་མི་བུ་དྲང་ཤིང་ཞིག་ཡིན་ཙང་ཨ་མདོ་བ་ཚོས་མི་དགའ་བར་བྱེད་ཀྱིན་འདུག་་་

  13. ལར་རྒྱའི་བདག་པོ། says:
    2013-12-21 at 10:27 pm

    ཆབ་སྲིད་པ་དང་རྩོམ་པ་པོར་མུ་བཞི་གྲུབ་པས་རྩོམ་སྒྲིག་ལས་རིགས་པ་ཡིན་ན་ཆབ་སྲིད་པ་མིན་པའི་རྒྱུ་མཚན་སུ་ལ་ཤོད་རྒྱུ་ཡོད་དམ། ཀླུ་སྨྱོན་གྱིས་བསམ་བློ་བ་ཡིན་རློམ་
    གྱི་སྨྱོ་ལབ་དེར་རིན་ཐང་ག་ཚོད་ཡོད་དམ།

  14. དགེ་འདུན་རྒྱ་མཚོ། says:
    2013-12-21 at 10:31 pm

    མདོ་སྨད་ལ་མི་ཉུང་བའི་ཐོག་ལ་ཤེས་འཇོན་ཅན་ཡང་ཉུང་ཉུང་རེད། མདོ་སྨད་སྤྱི་འཐུས་ལ་སུ་བསྡད་ཀྱང་ཁྱད་པར་ཡོད་ནི་མ་རེད། གྱོང་ཡོད་མ་རེད་ལ་ཁེ་བཟང་ཡང་ཡོད་མ་རེད། 

  15. བདེ་ཆེན་རྒྱ་མཚོ། says:
    2013-12-21 at 11:22 pm

    ཁོ་རང་གིས་ཁྱབ་བསྒྲགས་རེད་ཟེར་བ་དེར་གོ་རྒྱུ་ཞིག་འདུག་བསམ་སོང། འོན་ཀྱང་དེ་མི་འགྲིག་པ་ཆེར་མེད་པ་འདྲ། ཆབ་སྲིད་ཀྱི་འགྲོ་སྟངས་ཞིག་རེད།

  16. བསོད་ནམས། says:
    2013-12-21 at 11:37 pm

    རེབ་གོང་ཁ་ཤས་ཀྱིས་ཁུག་རྟ་ལ་རྒྱབ་སྐྱོར་བྱེད་ཀི་འདུག རྔ་བ་ཁ་ཤས་ཀྱིས་སྤྲོ་ཚིགས་ཆོས་གྲགས་ལ་རྒྱབ་སྐྱོར་བྱེད་ཀི་འདུག དེའི་རིགས་ཀྱི་རྣམ་པ་ཙམ་ཐོན་ན་དགའ་བསུ་མེད།

  17. བོད་ཁམས་སྡེ་ says:
    2013-12-22 at 2:05 am

    ཨ་ཚོགས་ཀླུ་མཁར་བྱམ་དང་བསྟན་འཛིན་མགོ་པོ་གཉིས་མདོ་སྨད་སྤྱི་འཐུས་འོས་ཤོས་རེད་ དེ་མིན་ཡ་གི་ཚོགས་པའི་ཚོགས་གཙོ་བྱས་རབ་དང་ མ་གི་རྩོམ་སྒྲིག་པའི་འགན་འཛིན་བྱས་རབ་ ཕ་གི་ཞིག་ནས་དབྱིན་འཇི་སྦྱང་རབ་དང་ ཚུར་ཕྱོག་ཞིག་ནས་རྒྱ་ཡིག་མཁས་རབ་འདྲ་བཤད་ དོ་དངོས་སུ་ང་ཚོ་ལ་ཆབ་སྲིད་པ་ཞིག་དགོས་ཀྱི་ཡོད་པ་ཤེས་གལ་ཆེ།

  18. ལྷ་བྱ་འཕུར་མ་ says:
    2013-12-22 at 2:38 am

    ངོ་སྤྲོད་ལྟར་ན་སྤྲོ་ཚིགས་ཆོས་གྲགས་ཟེར་བ་འདི་བོད་ཀྱི་རིག་གནས་གང་ཙམ་སྦྱངས་འདུག ཁོ་རང་གོ་གནས་དང་མིང་གྲགས་ལ་དགའ་བོ་ཞེ་དྲག་ཡོད། སྦྱིར་བཏང་རིག་གནས་ཀྱི་ལས་ཀ་བྱེད་མཁན་ཞིག་ཡིན་ན་ཆབ་སྲིད་ནང་ཞུགས་ན་དགོས་དམིགས་གང་ཡང་མཐོང་མ་སོང་། སྤྲོ་ཚིགས་ལགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་དང་རྒྱ་ནག་གི་མགོ་ཁྲིད་འགའ་ཞིག་གི་མིང་མ་གཏོགས་རྒྱ་ནག་གི་སྲིད་དོན་འཕོ་འགྱུར་སོགས་ལ་རྒྱུས་མངའ་དེ་ཙམ་ཡོད་དམ།

  19. རྫ་ཆུའི་ཟླ་བ། says:
    2013-12-22 at 2:42 am

    སྤྱིའི་བདེ་བ་སྡུག་བསྔལ་དེ་གྲོས་ཚོགས་ནང་ངོན་ལྐོག་མེད་བཤད་ཐུབ་པ་ཞིག་ཡིན་དགོས་པ་ལས་སློབ་གྲྭའི་དགེ་རྒན་བྱེད་མྱོང་མིན་དང་དགེ་བའི་བཤིས་གཉེན་འདུན་ནས་ཆོས་ཐོབ་མྱོང་ཡོད་མེད་མདོ་སྨད་སྤྱི་འཐུས་འོས་མིར་ལང་ཆོགས་པའི་ཚད་མ་རེད།

  20. ལྷ་བྱ་འཕུར་མ་ says:
    2013-12-22 at 2:48 am

    ད་ཡིན་ན་ལྟད་མོ་འདུག ཤར་ཁུག་དང་སྤྲོ་ཚིགས་གཉིས་ཀྱིས་མདོ་སྨད་མི་ཁ་ཤས་ཀྱི་མིང་གཡར་ནས་རང་ཉིད་ངོ་སྤྲོད་དང་ཁྱབ་བསྒྲགས་བྱས་འདུག ཡག་པོ་རེད་ཡིན་ནའང་སོ་སོས་སོ་སོའི་མིང་བེད་སྤྱོད་ནས་ཁྱབ་བསྒྲགས་བྱས་ན་ཡག་པོ་འདུག གཞན་གོ་ཐོས་ལྟར་ན།དགུ་བཅུ་གསུམ་ལས་འགུལ་ཚོགས་པས་དྲུང་ཆེ་རྨེའུ་དཀོན་རྒྱམ་ལགས་ཀྱིས་ཀྱང་གྲ་སྒྲིག་བྱེད་བཞིན་ཡོད་པ་འདྲ།ཡག་པོ་རེད།གཞན་གྱི་མིང་བེད་སྦྱོད་མ་གཏོང་རོགས་ཞེས་འབོད་སྐུ་ཞུ་བཞིན་ཡོད།

  21. འཇམ་གཅེས། says:
    2013-12-22 at 3:00 am

    ཤེས་ཡོན་འཇོན་ཐང་གང་ཐད་ནས་མཁས་པའི་དབང་པོ་ཁོང་ལྟ་བུ་ནི་བཙན་བྱོའི་ནང་དུ་དཀོན་པ་སྣང་བས་ཁོང་ལ་མདོ་སྨད་སྤྱི་འཐུས་འོས་ཆོས་ཡོངས་སུ་ཚང་ཡོད་པར་མཐོང་།

  22. ཨ་ཕྱི་ཆོས་སྒྲོན says:
    2013-12-22 at 3:37 am

    ངས་ནི་ཤེས་འབྱོན་གཉིས་ཀའི་ཆ་ནས་ཤར་ཕྱོགས་ཁུག་རྟ་འདེམས་ཟིན།

  23. རོང་བཙན། says:
    2013-12-22 at 3:39 am

    མདོ་སྨད་པའི་ཕྱོགས་ཁག་གསུམ་ནས་གསར་འབྱོར་བ་གསུམ་ལ་རྒྱབ་སྐྱོར་གྱི་ངོ་བོ་ཞིག་ཏུ་འགྱུར་བཞིན་འདུག། དེ་ཡང་བླ་བྲང་ཚང་གི་ཀླུ་མཁར་བྱམ་དང་རེབ་གོང་ཚང་གི་ཤག་ཁུག། རྔ་བ་ཚང་གི་སྤྲོ་ཚིགས་ཆོས་གྲགས་བཅས་རེད། ཁོང་གསུམ་གྱི་ནང་ནས་རྒྱ་བོད་ཀྱི་ཆབ་སྲིད་དང་ལྷག་པར་དུ་རྒྱ་དམར་གྱིས་བོད་ལ་འཛིན་པའི་སྲིད་ཇུས་དང་བྱ་སྤྱོད་བཙན་བྱོལ་ནང་གི་ཆབ་སྲིད་ཀྱི་ལྟ་གྲུབ་བཅས་ལ་རང་གི་ལུས་སེམས་གཉིས་ཀྱིས་རྒྱུས་མངའ་ཟབ་མོ་ཡོད་པ་མ་ཟད། ཆབ་སྲིད་ཀྱི་ལང་ཕྱོགས་དང་མི་རིགས་ཀྱི་ཕུགས་བསམ་དང་ལར་བརྒྱ་བཅས་ཀྱིས་སྣ་ཐག་མི་ལ་ཤོར་མ་མྱོང་མཁན་ནི་ཀླ་མཁར་བྱམ་རེད། དོན་དངོས་ཀྱི་མང་གཙོ་དང་རང་དབང་གི་སྤྱི་ཚོགས་ཞིག་འཛུགས་པར་འདོད་ན་ཁོང་ཚོ་གསུམ་ནས་ཀླུ་མཁར་ལས་ལྷག་པ་མི་འདུག། འོན་ཀྱང་སྐབས་འཚོལ་དང་རྨོངས་ཞེན་གྱིས་མདོ་སྨད་པའི་སྤྱི་ཚོགས་ནང་ནས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གྲངས་ཚོད་ལེན་རྒྱུ་ཁག་ཙམ་རེད། ཁོང་ཚོ་གསུམ་གྱི་ནང་ནས་རེབ་གོང་གི་སྐུ་ཚབ་ཤག་ཁུག་ནི་སྐབས་འཚོལ་པ་ཨ་ན་མ་ན་ཞིག་དང་སྤྱི་ཚོགས་དཀྲུགས་རྐྱེན་བཟོ་མཁན་ཙམ་ལས་བོད་མིའི་ལར་བརྒྱ་དང་འབྲེལ་བའི་སྙིང་ཁམས་དང་ཕྱི་ཐག་ཡོད་པའི་མི་བུ་ཞིག་མ་རེད། དེ་ནས་རྔ་བ་ཚང་གི་སྤྲོ་ཚིགས་ལགས་རེད། ཁོང་ནི་སྤྱིར་ཆབ་སྲིད་དང་བྱེ་བྲག་ཏུ་རྒྱ་བོད་སྲིད་དོན་དང་བོད་མིའི་སྤྱི་ཚོགས་སུ་ཆབ་སྲིད་ཀྱི་ལྟ་གྲུབ་སོགས་ལ་རྣམ་དཔྱད་དང་སྤྱི་ཚོགས་ཀྱི་མཐུན་ལམ་བཅས་ལ་མཁྱེན་བརྒྱ་སྐོར་ཤེས་རྟོགས་མེད། འོན་ཀྱང་ད་ཕན་བཙན་བྱོལ་ནང་དུ་྄ཀླན་ཀ་མཁན་ཞིག་ཡིན་ཚུལ་མི་འདུག་ལ་བོད་ཀྱི་སྐད་ཡིག་ཐད་ལ་ཡང་རྒྱུས་མངའ་གང་འཚམ་ཡོད་པའི་ཤེས་ཡོན་པ་ཞིག་རེད་འདུག། འབུམ་༢༡ ལྷག་གི་འགྲོ་མགྲོན་གྱིས་མི་བུ་དེ་ཁོང་གསུམ་གྱི་ནང་ནས་སྤྲོ་ཚིགས་འགྱུར་གྱི་རེད། རེབ་གོང་ཚང་མིང་གྲགས་ཙམ་ལས་མི་ངོ་ཚད་ལྡན་ཞིག་སྟོན་རྒྱུ་མི་འདུག། གཞི་ཆགས་ཁག་ནས་ཨ་མདོ་བ་རྫོགས་སོང་བ་ཡིན་བཟོ་འདུག། གང་ལྟར་མདོ་སྨད་ཚང་ལ་ཨ་ཡོད་ནང་གི་ད་ཡོད་ཁོང་ཚོ་ཡིན་པ་འདྲ། ཧཧཧཧཧཧཧཧཧཧཧ།

  24. བླ་བྲང་འཇམ་དབྱངས། says:
    2013-12-22 at 4:20 am

    འོས་གཞི་ཚད་ལྡན་ཞིག་ཏུ་མཐོང་། ཁོང་གིས་གསར་འགྱུར་བརྒྱུད་ལམ་ནང་ཆབ་སྲིད་སྐོར་གཏམ་གླེང་བྱས་པ་མཐོང་མྱོང། ཆབ་སྲིད་མགོ་ཚོས་པོ་དང་གཏམ་བཤད་མཁས་པོ་ཞིག་མཐོང་སོང་། སྤྱི་འཐུས་ལ་ལངས་ན་ཏག་ཏག་དགོས་པ་དེ་ཚང་འདུག་བསམ།

  25. བླ་བྲང་འཇམ་དབྱངས། says:
    2013-12-22 at 4:24 am

    ཀླུ་མཁར་བྱམས་གྱིས་ག་དུས་ཡིན་ཡང་རྒྱལ་བ་རིན་པོ་ཆེར་གོ་སྐབས་བཟུང་ནས་མཚན་སྨོད་དང་སྐུར་འདེབས་བྱེད་ཀྱི་འདུག་པས། མདོ་སྨད་སྤྱི་དང་ལྷག་པར་དུ་ང་ཚོའི་ཕ་ཡུལ་གྱི་མིའི་ལྟ་བ་དང་མཐུན་གྱི་ཡོད་པ་མ་རེད། ང་ཚོ་བཙན་བྱོལ་ཆུང་ཆུང་འདིའི་ནང་གཙོ་བོ་མི་ཚད་ལྡན་ནུས་པ་ཅན་ཞིག་སྤྱི་བའི་འཐུས་མིར་འོས་འདེམས་བྱེད་རྒྱུ་གལ་ཆེན་པོ་རེད། གལ་སྲིད་ཀླུ་མཁར་བྱམས་མདོ་སྨད་སྤྱི་འཐུས་ལ་སླེབས་ན་མདོ་སྨད་ཀྱི་ལངས་ཕྱོགས་དང་མཐུན་གི་ཡོད་པ་མ་རེད། དེ་ནས་ཤར་ཁུག་ནི་རྩོམ་འབྲི་ཤེས་ཙམ་ལས་རྙོག་དྲ་གང་བསྡད་ས་ཞིག་རེད། ལྷག་པར་དུ་རྒྱ་དར་ཕྱར་བ་དེས་གཞིས་ལུས་མི་མང་གི་སེམས་ཁམས་བསྲེགས་ཡོད། ངས་ནི་འོས་ཤོས་འདྲ་བོ་མི་འདི་མཐོང་སོང་།

  26. བླ་བྲང་འཇམ་དབྱངས། says:
    2013-12-22 at 4:26 am

    ཁོང་ཚོ་གསུམ་ནི་ལངས་ཕྱོགས་དང་ལྟ་བ་ཁ་ཁ་ཡོད་པའི་མདོ་སྨད་ཀྱི་གཞོན་སྐྱེས་གྲགས་ཅན་གསུམ་རེད་བསམ་གྱི་འདུག

  27. ཡང་ཀྱཱ་མ་དགོན says:
    2013-12-22 at 5:37 am

    བོད་མདོ་སྨད་མི་མང་ལ་སྤྱི་འཐུས་ཚད་ལྡན་ཞིག་སླེབས་རྒྱུ་ཤིན་ཏུ་གལ་ཆེ་བར་སོང་ཙང་། སྤྱི་འཐུས་ཟེར་བ་ནི་་ཆབ་སྲིད་ཀྱི་འཐུས་མི་ཞིག་ཡིན་པས་དེང་དུས་ཆབ་སྲིད་ཀྱི་སློབ་སྤྱོང་དང་མཉམ་མྱོང་ཡོད་མཁན་ཤིག་དང། ལྷག་པར་དུ་རྒྱལ་སྤྱི་དབྱིན་སྐད་དང་རྒྱ་གར་ཧིན་རྡུའི་སྐད་སོགས་ལ་བྱང་ཆ་ལེགས་པོ་ཡོད་པའི་ཆབ་སྲིད་པ་ཞིག་དགོས་པ་གལ་ཆེ་སྙམ། གལ་ཏེ་རྩོམ་སྒྲིག་པ་དང་སྙན་ངག་པ་སོགས་སྤྱི་འཐུས་གྲོས་ཚོགས་ནང་ལ་སླེབས་ན། སྤྱི་འཐུས་གྲོས་ཚོགས་ཀྱི་ངོས་ནས་རྒྱལ་སྤྱི་མི་ག་གེ་མོ་ཞིག་ལ་མཇལ་སྐབས་ཡང་སྐད་འགྱུར་པ་ཞིག་དགོས་པ་མ་རེད་པེ།་ཧཧཧཧ

  28. རྩམ་པ says:
    2013-12-22 at 6:39 am

    ག་རེ་བྱས་ནས་ང་ནང་འཇུག་མི་བྱེད་ནི་རེད

  29. བསོད་ནམས། says:
    2013-12-22 at 6:58 am

    ཁ་བརྡ་ཚང་ལགས། ངའི་མཆན་མགོ་གཏུབ་ནས་ཅི་རེད། ཁྱེད་ཚོ་ཚོགས་གཙོ་སྤེན་པ་ལ་དེ་འདྲ་སྐྲག་ནས་ཅི། ་་་་་་་་་

  30. སྡོང་ཆུ་མིག says:
    2013-12-22 at 7:37 am

    སོ་སོའི་གང་བཤད་པ་དེ་ལ་གནས་ལུགས་དང་རྒྱུན་མཚན་ཡོད་ན་ཧ་ཅང་བཟང་གི། སྨྱོན་བཤད་མ་གནང་།

  31. ཕུག་རོན། says:
    2013-12-22 at 9:01 am

    ཤེས་ཡོན་དང་མི་གཤིས། ལྷག་བསམ། འཇོན་ཐང་། སྙིང་སྟོབས། བྱས་འབྲས། ལོ་ཚོད་བཅས་ལ་བལྟས་ན། མི་འདི་སྤྱི་འཐུས་འོས་མིར་ཏག་ཏག་རེད་འདུག རྒྱབ་སྐྱོར་ཡོད།

  32. རིག་ལོ། says:
    2013-12-22 at 9:39 am

    ཕྱོགས་གང་ཐད་ནས་བསམ་གཞིག་གནང་ཡང་ང་རང་གིས་ཀླུ་མཁར་བྱམས་དང་བསྟན་འཛིན་མགོན་པོ་གཉིས་ལས་ལྷག་པ་ཞིག་བརྙེད་མ་སོང་། བསྟན་མགོན་ལ་ཐེངས་སྔོན་མར་འོས་ཤོག་འཕངས་ཚར། ད་ཐེངས་ཀླུ་མཁར་བྱམས་ལ་འཕེན་གི་ཡིན། སེམས་ཐག་བཅད་ཚར་ཡོད།

  33. འཕྲིན་ལས་ལྷུན་གྲུབ་ says:
    2013-12-22 at 9:46 am

    ཆོས་གྲགས་ཀྱིས་ཆབ་སྲིད་ལ་མི་དགའ་གསུངས་ཀི་རེད། དེ་རིང་གོ་སྐབས་ཡོད་ན་འཆོང་རྐྱང་བྱེད་པ་འདི་ཡག་པོ་མ་རེད།

    ཆབ་སྲིད་ལ་དབྱིངས་ཡོད་མཁན། དབྱིངས་ཡོད་པ་ཙམ་དུ་མ་ཟད་མཁྱེན་རྟོགས་དང་གྲུབ་འབྲས་ཡོད་མཁན་ཞིག་གཙོ་བོར་དམིགས་ན་ཡག་གི་རེད། ཁོང་དང་ཤར་ཁུག་བསྡུར་ས་འགྲོ་གི་མ་རེད། ཤར་ཁུག་གིས་འདི་འདྲ་ལྔ་དྲུག་ཟིག་གི་འཇོན་ཡ་དང་ཤེས་ཡ་དེ་ཤེས་ཀི་རེད།

  34. བླ་བྲང་འཇམ་དབྱངས། says:
    2013-12-22 at 10:54 am

    ཨ་མདོའི་ཅིག་ཡིན་ཟེར་མཁན་ཚོའི་དབར་ལ་ཕན་ཚུན་མ་དགའ་ཕྲག་དོག་ཆེན་པོ་རེད། ད་རེས་ཀྱང་ཁ་བརྡ་དྲ་བའི་རྩོམ་སྒྲིག་པ་ཚོས་མི་གཞན་ལ་ཁུངས་མེད་དཀྲོག་གཏམ་བཟོ་བར་བསམ་བཞིན་དུ་སྟངས་འཛིན་བྱེད་ཀི་མི་འདུག། འདི་ལ་བལྟས་ན་ཁ་བརྡ་ཚང་གིས་ཤར་ཁུག་མ་གཏོགས་གཞན་ཚོ་ལ་བསམ་བཞྀན་དུ་ནག་པོ་བཟོ་གི་ཡོད་པ་འདྲ། དེ་འདྲ་བྱས་ན་མདོ་སྨད་ནང་ཁུལ་གྱི་མཐུན་ལམ་ལ་གནོད་ཀི་རེད།
    བསམ་བློ་ཡག་པོ་གཏོང་རོགས།

  35. བླ་བྲང་འཇམ་དབྱངས། says:
    2013-12-22 at 11:27 am

    སྤྱི་བ་ལ་ཕན་ཐོགས་ཡོད་པའི་མི་ཤེས་འཇོན་ཅན་རེ་ཐོན་ཡོང་ན་ཐབས་ངན་ཡོད་རྒུས་མེད་པར་བཟོ་ཨེ་ཐུབ་ལྟ་བ་ནི་བོད་པ་ཚང་གི་ཕྲག་དོག་གི་གཤིས་ངན་དེ་རེད། ང་ཚོ་ལ་ཡར་རྒྱས་མེད་པའི་རྒྱུ་མཚན་ཡང་དེ་ལ་ཐུག་བསྡད་ཡོད་པ་རེད། ཤར་ཁུག་དང་སྤྲོ་ཚིགས་ཀླུ་མཁར་སོགས་སུ་ཡིན་ཡང། ང་ཚོས་གདེང་འཇོག་བྱེད་དགོས་པ་རེད་དྲན། ཁུངས་ལུང་མེད་པར་སྐྱོན་འཛུགས་བྱས་ན་ཡག་པོ་མ་རེད།

  36. དུད་ནག་ says:
    2013-12-22 at 11:31 am

    ང་རང་མདོ་སྨད་པ་ཡིན་པས་ཆ་ནས་བཤད་ནྲ། ཤར་ཁུག་དང་སྤྲོ་ཚིགས། ཚང་དབྱངས་རྒྱ་མཚོ་སོགས་གང་ལ་ལྟོས་ན་ཀླུ་མཁར་བྱམས་ཀྱི་ཤེས་ཡོན་མི་གཤིས། ལྷག་བསམ། འཇོན་ཐང་། སྙིང་སྟོབས། བྱས་འབྲས། ལོ་ཚོད་བཅས་ལ་བལྟས་ན། འགྲན་ཡ་མི་ཡོངས་གསལ་བོ་རེད། མི་འདི་སྤྱི་འཐུས་འོས་མིར་ཏག་ཏག་རེད་འདུག རྒྱབ་སྐྱོར་ཡོད། ང་ཚོས་ཁ་ནས་ཀླུ་མཁར་བྱམས་གི་ཁ་བཏངས་ནི་རེད་ཞེས་ལབ་པ་དེ་དཀྲོག་གཏམ་རང་རེད།

  37. མདའ་ཚེ་དོན། says:
    2013-12-22 at 12:03 pm

    མི་གཤིས་ཀྱི་ཆ་ནས་མི་འདི་འོས་པར་མཐོང་།ད་དུང་གཡུ་སྒང་འོད་ཟེར་དང་གཡང་ཁོ་རྒྱལ་སོགས་ཁོ་དང་ཆ་འདྲ་བ་མང་པོ་འདེམས་རྒྱུ་ཡོད།

  38. ཆབ་བྲག་ཕོ་ཉ། says:
    2013-12-22 at 12:11 pm

    ངོ་སྤྲོད་གནང་བ་བཀའ་དྲིན་ཆེ། ད་དུང་རྨེའུ་དཀོན་རྒྱམ་དང། གཡང་མཁོ་རྒྱལ་ཡང་ཡག་ཐག་ཆོད་ཡོད་རེད། འགྲན་ཞུགས་པ་ཅི་ཙམ་གྱིས་མང་ན་དེ་ཙམ་གྱིས་བཟང།

  39. བསེ་རུ། says:
    2013-12-22 at 12:14 pm

    སྐབས་འདིར་ཞུ་རྒྱུར།

    ཅི་སྟེ་དོན་དམ་གྱི་ཤེས་ཡོན་ཅན་ཞིག་ཡིན་ན། ཆབ་སྲིད་པའི་ལག་ཆར་མི་འགྱུར་བའི་རེ་བ་ཞུ་གིན་ཡོད་ལ།
    ཆབ་སྲིད་པའི་འཐབ་རྩོད་ཁྲོད་ནས་རང་ཉིད་ཀྱི་རྐང་ལམ་དེ་ཚེར་མས་ཁེངས་པ་ཞིག་ཏུ་མི་འགྱུར་བའི་འབད་བརྩོན་གནང་རོགས་ཞུ།

  40. འཇམ་དབྱངས་དབང་མོ། says:
    2013-12-22 at 12:39 pm

    སྤྲོ་ཚིག་དང་ཀླུ་མཁར་འཇམ་གཉིས་ལ་ཁྱད་པར་མེད་གཉིས་ཀ་བོད་མི་རིགས་ལ་བརྩེ་བ་དང་ལྷག་བསམ་ཡོད་པ་གཉིས་རེད། ཤར་ཁུག་ནི་དགྲ་བོ་རྒྱ་དམར་གྱི་རྒྱུགས་ཁྱི་ཟམ་གདོང་བླ་མའི་གཅིན་སྣོད་རེད། དེང་སང་སྤྱི་འཐུས་ལ་ཆབ་སྲིད་ཀྱི་གོ་རྟོགས་ཡོད་མེད་ལ་ཁྱད་པར་ཡོད་མ་རེད། གྲོས་ཚོགས་ནང་སླེབ་པ་དང་དབུ་མའི་སྡོམ་པ་ལེན་རྒྱུ་རེད། དེ་ནས་དབུ་མའི་ཁྲིམས་དང་མ་འགལ་ན་གཞན་ལས་ཀ་གང་ཡང་དགོས་པ་མེད། གང་ལྟར་བོད་མི་རིགས་དང་རྒྱལ་ཁབ་ལ་མ་གནོད་མཁན་ཞིག་ངེས་པར་དུ་དགོས་པ་རེད།

  41. ཁ་བརྡ་རྩོམ་སྒྲིག་པ། says:
    2013-12-22 at 1:00 pm

    སྐུ་ཞབས་བླ་བྲང་འཇམ་དབྱངས་ལགས།

    “ཁ་གསངས་ན་གོ་བདེ་”ཟེར་བ་ལྟར་གནས་ལུགས་དང་རྒྱུ་མཚན་གསལ་བོ་ཞིག་གསུང་རོགས། ཁྱེད་ཀྱིས་བརྗོད་དོན་ལ་”འདི་ལ་བལྟས་ན་ཁ་བརྡ་ཚང་གིས་ཤར་ཁུག་མ་གཏོགས་གཞན་ཚོ་ལ་བསམ་བཞྀན་དུ་ནག་པོ་བཟོ་གི་ཡོད་པ་འདྲ། དེ་འདྲ་བྱས་ན་མདོ་སྨད་ནང་ཁུལ་གྱི་མཐུན་ལམ་ལ་གནོད་ཀི་རེད།་”ཅེས་པ་འདི་ཅི་ཞིག་ཡིན་ནམ། ཁ་བརྡས་སུ་ཞིག་བསམ་བཞིན་དུ་ནག་པོ་བཟོས་སོང་བ་གསལ་བཤད་གནང་རོགས།

    བརྗོད་གཞི་དང་འབྲེལ་མེད་ཐོག་ནས་སུ་ཞིག་གིས་དོན་མེད་ངང་མི་གཞི་ལ་ཚིག་མཚོན་འདེབས་པ་དང་། ཁྱད་གསོད་བྱེད་པ། དམའ་འབེབས་གཏོང་བ། ཚིག་ངན་སྤྱོད་པ་སོགས་ཐད་ཁ་བརྡས་སྟངས་འཛིན་ཅི་ཐུབ་བྱེད་ཀྱིན་ཡོད་ཅིང་། དེ་ངེས་པར་དུ་བྱེད་དགོས་པ་ཞིག་ཀྱང་ཡིན། དེ་རིགས་ལ་ཁ་བརྡས་དགའ་བསུ་མི་ཞུ། སྤྱིར་རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་མིན་གང་ལྟར་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་གཅིག་ཡིན།
    འོན་ཀྱང་། ངེས་མེད་མཆན་བུ་སྣ་མང་གི་ཁྲོད་ནས་ཁ་བརྡས་མ་ཤེས་པ་དང་། མ་མཐོང་བའི་མཆན་བུ་འབྲེལ་མེད་འགའ་རེ་ཡོད་སྲིད་སྟབས། དེའི་ཐད་རྒྱ་ཆེའི་དྲ་གྲོགས་ཡོངས་ལ་དགོངས་སེལ་ཞུས་པ་ཡིན།

    དུས་མཚུངས་སུ་རེ་སྐུལ་ནན་ཞུ་ཞིག་ལ། རྒྱ་ཆེའི་དྲ་གྲོགས་རྣམ་པས་བཟང་སྤྱོད་དང་འབྲེལ་བའི་ཐོག་ནས་གཞུང་ལུགས་སྐམ་བཤད་ལས་གནས་ཚུལ་རློན་བཤད་དང་། བསམ་ཚུལ་རྒྱས་བཤད་ལས་དོན་དངོས་བགྲང་བཤད་རིགས་གནང་སྤེལ་ཡོང་བ་ཞུ་རྒྱུ་དང་། དེ་ཡང་རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་སོགས་འགོད་སྤེལ་མི་གནང་བ་ཞུ་ཞུ།

  42. བདུད་ལྷ། says:
    2013-12-22 at 1:10 pm

    མ་གཞི་མདོ་སྨད་སྤྱི་འཐུས་ལ་སྤྱི་ཚོགས་ཁྲོད་མཐོང་ཡོད་ས་ཞིག་དང་། ལྷག་བསམ་ཅན། རང་གི་ལོ་རྒྱུས་ཐོག་གཏམ་ངན་མེད་པ་ཞིག
    བྱས་རྗེས་ཡོད་ན་མཆོག་རེད། དེ་ནས་རྩོམ་པ་པོ་དང་ཚོང་པ། སྒྱུ་རྩལ་བ་ཅི་ཡིན་ན་ཁྱད་པར་མི་འདུག གུས་པར་མཚོན་ན་དགེ་བཤེས་བློ་བཟང་ཆོས་འཕེལ་དང་སྤྲོ་ཚིགས་ཆོས་གྲགས། ལྷ་ཆབ་སྦྱིན་པ། ཁོང་རྣམ་པ་གསུམ་ཆར་འོས་ཆོས་བླ་ལྷག་ཏུ་འཕེལ། འོན་ཀྱང་ངག་སྒོ་ཡངས་པོ་ཅན་ཞིག་མཁོ་བ་གལ་ཆེན་རེད་མ་གཏོགས་གྲོས་ཚོགས་ནས་མངར་ཟས་མྱོང་གི་བསྡད་ན་ཁྱོན་ནས་ལན་པོ་མི་འདུག ས་ཆ་བྱེ་བྲག་པའི་མིང་གིས་བཟུང་ནས་སྤྱོད་ངན་དེ་ཚོ་མི་སྤུང་རོགས། ཁ་བྲོ་བཀྲ་ཤིས།

  43. ཆུ་ཐིགས་སྔོན་མོ says:
    2013-12-22 at 1:21 pm

    ངས་ཀྱང་མདོ་སྨད་སྤྱི་འཐུས་ལ་ལངས་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད་་་་་་་
    སྐུ་མཁྱེན་མདོ་སྨད་པ་ཚོས་འོས་ཤོག་འཕེན་རོགས་གནང་

  44. ཉི་ནུབ says:
    2013-12-22 at 1:36 pm

    ངས་བལྟས་ན་འོས་བསྡུས་ལས་ཁུངས་ཀྱི་སྤྱི་འཐུས་འགྲོ་གྲོན་དེའི་མདོ་མི་དམངས་ལ་གནང་ཏེ་ཚོགས་ཁང་གསར་བ་བཞེངས་སྤྱད་ལ་སྤྲད་།སྤྱི་འཐུ་སྒུག་ཐོ་ནས་རྩེ་ཏོག་རྒྱབ་བ་ཡིན་ན་བདག་གཞན་གཉིས་ཀ་ཕན་གྱི་རེད།མདོ་མི་དམངས་ལ་ཚོགས་ཁང་སྟབས་བདེ་ཞིག་ལ་མེད་པ་ངོ་རེ་ཚ། གོ་མཚོན་བཟང་པོ་ཞིག་ཕར་ཞོག་ཁོང་པ་ཐལ་ཆག་ཞིག་མེད་པ། དེའི་མདོ་སྨད་མི་དམངས་རྨོངས་དྲག་པ་རེད་དམ་མདོ་སྨད་གོང་རིམ་མི་སྣ་སྤྱང་དྲག་པ་རེད། དང་པོ་རང་གི་རྐང་པ་མགོ་ནས་ལངས་དེ་ནས་དབུ་མ་བཤད་ན་འདོད་ན་རང་བཙན་རྩོད་ན་འདོད་ན་རང་དབང་རེད་།དེ་མིན་ཁ་བཤད་ཆུ་ཡི་ལྦུ་བ།་ལག་ལེན་གསར་གྱི་ཐིག་པའི་དཔེ་ལྟར། སྤྱི་འཐུ་སུའི་ཐོབ་ན་རྒྱབ་སྐྱོར་ཡོད། ད་མདོ་སྨད་མི་དམངས་ལ་མིག་ཕྱེས་རན་རེད་ད་བར་དུ་ལག་ལ་ཐལ་ཁོལ་ནས་བསྡད་པ་རེད།

  45. བདུད་ལྷ། says:
    2013-12-22 at 4:07 pm

    མཉམ་མྱོང་དང་ལྷག་བསམ། བྱས་རྗེས་མངོན་པར་མཐོ་བའི་དགེ་བཤེས་བློ་བཟང་ཆོས་འཕེལ། ལྷག་བསམ་ཁྱད་དུ་འཕགས་པའི་གཡང་འཁོར་རྒྱལ། སྙན་ངག་དང་འབྲི་རྩོམ་དཔྱད་བརྗོད་པ། དྲང་པོའི་གཞུང་རྟ་འཕྱར་བའི་དགེན་ལྷ་ཆབ་སྦྱིན་པ། སྨྲ་དབང་སྤྲོ་ཚིགས་ཆོས་གྲགས། བཙན་པོའི་སྙིང་ཁམས་སྟོད་དུ་འཁུར་ཞིང་། རྩོད་སྒྲུབ་ཀྱི་བགྲོ་གླེང་རེ་འཚོགས་ན་མང་ཚོགས་ཀྱི་བསམ་བློ་ཡོམ་ཡོམ་དུ་སྒུལ་བའི་ནུས་ལྡན་ཀླུ་མོ་མཁར་ནང་གི་བྱམས་པ་རྒྱ་བོ་སོགས་མདོ་སྨད་མང་ཚོགས་ཀྱི་གཟི་བརྗིད་དུ་མངོན་ཆོག་པའི་མི་སྣ་གང་མང་ཡོད། ད་དུང་གསར་སྐྱེས་ཀྱི་སྐྱེས་བུ། ཡོན་ཏན་དང་ལྷག་བསམ། ཧུར་བརྩོན་གྱི་རི་བོ་ཕྲག་ལ་ཁུར་བའི་མདོ་སྨད་པ་རྨེའུ་དཀོན་མཆོག་རྒྱ་མཚོའང་ཉིན་མཚན་དུས་དྲུག་ཏུ་ས་ཡ་དྲུག་གི་བདེ་སྡུག་ཆེད་ལས་དོན་འབའ་ལ་གཉེར་བཞིན་པ་ལསྩོགས་སོ།།

  46. ཞོལ་གཡག་འབྲོང་རྒྱུད། says:
    2013-12-22 at 4:21 pm

    བདུད་ལྷ་ལགས་ཀྱིས་འོས་སྦྱོར་གནང་བའི་འོས་མི་འདི་ཚོ་མདོ་སྨད་ཀྱི་གཟི་བརྗིད་དུ་མངོན་ཆོག་པའི་མི་སྣ་དག་དག་རེད།

  47. ཞོལ་གཡག་འབྲོང་རྒྱུད། says:
    2013-12-22 at 4:23 pm

    ཧ་ཧ། དགེ་ཤེས་དེ་སུ་རེད། མགོ་རིལ་འདི་ཚོ་མི་མཁོ།

  48. གསར་བུ། says:
    2013-12-22 at 4:57 pm

    བོད་ཀྱི་དར་རྒུད་ཁྲོདམགོ་རིལ་ཚོའི་བྱས་རྗེས་བླ་ན་མཐོ་བ་སུ་ཞིག་གིས་ནག་བསུབ་གཏོང་འདོད་ཡོད་པ་མ་རེད་ལ་གཏོང་ཡང་ཐུབ་ཀྱི་མ་རེད། ཡིན་ཡང་མགོ་རིལ་ཚོ་ཆབ་སྲིད་ཀྱི་སྣེ་ལ་མ་འཇུས་ན་ཡག་གི

  49. རྩམ་པ says:
    2013-12-22 at 5:01 pm

    མདོ་སྨད་མི་མང་གི་བསམ་བློ་ངེས་པར་དུ་གཏོང་དགོས་ཡས་ཞིག་ནི་འབུམ་༢༡ཡི་འགྲོ་སོང་དེ་རེད་། དེ མིན ་ཤ་ཁུག་ནི་དབུ་ལམ་ཁ་ལ་ཁྱེར་ནས་ནང་བཀྲུགས་དང་སྒེར་གྱི་སྙིང་ནད་བརྩོད་མཁན་ཞིག་ལས་བོད་རྒྱལ་ཁབ་དང་མི་རིགས་ལ་ལྷག་བསམ་དཀར་བའི་མི་བུ་ཞིག་མིན་པ་ཁོའི་ལོ་རྒྱུས་ནས་ཤེས་ཐུབ།

  50. སྟག་སྨྱོན། says:
    2013-12-22 at 5:06 pm

    གནས་སྟངས་འདིའི་ཐོག་ཡ་མཚན་ཞིག་བཤད་པའི་ཐུབ་པ་མི་འདུག འོན་ཀྱང་ཤར་ཁུག་ཟེར་བས་ནང་ཁུལ་ལ་སྐད་ཆ་གཏིང་ནག་རྐྱང་བཤད་མཁན་ཞིག་མིན་འགྲོ་བསམ་པའི་ཚོར་སྣང་བྱུང་ཡང་། ཁོའི་རྩོམ་མཆན་རེ་རེ་ཕྱོགས་བསྡུས་དང་དཔྱད་པ་བྱེད་ཁོམ་མི་འདུག་མོད། ཡང་སྙིང་ཁོས་དབུ་མ་ཡིན་ཁུལ་གྱིས་བོད་རིགས་ནང་ཁུལ་ཆབ་སྲིད་ཀྱི་ལྟ་བ་གཞན་པ་འཛིན་རིགས་ལ་སྡང་ཟུག་ཤུགས་ཆེན་སྟོན་མཁན་འདྲ་བོ་ཞིག་མཐོང་སོང་། དེ་འདྲའི་བྱ་སྤྱོད་ཀྱི་དབང་གིས་ལམ་དབུ་མའི་ཕྱོགས་ལ་ཞེན་པ་ལོག་མཁན་མང་ཙམ་བྱུང་སོང་སྙམ། ལམ་དབུ་མ་ནི་བོད་མི་དང་རྒྱ་མི་གཉིས་ཀའི་ཐོག་ལ་དབུ་མ་རང་བྱས་ནས་འཇམ་པོ་དང་ཞི་བར་གནས་དགོས་རྒྱུ་དབུ་མའི་ལམ་གྱི་གཟི་བརྗིད་གལ་ཆེན་ཞིག་ཡིན་པ་འདྲ། གཞན་དབུ་མ་བཤད་མ་ཤེས་པར་ནང་ལ་ངར་ངར་བྱས་ནས་དབུ་མ་བཤད་པ་བཤད་ན། ཕྱི་འཇམ་ནང་རྩུབ་ཀྱི་དབུ་མ་ཐབས་རྡུགས་ཤིག་མ་རེད་དམ། བྱས་ཙང་ཤར་ཁུག་གིས་རང་བཙན་ལངས་ཕྱོགས་ལ་མདུང་རྩེ་ཁ་སྤྲོད་དང་ཁྱེད་ཤི་ང་གསོན་ལྟ་བའི་ཛ་དྲག་བྱ་སྤྱོད་དེ་དོར་རྒྱུ་གལ་ཆེ་རེད། དེ་མིན་དབུ་མར་རྒྱབ་རྩ་མཐུག་ཙང་ཞེད་དགོས་དོན་མེད་དོན། ནང་ཁུལ་གྱི་ཆབ་སྲིད་ལངས་མི་འདྲ་བའི་བར་ལ་འགལ་ཟླ་གཏོང་ཟབ་ཏུ་སོང་ན་བོད་པ་ཚང་ལ་གནོད་ཀི་རེད། ང་ནི་རང་བཙན་དང་དབུ་མ་གང་ལའང་རེ་བ་བཅོལ་མེད་པའི་བར་འདུག་གམ་གཉིས་ཀའི་སླད་མ་ཤུགས་པའི་དབུ་མ་ཞིག་ཡིན་པ་ལས། ཆབ་སྲིད་ཀྱི་དབུ་མའང་ཡང་ན་རང་བཙན་ལངས་ཕྱོགས་ལ་དམིགས་བསལ་དགའ་ཞེན་ཡོད་མཁན་ཞིག་མིན།

  51. བསྟན་འཛིན་ཆོས་དབྱངས། says:
    2013-12-22 at 6:22 pm

    ད་རེས་མདོ་སྨད་སྤྱི་འཐུས་འོས་བསྡུ་འདི་རྙོག་དྲ་ཞིག་རེད། སྔོན་མའི་སྒུག་ཐོ་ཡོད་བཞིན་དུ་འབུམ་ཉི་ཤུ་རྩ་གཅིག་གིས་འགྲོ་སོང་གཏོང་མི་དགོས་ལ་འགྲོ་སོང་བཏང་བ་འདི་བཙན་བྱོལ་བོད་གཞུང་ལ་དངུལ་མང་དྲག་ནས་ཡིན་རྒྱུ་མ་རེད། དངུལ་འདི་མི་གཞན་གྱིས་རོགས་སྐྱོར་སྐྱོབས་དངུལ་དང་ང་ཚོ་ཚང་མས་མིའི་ལག་འོག་ནས་གཡོག་ལས་བྱས་ནས་རྔུལ་ཆུ་ལས་ཐོན་པ་དང་ང་ཚོ་སོ་སོའི་གཞུང་ལ་ཤ་ཚ་བས་ལྷག་སེམས་དང་སེམས་ཤུགས་སོགས་ལ་རྟེན་ནས་དང་བླངས་བྱ་ཁྲེལ་ཕུལ་བའི་གཞུང་རྒྱུ་རེད། ཆབ་སྲིད་པས་རྩེ་མོ་རྩེ་བྱེད་བྱས་ན་འདི་ནི་བཙན་བྱོལ་བོད་མི་ཚང་མས་བསམ་བློ་གཏོང་དགོས་བ་ཞིག་ཆགས་ཡོད་པ་མ་ཟད་རྗེས་ཕྱོགས་དང་བླངས་བྱ་ཁྲེལ་ཕུལ་ན་ཕན་ཐོག་མེད་ཞིག་ཆགས་འདུག། ཧིན་སྒོར་འབུམ་ཉི་ཤུ་རྩ་གཅིག་ཉུང་ཉུང་ཞིག་མ་རེད་འཕང་སེམས་མེད་པས་ཐོག་ནས་འདི་ལྟར་བེད་སྤྱོད་བཏང་ན་གཞུང་ལ་ཤ་མ་ཚ་བས་རྟགས་ཞིག་རེད། མདོ་སྨད་སྤྱི་འཐུས་སུ་རྩོམ་པ་པོ་དང་དགེ་རྒན་སོགས་མི་དགོས། མི་འདི་འདྲ་མང་པོ་ཞིག་གིས་ཕན་ཐོག་མ་སོང་མིང་འབོད་མ་དགོས་བ་ཅེས། གཞན་མི་ཤེས་འཇོན་དང་ཆབ་སྲིད་ཀྱི་ཉམས་མྱོང་ཡོད་མཁན་ལྷག་སེམས་ཅན་དྲང་མོ་དྲང་བཞག་བྱེད་མཁན་གྱིས་མི་ཞིག་ཡིན་ན་སུ་ཐོབ་ན་གཅིག་པ་ཡིན།

  52. དགའ་ཡ་ says:
    2013-12-22 at 7:16 pm

    ང་སྤྱི་འཐུས་འོས་མིར་མ་ལངས་རོགས

  53. བདུད་ལྷ། says:
    2013-12-22 at 7:38 pm

    ཝ་ཡེ་ང་ལགས། དགའ་ཡ་ལགས་ཀྱིས་ཁྱེད་ཕྱི་འཐུས་འོས་མི་ལ་མ་ལངས་རོགས་གསུང་གི གོ་སོང་ངེ་།

  54. ཇ་མ་ says:
    2013-12-23 at 12:02 am

    མདོ་སྨད་སྤྱི་འཐུས་ལ་ལངས་འོས་བར་མཐོང་།

  55. གངས་དཀར་རྒྱལ་སྲས། says:
    2013-12-23 at 12:43 am

    སྤྲོ་ཚིགས་ཆོས་གྲགས་ལགས་ནི་མདོ་སྨད་གཞོན་སྐྱེས་ཚོའི་ནང་ནས་ཤེས་ཡོན་ཡག་ཤོས་ཀྱི་གྲས་ཡིན་པ་དང་གཏམ་བཤད་སྐབས་སུ་ལྷན་སྐྱེས་ཀྱི་ཁ་ལྕེ་བདེ་མོ་ཞིག་ཡོད་པས་ཁ་སྤྱི་འཐུས་འོས་མིར་ལངས་ན་རྒྱབ་སྐྱོར་ཡོད། སྤྱིར་བཏང་སྤྱི་འཐུས་ལ་ཁ་ལྕེ་བདེ་ཞིང་རང་ཚུགས་ཅན་དག་ཡག་པོ་འདུག་མོད། ཀླུ་མཁར་བྱམས་ལྟ་བུ་སྤྱི་ཚོགས་ཁྲོད་གླེང་སློང་སྣ་ཚོགས་ལ་བསྟེན་ནས་འོས་མིར་འདེམས་ཀི་མི་འདུག གང་ལྟར་ཁ་ལྕེ་བདེ་ཞིང་སྤྱི་དོན་མཐོང་ཞིང་སྨྲ་ཕོད་པའི་རིགས་འདེམས་རྒྱུ་གལ་ཆེའོ

  56. དབྱངས་ཅན་འབངས says:
    2013-12-23 at 12:57 am

    ཤེས་ཡོན་པ་དང་རྩོམ་པ་པོ་ནི་གང་དུ་ཡང་མཁོ། དེ་མིན་ཁ་མ་གཏོགས་ལག་མེད་པའི་མི་ལྡོམ་རྐྱང་འཛོམས་ན་ཅང་རེད་ཨེ་ཡོང་། གྲོས་ཚོགས་ཀྱི་མིང་གཞན་ལ་ཁྲིམས་བཟོ་ལྷན་ཚོགས་ཞེས་ཀྱང་འབོད་ཀྱི་ཡོད་པས་ཁྲིམས་ཡིག་གི་ཚིག་ཟུར་ནས་གོ་བ་ལེན་དགོས་པ་དང་ནོར་བཅོས་བྱེད་དགོས་པ་ལ་སོགས་པའི་སྐབས་ཧ་ཅང་མང་བས་ཤེས་ཡོན་གྱིས་ཕྱུག་པའི་རྩོམ་པ་པོ་ཞིག་བྱུང་ན་ཡག་ཤོས་རེད་སྙམ་སྟེ།
    འཛམ་གླིང་གི་ནང་རྩོམ་པ་པོས་ཆབ་སྲིད་ཀྱི་གོ་བབ་བཟུང་བ་ལ་བརྟེན་ནས་གང་སྤྱིར་བཟང་ཕྱོགས་ཀྱི་འགྱུར་ཐེབས་པའི་ལོ་རྒྱུས་ཧ་ཅང་མང་བས་སོ།།

  57. དམུ་ཐག་གི་བུ་རྒྱུད། says:
    2013-12-23 at 1:02 am

    རྩོམ་པ་པོ་ཡིན་རུང་མིན་རུང་སྤྱི་འཐུས་ཤིག་བྱེད་འདོད་ན་ཆབ་སྲིད་ཀྱི་གོ་རྟོགས་དང་སྤྱི་སེམས་ཆེན་པོ་ཞིག་ཡོད་དགོས་པ་དེ་གལ་ཆེན་པོ་རེད། དེ་མ་གཏོགས་མདོ་སྨད་ལ་རྩོམ་འཁྱག་གེ་འཁྱོག་གེ་འབྲི་མཁན་མང་དྲགས་ནས་རྩོམ་པ་པོའི་ས་མཚམས་ཀྱང་ཉོག་འགྲོ་བའི་ཚད་རེད། ད་ཡིན་ན་སྤྱི་འཐུས་ལ་ཆབ་སྲིད་ཀྱི་ཐད་ནས་ཚད་འཇལ་དགོས་པ་ལས་དཔེ་དེབ་ཀྱི་ཐད་ནས་ཚད་མི་འཇལ་རོགས། སྐུ་མཁྱེན།

  58. འབྲས་སྤུངས་བློ་བཟང་ཐུབ་བསྟན། says:
    2013-12-23 at 1:07 am

    ཤེས་ཡོན་ཅན་ཡིན་ལ། རྩོམ་པ་པོའང་ཡིན་པ། ཆབ་སྲིད་པའང་ཡིན་པ། བཅའ་ཁྲིམས་དང་སྒྲིག་གཞི་ཁག་ལ་ཤེས་རྟོགས་ཀྱང་ཡོད་པ། གཞིས་དགོན་ཁག་གི་གནས་སྟངས་ཀྱང་ཤེས་པ་ནི། ཤར་ཕྱོགས་ཁུག་རྟ་ལགས་རེད་ལ།་སྤྱི་ཚོགས་ཞབས་ཞུའི་ཐད་ནས་ཀྱང་ཤར་ཕྱོགས་ཁུག་རྟ་གྲགས་ཆེན་ལྟ་བུ་རེད།

    དེ་བས་ཕ་ཡུལ་གཅིག་པ་གྲོགས་པོའི་ཞེན་ཁོག་གིས་མི་འདྲ་མི་འདྲ་ངོ་སྤྲོད་བྱེད་ཀྱི་བསྡད་ན། མདོ་སྨད་ལ་ཕན་གི་མ་རེད་ལ། ཁྲིམས་བཟོ་ལྷན་ཚོགས་ལའང་ཕན་གི་མ་རེད། དཔེར་ན། ཤར་ཁུག་ལྟ་བུར་མཚཽན་ན་བཅའ་ཁྲིམས་བསྒྱུར་བཅོས་ཀྱི་གཞུང་མང་ཚོགས་ཆེན་སྐབས་ཚོགས་དྲུང་རེད། སྤྱི་མོས་ཀྱིས་འོས་འདེམས་བྱུང་བ་རེད། སྤྲོ་ཚིགས་ལགས་ཡག་པོ་ཡོད་ནའང། ཤར་ཁུག་དང་བསྡུར་ན་བུ་གུ་བུ་གུ་རེད་བསམས།

  59. འབྲས་སྤུངས་བློ་བཟང་ཐུབ་བསྟན། says:
    2013-12-23 at 1:16 am

    གཙོ་བོ་མི་སུ་ཡིན་ནའང། མིང་དང་གཏམ་གྲགས་ལ་དགའ་དྲག་ན་དེ་ནས་མགོ་ལོག་བརྩི་གི་རེད་བསམས། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞཽན་དུ་བསྡད་པ་ནས་འདིའི་སྐོར་བསམ་བློ་ཞིག་བཏང་ན། ངེད་ལ་དོགས་པ་ཅུང་ཙམ་ཡོད། ཡིན་ནའང། གསལ་བོར་མ་ཞུས་ན་ཚང་མས་ཤེས་གསལ་རེད།

    ཚེ་རིང་ལོ་བརྒྱས་བཤད་པ་ལྟར། ཁོང་གིས་ཁོ་རང་ཞེ་དྲག་རྩ་ཆེན་པོ་བརྩི་བ་དེ་རེད། དེས་ཕན་གི་མ་རེད།། སྔོན་ཚོགས་འདུར་འགྲོ་བ་དེ་རྒན་ཆབ་བྲག་སོགས་ཀྱིས་ཚོགས་མི་རྣམས་འགྲོ་རྒྱུའི་གོ་སྐབས་སྤྲོད་ཀི་རེད། འགྲོ་སོང་ལའང་བསམ་བློ་གཏོང་གི་རེད། ཁོ་ལོ་གཉིས་རེད་དེ། ཕྱི་རྒྱལ་ཐེངས་གཉིས་སོང་ཚར་བ་རེད། འགྲོ་སོང་ག་ཚོད་སོང་མེད་དམ། འདི་དག་ལ་བསམ་བློ་གཏོང་དགོས་པ་རེད། གཞན་ཁྱབ་བསྒྲགས་བྱེད་དུས། མིང་གི་རྗེས་སུ་ཞིབ་འཇུག་པ་དང་རྩོམ་པ་པོ་ཟེར་པ་དེ་འབྲི་རྒྱུ་ཁོང་ཤིན་ཏུ་དགའ་བོ་འདུག ཁོང་གི་གསལ་བསྒྲགས་སྔོན་མ་ཚོར་བལྟས་ན།་ད་ཐེངས་རྒྱབ་སྐྱོར་བྱེད་མཁན་མི་དྲུག་པོ་འདི་ལའང། ཁོང་གིས་དང་པོར་ཕར་འབོད་སྐུལ་ཞུས་པ་འདྲ།

  60. འཕྲིན་ལས་ལྷུན་གྲུབ་ says:
    2013-12-23 at 1:21 am

    ཧཧཧཧཧཧཧ

    བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་དེས་ངོ་དེབ་སྒང་ཤར་ཕྱོགས་ཁུག་རྟ་ལ་ཁ་སྔོན་ནས་རྒྱབ་སྐྱོར་བྱས་འདུག ཡིན་ནའང། ཆོས་གྲགས་ཀྱིས་ཁ་པར་བཏང་ནས་ཞུ་བ་འཐེན་པ་འདྲ།

  61. འཇམ་གཅེས། says:
    2013-12-23 at 1:58 am

    འོས་ཆོས་ཚང་པའི་མདོ་སྨད་སྤྱི་མཐུས་སུ་འདེམས་ན་ཆོག །གཙོ་བོ་བཙན་བྱོལ་བོད་མའི་སྒྲིགས་འཛུགས་ཀྱི་ལངས་ཕྱོགས་གཞིར་བཟུང་ཐོག་ལྷག་བསམ་རྣམ་དག་གི་ངང་ནས་ཕྱག་ལས་གནང་མཁན་ཞིག་དགོས། དེ་མིན་རང་ལྟ་མཆོག་འཛིན་ཁོ་ནའི་ཡོད་ཚད་ལོག་འགྲེལ་བཟོས་བསྡད་པ་ཡིན་ན་སུ་ལ་འང་ཕན་ལས་གནོད་གཞིར་ཆེ་བ་མཐོང་།

  62. ཀླུ་འབུམ་བྱམས་པ་ says:
    2013-12-23 at 2:47 am

    ཀླུ་མཁར་བྱམས་དང་སྤྲོ་ཚིགས་ཆོས་གྲགས་གཉིས་གང་བསྡམ་ཀྱང་མདོ་སྨད་སྤྱི་འཐུས་འོས་འཚམ་རེད། ཀླུ་མཁར་བྱམས་ཀྱི་ཁྱད་ཆོས་ནི་གཞོན་སྐྱེས་ཚོའི་ཁྲོད་ནས་རྩམ་དྲི་ངོ་མ་ཁ་ས་དེ་ཁོང་རེད། འགྲེལ་བཤད་མི་དགོ་གི སྤྲོ་ཚིགས་ཆོས་གྲགས་ཀྱི་ཁྱད་ཆོས་ནི་བཟང་སྤྱོད་ཅིག་ཁུར་བའི་ཁར་བདེན་ཚིག་གི་ཁ་ལྕེ་ཞིག་ཡོད་པ་དེ་རེད། བཙན་བསྟོད་བྱས་ནས་ཕན་གི་མ་རེད། འོས་མི་ཚོའི་རྒྱབ་ལྗོངས་ཀློག་པར་འདོད་ན་དེང་སང་གི་བརྡ་འཕྲིན་སོགས་ལ་བརྟེན་ནས་རྩད་གཅོད་བྱོས། སྐད་ཆ་དྲིས། མཐར་རང་རང་གིས་འདེམས་ཤོག་བླུག་དགོས་པ་རེད་མ་གཏོགས་གནས་ག་གེ་མོ་ལ་ཤེས་རྟོགས་ཡོད་མེད། མི་ཆེ་གེ་མོ་ངོ་ཤེས་མིན་སོགས་ནི་ཧ་ཅང་གུ་དོག་པའི་སྐད་ཆ་རེད། འོས་མི་ཚོར་བལྟ་དུས་སྤྱི་ཚོགས་ཕྱི་ནས་ལྟོས། ཁོང་རྣམ་པ་འདེམ་དུས་སྒེར་གྱི་མི་ཚེ་ལ་གཟིགས་སྐོར་གནོངས། ཁོང་རྣམ་པ་ཀུན་མི་ལོ་སུམ་ཅུ་བརྒལ་བའི་རྩམ་ཕྲུག་དག་དག་རེད། ཁོང་ཚོའི་ལོ་རྒྱུས་བསྔོགས་ན་མ་འོངས་ཕྱི་འཐུས་ཀྱི་མཛད་པ་ག་འདྲ་ཞིག་བསྐྱང་མིན་ཚད་མས་གྲུབ་བོ།། །།སརྦ་མངྒ་ལཾ།།

  63. བསམ་འགྲུབ་རྒྱ་མཚོ། says:
    2013-12-23 at 3:28 am

    ང་ལ་འདིར་འོས་གཞི་ཁག་གཅིག་ཡོད།
    ༡ བློ་བཟང་ཆོས་འཕེལ།
    ༢ ཇོ་ལེབས་ཆོས་འཕེལ།
    ༣ ཀླུ་མཁར་བྱམས།
    ༤ བཅུད་པར་གཡང་ཁོ་རྒྱལ།
    ༥ རྒྱ་རིག་ཐར།
    ༦ ལྷ་ཆབ་སྦྱིན་པ།
    ༧ ཇོ་ནང་ཚང་དབྱངས།
    ༨ ཤར་ཕྱོགས་ཁུག་རྟ།
    ༩ བལ་ཡུལ་གནས་བསྡོད། ཁྲ་དོན་ལྡན།
    ༡༠ འཇུ་བསྟན་སྐྱོང་།
    ༡༡ ཨ་རིར་གནས་བསྡོད། གཞན་ཕན་བཟང་པོ།
    ༡༢ ཕྷི་ལི་ཕན་གནས་བསྡོད། རྔ་བ་བསོད་དེ།
    ༡༣ ཨ་ལགས། ཤིང་བཟའ་རིན་པོ་ཆེ།
    ༡༤ སྨན་རིའི་གྲྭ་བ། ཁྲི་གཡུང་དྲུང་།
    ༡༥ གསར་འགོད་པ། ཀུན་བཟང་བསྟན་འཛིན།
    ༡༦ ཨ་རིར་གནས་བསྡོད། ཀླུ་འབུམ་བཀྲ་ཤིས།
    ༡༧ རྐང་འཁོར་ལས་འགུལ་བ། རིན་པོ་ཡག
    ༡༨ ས་ར་དགེ་ཆེ། བསོད་ནམས་རྒྱ་མཚོ།
    ༡༩ ཁ་སྒང་བསམ་གཏན།
    ༢༠ རྨ་ཆུའི་བྱམས་པ།
    གོང་གསལ་འོས་གཞི་ཉི་ཤུ་ལས་གང་རུང་ཞིག་ཅི་ནས་ཀྱང་འདེམས་རོགས་ཞུ། ཁོང་ཚོ་ནི་མདོ་སྨད་མི་མང་གི་ཚབ་མཚོན་བྱེད་ཐུབ་མཁན་ཤ་སྟག་རེད།

  64. མི་འཁྱམ། says:
    2013-12-23 at 6:37 am

    ད་ནི་བྱེས་ཀྱི་ཀིརྟི་གྲྭ་ཚང་གི་གྲྭ་ལོག་སློབ་ཐོན་པ་ཁ་ཤས་ཀྱིས་རྔ་བས་རྔ་བར་ཕྱོགས་ནས་སྐད་ཆ་བཤད་ཀྱི་འདུག་གཱ། 2008ནང་བོད་མི་རིགས་ཀྱི་རྩ་དོན་ལ་དམིགས་་ནས་མེ་བསྲེགས་ལས་འགུལ་གཞིས་ཀྱི་རྔ་བ་ནས་འགོ་བཙུགས་ལ་ད་དུང་མུ་མཐུད་ལས་འགུལ་དེ་འགྲོ་བཞིན་པ་མཁྱེན་གསལ་ལྟར། འདི་གར་ངྷ་སའི་གྲྭ་ལོག་དྲན་བཟོ་མི་ཤེས་པའི་སློབ་ཐོན་པ་ཁ་ཤས་ཀྱིས་ང་ཡི་ཁྱོད་ཡིན་ཟེར་ནས་འདི་ལྟར་ཕྱོགས་ལྷུང་འགོ་བཙུགས་སོང་བར་ཡིད་སྐྱོ། འདི་ཡ་མཚན་སྐྱེས་དགོས་པ་ཞིག་ལ། སྤྱི་བའི་འཐུས་མི་ཞིག་གི་འོས་གཞི་ཡིན་པས། དེ་ལྟར་བཤད་ག་ལ་དགོས། དེ་ལས་འཇོན་ན་ཤར་ཁུག་ནང་བཞིན་ཁ་ཚ་དགོས་གཏུགས་ཀྱི་རྒྱ་ནག་གི་འཁྱོག་བརྗོད་རྩོམ་ཡིག་ཁག་ལ་དགའ་ལན་ཞིག་བྲིས་ན་མི་བཟང་ངམ།་

  65. མི་འཁྱམ། says:
    2013-12-23 at 6:39 am

    ད་ནི་བྱེས་ཀྱི་ཀིརྟི་གྲྭ་ཚང་གི་གྲྭ་ལོག་སློབ་ཐོན་པ་ཁ་ཤས་ཀྱིས་རྔ་བས་རྔ་བར་ཕྱོགས་ནས་སྐད་ཆ་བཤད་ཀྱི་འདུག་གཱ། 2008ནང་བོད་མི་རིགས་ཀྱི་རྩ་དོན་ལ་དམིགས་་ནས་མེ་བསྲེགས་ལས་འགུལ་གཞིས་ཀྱི་རྔ་བ་ནས་འགོ་བཙུགས་ལ་ད་དུང་མུ་མཐུད་ལས་འགུལ་དེ་འགྲོ་བཞིན་པ་མཁྱེན་གསལ་ལྟར། འདི་གར་ངྷ་སའི་གྲྭ་ལོག་དྲན་བཟོ་མི་ཤེས་པའི་སློབ་ཐོན་པ་ཁ་ཤས་ཀྱིས་ང་ཡི་ཁྱོད་ཡིན་ཟེར་ནས་འདི་ལྟར་ཕྱོགས་ལྷུང་འགོ་བཙུགས་སོང་བར་ཡིད་སྐྱོ། འདི་ཡ་མཚན་སྐྱེས་དགོས་པ་ཞིག་ལ། སྤྱི་བའི་འཐུས་མི་ཞིག་གི་འོས་གཞི་ཡིན་པས། དེ་ལྟར་བཤད་ག་ལ་དགོས། དེ་ལས་འཇོན་ན་ཤར་ཁུག་ནང་བཞིན་ཁ་ཚ་དགོས་གཏུགས་ཀྱི་རྒྱ་ནག་གི་འཁྱོག་བརྗོད་རྩོམ་ཡིག་ཁག་ལ་དགའ་ལན་ཞིག་བྲིས་ན་མི་བཟང་ངམ།

  66. ཀླུ་འབུམ་བྱམས་པ་ says:
    2013-12-23 at 8:03 am

    བདེན་པ་རེད། སྐུ་ཞབས་མི་འཁྱམ་ལགས་ལྟར་ན་ཕལ་ཆེར་བོད་སྲིད་པ་ཆགས་ནས་རྩོམ་པ་པོ་ཆོས་འབྱོར་རྒྱལ་མཚོའམ་དགེ་འདུན་ཆོས་འཕེལ་གྱི་ཡང་སྤྲུལ་རིན་པོ་ཆེ་མཆོག་མ་གཏོགས་གངས་ཅན་པའི་རྩོམ་པ་པོ་བྱིངས་ཀྱིས་རྒྱ་ནག་ལ་དགའ་ལན་གྱི་རྩོམ་ཞིག་རྒྱག་མྱོང་མེད། དེ་བདེན་པ་རེད་ལ་རྒྱབ་སྐྱོར་ཡང་ཡོད། དྲན་གསོ་གནང་བར་ཐུགས་རྗེ་ཆེ།

  67. ཉི་ནུབ་ says:
    2013-12-23 at 9:58 am

    མི་འདི་ཚོ་ཤར་ཕྱོགས་ཁུག་རྟ་ལ་སྡང་དགོས་དོན་ཅི་ཞིག་ཡིན་ནམ་ངས་ལྟོས་ན་ཤར་ཁུག་ལོ་ཆུང་ཆུང་རིག་པ་རྒོད་པོོ་ཞིག་རེད་མི་འདི་བཤད་འཕོད་པ་སྒྲུབ་འཕོད་པ་ངོ་མ་ཨ་མའི་བུ་ཟེར་བ་ཁོ་རེད།དེ་མིན་མི་གང་མང་ཞིག་བཤད་མ་འཕོད་ལ་དངོས་མིང་གསང་འཇོན་ཐང་མེད་ལ་སྒྲུབ་མ་ཐུབ་མི་ཚེ་ལ་མི་ལ་སྐྱོན་བཙུགས་རྒྱུ་དེའི་ཁོང་ཚོའི་ཁོང་ཚོའི་འཇེམ་ཐང་རེདད། ང་ཤར་ཕྱོགས་ཁུ་རྟ་ལ་རྒྱབ་སྐྱོརཡོད།

  68. བཀྲ་ཤིས་དོན་འགྲུབ། says:
    2013-12-23 at 12:00 pm

    མ་གཞི་ང་རང་མདོ་སྨད་པ་མིན་ཡང་། འདིར་ཇུས་གཏོགས་ཤིག་བྱས་ནའང་མི་ཆོག་པ་མི་འདུག་སྙམ་སོང་སྟེ། ཤེས་ཡོན་པ་དག་ཆབ་སྲིད་པར་བཟོས་ནས་མི་གཞི་འཁྱོག་བསྒྱུར་བྱེད་པ་ནི་དངོས་གནས་ཡག་པོ་མིན་པར་འདོད་པས། ཀླུ་སྨྱོན་གྱི་སྐད་ཆ་བདེན་པ་རེད་འདུག་སྙམ་ཡོད། འཛམ་གླིང་ནང་གི་ཤེས་ཡོན་པ་ཚད་ལྡན་དེ་ཚོས་བསམ་བཞིན་དུ་ཆབ་སྲིད་ཀྱི་གར་སྟེགས་ལས་གཡོལ་གྱི་ཡོད། ངས་བལྟས་ན་མདོ་སྨད་སྤྱི་འཐུས་ལ་ཀླུ་མཁར་བྱམས་ལས་འོས་པ་ཞིག་རྩ་བ་ནས་མཐོང་མ་སོང་། ཤར་ཁུག་ཟེར་བ་དེ་ནི་ཉེ་སྔོན་ཆབ་བྲག་ལགས་ཀྱིས་དྲིལ་བསྒྲགས་ཞེ་དྲགས་གནང་སོང་ཡང་། དོན་ལ་ཁོང་ནི་ཆབ་བྲག་ལགས་ཁོང་ཉིད་ཀྱིས་མི་སྒེར་ལ་འཁོན་འཛིན་མི་འཆང་མཁན་སོགས་སྤྱི་འཐུས་ཀྱི་ཆ་རྐྱེན་དེ་ལས་རྦད་དེ་བརྒལ་འདུག་སྙམ་ཡོད། རྒྱུ་མཚན་ནི། ཤར་ཁུག་གིས་ལོ་འདི་དག་གི་རིང་ལ་བློ་བཟང་སེངྒེ་མི་སྒེར་ལ་སྐྱོན་བརྗོད་ག་ཚོད་བྱས་ཡོད་མེད་ཚང་མས་མཐོང་མཐོང་ཁ་རེད། མ་གཞི་མི་སྒེར་ལ་སྐྱོན་བརྗོད་བྱེད་མི་ཆོག་པ་དེ་འདྲ་མིན་ཡང་། སྐྱོན་བརྗོད་བྱེད་སྟངས་ལ་ནི་ཏན་ཏན་ཚད་གཞི་ཞིག་ཡོད་པ་མ་གཏོགས། སྐྱོན་བརྗོད་བྱ་ཡུལ་ལ་བརྩི་བཀུར་ཁྱོན་ནས་མེད་པར་གང་ཐུབ་ཐུབ་སྐྱོན་བརྗོད་བྱེད་པ་དེ་ནི་མི་སྒེར་ལ་འཁོན་དུ་འཛིན་པས་ཡིན་པར་འདོད།

  69. གསར་བུ། says:
    2013-12-23 at 12:44 pm

    # 42 གསར་བུ།་ལགས་ཀྱིས་མཆན་བཏབ་པ།:
    December 23rd, 2013 at 12:40 PM
    ཆབ་ལྷ་ཡིས་ཤར་ཁུག་ངོ་སྤྲོད་བྱས་པ་རེད་དེ་ཁོའི་ཐོབ་ཐང་རེད་ཡིན་ཡང་ཆབ་ལྷ་ཡིས་ཆབ་སྲིད་མི་ཤེས་པ་དངོས་ཡོད་ཡིན་པ་ཁོས་རང་འགྲེལ་བྱས་པ་རེད་འདི་གཅིག་རེད། སྤྲོ་ཚིགས་ཁོང་དང་འབྲེལ་བའི་མི་ཁ་ཤས་ཤིག་གིས་དྲུད་ནས་ཡོང་བ་རེད་དེ་ཡང་མང་གཙོའི་འགྲོ་སྟངས་ཤིག་རེད། གསུམ་ནས་ཚེ་ལོ་བརྒྱ་ཡིས་ཁོང་གཉིས་ཅིག་བསྡུར་ཁུལ་བྱས་པ་རེད་རང་གི་འདོན་མདུན་གཙོ་བོ་བྱས་པ་རེད། འདི་ཡང་འོས་བསྡུ་རིམ་པའི་འགྲོ་སྟངས་ཤིག་ཡིན་པ་ལས་དྲང་བོོ་མ་བྱས་དེ་འདྲ་གནས་ལུགས་ལ་འགྲོ་གི་མ་རེད། སྐད་ཆ་དེ་ལྟར་བཤད་མཁན་ཞིག་ཡོད་ན་ཆབ་སྲིད་ཀྱི་འགྲོ་སྟངས་མ་ཤེས་པའི་རྟགས་མཚན་གསལ་བོ་རེད། འུ་ཚོ་སྲིད་དོན་ལ་རྨོངས་དྲགས་པས་ས་མཐར་གྱར་བ་རེད། དེ་ཤེས་བཞིན་དུ་ད་དུང་འོས་མི་ངོ་སྤྲོད་བྱེད་བཞིན་ལུང་ཚན་བར་ལ་འགལ་བ་སྨོང་གི་འདུག འདི་ཡག་པོ་མ་རེད།
    གོང་གི་འོས་མི་དེ་གཉིས་ཀྱི་ནང་ནས་ཆབ་སྲིད་ལ་ཏོག་ཙམ་རྒྱུས་མངའ་ཡོད་པ་ཤར་ཁུག་རེད་དེ་ལ་ལོག་འགྲེལ་བྱེད་ས་ཡོད་མ་རེད་ཡིན་ཡང་ཤར་ཁུག་ལ་མི་གཞི་དང་རང་ཚུགས་མེད་པ་དེ་ཡང་དངོས་ཡོད་རེད། མདོ་སྨད་མི་མང་གི་ཚབ་མཚོན་བྱེད་མཁན་ཞིག་ཡིན་ན་མ་མཐར་ཡང་མི་གཞི་ཡག་པོ་ཞིག་དགོས་པ་རེད། སྤྲོ་ཚིགས་ཀྱང་དེ་བཞིན་རེད་མཁས་པ་ཞེས་ན་མི་ཤེས་མོད་གང་ལྟར་བོད་ཀྱི་རིག་གནས་ལ་ཆ་རྒྱུས་ཡོད་མཁན་ཞིག་ཏུ་བསམ་ན་འགྲིག་པ་རེད་མ་གཏོགས་ཆབ་སྲིད་པ་ཞིག་བྱེད་རྒྱུ་འགྲིག་པོ་རང་མི་འདུག སྤྱི་འཐུས་འོས་མི་ཞིག་གི་ཆ་རྐྱེན་ཅིག་ནས་དགེ་རྒན་བྱས་པ་རེད་ཉིག་ནས་རྩོམ་སྒྲིག་པ་བྱས་པ་རེད་གན་ནས་ཆོས་གྲྭར་འགྲིམས་པ་རེད་ཟེར་ན་གང་འདྲ་འདུག འདི་ཨ་མདོ་བ་ཚོའི་དགའ་ཕྱོགས་གླེང་བ་ཙམ་རེད། ཆ་རྐྱེན་དེ་ཙམ་གྱིས་འཐུས་པ་་ཡིན་ན་ད་དུང་མང་པོ་ཡོད་རེད། གང་ལྟར་ངའི་འོས་ཤོག་འདི་གཉིས་སུ་ལ་ཡང་སྤྲོད་ཀྱི་མིན།

  70. ཀླུ་འབུམ་བྱམས་པ་ says:
    2013-12-23 at 1:23 pm

    ང་རང་སྒེར་ངོས་ནས་ཀླུ་མཁར་བྱམས་ལ་བརྩེ་བ་ཧ་ཅང་ཡོད། འདི་ཁོང་གིས་ཤེས་ཀི་མ་རེད་དེ་ངའི་མིང་སྨོས་ནའང་ཤེས་ཀི་མ་རེད། ཁོང་ལ་མདོ་སྤྱིའི་འོས་ཐོབ་ན་ཧ་ཅང་དགའ། ཡིན་ཡང་ཐོབ་ཁག་པོ་རེད། ཤར་ཁུག་ལགས་ད་ལྟ་མ་གཏོགས་འདི་འདྲ་ཉམས་མྱོང་ཅན་དང་བློ་རིག་རྒོད་པོ་ཞིག་ཡིན་པ་ཧ་གོ་མ་སོང་། ཡིན་ཡང་ད་ལྟའི་ཁོང་ངོ་སྤྲོད་ལ་བལྟས་ན་དགའ་དགོས་པའི་གནས་ཚུལ་མང་པོ་འདུག འདི་ངོ་མ་ཡིན། ང་ཚོ་ལ་འདི་འདྲ་ཉུང་དྲག་རེད་མ་གཏོགས་མང་མེེད། སྤྲོ་ཚིགས་ལགས་ཀྱི་ཆེད་རྩོམ་དང་གསུང་བཤད་མང་པོ་གོ་མྱོང་ཡོད། ངས་མཐོང་མྱོང་ཡང་མང་པོ་ཡོད་དེ་ང་ཀླུ་བྱམས་ཡིན་བརྗོད་ནའང་ངོ་ཤེས་ཀི་མ་རེད། གལ་སྲིད་ང་ལ་དྲི་བ་ཞིག་དྲིས་ན་ཀླུ་མཁར་བྱམས་ལ་བླུག་གི་ཡིན་ཟེར་གི འོན་ཀྱང་དེ་བྱས་ན་ངའི་འོས་ཤོག་རྩིས་མེད་ལ་འགྲོ་བའི་ཉེན་ཁ་འདུག གང་ལྟར་ངའི་འདོད་པ་གཞིར་བཟུང་བྱས་ན་ཤར་ཕྱོགས་ལགས་དང་སྤྲོ་ཚུགས་ལགས་རྣམ་པ་གཉིས་གདེང་ཆ་གཅིག་གི་སྒང་ལ་གདན་འདྲེན་ཞུས་ནས་རྩོད་སྒྲུབ་ཅིག་བྱས་ན་ད་ལྟའི་རྒྱབ་སྐྱོར་བ་ཁག་ཅིག་ལ་ངོ་ཚ་བཟོ་ཞིང་ཁག་ཅིག་ལ་སྔར་ལས་གདེང་སྤོབས་ཤིག་སྤྲོད་ངེས་ཡིན། འདི་འདྲའི་གོ་སྐབས་འབུལ་དགོས་པར་སྙམ།

  71. ཐོ་རེངས་སྐར་ཆེན་ says:
    2013-12-23 at 2:34 pm

    སྤྱི་འཐུས་ལ་ཆབ་སྲིད་ལ་མཁྱེན་རྟོགས་ལྡན་པ་ཞིག་མ་གཏོགས་འདི་ཤེས་ཡོན་པ་དང་དེ་ཤེས་ཡོན་པ་ཟེར་བའི་ཕན་མི་ཐོག། བསྟན་འཛིན་མགོན་པོ་ཡིན་ན་རྒྱ་མིས་ཆབ་སྲིད་གྱི་འགྱུར་བ་དང གནས་སྟངས་ལ་གསལ་ཁ་ཡོད་པའི་མི་ཞིག་ཡིན་པས་ན་ཁོང་དང་ཁོང་ལྟ་བུ་ད་དུང་མདོ་སྨད་པའི་སྐྱེ་བོ་མང་པོ་ཞིག་ཡོད་པས་ན། ཚང་མས་བསམ་བློ་ཡག་པོ་གཏོང་རོགས། ང་ཚོ་ལ་མཁོ་བ་ནི་སྤྱི་འཐུས་ཞེས་པའི་མིང་གི་འོག་ནས་རྐུབ་རྟགས་ཚ་བོ་བཟོ་མཁན་ཞིག་མིན་པར་སྤྱི་དོན་ལ་ཕན་ཐོགས་མཁན་ཞིག་དགོས་གལ་ཆེ།

  72. དྲང་མོ། says:
    2013-12-24 at 5:08 am

    དངོས་གནས་ཡིད་ཆད་ནི་ཞིག་རེད། གོང་གི་མཆན་གྱི་ནང་དུ་སྤྱི་དོན་བཤད་མཁན་རེ་ཟུང་མ་གཏོགས་མི་འདུག རྐུབ་སྟེགས་བསམ་ནས་ཆུ་ལྕེབ་བྲག་ལྕེབ་བྱས་དུས་རྒྱབ་སྐྱོར་བྱེད་འདོད་མི་འདུག་གོ
    དེ་བས་ཉམས་ཆུང་འཇོན་ཐང་ཅན་ཞིག་འདེམས་ཀྱི་ཡིན་ལོ།

  73. ཉི་རྒན says:
    2013-12-24 at 7:50 am

    ང་དང་ལྟ་བུ་བོད་མི་ཉམས་ཆུང་ཞིག་ལ་མཚོན་ན། སྤྲོ་ཚིགས་ལ་འོས་འཕེན་ངས། ཤར་ཁུག་ལྟ་བུ་གང་ལ་གཏད་སོ་མེད་པའི་གཡམ་འཁྱོངས་ཅན་ལས་ལེགས། ཤར་ཁུག་ཁོང་བཙན་བྱོལ་བོད་མིའི་སྤྱི་འཐུས་བྱེད་པ་ལས། ཀྲུང་གོ་མི་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་མི་བྱེད་ན་ལེགས། ཁོང་དགའ་ཞེན་ཆེ་ས་ནི་དར་དམར་དེ་ཡིན་སྟབས་རག་སྡིས་དང་བྱམས་ཕུན་སོགས་ཀྱི་དཔུང་རོགས་ཞིག་ངེས་པར་ཡོང་སྲིད། དེ་མིན་བསྡད་ས་བཙན་བྱོལ་ལ་བསྡ་དགའ་ཞེན་རྒྱ་དར་དམར་པོ་དེ་ལ་གནང་ཅང་མི་ཡོང་། ཨ་མདོ་བ་ཚོ་བསམ་ཤེས་གྱིས་ཨང་།

  74. ཀླུ་འབུམ་བྱམས་པ་ says:
    2013-12-25 at 12:01 am

    ཁུག་རྟ་ནི་སྤྲོ་ཚིགས་ཆོས་གྲགས་དང་བསྡུར་ས་ཞིག་མེད་སྙམ། ཁུག་རྟ་ལ་སློབ་ཆུང་གི་ལག་འཁྱེེར་ཙམ་ཞིག་མི་ཚེ་ལ་ཡོད་པ་མ་རེད། སྤྲོ་ཚིགས་ནི་རམ་འབྱམས་པ་ཐོན་རེད། ཁུག་རྟ་ནི་ཟམ་གདོང་གི་བཀའ་ཤག་གི་དྲ་འབུའི་མྱུལ་མ་ཡིན་པ་ལས། ཉམས་ཞིབ་པའི་གོ་རིམ་དང་ཆ་རྐྱེན་གང་ཡང་མེད་མཁན་ཞིག་རེད། དེ་ལས་སྤྲོ་ཚིགས་ནི་བོད་དང་བོད་ཀྱི་ཁྱད་ནོར་གླེང་བ་ལས་ཤེས་ཐུབ། ཁུག་རྟ་ནི་དབང་བསྒྱུར་གྲལ་ར་གྱི་ལག་ཆ་ཙམ་རེད། སྤྲོ་ཚིགས་ནི་མཐོ་སློབ་དགེ་རྒན་དང་ཉམས་ཞིབ་རང་ཚུགས་ཐུབ་མཁན་ཞིག་རེད། ཁོ་གཉིས་འདྲ་ས་ཞིག་ཡོད་པ་ནི་གྲྭ་ལོག་ཡིན་པ་དེ་རེད།

  75. ཀ་ཁའི་རྫི་བོ། says:
    2013-12-25 at 2:25 am

    བོད་པ་ཚང་གི་ན་ཚ་ཞིག་སྟེ་མྱི་ཞིག་སློབ་སྦྱོང་སོགས་ཀྱི་ཐད་འབུར་དུ་ཐོན་ཡོང་ན་འབུར་འཇོམས་བྱེད་ཅི་ཐུབ་ལྟ། གལ་ཏེ་སུ་ཞིག་གི་སྐྱོན་རྐྱང་རྐྱང་བཙལ་བསྡད་ན་གནའ་མི་བོད་ཀྱི་གཏམ་དཔེར། མྱི་སྐྱོན་མེད་འཛམ་བུ་གླིང་ན་མེད།།ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད།།ཟེར་བ་ལས་མ་འདས་པས་གང་ཟག་སུ་ཡིན་ནའང་ཆོག་ཁོའི་སྐྱོན་ཡོན་གཉིས་རྒྱ་མར་གཞལ་ཤེས་དགོས། ང་ནི་སྤྲོ་ཚིགས་ཆོས་གྲགས་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཡིན། ཁོང་གིས་སྤྱི་འཐུས་ཀྱི་ལས་འགན་ཏག་ཏག་སྒྲུབ་ཐུབ་ཀྱི་རེད་འདོད།

  76. གཡུ་འོད། says:
    2013-12-26 at 5:31 am

    འདི་འདྲའི་སྐབས་སུ་ང་ཚོས་སྐད་ཆ་དྲང་མོ་རེ་གསུང་རྒྱུ་ལས་ཕྱོགས་ལྷུང་གི་ལབ་བརྡོལ་རེ་མི་སྐྱུགས་རྒྱུ་མཁྱེན།

  77. མདུན་སྐྱོད། says:
    2014-01-15 at 2:03 pm

    སྤྲོ་ཚིགས་ཆོས་གྲགས་ལ་རྒྱབ་སྐྱོར་ཡོད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme