Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་སྐད་དང་ཡི་གེའི་ཉམ་རྒུད།

Posted on 2018-09-212018-09-21 By ཁ་བརྡ 13 Comments on བོད་ཀྱི་སྐད་དང་ཡི་གེའི་ཉམ་རྒུད།

མི་ཉག་སྐལ་བཟང་།
 
དང་པོ། དཀོན་མཆོག་དཔང་དུ་བཙུགས་ཏེ་དྲང་བདེན་དང་གནས་ལུགས་ལ་གཞི་འཛིན་ནས་བོད་ཀྱི་སྐད་དང་ཡི་གེ་ལ་རྒྱུས་མངའ་དང་དུང་བ་ཡོད་པའི་མི་ཆུང་ཆུང་ཞིག་གིས་སྡུག་སྐད་ཆེན་པོ་མ་རྒྱག་ཐབས་མེད་རེད།  བོད་ཀྱི་སྐད་དང་ཡི་གེ་གཉིས་པོ་ནི་རྒྱ་མཚོ་དང་རྒྱ་མཚོའི་ནང་གི་ཉ་མོ་བཞིན་གཅིག་ལ་གཅིག་སྦྲེལ་དང་། ནང་པའི་ཆོས་ལུགས་ལ་དད་པ་ཡོད་མཁན་ཞིག་གིས་བལྟས་ན་ཡང་རྟེན་འབྱུང་གི་འབྲེལ་བ་ཡོད་པ་ལྟ་བུ་ཞིག་ཀྱང་འདོད། རྒྱ་མཚོ་སྐམ་ནུས་ན་ཉ་མོ་འཆི་མི་ནུས་པ་མེད་ཅེས་པའི་དཔེ་ལྟར། གལ་ཏེ་ནམ་ཞིག་བོད་ཀྱི་སྐད་དང་ཡི་གེ་གཉིས་བརླག་པའི་ཉེན་ཁའི་མཚམས་ཐིག་ལས་བརྒལ་པ་ཡིན་ན་ང་ཚོ་ནི་སྐམ་སོང་བའི་རྒྱ་མཚོ་དང་། ཤི་སོང་བའི་ཉ་མོ་ལྟ་བུ་ཞིག་གནས་རྒྱུ་རེད། དེ་ལྟ་བུའི་སྐད་དང་ཡི་གེ་མེད་པའི་མི་རིགས་ཤིག་འཚོ་གནས་ཐུབ་པའི་དབང་དུ་བཏང་ན་ཡང་ཡོད་ཚད་སྟོང་ལྷང་ངེར་དང་། གཟུངས་གཞུག་མེད་པའི་སྐུ་འདྲ་དང་ཡང་ན་ལྷ་ཁང་སྟོང་པ་ལྟ་བུ་ཞིག་ཆགས་རྒྱུ་ཉག་ཅིག་རེད།

གཉིས་པ། བོད་གཞིས་བྱེས་གཉིས་སུ་ཁ་གྱེས་བའི་ཉིན་དེ་ནས་བཟུང་བོད་ཀྱི་སྐད་དང་ཡི་གེ་གཉིས་ཉམ་ཆགས་སུ་འགྲོ་བར་འགོ་བཙུགས་པ་ནི་མི་མཐོང་ལག་ཟིན་ཡིན་པ་དང་།སྡུག་ཐོག་སྡུག་བརྩེགས་བྱུང་སྟེ་ད་ཆར་ཕམ་ཁའི་གྱོང་གུན་ཆེ་ཤོས་ནི་བོད་ཀྱི་སྐད་དང་ཡི་གེ་ཉམས་ཆགས་སུ་འགྲོ་བཞིན་པ་དེ་རེད། མི་རིགས་ཤིག་འཚོ་གནས་དགོས་པ་དང་།འགྲོ་བ་མིའི་རིན་ཐང་འཇལ་དགོས་ན་སྐད་དང་ཡི་གེ་གཉིས་ནི་མི་རིགས་ཀྱི་སྲོག་རྩ་དང་། རང་རང་གི་ཚེ་སྲོག་ངོ་མ་ཡང་སྐད་དང་ཡི་གེ་རེད། མི་རིགས་ཤིག་ལ་སྲོག་རྩ་དགོས་དང་མི་དགོས་ནི་མི་རིགས་ག་གེ་མོར་རག་ལས་པ་དང་། རང་རང་སོ་སོར་ཚེ་སྲོག་དགོས་དང་མི་དགོས་ནི་མི་ཆེ་གེ་མོར་རག་ལུས་པ་ཞིག་རེད། རང་གིས་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྐད་དང་ཡི་གེར་ཆེ་མཐོང་དང་། མ་ཉམས་རྒྱུན་འཛིན་བྱེད་ཐུབ་པ་བྱ་རྒྱུ་ནི་རང་སྲོག་རང་གིས་གཅེས་པ་དང་མཚུངས། དེ་ལས་བཟློག་པ་ནི་རང་གི་སྐེ་ལ་རང་གིས་འཆི་ཞགས་བསྐོན་པ་ཡིན།

གསུམ་པ། ཡག་རྟགས་ཡིན་ནམ་སྡུག་རྟགས་ཡིན་ངས་མི་ཤེས། དེང་སང་བོད་ཕྱི་ནང་གཉིས་ཀར་བོད་ཀྱི་སྐད་དང་ཡི་གེར་ཤི་འཐམ་རོ་འཐམ་བྱེད་མཁན་ནི་བོད་སྐད་སྨྲ་ཤེས་ཤིང་། བོད་ཡིག་ལ་བྱང་ཆུབ་པའི་མཁས་པ་རེ་ཟུང་དང་། བླ་སྤྲུལ་དགེ་བཤེས་རེ་ཟུང་གི་འོས་འགན་ལྟ་བུ་ཞིག་ཆགས་ཡོད། འོན་ཀྱང་མི་རྣམས་མི་འགྱུར་དུས་ནི་འགྱུར་དང་།ཡང་ན། དུས་ནི་མི་འགྱུར་མི་རྣམས་འགྱུར་བའི་འགྱུར་བ་ཞིག་གིས་བོད་ཀྱི་སྐད་དང་ཡི་གེར་བྱང་ཆུབ་པའི་མཁས་པའི་དཔའ་བོ་དཔའ་མོ་ནི་ཇེ་ཉུང་ནས་ཇེ་ཉུང་རེད། བོད་ཀྱི་སྐད་དང་ཡི་གེ་བརླག་པའི་ཉེན་ཁ་ནི་ཇེ་ཆེ་ནས་ཇེ་ཆེ་རེད། ཁ་བཤད་ཆུ་ཡི་ལྦུ་བ་དང་། ལག་ལེན་གསེར་གྱི་ཐིགས་པ་འབབ་ཚུགས་སུ་ང་ཚོ་གཟི་བརྗིད་ཁོང་སྟོང་གི་མི་རིགས་ཤིག་ཆགས་པ་ཡིན་ན་མི་ཚེ་གང་བོར་འགྱོད་པ་སྐྱེས་ཀྱང་ཅི་ལ་ཕན། གྲ་སྒྲིག་སྡུག་ས་ནས་བྱེད་དེ་རེ་བ་བཟང་ས་ནས་བརྒྱབ་ཆོག་མོད། འོན་ཀྱང་ང་ཚོས་ཡོད་ཚད་གཞན་དབང་སྟབས་བསྟུན་དང་། གཞན་རྟེན་སྲིན་འབུའི་འཚོ་བ་དང་ཁ་བྲལ་ཐབས་མེད་པས་ངན་ཁག་ངན་དཀྲིགས་ཀྱིས་དུས་འདའ་བ་བྱེད་པ་ནི་མིག་ལྡན་གཡང་གཟར་དུ་མཆོང་བའི་ངང་ཚུལ་རེད།

བཞི་པ། བརྡ་འཕྲིན་གྱི་དུས་རབས་འདི་ནི་བོད་མི་རིགས་ལ་ཆ་མཚོན་ན་གཞིས་བྱེས་གཉིས་ཀྱི་བར་ན་འབྲེལ་ལམ་གྱི་ཟམ་པ་ལྟ་བུ་ཞིག་ཆགས་ཡོད། འབྲེལ་ལམ་དེ་བརྒྱུད་ནས་གནས་ཚུལ་ཇེ་མང་དང་ཁ་བརྡ་ཇེ་མང་བའི་རྒྱབ་མདུན་ལ་བསམས་ན་གཞིས་པ་གཞིས་ན་སྐྱིད་པ་དང་། བྱེས་པ་བྱེས་ན་སྐྱིད་ཀྱང་ལྷོ་བྱང་ཀོ་རི་ཡ་ལྟ་བུར་མི་འགྱུར་བའི་སྨོན་ལམ་རྒྱག་གིན་ཡོད། གཞིས་པ་ཚོས་བོད་སྐད་དང་བོད་ཡིག་སྤྱོད་པ་ལས་རྒྱ་ཡིག་འབྲི་བ་དང་། རྒྱ་སྐད་རྒྱག་པ་ཡིན་ན་རང་ཉིད་མིའི་མཆོག་གོ་སྙམ་པ་དང་། བྱེས་པ་ཚོས་དབྱིན་ཡིག་འབྲི་ཤེས་པ་དང་། དབྱིན་སྐད་རྒྱག་ཤེས་པ་ནི་རང་ཉིད་ཟླ་བའི་གྲོང་ཁྱེར་ནང་བསྡད་དེ་ལྷོ་འཛམ་བུ་གླིང་ལ་རྒྱང་བལྟ་བྱེད་བཞིན་ཡོད་སྙམ་སྟེ་བོད་ཀྱི་སྐད་དང་ཡི་གེར་སྣང་ཆུང་དང་ཁྱད་གསོ་བྱེད་བཞིན་པ་ནི་རྟ་ལས་བབས་ཏེ་བོང་བུ་བཞོན་འདོད་པ་རང་རེད།

ལྔ་པ། ད་དུང་བོད་མི་མི་ཉུང་བ་ཞིག་གི་རང་གི་མིང་ཙམ་ཡང་བོད་ཡིག་ནང་འབྲི་མི་ཤེས་པ་དང་། བོད་སྐད་གཙང་མ་ཞིག་ཀྱང་རྒྱག་མི་ཤེས་པར་མིང་བྱང་རྫིག་པོ་ཞིག་གི་འོག་ཏུ་རང་ཉིད་འཐབ་རྩོད་པ་དང་། ཆབ་སྲིད་པ་ཡིན་ཞེས་ས་མཆོང་གནམ་མཆོང་བྱས་རུང་གང་གི་ཆེད་དུ་མཆོང་གིན་ཡོད་པ་ནི་ཤིན་ཏུ་ལྐོག་གྱུར་ཙམ་རེད། ང་ཚོས་བོད་ཀྱི་སྐད་དང་ཡི་གེའི་ཆེད་དུ་ས་མཆོང་གནམ་མཆོང་དགོས་ལ། གལ་ཏེ་ང་ཚོས་བོད་ཀྱི་སྐད་དང་ཡི་གེའི་ཆེད་དུ་ས་མཆོང་གནམ་མཆོང་བྱ་འདོད་མེད་ན། རང་སྐྱོང་གི་མིང་ཙམ་ལས་མེད་ན་ཡང་རྒྱའི་ལག་འོག་ཏུ་བསྡད་ན་དེ་བས་དགའ། ཆབ་སྲིད་པ་དང་འཐབ་རྩོད་པ། མཁས་པ་དག་དང་དཔོན་པོ་ཚོ། མདོར་ན། རང་ཉིད་རྩམ་པ་བཟའ་མཁན་དང་རྩམ་པར་དགའ་མཁན་ཡོད་དོ་ཅོག་གིས་བོད་ཀྱི་སྐད་དང་ཡི་གེའི་ཆེད་དུ་འཕག་འཚག་རྒྱག་རོགས། བོད་ཀྱི་སྐད་དང་ཡི་གེའི་གནས་བབ་དང་། ཁོར་ཡུག་་བཅས་ནི་དཀྱིལ་ཤར་ཡུལ་གྲུའི་གཡུལ་ས་ལྟ་བུར་གནས་ཡོད་པས་བོད་ཀྱི་སྐད་དང་ཡི་གེའི་ཚེ་སྲོག་སྐྱོབ་རོགས།།

བསམ་ཚུལ།

Post navigation

Previous Post: ༢༠༡༨།༩།༢༠ སྐབས་ ༡༦ སྤྱི་ལྷན་གྲོས་ཚོགས་ཚོགས་དུས་ ༦ ལས་ཉིན་ ༣ ཚོགས་ཐུན་ ༡
Next Post: ༢༠༡༨།༩།༢༡ སྐབས་ ༡༦ སྤྱི་ལྷན་གྲོས་ཚོགས་ཚོགས་དུས་ ༦ པ། ལས་ཉིན་ ༤ ཚོགས་ཐུན་ ༡

Comments (13) on “བོད་ཀྱི་སྐད་དང་ཡི་གེའི་ཉམ་རྒུད།”

  1. སྤར་ཤད། says:
    2018-09-21 at 2:34 am

    མི་ཉག་སྐལ་བཟང་ལགས་ནས་བོད་མི་རིགས་དང་། དམིགས་ཀྱིས་སྐད་ཡིག་གི་ཉེན་འཚབ་རང་བཞིན་དང་། གལ་གནད་རང་བཞིན་ལ་ལྷག་བསམ་གཙང་མས་གོང་འོག་ཀུན་ལ་འབོད་སྐུལ་དང་རེ་ཞུ་དོན་ལ་གནས་པ་ཞིག་ཞུས་འདུག་པར་ཡི་རང་དང་། རྒྱབ་སྐྱོར་ཞུའོ།།

  2. ཨ་ཁུ་འབྲོག་པ། says:
    2018-09-21 at 12:20 pm

    སྐབས་རེ་བསམ་མནོ་གཏོང་ཕྱོགས་སམ། གོ་བ་ལེན་ཕྱོགས་ཤིག་གིས་ཚིག་དོན་གོ་འཛོལ་ཏེ་མགོ་ཐོམ་རྒྱུ་ཞིག་ཡོད་པ་དེ་ད་ལན་བྱུང་སོང་། ཉེན་ཁའི་མཚམས་ཐིག་ལས་བརྒལ་ན་ཉེན་ཁ་ལས་གྲོལ་བའི་དོན་མ་རེད་དམ། ངོ་མ་མགོ་ཚོས་མ་སོང་།

  3. ཀརྡོ་གཉེར་ཕྱག་པ་ says:
    2018-09-21 at 2:16 pm

    ཤེས་རིག་ལས་ཁུངས་ནས། བོད་སྐད་སློབ་དེབ་ཅིག་གཏན་འབེབ་བྱས་ནས། བཀྲམས་མ་ཐུབ་ན། བོད་སྐད་ཉམས་རྒྱུ་ངེས་པ་རེད།

  4. ཀརྡོ་གཉེར་ཕྱག་པ་ says:
    2018-09-22 at 2:37 am

    བོད་སྐད་སློབ་དེབ་ཡིག་སྐད་དུགཏན་འབེབས་མ་བྱས་ན། འགོ་ཆོས་དཔོན་ཀརྨ་པ་ནས་འཇུག་སྤྱི་འཐུས་ཞལ་མར་བསྟན་ཚང་མས། དང་པོ་ཐོག་མ་ནས། ང་ཚོ་གི་་་་ ང་ཚོ་གྱི་་་་་་ ང་ཚོ་གིས་་་་་་ ང་ཚོ་གྱིས་་་་་་་་་ གསུང་བཤད་གནང་བཞིན་པ་འདི་ནི། ད་ལྟ་མི་རབས་འདི་ཡི་ལས་བྱེད་པའི་ཞབས་འདྲེན་ཆན་པོ་རེད་དོ།།

  5. ཀརྡོ་གཉེར་ཕྱག་པ་ says:
    2018-09-23 at 7:48 am

    བོད་རིགས་སྤྱི་སྐད་སློབ་དེབ་ཅིག་དགོས་འདུག ཐུགས་རྗེས་གཟིགས།། །།

  6. ཀརྡོ་གཉེར་ཕྱག་པ་ says:
    2018-09-25 at 11:52 am

    བོད་སྐད་ཀློག་དེབ་ཅིག་ལས་འཕྲོས་པའི་གཏམ།
    རབ་གསལ། ༢༠༡༦/༠༩/༢༨ རིག་པ།(༠)
    http://tibettimes.net/blog/%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%A6%E0%BE%90%E0%BD%91%E0%BC%8B%E0%BD%80%E0%BE%B3%E0%BD%BC%E0%BD%82%E0%BC%8B%E0%BD%91%E0%BD%BA%E0%BD%96%E0%BC%8B%E0%BD%85%E0%BD%B2%E0%BD%82%E0%BC%8B%E0%BD%A3/

  7. ཀརྡོ་གཉེར་ཕྱག་པ་ says:
    2018-09-25 at 12:03 pm

    ཚད་ལྡན་ཞིག་ཡོང་ཐུབ་ཀྱི་མེད་པའི་རྒྱུ་རྐྱེན་གཙོ་བོ་ཁག་ཅིག 

    ཆབ་ཚང་འཇམ་དཔལ།
    http://www.khabdha.org/?p=94083

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-09-28 at 9:57 am

    བོད་མི་རིགས་འཛམ་གླིང་གི་ལུང་པ་མང་པོའི་ནང་བྱ་སྤུ་
    རི་གཏོར་དུ་བསྡད་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་
    སྲུང་སྐྱོབས་ཟེར་བའི་གཏམ་དེ་བསམ་མེད་བྱིས་པ་ལ་
    མངར་ཆ་སྦྱིན་པ་ཙམ་ལས་མ་འདས་སོ་།

  9. ལ་དྭགས་འཇམ་དཔལ།། says:
    2018-09-29 at 12:00 pm

    མི་ཉག་སྐལ་བཟང་མཆོག་ལ་འཇུ་ཞུས། འཇུ་ཞེས་པ་འདི་སུའི་སྐད་ཡིན་ནམ། བོད་སྐད་ཡིག་ཀྱང་དེ་འདྲའོ།

  10. ཀརྡོ་གཉེར་ཕྱག་པ་ says:
    2018-09-30 at 1:34 pm

    བོད་རིགས་སྤྱི་སྐད།

    བོད་རིགས་སྤྱི་སྐད་སློབ་དེབ་མེད། །
    སྤྱི་སྐད་ཤེས་མཁན་གང་ནས་འོངས། །
    ་
    བོད་སྐད་སློབ་དེབ་མེད་པས་ན། །
    བོད་སྐད་སྦྱོང་མཁན་གང་ནས་འོངས། །
    ་
    བོད་སྐད་སློབ་དེབ་གཏན་འབེབས་ན། །
    ཆོལ་གསུམ་མི་རིགས་འཆོལ་བར་འཇིགས། །
    ་
    བོད་སྐད་སློབ་དེབ་སྒྲིག་མཁན་མེད། །
    བོད་སྐད་སློབ་དེབ་སྒྲིག་བཅུག་མེད། །
    ་
    བོད་སྐད་ཉམས་བགྱིད་ཉམས་བགྱིད་ཟེར། །
    བོད་སྐད་སློབ་དེབ་མེད་ན་དགའ། །
    ་
    ཤེས་རིག་ལས་ཁུངས་ལས་ཁུངས་ཟེར། །
    བོད་སྐད་ཤེས་སའི་སློབ་དེབ་མེད། །
    ་
    རྒྱ་སྐད་སློབ་ཕྱིར་སློབ་དེབ་འདུག །
    ཧིན་སྐད་སློབ་ཕྱིར་སློབ་དེབ་འདུག །
    ་
    བལ་སྐད་སློབ་ཕྱིར་སློབ་དེབ་འདུག །
    བོད་སྐད་སློབ་ཕྱིར་སློབ་དེབ་མེད། །
    ་
    ཧ་ཧ་བོད་རིགས་མཁས་པ་ལ། །
    སློབ་མེད་ཀྱང་བོད་སྐད་ཤེས། །
    ་
    ཧོ་ཧོ་བོད་རིགས་བླུན་པ་ལ། །
    བཀའ་བསྟན་ཡོད་ཀྱང་སློབ་དེབ་མེད། །
    ་
    ད་ནི་ལབ་ས་མི་འདུག་ལ། །
    ལོབ་མཁན་ཁ་ལྕེ་ན་རོགས་རེད། །
    ་
    ཁ་བརྡར་ཀརྡོས།

  11. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-10-01 at 6:26 am

    མི་རིགས་ཉམས་ན་སྐད་ཡིག་རིག་གཞུང་ལས་ཀྱིས་ཉམས་།
    མི་རིགས་གསོན་ན་སྐད་ཡིག་རིག་གཞུང་ཤུགས་ཀྱི་འཚོ་།
    རྒྱ་མཚོ་སྐམ་ན་ཆུ་ནང་སྲོག་ཆགས་ལས་ཀྱི་ཤི་།
    རྒྱ་མཚོ་གནས་ན་ཆུ་ནང་སྲོག་ཆགས་ལས་ཀྱི་འཚོ་།

  12. ྸAbharu Jigwang says:
    2018-10-02 at 11:25 pm

    མི་རིགས་སྐད་ཡིག་གང་ཟེར་ཡང་མི་རིགས་འཕེལ་རྒྱས་མེད་ན་གང་ཡང་མེད།
    དེ་རིང་ཁ་སང་གཞོན་སྐྱེས་མང་པོ་ཕྱི་རྒྱལ་ལ་་་ལྷ་ཡུལ་ཡིན་མདོག་གི་ཕྱིན་ནས་
    ཕྲུ་གུ་སྐྱེ་འཕེལ་བྱེད་རྒྱུ་དུས་ཚོད་ཡོད་པ་མ་རེད། དང་པོ་སྡོད་ས་དགོས་པ་རེད་།
    སྡོད་ས་གླས་ནས་་ཁང་གླ་སྤྲོད་དགོས་པ་ཡིན། དེ་ཡིན་ན་ལས་ཀ་མེད་པར་གླ་མི་ཡོང།
    ཕྲུག་གུ་བཟོ་ན་ལས་ཀར་འགྲོ་མི་ཐུབ་པས་དེར་བརྟེེན་ནས་མི་རིགས་འཕེལ་སྐྱེས་ཡོང་གི་མེད་
    པ་རེད།
    ཕྱི་རྒྱལ་ཕྱི་རྒྱལ་མ་ཟེར། ཕྱི་རྒྱལ་ལྷ་ཡུལ་མ་ཟེར།
    དང་པོ་ཟ་རྒྱུ་དགོས་རེད། གཉིས་པ་སྡོད་ཁང་དགོས་རེད།
    ཟ་རྒྱུ་སྡོད་ས་མེད་ན་། ལྷ་ཡུལ་སྤྲང་རྐྱང་རེད་འདུག།

  13. ཀརྡོ་གཉེར་ཕྱག་པ་ says:
    2018-10-08 at 12:10 pm

    བོད་སྐད་རྒྱབ་རོགས་བྱེད་མཁན་རྒྱ་གར་བ།
    https://www.facebook.com/100009165062837/videos/2077633872552095/UzpfSTEwMDAwMTM3NTU1NjI1OToxODg4Nzg5NTk0NTEwMjA3/

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme