Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

  བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་འཕེལ་རིམ་སྐོར་ལ་དཔྱད་པའི་གཏམ།   

Posted on 2025-08-12 By ཁ་བརྡ་ No Comments on   བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་འཕེལ་རིམ་སྐོར་ལ་དཔྱད་པའི་གཏམ།   

གཞུང་པ་ཚེ་དབང་བསོད་ནམས།   

བོད་ས་མ་ཤོར་སྔོན་སྤྱི་ལོ་ ༡༩༥༤ ཙམ་ནས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་དབུ་ཁྲིད་༧ སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་མི་མང་མང་གཙོའི་ལམ་ལུགས།  ༼  Democracy System  ༽ ལ་ཁ་ཕྱོགས་རྒྱུའི་རླབས་ཆེན་གྱིས་དགོངས་པ་བཞེས་ནས་སྤྱི་ཚོགས་ལེགས་བཅོས་ཚོགས་ཆུང་ཟུར་འཛུགས་གནང་ནས་མི་འགྲོ་གཏན་ཁེལ་བའི་དུས་སྐབས་སུ་་ཕྱི་ནང་གཉིས་ཀྱིས་འགོག་རྐྱེན་བར་ཆད་མང་བས་བོད་ནང་ལག་བསྟར་མ་ཐུབ་ན་ཡང་རྒྱ་གར་དུ་བཙན་བྱོལ་ཕེབས་མ་ཐག་སྤྱི་ལོ་ ༡༩༦༠ ཐམ་པའི་སྤྱི་ཟླ་  ༩  པའི་ཚེས་ ༢ ཉིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དངོས་སུ་མང་གཙོ་དབུ་བརྙེས་ནས་ཆོལ་ཁ་རེ་ནས་སྤྱི་འཐུས་མི་གསུམ་རེ་དང་ཆོས་རྒྱུད་རེ་ནས་སྤྱི་འཐུས་མི་རེ་བཅས་མི་མང་ནས་འོས་བསྡུའི་ལམ་ནས་བསྐོ་བཞག་གིས་སྐབས་དྲུག་པ་ནས་གཡུ་དྲུང་བོན་གྱི་ཆོས་རྒྱུད་སྤྱི་འཐུས་བསྐོ་བཞག་གིས་ཆོལ་ཁ་གསུམ་དང་ཆོས་རྒྱུད་ལྔ་བཅས་ལས་སྒྲུབ་པའི་སྤྱི་འཐུས་ཚོའི་མི་མང་གི་སྐུ་ཚབ་གནང་ནས་རྡ་སར་བཞུགས་ནས་ལྷན་ཁང་ཁག་ནང་ཆ་བགོས་ཀྱིས་ལས་དོན་ཁག་ལ་འགན་འཁུར་བཞེས་ནས་རིམ་པས་སྤྱི་ཚོགས་འཕེལ་རིམ་ལ་འགན་འཁུར་ནས་ལོ་རབས་དགུ་བཅུའི་ནང་སྤྱི་འཐུས་ཀྱི་གྲངས་ཚད་སྤར་ནས་སྤྱི་ལོ་ ༡༩༩༡  སྤྱི་ཟླ་  ༦  པའི་ཚེས་  ༡༤ ཉིན་སྤྱི་འཐུས་སྐབས་བཅུ་གཅིག་ནས་བར་བརྒལ་གྱིས་ཁྲིམས་བཟོའི་འགན་འཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བཅུ་གཅིག་དང་དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་པ་དེ་དག་གཏན་ལ་ཕབ་ནས་༧ གོང་ས་༧ སྐྱབས་མགོན་ཆེན་པོའི་ཆོག་མཆན་མཚན་རྟགས་དེ་སྤྱི་ལོ་  ༡༩༩༡   སྤྱི་ཟླ་  ༦  པའི་ཚེས་  ༢༨ ཉིན་ཕེབས་པའི་ཉིན་མོ་དེ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ནུས་པ་ཐོན་ནས།   ཁྲིམས་བཟོ་སྡེ་ཚན།  Legislative  Assembly   འཛིན་སྐྱོང་སྡེ་ཚན།  Executive  ཁྲིམས་ལུགས་དབང་འཛིན་སྡེ་ཚན།  Judiciary  བཅས་མང་གཙོའི་སྒྲིག་འཛུགས་སྐྱོང་མཁན་གྱི་ཀ་བ་གསུམ་གྱིས་འགན་འཁུར་འོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཁྲིམས་ཀྱི་དབང་བསྒྱུར་འོག་འགྲོ་བཞིན་པ་ནས་སྤྱི་ལོ་ ༢༠༠༡  ལོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་ནས་འཛིན་སྐྱོང་གི་སྐུ་དབང་དེ་མི་མང་ནས་འདམས་པའི་བཀའ་བློན་ཁྲི་པར་གནང་ནས་མགོན་པོ་གང་ཉིད་ཕྱེད་གྲེས་ཡོལ་གྱི་ཚུལ་དུ་བཞུགས་པ་དང་།  སྤྱི་ལོ་  ༢༠༡༡ ལོར་ཆབ་སྲིད་ཀྱིས་སྐུ་དབང་དེ་ཡང་མི་མང་ནས་འདམས་པའི་བཀའ་བློན་ཁྲི་པར་གནང་ནས་དེ་སྔ་༧ གོང་ས་ལྔ་པ་ཆེན་པོ་མཆོག་ནས་བཙུགས་པའི་ལོ་ངོ་གསུམ་བརྒྱ་དྲུག་ཅུ་ལྷག་ཙམ་གྱི་དོན་སྙིང་ལྡན་པའི་ལོ་རྒྱུས་ཡོད་པའི་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་པར་རྒྱལ་བའི་བོད་ཀྱིས་གཞུང་སྲིད་སྐྱོང་བའི་ལམ་ལུགས་ལ་རླབས་ཆེན་གྱི་འགྱུར་བ་བཏང་ནས་མི་མང་གིས་འདམས་པའི་བཀའ་བློན་ཁྲི་པས་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ཀྱིས་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་བཞེས་རྒྱུའི་ལམ་ལུགས་གསར་གཏོད་གནང་ནས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལ་འཛམ་གླིང་ཤར་ནུབ་ཀྱི་མི་རིགས་མང་པོས་བསྔགས་བརྗོད་དང་རྗེས་སུ་ཡིད་རངས་ཞུ་མཁན་ལོ་རེ་ནས་ལོ་རེ་བཞིན་མི་སྣ་མང་པོ་རྡ་སར་༧ གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་་གཏི་གནས་ཁག་ལ་འཚམས་་གཟིགས་དུ་ཕེབས་ནས་བཙན་བྱོལ་བོད་མི་རྣམས་མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་འོག་དགའ་སྐྱིད་སྤྲོ་གསུམ་ལ་མི་སྨོན་རང་སྐྱིད་དུ་གནས་བཞིན་པའི་དུས་སྐབས་སུ་སྤྱི་འཐུས་སྐབས་བཅུ་དྲུག་དང་།  བཀའ་ཤག་སྐབས་བཅོ་ལྔ་བཀའ་སྤྱི་གཉིས་ཀྱི་ལས་དུས་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆ་ཚང་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩  ཟེར་བའི་འོག་འཕོ་འགྱུར་བཏང་བའི་བརྒྱུད་རིམ་ནས་སྤྱི་འཐུས་སྐབས་བཅུ་བདུན་གྱིས་ལས་འཁུར་དམ་འབུལ་དང་འབྲེལ་ནས་༧ གོང་ས་མཆོག་ལ་མཛད་དཀའ་བཟོས་པ་དང་།  བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བསམ་ཚུལ་ལ་འགལ་ཟླ་བཟོས་ནས་ཉམས་པ་སླར་གསོ་ཟེར་བ་དང་།  རྩ་དོན་གླིང་ཟེར་བ་དང་།  གཞི་རིམ་མི་མང་གིས་ལས་འགུལ་ཟེར་བ་སོགས་བཙན་བྱོལ་བོད་མི་ནང་ཁུལ་གཟུགས་མེད་སྒྲིབ་གཡོགས་ཀྱི་བཙན་བྱོལ་བོད་མིའི་ཆིག་སྒྲིལ་ལ་ཉམས་ཆགས་འགྲོ་བའི་དགྲ་དགའ་གཉེན་སྡུག་གིས་བྱ་སྤྱོད་ངོ་དེབ་དང་ཡུ་ཊུབ་སོགས་ནང་བཤོད་མཁན་ཁ་མ་ཚ་ན་ཡང་ཉན་མཁན་ཨམ་ཆོག་ཚ་དགོས་པའི་དུས་ཚོད་ཤར་བ་ནས་སྔ་ལོ་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩིའི་ཐོག་༧ གོང་ས་མཆོག་གི་གསུང་འཕྲིན་ཕེབས་པ་འདི་ལྟར།   ༼  བོད་གཞིས་ལུས་མི་མང་རྣམས་གཞན་དབང་འོག་ཏུ་ཚུད་ཡོད་ཀྱང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཆོལ་གསུམ་ཁ་བྲལ་གཏོང་ཐུབ་མེད།  འོན་ཀྱང་འདི་ཕྱོགས་རང་རེ་བཙན་བྱོལ་ནང་སྤྱི་སེམས་ཀྱིས་ཕོངས་པའི་ཅོལ་ཆུང་ཁག་གཅིག་གིས་ཕྱོགས་རིས་འཐེན་འཁྱེར་གྱིས་བྱ་བ་སྤེལ་བ་དེ་ནི་ཞབས་འདྲེན་བློ་ཕམ་གྱི་གནས་ཡིན་པས་སེར་སྐྱ་འགོ་དམངས་ཚང་མས་ཅིས་ཀྱང་ཡིད་ཟབ་དགོས་གལ་བློ་འཇགས་གྱིས། ༽  ཞེས་ཕེབས་པ་དང་།  ཆེས་མཐོའི་ཁྲིམས་ཞིབ་ཚོ་འཕོ་འགྱུར་གཏོང་རྒྱུའི་དབང་ཆ་དེ་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་ཚོ་ལ་ཡོད་པ་དང་འཕོ་འགྱུར་གཏོང་རྒྱུའི་དོན་ཚན་དེ་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བཞི་ཡིན་པ་འདི་ལྟར།  ༼  བཅའ་ཁྲིམས་དོན་ཚན་ང་བཞི་པ།   གྲོས་བསྡུར་བཀག་སྡོམ།  ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་།  ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང་།   སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང་།  གྲོས་བསྡུར་བྱེད་མི་ཆོག   ༽  ཅེས་གསལ་བ་ནས་སྤྱི་འཐུས་སྐབས་བཅུ་དྲུག་ནས་བཅའ་ཁྲིམས་ཀྱི་དོན་ཚན་ལྔ་བཅུ་ང་བཞི་ལ་འགན་མ་འཁུར་ནས་བཅའ་ཁྲིམས་དོན་ཚན་ ༦༣  པའི་ནང་གསེས་  ༤ པའི་འོག་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་བཏང་བ་ནི་ཚད་ལས་འགལ་བའི་ཁྲིམས་བཟོའི་ཁྲིམས་འགལ་ཆེ་ཤོས་དེ་ཡིན་པར་ངོས་འཛིན་ཞུ་གི་ཡོད།    བཅའ་ཁྲིམས་དོན་ཚན་  ༦༣  པའི་ནང་གསེས་  ༤  པ་དེ་ཆེས་མཐོའི་ཁྲིམས་ཞིབ་ཚོའི་ལས་ཡུན་ལོ་ཚད་དང་། ཞབས་ལོའི་སྐོར་ཡིན་པ་ལས་ཆེས་མཐོའི་ཁྲིམས་ཞིབ་ཚོ་འཕོ་འགྱུར་གཏོང་རྒྱུའི་དོན་ཚན་མིན་པ་འདི་ལྟར། ༼   བཅའ་ཁྲིམས་དོན་ཚན་རེ་གསུམ་པ།   ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ།   ནང་གསེས་བཞི་པ།  སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ ་འབོར་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང་།  ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔ་འམ།   རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན།  ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་མ་ལོན་བར་ལས་འཁུར་རྒྱུན་འཛིན་བྱ་རྒྱུ།    ༽  ཅེས་གསལ་བ་ནས་ཆེས་མཐོའི་ཁྲིམས་ཞིབ་ཚོ་འཕོ་འགྱུར་གཏོང་རྒྱུའི་དོན་ཚན་དེ་ལྔ་བཅུ་ང་བཞི་ཡིན་པ་ནས་སྤྱི་འཐུས་སྐབས་བཅུ་དྲུག་གིས་བཅའ་ཁྲིམས་ཀྱི་དོན་ཚན་ནོར་ནས་བཅའ་ཁྲིམས་དོན་ཚན་ ༦༣  པའི་ནང་གསེས་  ༤  པའི་འོག་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་བཏང་བ་ནི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱིས་ལོ་རྒྱུས་ནང་སུབ་ནས་ཟུབ་རྒྱུ་མེད་པའི་ལོ་རྒྱུས་ནག་པོའི་ཁྲིམས་འགལ་དང་སྒྲིག་འགལ་གྱི་ལེའུ་ཞིག་སྤྱི་འཐུས་སྐབས་བཅུ་དྲུག་དང་བཀའ་ཤག་སྐབས་བཅོ་ལྔ་གཉིས་ཀྱི་ལས་དུས་སྐབས་གསར་གཏོད་གནང་བ་ནས་ཇི་སྲིད་འཇིག་རྟེན་གྱི་ས་གཞི་ཆེན་པོ་འདི་མ་འཇིག་བར་དེ་སྲིད་དུ་བོད་ཀྱི་མང་གཙོའི་འཕེལ་རིམ་གྱིས་ལོ་རྒྱུས་ནང་ལྷག་རྒྱུ་ཡིན་པ་སུས་ཀྱང་ནག་སུབ་གཏོང་མི་ཐུབ་པ་དང་།  མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་གི་རྩ་ཁྲིམས་ལ་བལྟས་པ་ཡིན་ན་ཁྲིམས་དཔོན་འཕོ་འགྱུར་མ་བཏང་སྔོན་ཞིབ་འཇུག་ཚོགས་ཆུང་།  ༼  Committee  ༽ བཙུགས་ནས་ཞིབ་འཇུགས་ཚོགས་ཆུང་ནས་དོ་བདག་ཁྲིམས་དཔོན་སྐད་བཏང་ནས་འདྲི་རྩད་གནང་དགོས་པ་དང་།  ཁྲིམས་དཔོན་ནས་རང་ཉིད་ལ་ནོར་འཕྲུལ་མེད་པའི་གསལ་བཤད་གནང་རྒྱུའི་སྒོ་སྐབས་སྤྲོད་དགོས་པ་དང་།  ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་གྲོས་ཚོགས་ལ་ཕུལ་ནས་སྙན་ཐོ་གཞི་ལ་བཞག་ནས་གྲོས་ཚོགས་ནས་ཐག་གཅོད་གནང་དགོས་པ་འདི་དག་ཁྲིམས་དཔོན་གནས་དབྱུངས་སམ་འཕོ་འགྱུར་གཏོང་རྒྱུའི་ཁྲིམས་ལུགས་ཀྱི་བྱ་རིམ་གལ་ཆེན་ཁག་ཡིན་པ་དང་།  སྤྱི་འཐུས་སྐབས་བཅུ་དྲུག་ནས་དང་པོ།  ཁྲིམས་མཐུན་གྱི་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བཞི་ལ་འགན་མ་འཁུར་བའི་ནོར་འཁྲུལ།  གཉིས་པ།  བཅའ་ཁྲིམས་ཀྱི་དོན་ཚན་ནོར་ནས་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་ ༤ པའི་འོག་ཁྲིམས་འགལ་གྱིས་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་བཏང་བའི་ནོར་འཁྲུལ།  གསུམ་པ།  ཞིབ་འཇུག་ཚོགས་ཆུང་མ་བཙུགས་པའི་ནོར་འཁྲུལ། 

བཞི་པ།  ཁྲིམས་ཞིབ་པ་གསུམ་ལ་འབྲེལ་བཤད་རྒྱག་རྒྱུའི་སྒོ་སྐབས་མ་གནང་བའི་ནོར་འཁྲུལ།  ལྔ་པ།  འཛིན་སྐྱོང་བཀའ་ཤག་ལ་དགོངས་ཚུལ་གསུང་རྒྱུའི་སྒོ་སྐབས་མ་ཕུལ་བའི་ནོར་འཁྲུལ།  དྲུག་པ།  ཁྲིམས་ལུགས་འགྲོ་སྟངས་ཀྱི་བྱ་རིམ་སྣེ་གཅིག་མེད་པ་ཆུ་ཚོད་ཕྱེད་ཀའི་བགྲོ་གླེང་རྗེས་འོས་བསྡུའི་ལམ་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་དུས་ཚོད་གཅིག་ལ་འཕོ་འགྱུར་བཏང་བའི་ནོར་འཁྲུལ་བཅས་མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུད་སྲིད་དབང་སྒེར་གཅོད་རིང་ལུགས་པའི་ལམ་ལུགས་ལ་ཁ་ཕྱོགས་པ་མ་རེད་དམ།

གསལ་བཤད།, གསུང་བཤད།, བསམ་ཚུལ།

Post navigation

Previous Post: མང་གཙོའི་སྒྲིག་འཛུགས་ནང་མི་མང་གི་འཐུས་མིའི་འགན་དབང་སྐོར་ལ་དཔྱད་པའི་གཏམ།  
Next Post: ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་བའི་སྐོར་ལ་དཔྱད་པའི་གཏམ།   

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme