Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་སྤྱིའི་འོས་ཐོབ་གསལ་བསྒྲགས།

Posted on 2011-04-272011-04-27 By ཁ་བརྡ་ 118 Comments on བཀའ་སྤྱིའི་འོས་ཐོབ་གསལ་བསྒྲགས།

རྡ་སའི་དབུས་འོས་བསྡུ་ལས་ཁུངས་ནས་སྐབས་བཅོ་ལྔ་བའི་སྤྱི་འཐུས་དང་སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་གསལ་བསྒྲགས་གནང་འདུག སྐབས་གསུམ་པའི་བཀའ་ཁྲི་བློ་བཟང་སེང་གེར་ཐོབ་འདུག བློ་བཟང་སེང་གེ་ལགས་སུ་འོས་ཤོག་ ༢༧༠༥༡ ཐོབ་སྟེ་བརྒྱ་ཆའི་ ༥༥ ཟིན་ཡོད་པ་དང་། བཀའ་ཟུར་བཀྲས་མཐོང་རྣམ་རྒྱལ་ལགས་སུ་འོས་ཤོག་ ༡༨༨༠༥ ཐོབ་སྟེ་བརྒྱ་ཆའི་ ༣༧།༤༢ ཟིན་ཡོད་འདུག དེ་བཞིན། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་སུ་འོས་ཤོག་ ༣༡༧༣ ཐོབ་སྟེ་བརྒྱ་ཆའི་ ༦།༤༥་བཅས་ཟིན་ཡོད་འདུག
སྐབས་བཅོ་ལྔ་བའི་སྤྱི་འཐུས་ཁག་ནི།
བྱང་ཨ་རི་ནས།
༡) བདེ་སྐྱིད་ཆོས་དབྱིངས
༢) ནོར་བུ་ཚེ་རིང་།
ཡོ་རོབ་ནས།
༡) ཐུབ་བསྟན་དབང་ཆེན།
༢) ཆུང་བདག་ཀོ་རན།
དབུས་གཙང་ནས།
༡)ཨཀྱར་ཡེ་ཤེས་ཕུན་ཚོགས།
༢)པད་མ་འབྱུང་གནས།
༣) ཟླ་སྒྲོན་ཤར་གླིང་།
༤) དགེ་བཤེས་སྐལ་བཟང་དགྲ་འདུལ།
༥) ཀརྨ་ཡེ་ཤེས།
༦) ཟླ་བ་ཚེ་རིང་།
༧) སྒྲོལ་མ་ཚེ་རིང་།
༨) བུ་མོ་ཚེ་རིང་།
མདོ་སྟོད་ནས།
༡) འབའ་བ་སྐལ་བཟང་རྒྱལ་མཚན།
༢) གསེར་རྟ་ཚུལ་ཁྲིམས།
༣) འཇུ་ཆེན་དཀོན་མཆོག
༤) འཇམ་དབྱངས་བཟོད་པ།
༥) དབུ་དཀར་ཚང་གཡུ་སྒྲོན།
༦) ཆོས་སྐྱོང་དབང་ཕྱུག
༧) དབྱངས་ཅན་སྒྲོལ་དཀར།
༨) ཚུལ་ཁྲིམས་བསྟན་འཛིན།
༩) དགེ་བཤེས་གཡང་དྲུང་རྒྱལ་མཚན།
༡༠) གངས་ལྷ་མོ།
མདོ་སྨད་ནས།
༡) སྤེན་པ་ཚེ་རིང་།
༢) ཐུབ་བསྟན་ལུང་རིགས།
༣) རྒྱལ་རོང་ཟླ་བ་ཚེ་རིང་།
༤) འཕེལ་རྒྱལ་སྒྲོལ་མ་མཚོ་མོ།
༥) ཀིརྟི་སྒྲོལ་དཀར་ལྷ་མོ།
༦) བསོད་ནམས་རྒྱལ་མཚན།
༧) སྒྲོལ་དཀར་སྐྱབས།
༨) ཡེ་ཤེས་སྒྲོལ་མ།
༩) རྨོག་རུ་བསྟན་པ།
༡༠) རྒྱ་རིག་ཐར།
རྙིང་མ།
༡) སློབ་དཔོན་བསོད་ནམས་བསྟན་འཕེལ།
༢) རྒྱ་རི་བུ་ཕྲུག
བཀའ་བརྒྱུད་།
༡) ཀརྨ་ཆོས་འཕེལ།
༢) བསྟན་པ་ཡར་འཕེལ།
ས་སྐྱ།
༡) ནོར་བུ་ཚེ་རིང་།
༢) ཆོས་གྲགས་རྒྱ་མཚོ།
དགེ་ལུགས།
༡) རོང་བོ་བློ་བཟང་སྙན་གྲགས།
༢) ཨ་འབྲུག་ཚེ་བརྟན།
བོན།
༡) དགེ་བཤེས་སྨོན་ལམ་མཐར་ཕྱིན།
༢) དགེ་བཤེས་རྣམ་དག་གཙུག་ཕུད་
གནས་ཚུལ་ཞིབ་ཕྲ་འདི་ནས་གཟིགས།

གསར་འགྱུར།

Post navigation

Previous Post: ༄།། རོང་ཆེན་ཀིརྟི་སྐྱབས་མགོན་ཚང་གི་མཚན་གནས་རྗེས་འབྲེལ་གྱི་ལོ་རྒྱུས་བསྡུས་པ།
Next Post: བོད་ཕྱི་ནང་གཉིས།

Comments (118) on “བཀའ་སྤྱིའི་འོས་ཐོབ་གསལ་བསྒྲགས།”

  1. གངས་ཅན་པ། says:
    2011-04-27 at 6:59 am

    གྲོགས་པོ་ བཀྲིས་དབང་འདུས་དང་བཀྲས་མཐོང་གཉིས་ཀྱི་འོས་གྲངས་དེ་ནོར་འདུག་ བཀྲིས་དབང་འདུས་ལ་འོས་གྲངས། 3173། བཀྲས་མཐོང་ལ་འོས་གྲངས་། 18405། ངེས་པར་གཟིགས་རོགས་གནང་གྲོགས་པོ་ལགས།

  2. གྲགས་རྣམ says:
    2011-04-27 at 7:08 am

    གངས་ཅན་པས་ཟེར་བ་བཞིན་ཏག་ཏག་རེད་འདུག།།

  3. ཀརྡོ་རབ་འབྱམས་པ་ says:
    2011-04-27 at 7:10 am

    བཀའ་ཁྲིའི་འོས་མི་ཐ་མ་གསུམ་ནང་གི་གཞོན་ཤོས་བློ་བཟང་སེང་གེ་ལགས་ལ་འོས་གྲངས་༢༧༠༥༡གིས་སྐབས་གསུམ་པའི་བཀའ་ཁྲི་ཐོབ་པར་དགའ་བསུའི་བཀྲ་ཤིས་མཇལ་དར་སྲིད་ན་རིང་པ་ཞིག་དང་བཅས་བཅོས་མིན་དགའ་བསུ་དང་ཕེབས་བསུ། རྟེན་འབྲེལ་དགའ་སྟོན་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། དགེའོ། བཀྲ་ཤིས། དགེ་ལེགས་འཕེལ། །

  4. ཇོ་རུའི་གཅུང་པོ། says:
    2011-04-27 at 7:19 am

    ཁ་བརྡ་ཚང་ལ་ཞུ་རྒྱུ། ཨ་རིའི་སྤྱི་འཐུས་བདེ་སྐྱིད་ཚེ་རིང་མ་རེད། བདེ་སྐྱིད་ཆོས་དབྱངས་རེད། དེ་བཞིན་བོན་པོའི་སྤྱི་འཐུས་དགེ་བཤེས་རྣམ་དག་ཚུལ་ཕུར་མ་རེད། རྣམ་དག་གཙུག་ཕུད་རེད།

  5. ཇོ་རུའི་གཅུང་པོ། says:
    2011-04-27 at 7:20 am

    དེ་བཞིན་དགེ་ལུགས་སྤྱི་འཐུས་ཨ་འབྲུག་ཚེ་བརྟན་མ་རེད། ཨ་ཀྲུག་ཚེ་བརྟན་རེད་ལོ།

  6. ཟླ་བ་མཚོ་མོ། says:
    2011-04-27 at 7:46 am

    སྐབས་གསུམ་པའི་བཀའ་ཁྲི་དང་སྐབས་བཅོ་ལྔ་བའི་སྤྱི་འཐུས་ཚོས་ཁ་འཆམ་ཞིང་ཆིག་སྒྲིལ་ཡོང་བའི་རེ་བ་ཆེའོ།

  7. མེ་ཏོག་དཀར་པོ། says:
    2011-04-27 at 9:00 am

    འོས་རྒྱལ་བའི་བཀའ་སྤྱི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ། ལས་དོན་ལམ་འགྲོ་དང་ཚགས་ཚུད། ཁ་དྲོ་བཀྲ་ཤིས་ཡོངས་བའི་རེ་བ་དང་སྨོན་འདུན་ཡིད་ཆེས་ཡོད།

  8. སྐྱིད་ཆུ་ཚང་། says:
    2011-04-27 at 9:14 am

    ༄༅།།མཁས་དབང་བློ་བཟང་སེང་གེ་མཆོག བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་འམ་སྲིད་འཛིན་ལ་འདེམས་ཐོན་བྱུང་བར། མཚམས་འདྲེའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག གསར་འབྱོར་དང་། བཙན་བྱོལ་ནང་གི་གཞོན་སྐྱེས་མང་བས། ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར། རྒྱུ་ནོར་གྱི་གླུ་འཁྲི་དང་སྡིག་ར་སོགས་ལ་མགོ་བུ་མ་སྒུར་བར། བཙན་བྱོལ་བོད་མིའི་ཁྲོད་ཀྱིས། ཨ་ཡོད་ནང་གི་ད་ཡོད་ཞིག རང་མི་དམངས་ཀྱིས་མགོ་འཁྲིད་ལ་འོས་འདེམས་བྱུང་བ་ནི། ཤི་ཟིན་པའི་བོད་རང་བཙན་དང་། བོད་རང་སྲིད་རང་སྐྱོང་གཉིས། འདས་ལོག་ཐུབ་པའི་རེ་བ་དེ་ཙམ་མེད་ཀྱང་། མཐའ་ངེས་ལ་འགྲོ་དང་འགྲོ་བཞིན་པའི་གསར་འབྱོར་དང་། བཙན་བྱོལ་ནང་གི་ཉམ་ཐག རྣམ་ལ་རེ་བའི་སྐྱ་རིངས་ཞིག ཤར་མགོ་ཚུགས་པར། དེ་བས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།

  9. རྡོ་རྗེ། says:
    2011-04-27 at 9:56 am

    གངས་ཅན་ཁ་བའི་ལྗོངས་སུ།།
    གངས་ཀྱི་སེངྒེ་ཕེབས་སོང་།།
    གངས་སེང་ངར་སྐད་དྲག་པོས།།
    གངས་དགྲ་ཟིལ་གྱིས་གནོན་རོགས།།
    མཁས་དབང་བློ་བཟང་སེངྒེ་བོད་མིའི་དབུ་ཁྲིད་ལ་པེབས་པར་དགའ་བསུ་དང་བཅས་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། བྱ་བ་ལམ་དུ་འགྲོ་བའི་སྨོན་ལམ་ཡང་ཞུ། བོད་རྒྱལ་ལོ།

  10. དིང་རྡོར། says:
    2011-04-27 at 10:02 am

    དྭོགས་གནས་དང་པོ། འོས་བསྡུའི་དེབ་སྐྱེལ་བྱས་ཟིན་པ་ཁྲི་བརྒྱད་ལས་བརྒལ་བ་གསལ་བསྒྲགས་ཟིན་ཡང་། དངོས་གཞིའི་འོས་གྲངས་ཁྲི་བཞི་ལྷག་ཙམ་ལས་ཟིན་གྱི་མིན་འདུག དོྭགས་གནས་དང་པོ།
    གཉིས་པ། འོས་བླུགས་རྒྱུའི་ཐད་མདོ་སྨད་ཀྱི་མི་ཉུང་ཞིག་ལའང་སྤྱི་འཐུས་བཅུ་བླུགས་རྒྱུ་འདུག དབུས་གཙང་གི་མི་མདོ་སྨད་ལས་ལྡབ་ཁ་ཤས་ཀྱི་མང་བ་ཡོད་ཀྱང་འོས་མི་བཅུ་མ་གཏོགས་བླུགས་རྒྱུ་མིན་འདུག འདི་ནི་མང་གཙོ་ཡང་དག་པ་ཞིག་ག་ལ་ཡིན། བོད་མི་གཅིག་མཚུངས་སུ་ཐོབ་ཐང་འདྲ་མཉམ་མིན་འདུག
    གསུམ་པ། འོས་ཁྱབ་བསྒྲགས་མ་བྱས་སྔོན་ནས་བང་ཆེན་སོགས་སུ་གསལ་སྒྲགས་བྱས་སོང་། དེ་ནི་དོན་དངོས་ཁ་གྲངས་ཀྱང་ཏག་ཏག་མཐུན་གྱི་འདུག་པས་གང་ལྟར་སུས་གསང་བ་ཕྱི་ལ་ཤོར་ཀྱང་ཉེས་པ་ནན་མོ་ཞིག་གཏོང་དགོས་ཚོད་རེད།

  11. དིང་རྡོར། says:
    2011-04-27 at 10:03 am

    དྭོགས་གནས་དང་པོ། འོས་བསྡུའི་དེབ་སྐྱེལ་བྱས་ཟིན་པ་ཁྲི་བརྒྱད་ལས་བརྒལ་བ་གསལ་བསྒྲགས་ཟིན་ཡང་། དངོས་གཞིའི་འོས་གྲངས་ཁྲི་བཞི་ལྷག་ཙམ་ལས་ཟིན་གྱི་མིན་འདུག
    གཉིས་པ། འོས་བླུགས་རྒྱུའི་ཐད་མདོ་སྨད་ཀྱི་མི་ཉུང་ཞིག་ལའང་སྤྱི་འཐུས་བཅུ་བླུགས་རྒྱུ་འདུག དབུས་གཙང་གི་མི་མདོ་སྨད་ལས་ལྡབ་ཁ་ཤས་ཀྱི་མང་བ་ཡོད་ཀྱང་འོས་མི་བཅུ་མ་གཏོགས་བླུགས་རྒྱུ་མིན་འདུག འདི་ནི་མང་གཙོ་ཡང་དག་པ་ཞིག་ག་ལ་ཡིན། བོད་མི་གཅིག་མཚུངས་སུ་ཐོབ་ཐང་འདྲ་མཉམ་མིན་འདུག
    གསུམ་པ། འོས་ཁྱབ་བསྒྲགས་མ་བྱས་སྔོན་ནས་བང་ཆེན་སོགས་སུ་གསལ་སྒྲགས་བྱས་སོང་། དེ་ནི་དོན་དངོས་ཁ་གྲངས་ཀྱང་ཏག་ཏག་མཐུན་གྱི་འདུག་པས་གང་ལྟར་སུས་གསང་བ་ཕྱི་ལ་ཤོར་ཀྱང་ཉེས་པ་ནན་མོ་ཞིག་གཏོང་དགོས་ཚོད་རེད།

  12. ཉི་མ་རྡོ་རྗེ says:
    2011-04-27 at 10:21 am

    རྒྱལ་ཕྱིའི་ཁྲིམས་ཀྱིས་མཁས་དབང་དང་བོད་མི་ས་ཡ་དྲུག་གི་དབུ་ཁྲིད་བློ་བཟང་སེངྒེ་ལགས་སུ་བོད་གཞི་བྱེས་གཉིས་ཀྱི་བཀའ་ཁྲི་འམ་སྲིད་འཛིན་ལ་འདེམས་ཐོན་བྱུང་བར། དགའ་བསུ་དང་བཅས་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་པ་ཞུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་ བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞི་བྱེས་ལྷན་མཛོམ་ཡོང་བའི་སྨོན་མདུན་ཞུ།། བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ།

  13. གངས་ཅན་པ། says:
    2011-04-27 at 10:22 am

    ༄༎ གངས་ལྗོངས་ས་ལེའི་ལྗོངས་ལ་རེ་བའི་ཉི་མ་ཤར་སོང་། དུང་ཕྲུག་འོ་མས་གསོ་བ་དེ་དགྲ་ཆུ་སྲིན་སྟེང་གི་ཐོ་བ་ཡིན། གངས་སེང་ཕེབས་སོང་། གངས་ཕྲུག་གཡུལ་རུལ་རྒྱས་སོང་། སེང་གེའི་ངར་སྐད་སྒྲག་དུས་དུག་སྦྲུལ་མགོ་སྐེད་ཆད་སོང་། སེང་གི་རྗེས་སུ་གངས་ཕྲུག་ཕོ་གཞོན་མོ་གཞོན་ཚོ་དམིག་ཡུལ་གཅིག་ཏུ་བཟུང་ནས་རྡོག་རྩ་ཆིག་སྒྲིག་བྱེད་སྟེ་ཕེབས་ཤོག་ང་ཚོ་ཚང་མའི་དམིག་ཡུལ་གཅིག་ཡིན། རེ་བ་གཅིག་ཡིན། མ་འོངས་པའི་ཆེད་དུ་སྐྱོད་དགོས། མ་འོངས་པའི་ཆེད་དུ་བསམ་བློ་གཏང་དགོས་ཀྱི་ཡོད། གྲོགས་པོ་ཚོ་གནས་འདི་ནས་ང་ཚོ་ཡར་ལངས་དགོས་ཀྱི་ཡོད། ང་ཚོ་ཁ་གཏད་ནི་ཧ་ཅང་གི་ཁྲིག་འཛིན་བྱེད་མཁན་གྱི་རྒྱལ་ཁབ་ཞིག་ཡིན། ང་ཚོ་ལ་བདེན་པ་ཡོད། བདེན་པ་ལ་ཡིད་ཆེད་ཡོད་ན་ང་ཚོ་ནམ་ཞིག་རྒྱལ་ཁ་ཐོབ་། གོང་ཏུ་བཀུར་འོས་པའི་མི་རབས་གསར་པའི་འགོ་འཁྲིད་ མཁས་དབང་བློ་བཟང་སེང་གེ་ལགས་སུ་བཀའ་ཁྲིར་རྒྱལ་ཁ་ཐུབ་ལ་སྙིང་ཁུང་རུས་པས་སྟེང་ནས་འཚམས་འདྲི་བཀྲིས་བདེ་ལེགས་ཀྱི་མདུན་ཏུ་བསུ་བ་ཞུ་བཞིན་ཡོད། ཁྱེད་འབད་བརྩོན་དང་སྙིང་རུས་ལ་རྗེས་སུ་ཡུ་རིང་ཞུ་ཡི་ཡོད། ང་ཚོ་ཁྱེད་ཀྱི་དབུ་འཁྲིད་པའི་སྐབས་སུ་གངས་ཅན་ཁ་བའི་ལྗོངས་སུ་ལོག་ཐོབ་པའི་རེ་བ་དང་སྨོན་ལམ་ཞུ་ཡི་ཡོད། བཀྲིས་བདེ་ལེགས།

  14. ཀརྡོ་རབ་འབྱམས་པ་ says:
    2011-04-27 at 10:34 am

    བློ་བཟང་སེང་གེ

    བློ་གྲོས་བཙན་བྱོལ་ཡུལ་ནས་རྒྱས། །
    བཟང་པོའི་སྤྱོད་ཚུལ་རྒན་པས་བསླབས། །
    སེང་སེང་སེང་ལ་ལ་རྒྱ་རྒྱས། །
    གེ་སར་དགྲ་འདུལ་སེང་ཆེན་དྲན། །

    བློ་སེང་གི་བོད་རྒྱལ་ལོ། །

  15. ཇོ་རུའི་གཅུང་པོ། says:
    2011-04-27 at 10:54 am

    དིང་རྡོར་ཟེར་མཁན་འདིས་ག་རེ་བཤད་ཀྱི་ཡོད་རེད། དེབ་སྐྱེལ་བྱེད་མཁན་མང་པོ་བྱུང་ཡང་དངོས་སུ་འོས་བླུགས་དུས་དེབ་སྐྱེལ་བྱས་པ་ཚང་མས་བླུགས་ཐུབ་ཀྱི་མེད་པ་སྔོན་མ་ནས་གསལ་པོ་རེད། དེ་དོ་བདག་སོ་སོས་འོས་ཤོག་ལ་དོ་སྣང་མ་བྱས་པའི་སྐྱོན་རེད་མ་གཏོགས། གཞན་བཤད་ས་བསྡད་ཡོད་མ་རེད།
    གཉིས་པ། ཐོབ་ཐང་འདྲ་མཉམ་མི་འདུག་ཟེར་ན་ག་རེ་བཤད་ཀྱི་ཡོད་རེད། བོད་ཆོལ་ཁ་གསུམ་གྱི་སྐུ་ཚབ་མཚོན་པའི་ཆེད་དུ་ཆོལ་ཁ་རེ་ནས་སྤྱི་འཐུས་བཅུ་རེ་ཡོང་དགོས་པ་དེ་བཅའ་ཁྲིམས་ནང་གཏན་འབེབས་ཟིན་པ་རེད། དེ་ལ་མི་མང་ཉུང་གི་སྐད་ཆ་ཡོད་མ་རེད།
    གསུམ་པ། བང་ཆེན་ནང་དུ་ཟིན་བྲིས་པ་རེ་ཟུང་གིས་ཚོད་དཔག་ཐོག་བྲིས་ཡོད་ཤག་མ་གཏོགས། བང་ཆེན་གསར་ཁང་གིས་བསྒྲགས་པ་ཞིག་མཐོང་མ་སོང་། སྤྱིར་བཏང་དེའི་སྐོར་ཚང་མས་ཤེས་འདུག་གཱ མ་ཟད་རྒྱ་གར་གྱི་གསར་ཁང་ཁ་ཤས་ནས་ཚོད་རྩིས་བྱས་ཚར་འདུག
    དེར་བརྟེན་ཁྱེད་རང་གི་སྐད་ཆ་དེ་ཚོ་ཁྱད་མཚར་ཞིག་མི་འདུག་གམ།

  16. Pama tso says:
    2011-04-27 at 11:06 am

    སྤྱི་འཐུས་ཕྱོགས་ལྷུང་གི་མེ་འབར་བ་སྨོན་ལམ་མཐར་ཕྱིན་ཟེར་བ་ཡང་སླེབས་འདུག འདི་དངོས་གནས་བཀྲ་ཤིས་པ་ཞིག་མ་རེད། ཁོང་གིས་དྲ་ངོས་འདིར་ལྷ་སྨོན་པའི་མིང་སྤྱད་ནས་གཞུང་སྤྱི་འཐུས་ནང་ཕན་ཚུན་ལ་དམ་ཚིག་བསྲེས་ལྷད་བཏང་ཡོད་པ་ཀུན་གྱིས་མཁྱེན་དགོས་པ་རེད།

  17. འཇམ་དཔལ་ཚུལ་ཁྲིམས། says:
    2011-04-27 at 11:41 am

    དྲ་གྲོགས་ཇོ་རུའི་གཅུང་པོ་ལགས།
    དིང་རྡོར་ཟེར་བ་འདིས་དེ་ལས་ཀྱང་ཐུ་བ་ཞིག་བཤད་འདུག མདོ་སྨད་ལ་མི་ཉུང་ཡང་འཐུས་མི་བཅུ་ཡོད་པ་དང་། དབུས་གཙང་ལ་མི་མང་ཡང་བཅུ་ལས་མེད་རབས་ཤིག་བཤད་འདུག་པ་འདིས་ཁོ་བ་གནད་དོན་མ་མཐོང་བའི་ལོང་བཤད་དང་། མིག་རྒྱང་ཐུང་བའི་བསམ་ཚུལ་འཛིན་མཁན་ཞིག་པར་ར་འཕྲོད་ཀྱི་འདུག འཐུས་མིའི་གྲངས་འདི་ལྟར་འཇོག་པ་ནི་བཙན་བྱོལ་བོད་གཞུང་འདི་བཙན་བྱོལ་ནང་གི་མི་དག་གི་སྲིད་གཞུང་ཙམ་མིན་པར་བོད་ཆོལ་ཁ་གསུམ་གྱི་དོན་དམ་པའི་སྲིད་གཞུང་ཡིན་པ་མཚོན་ཆེད་རེད། དེས་ན་མདོ་སྨད་ཆོལ་ཁ་ལ་མི་གྲངས་ག་ཚོད་ཡོད་པ་ཁྱེད་ཀྱིས་མཁྱེན་གྱི་ཡོད་དམ།

  18. བྱ་ཁྲ་བསོད་ནམས། says:
    2011-04-27 at 11:56 am

    དྲ་གྲོགས་རྣམ་པ། ཡང་སྐྱར་ཕྱོགས་ལྷུང་གི་དོང་དུ་མ་འཛུལ་རོགས། དེས་ང་ཚོ་ལ་གང་སྦྱིན་པ་ནི་ངས་འཆད་མི་དགོས་པར་ངེད་ཅག་ཚང་མས་ཤེས་གསལ་རེད། དུས་ཚོད་འཕྲལ་བུ་རེ་དང་རྣམ་དཔྱོད་ཆུང་ངུ་རེ་ཡོད་ན། སྨྱུག་གུའི་ཁ་མི་རིགས་ཀྱི་རྩ་དོན་དང་བདེ་སྡུག་ཕྱོགས་ལ་བསྐོར་རོགས། དེར་ལྟར་མ་འབྱུང་ན་གཟུགས་པོ་ཞིག་བཀྲུས་ནས་གཉིད་དུ་འཕེབས་རོགས་ཞེས་རེ་སྐུལ་ནན་པོ་ཞུ་གིན་ཡོད།

  19. མི says:
    2011-04-27 at 12:04 pm

    དིང་རྡོར་ལགས་ལ། བོད་མི་མང་སྤྱི་འཐུས་ལྷན་ཁང་ཟེར་བ་ལས་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཁང་ཟེར་ནས་བྲིས་་མི་འདུག དེའི་ཕྱིར་དེང་སྐབས་བོད་ཆོལ་ཁ་གསུམ་གི་ནང་གི་མི་གྲངས་མང་ཤོས་མདོ་སྨད་ཡིན་པས་སྤྱི་འཐུས་མང་རུ་གཏོང་གི་འདུག གཞན་ད་དུང་ ཆོས་རྒྱུད་སྤྱི་འཐུས་ཟེར་ན་ཡང་ཆོལ་ཁའི་སྤྱི་འཐུས་རེད། དཔེར་ན་ནམ་རྒྱུན་ཆོས་སྤྱི་མང་ཆེ་བ་མདོ་སྟོད་ཆགས་འགྲོ་གི་འདུག དེ་ཕྱིར་་་་མདོ་སྨད་ན་བཀའ་རྒྱུད་པ་དང་སྐྱ་བ་མེད་པའི་གྱོང་རེགས་འདུག

  20. ལུང་རྟོགས། says:
    2011-04-27 at 12:05 pm

    མཁས་དབང་བློ་བཟང་སེང་གེ་མཆོག་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་པར་དགའ་སྤྲོ་ཆེན་པོའི་སྒོ་ནས་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་དང་། བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་གྲང་མེད་ཞུ།

  21. ལུང་རྟོགས། says:
    2011-04-27 at 12:08 pm

    སྐབ་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་རྣམས་པར་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

  22. མི says:
    2011-04-27 at 12:10 pm

    པད་མ་མཚོ་ལགས། ཨེ་མེལ་ཁ་བྱང་གནང་ན་ཨེ་ཆོག བཤད་ཡ་ཞིག་ཡོད་ཁུ། ངའི་ཁ་བྱང་འདི་ཡིན tshanpo@hotmail.com

  23. མི says:
    2011-04-27 at 12:12 pm

    ནོར་འདུག དེ་་གྲོགས་མོ་ཞིག་གི་་ཁ་བྱང་རེད

  24. མི says:
    2011-04-27 at 12:13 pm

    ནོར་འདུག དེ་་ངའི་ཁ་བྱང་མ་རེད། གྲོགས་མོ་ཞིག་གི་་ཁ་བྱང་རེད

  25. ལྷ་སྡེ་གནམ་ལོ་ཡག says:
    2011-04-27 at 12:15 pm

    བཀའ་སྤྱི་གཉིས་ཀྱི་འོས་ཐོབ་པ་ལྷན་རྒྱས་བཀྲ་ཤིས་བདེ་ལེགས་ཡོད། ཡང་སྒོས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་བོད་ཀྱི་མང་བཀུར་སྲིད་བློན་ཐོག་མ་དེ་ཆགས་ཡོད་པས། ལོ་རྒྱུས་ཀྱི་དཀྱོགས་མཚམས་ཁྱད་པར་ཅན་འདི་བཞིན་ཅིས་ཀྱང་གཟབ་བརླིང་བརྟན་གསུམ་ལམ་ནང་འཇུག་པར་རེ་བ་དེ་ལས་ཀྱང་ཆེ། བོད་རྒྱལ་ལོ།

  26. དིང་རྡོར། says:
    2011-04-27 at 12:47 pm

    ཇོ་རུའི་གཅུང་པོ་དང་འཇམ་དཔལ་ཚུལ་ཁྲིམས་གཉིས་ནི་མིག་རྒྱང་རིང་དྲགས་ཙང་ང་ལོང་བའི་དྭོགས་དྲི་ལ་ལན་མ་ཐེབ་པར་ཕ་རོལ་བར་འཛུབ་མོ་ཀེར་དྲགས་པའི་སྐྱོན་དུ་སྣང་བས་ཁ་ཡ་བྱ་འདོད་མ་བྱུང་། 
    མི་ཁྱེད་ཀྱི་བཤད་པ་ནི་སྤྱིར་བཏང་བདེན་པ་རང་རེད་འདུག འོན་ཀྱང་བོད་མི་མང་སྤྱི་འཐུས་ཟེར་དུས་ཡིན་ཅིག་ཏུ་ཆོལ་ཁ་དང་ཆོས་ལུགས་ཀྱི་དབེྱ་བ་འབྱེད་དགོས་པའི་དགོས་པ་ཅང་མ་མཐོང་། 

  27. རིན་ཆེན་ཚེ་རིང་ནས says:
    2011-04-27 at 12:50 pm

    སྐབས་གསུམ་པའི་བཀའ་ཁྲི་དང་སྐབས་བཅོ་ལྔ་བའི་བོད་མིའི་སྤྱི་འཐུས་རྣམས་ལ་བཀྲ་བདེ་ལེགས་གྲངས་མེད་ཞུ། མི་མང་གི་འོས་བླུག་པ་ལས་འོས་ཐོན་བྱུང་སོང་བ་རེད།་འོས་མི་ཚོས་ཀྱང་བོད་མི་འཐུས་ཚབ་ལ་ལངས་རྒྱུ་ཞེས་རང་ཉིད་ཁྱབ་བསྒྲགས་གང་ཡོངས་ཀྱིས་བྱེད་ཐུབ་ཡོད་པ་རེད།དེ་བཞིན་བཀའ་བློན་ཁྲི་བར་སྔོན་དང་མ་འདྲ་བར་བཙན་བྱོལ་སྤྱི་ཚོགས་དང་བོད་ནང་ལ་དོ་སྣང་དང་བགྲོ་གླེང་སྣ་ཚོགས་བྱས་པ་དང་། ལྷག་པར་དུ་བོད་མི་རེ་སྒུག་བྱེད་ས་དབུ་ཁྲིད་གསར་དུ་བདམས་ཐོན་བྱུང་བར་དགའ་བོ་བྱུང་། བོད་ནང་གི་བོད་མི་མང་པོ་ཞིག་ལ་བཀའ་ཁྲི་སྐོར་ལབ་གླེང་བྱུང་བར་ཁོང་ཚོའི་རེ་བ་ཧ་ཅང་གི་ཆེན་པོ་འདུག འོན་ཀྱང་འདི་གར་ང་ཚོའི་གཞུང་དང་མི་མང་། མི་སྒེར་དང་མི་མང་། ཚོགས་པ། གཞུང་བར་ལ་དེ་འདྲའི་ནུས་པ་དང་འཐུས་ཤོར་མང་པོ་ཞིག་འགྲོ་གིན་ཡོད་པའི་སྣང་ཚུལ་ཞིག་འདུག གསར་དུ་ཐོན་པའི་བཀའ་སྤྱི་གཉིས་ལ་མཚོན་ན་འོས་འགན་དང་འཆར་གཞི་སྔར་ལས་ལྕི་མོ་ཡོད་པ་རེད། དེ་མིན་གྲོས་ཚོགས་སུ་ནམ་རྒྱུན་ཁུ་སུམ་མེར་དང་འཐུས་ཚབ་ཀྱི་ངོ་ཚབ་མཚོན་མ་ཐུབ་ན་ཧ་ཅང་ཡིད་སྐྱོ་དགོས་པ་དེ་འདྲ་རེད། དེང་སང་བོད་གཞུང་དང་མི་མང་བར་ལ་ཡིད་ཆེས་དང་འབྲེལ་ཐག་ལེགས་པོ་མི་འདུག མེད་པའི་རྒྱུ་རྐྱེན་སྒང་གི་གཞུང་ཞབས་པ་དག་གི་འཐུས་ཤོར་དང་སྐྱུག་བྲོ་བའི་གནས་ཚུལ་ལས་བྱུང་གི་ཡོད་པ་རེད། སྤྱིའི་བཤད་ན་རང་གི་གཞུང་ལ་རང་གི་མཐོང་དང་སྒྲིག་གཞི་དག་དག་བརྩི་སྲུང་དང་མཐོང་སྤྲོད་རྒྱུ་དེ་ཡང་མི་མང་དང་གཞུང་བྱེད་མི་སྣ་ཚང་མར་འགན་ཡོད་པ་རེད།
    ཉེ་བའི་འཆར་དབུས་འོས་བསྡུ་ལས་ཁུངས་བཀའ་སྤྱི་གཉིས་ཀྱི་འོས་ཐོན་གྲུབ་འགྲུས་ཕྱིར་བསྒྲགས་མ་

    བྱོས་གོང་ལ་ཅི་ཡང་མི་ཤེས་མཁན་བོད་མི་ཁ་ཤས་ཀྱི་རང་གི་གཞུང་ལ་མཐོང་ཆུང་དང་བོད་མི་ས་དྲུག་གི་གཞུང་ལ་ཁྱད་གསོད་བྱས་པ་དེ་དག་ནི་ཧ་ཅང་གི་ཚབས་ཆེན་རང་བཞིན་རེད །འབྱུང་འགྱུར་དོན་དག་དེ་རིགས་མི་ཡོང་བའི་ཆེད་དུ་གཞུང་གིས་ངོས་ནས་བརྟག་དཔྱད་དང་གསང་བ་ཕྱིར་བསྒྲགས་མཁན་ལ་ཉེས་ཆད་མནན་མོ་གཅོད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ད་ལྟའི་གསང་བ་ཕྱི་ལ་འདིའི་བོད་མི་མང་གི་སེམས་ནང་བློ་་ཕམ་དང་གཞུང་ལ་ཡིད་ཆད་པའི་བྱ་སྤྱོད་ཅིག་རེད་། རྗེས་ཕྱོགས་འདི་རིགས་མི་ཡོང་བའི་ཆེད་དུ་གཟབ་གང་ཡོང་གནང་རོགས་ཞུ

  28. jo lak says:
    2011-04-27 at 1:16 pm

    བཀའ་བློན་ཁྲི་པ་ཕེབས་སོང་། བློ་བཟང་སེང་གེ་ཕེབས་སོང་། གངས་སེང་གཡུ་རལ་སྔོན་མོ། གང་སོང་ཆ་མེད་འགྱུར་ཉེན། ད་ཁོང་ཐོབ་སོང་བཀྲིས་བདེ་ལེགས་ཡོད། འོན་ཀྱང་བོད་དང་བོད་མིར་ལར་ཞེན་ཡོད་དོ་ལྕོག་ནས་རང་གི་རྣ་བ་དང་མིག་བཟུང་དུས་ནམ་ཡང་མདང་ནས་འདོད་དགོས་པའི་དུས་གཅིག་ཡིན།

  29. རྡོབ་རྡོབ། says:
    2011-04-27 at 1:28 pm

    དིར་རྡོར་ཁྱོད་ལྟར་ན་ཆོས་རྒྱུད་སྤྱི་འཐུས་ཀྱང་དགེ་ལུགས་ལ་གྲངས་མང་ཙམ་དང་། བོན་པོ་ལ་ཉུང་ཙམ་བྱེད་དགོས་པ་ཡིན་ནམ། ཆོལ་གསུམ་གྱི་སྤྱི་འཐུས་ཡོང་སྟངས་དེ་གཞིས་ལུས་རྒྱ་ཆེ་མི་དམངས་ཀྱི་ཚབ་མཚོན་པའི་ཆེད་དུ་ལས། བཅན་བྱོལ་ནང་གི་མི་གྲངས་ལ་གཞི་བྱས་ནི་མ་རེད།

  30. གནས་ཚང། says:
    2011-04-27 at 1:37 pm

    མཁས་དབང་བློ་བཟང་སེང་གེ་ལགས་བོད་ཀྱི་བཀའ་བློན་ཁྲི་པའི་དངོས་གཞི་འོས་བསྡུ་རྒྱལ་ཁ་ཐོབ་པ་ལ་བཀྲ་ཤིས་བདེ་ལེགས་གྲངས་མང་ཞུ།

  31. གཞིས་བོད། says:
    2011-04-27 at 1:42 pm

    བཀའ་ཁྲིའི་གཙོས་པའི་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ། །

  32. ར་ས་ཕོ་ཉ། says:
    2011-04-27 at 1:55 pm

    བོད་མི་མང་གི་བཀའ་ཁྲི་གསར་པ་འོས་བསྡུའི་ལམ་ནས་མང་མོས་ཐག་གཅད་ཀྱིས་འདེམས་པ་ཐུབ་པ་དེ་ནི་ང་ཚོའི་རྒྱལ་ཁ་ཆེན་པོ་ཞིག་པས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད།

    གོང་གསལ་རེའུ་མིག་དེ་དག་གི་ནང་དབུས་གཙང་སྤྱི་འཐུས་མི་བརྒྱད་ལས་མིང་འདོན་བྱས་མི་འདུག་པས། དེའི་སྐོར་མཁྱེན་མཁན་སུ་ཡོད་དམ། ཁོ་བོའི་དོགས་པ་ད་ག་སེ་ཞིག་ཡིན།

  33. བསྟན་འཛིན་འཕགས་པ་ says:
    2011-04-27 at 2:13 pm

    ཡཡཡཡ་སྤུན་གྲོགས་ཚོ་བཀའ་ཀྲི་མཁས་དབང་བློ་བཟང་སེང་གེ་མཆོག་ཐོབ་པ་དགའ་བསུ་ཞུ་ངན་པར་དུ་ཞུ་དགོས་།
    ཡིན་ལག་རྒྱའི་བདག་པོ་དང་ལྷག་བསམ་་་bbc ཟེར་བ་ཕེབས་དང་་་་་ཁྱེད་ཚོའི་བསམ་དོན་མ་འགྲུབ་ན་ཡང་ང་ཚོ་ཚང་མ་བོ་རིགས་ཡིན་།
    དེ་ཁྱེད་ཚོའི་ཤེས་པར་གནང་ལོ་།

  34. ཐུབ་བསྟན་འཇིགས་མེད། says:
    2011-04-27 at 2:26 pm

    རྩོམ་ཡིག་འདི་ངེས་པར་དུ་ཀློག་རོགས།གོ་རྒྱུ་མང་བོ་འདུག་ཡཡཡཡ

    http://timesofindia.indiatimes.com/home/opinion/edit-page/Is-China-overtaking-America/articleshow/8091930.cms

  35. ཐུབ་བསྟན་འཇིགས་མེད། says:
    2011-04-27 at 2:28 pm

    http://timesofindia.indiatimes.com/home/opinion/edit-page/Is-China-overtaking-America/articleshow/8091930.cms

    དྲ་ཐོག་གི་རྩོམ་འདི་ཀློག་རོགས།གནད་དོན་ཆེན་པོ་འདུག

  36. yum says:
    2011-04-27 at 3:41 pm

    སྐབས་བཅོ་ལྔ་བའི་སྤྱི་འཐུས་དང་སྐབས་གསུམ་པའི་བཀའ་ཁྲི་ནི་རྡ་སའི་བཙན་བྱོལ་བོད་གཞུང་མཇུག་བསྡུ་རེད།

  37. བྲག་སྲིན་མོ་ says:
    2011-04-27 at 4:11 pm

    ིབློ་བཟང་སེང་གེ་བཀའ་བློན་ཁྲི་པ་འདེབས་ཐོན་བྱུང་བར་སྙིང་ཐག་པ་ནས་མཚམས་འདྲི་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ་ཞུ།་ཡིན་ནའང་སྐབས་བཅུ་ལྔ་པའི་སྤྱི་་འཐུས་འགའ་ཤས་ཕན་མེད་པའི་གནོད་རང་རེད་འདུག་འདི་ནི་ཧ་ཅང་སྐྱོ་གནས་ཤིག་ཡིན་པ་གོར་མ་ཆག།

  38. ལ་སྟོད་བུ། says:
    2011-04-27 at 4:17 pm

    རྒྱ་ཆེའི་མི་དམངས་རྣམས་ཀྱིས་གདམ་པའི་བཀའ་སྤྱི་རྣམས་ལ་རིས་སུ་མ་ཕྱེས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།
    ཁྱེད་རྣམས་ཀྱིས་༧གོང་ས༧་མཆོག་གི་དགོངས་གཞི་དང་རྒྱ་ཆེའི་བོད་མི་རྣམས་ཀྱི་བསམ་དོན་སྒྲུབ་པའི་ཡིད་ཆེས་དང།
    གྲོས་ཚོགས་ནང་དུའང་གལ་ཆེའི་གནད་དོན་གང་འདྲ་ཞིག་འཕྲག་ཀྱང་དེར་རྣོ་ངར་ལྡན་པའི་ཐོག་རྩོད་པ་རྒྱབ་ནའང་དེ་ནི་དམངས་གཙོའི་འགྲོ་ལུགས་ཤིག་དང་ལུགས་དང་མཐུན་པའི་སྨྲ་བརྗོད་རང་དབང་བེད་སྤྱོད་པ་ཞིག་ཏུ་སེམས།
    དེ་མིན་བོད་ཀྱི་གཏམ་དཔེར།
    ལྷན་རྒྱས་སུམ་ཅུ་ཐམ་པ་ལ།
    བཀའ་གནང་སུམ་ཅུ་ཐམ་པ་ཞེས་པའི་དཔེ་ལྟར་འགྲོ་ངེས།
    འོན་ཀྱང་དྲྭ་གྲོགས་རེ་ཟུང་ནས་བཀྲ་ཤིས་པའི་གསས་མཁར་བརྩེགས་སར།
    ལྟས་ངན་པ་འུག་པའི་ཐན་སྐད་ཀྱང་སྒྲོགས་བཞིན་འདུག
    དེ་ལྟར་མིན་པ་དམངས་དང་དམངས་ཀྱིས་བསྐོས་པའི་བཀའ་སྤྱི་ཟུང་གིས་འཕྱར་གྲུ་མཉམ་ལྡེག་བྱེད་ན་ལས་དོན་ཅི་ཞིག་ཡིན་ཀྱང་འགྲུབ་ངེས།
    ཕྱི་རུ་ཞབས་བྲོ་རྒྱབ་པར།
    ནང་དུ་རྡོག་གྲྭ་སྒྲིག་དགོས་ཞེས་པའི་དཔེ་ལྟར་དགོས་ངེས་པས་ཐུགས་འཇགས་ཞུ།
    དགའ་སྐྱིད་ཀྱི་སྣང་བས་ཁྱབ་གྱུར་ཅིག

  39. ལ་སྟོད་བུ། says:
    2011-04-27 at 4:20 pm

    གདམ་པ་ཞེས་པར་་་་་་བདམ་པ་ཞེས་པར་བཅོས་ཡོད།

  40. དབྱི་ཆུའི་རླབས་སྒྲ། says:
    2011-04-27 at 4:40 pm

    ད་ཐང་གི་བཀའ་བློན་ཁྲི་བའི་འོས་བསྡུའི་གནས་ཚུལ་དེ་་ཁྲིམས་མེད་ལུགས་མེད་ཕྱིར་སྒྲགས་བྱེད་མཁན་དེ་བསམ་མེད་བྱིས་བ་ཕྲལ་སེལ་རྔན་པ་ལ་དགའ་མཁས་སམ་ཡང་ན་བསམ་བཞིན་ང་ཚོའི་ལྡོག་ཕྱོགས་ནས་ལངས་བ་དེ་ལ་གནད་འགག་གཞན་པ་ཞིག་ཡོད་ཐག་ཆོད་རེད།

  41. རང་བཙན་ལྡེའུ་ says:
    2011-04-27 at 5:15 pm

    མཁས་དབང་བློ་སེང་ལགས་སུ་རྒྱ་ཆ་མཐོན་པོའི་ངང་སྲིད་བློན་གྱི་རྒྱལ་ཁ་ཐོབ་ལེ་དེར་བཀྲིས་བདེ་ལེགས་ཞུ་ འདི་ནི་བོད་མི་རིགས་དང་བོད་དོན་བདེན་པའི་ཐབས་བརྩོད་ཀྱི་རྒྱལ་ཁ་དང་པོ་དེ་ཡིན་ལེ་རེད་།

  42. ལ་སྟོད་བུ། says:
    2011-04-27 at 5:30 pm

    bbcworldnews
    ལས་དྲངས།་་་འདིར་གཟིགས།
    http://www.bbc.co.uk/news/world-asia-pacific-13205481

    27 April 2011 Last updated at 10:59 GMT Share this pageEmailPrint
    528
    ShareFacebookTwitter
    Lobsang Sangay elected Tibetan exile leader

    Lobsang Sangay is an Indian-born legal expert who has spent years as a Harvard University academic
    Continue reading the main story
    Related Stories

    Profile: Lobsang Sangay
    Dalai Lama to cede political role
    Timeline: Tibet
    A Harvard University academic has been elected prime minister of the Tibetan government-in-exile and will take on the political role previously played by the Dalai Lama.

    Lobsang Sangay won 55% of the votes cast by Tibetans around the world.

    He defeated two candidates for the role, Tenzin Tethong and Tashi Wangdi.

    Mr Sangay must now assume the political functions of the Dalai Lama, who said in March he wanted to devolve this responsibility to an elected official.

    The Dalai Lama will retain his role as Tibetan spiritual leader.

    ‘Middle way’
    The elections were held in March and the result announced on Wednesday in Dharamsala, India, where the Tibetan government-in-exile is based.

    “The Election Commission of the Central Tibetan Administration of His Holiness the Dalai Lama has declared Dr Lobsang Sangay as the third kalon tripa,” Election Commissioner Jampal Thosang announced, using the Tibetan term for prime minister.

    Continue reading the main story
    The Tibet Divide

    China says Tibet was always part of its territory
    Tibet enjoyed long periods of autonomy before 20th Century
    In 1950, China launched a military assault
    Opposition to Chinese rule led to a bloody uprising in 1959
    Tibet’s spiritual leader, the Dalai Lama, fled to India
    Dalai Lama now advocates a “middle way” with Beijing, seeking autonomy but not independence
    Almost 83,400 Tibetan exiles were eligible to vote and more than 49,000 ballots were cast, he said.

    Tenzin Tethong, a former representative of the Dalai Lama in the US, got 37.4% of the vote and Tashi Wangdi, a government-in-exile bureaucrat, received 6.4%.

    The 42-year-old winner is an Indian-born legal expert who has never lived in Tibet. His father fled Tibet in 1959, the same year as the Dalai Lama.

    He says he will move to Dharamsala to serve as prime minister and that he supports the Dalai Lama’s stance on ties with China.

    “What His Holiness stands for is the ‘Middle Way’, which is genuine autonomy within China or within the framework of the Chinese constitution,” he told the BBC earlier this month.

    “If Tibetans are granted genuine autonomy then his Holiness the Dalai Lama said he is willing to accept Tibet as part of China.”

    In a victory statement on Wednesday, he said he took comfort in the fact that the handover was taking place while the Dalai Lama “is healthy and available to watch over us”.

    “I urge every Tibetan and friend of Tibet to join me in our common cause to alleviate the suffering of Tibetans in occupied Tibet and to return His Holiness to his rightful place,” he said.

    Daunting task
    An official told Reuters news agency that the Dalai Lama was “very happy” that people had taken “a very active part in the election process”.

    The 76-year-old monk announced in March that he wanted an elected official to assume some of his responsibilities, saying that such a move was in the best interests of the Tibetan people.

    Analysts say he aims to ensure that even if China’s government tries to select the next Dalai Lama, the Tibetans will have an elected leader they can look to who is outside China and beyond the Communist Party’s control.

    The BBC’s Mark Dummett says Lobsang Sangay has the daunting task of trying to keep the issue of Tibet alive while the man who embodies the struggle for Tibetan rights gradually steps back from the limelight.

    He has been elected head of a government which no country recognises and will face in China an opponent which has shown no sign of wanting to compromise, our correspondent adds.

    Did you vote in the election? What does the election of a Tibetan prime minister mean to you? Send us your comments using the form below.

  43. འབྲོང་བུ་ཟླ་བ་ཚེ་རིང། says:
    2011-04-27 at 7:47 pm

    བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

  44. yum says:
    2011-04-27 at 9:06 pm

    བློ་སེང་གས་བཀའ་བློན་འདེམས་ཕྱོགས་ལ་ལྟ་གིན་གོང་ཐང་ཞིག་བརྒྱབ་ཆོག
    སྤྱི་མཐུས་ནང་ལ་དངོས་གནས་མི་ཕན་མེད་མང་པོ་སླེབས། འོས་བསྡུ་ལམ་ལྷོང་བྱུང་མེད་པ་གསལ་པོ་རེད།

  45. yum says:
    2011-04-27 at 9:52 pm

    རྡ་སའི་དབུས་འོས་བསྡུ་ལས་ཁུངས་བཀའ་ཁྲིའི་འོས་བསྡུ་ལ་དོགས་པ་ཡིད། འོས་གྲངས་ཁྲི་བཞི་མ་ཟིན་ཙམ་ཡལ འདུག

  46. བོད་པ་ཚང says:
    2011-04-27 at 11:26 pm

    འོས་བསྡྭའི་གྲངས་སོགས་སྔོན་ནས་ཤེས་པ་ཧ་ཅང་གི་གནད་འགག་ཆེར་མི་འདུག་དེ་ལས་འོས་བླུག་མཁན་ཚོས་སྤྱི་སེམས་མ་བཟུང་བར་ཞེན་ཁོག་གིས་བླུག་ཡོད་ན་ནོར་འཁྲུལ་ཆེན་པོ་ཡོད་སྲིད།

  47. གན་ཚང་གཡུ་རྒྱལ། says:
    2011-04-28 at 1:45 am

    དབུས་གཙང་གིས་རང་གི་ཆོལ་ཁ་ལ་ཞེན་གོག་བྱེད་མཁན་དང་། བོད་རང་བཙན་ལ་དགྲ་ལྟ་མཁན་མི་བརྒྱད་ལས་རག་མེད་པ་རེད།

    མདོ་སྨད་སྟོད་ལ་ནམ་རྒྱུན་ནས་རེ་བ་ཡོད་པ་ལྟར་ད་རེས་ཀྱང་གཞོན་སྐྱེས་གང་མང་གཏོང་འདུག དགའ་བསུ་ཡོད། ཐུགས་རྗེ་ཆེ། བོད་ནང་བོད་ཆག་ལ་གདུང་སེམས་མཉམ་བསྐྱེད་དང་རོགས་རམ། དེ་བཞིན་རྒྱལ་ཞེན་གྱི་ལས་ཀ་སོགས་མདོ་སྟོད་སྨད་རང་ལས་དབུས་གཙང་ནི་བོད་གཙང་མཁན་གཅིག་པུ་ཡིན་པའི་རྣམ་པ་བྱུང་ཡོད།

  48. ཆོས་བཟང་ལྷ་མོ་ says:
    2011-04-28 at 2:18 am

    འོས་ཐོན་སྐབས་གསུམ་པའི་བཀའ་ཁྲི་དང་སྐབས་བཅོ་ལྔ་པའི་སྤྱི་འཐུས་གསར་པ་རྣམ་ལ་
    འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། མི་ཁ་ཤས་ཀྱིས་ཆོལ་གའི་སྐད་ཆ་བཤད་ཡོང་འདུག་
    དེ་འདྲ་མ་གསུང་རོགས་ང་ཚོའི་བཀའ་ཁྲིའི་གསར་པའི་གསུངས་པ་བཞིན་ཆིག་སྒྲིལ་དང་རང་འགོ་རང་ཐོན་
    གསར་གཏོད་གསུམ་གྱི་རྩ་དོན་ཐོག་ཤར་བསྐྱོད་བྱས་དགོས་པའི་དུས་ལ་བབས་པས་སོ།།

  49. ལྷ་ས་ཚེ་གླིང་ says:
    2011-04-28 at 2:48 am

    སྤྱི་འཐུས་འོས་ཐོབ་རྣམ་པ་དང་བཀའ་བློན་ཁྲི་པའི་འོས་ཐོབ་མཁས་དབང་བློ་སེང་མཆོག་བཅས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཁྱེད་ཚོའི་བསྐུལ་སློང་བཟང་པོ་དང་ཧུར་བརྩོན་ཆེན་པོས་འབད་པ་སྙིང་སྟོབས་ཆེན་པོས་མི་རིགས་དང་རྒྱལ་ཁབ་སླར་གསོའི་ལར་ཞེན་བཅས་ལ་བསྟོད་ཚིག་ཁྲི་སྟོང་ལ་མེ་ཏོག་སྣ་ཚོགས་ཤིག་ཁྱེད་རྣམ་པར་འབུལ་གྱིན་ཡོད་དེ་དག་ནི་མིར་ཚང་དགོས་པའི་སྔོན་འགྲོའི་མཐུན་རྐྱེན་འམ་རྒྱུ་ཆ་གལ་འགངས་ཆེ་ཤོས་དེ་རེད་ཁྱེད་ཚོར་དེ་དག་ཚང་ཡོད་སྟབས་མི་མང་གིས་དཔྱད་དེ་འདེམས་ཐོན་བྱུང་བ་རེད་དེ་ལས་གལ་འགངས་ཆེ་ཤོས་ནང་གི་ཆེ་ཤོས་ནི་བྱ་སྤྱོད་དངོས་ལ་བརྟེན་ནས་དཀའ་ཚེག་ཧ་ཅང་ཆེ་བའི་བོད་ཀྱི་རྩ་དོན་ཆེད་དུ་འབད་དགོས་པ་རེད་ང་ཚོ་སྐྱབས་བཅོལ་བོད་མིའི་ཁྲོད་དགྲ་བོའི་མི་སྣར་གཟབ་ནན་བྱེད་དགོས་ལ་བློ་བདེ་བག་ཕེབས་ངང་སྡོད་མི་རུང་བ་རེད་དགྲ་བོའི་གཡོ་སྒྱུ་དང་གཡོ་ཐབས་ཧ་ཅང་ཆེ་བས་སྤྱི་བཏང་གི་རང་བཙན་བརྩོན་ལེན་པ་ལས་སེམས་ཤུགས་ཆེ་མདོག་གི་གཏམ་སྤྱོད་སྤེལ་ནས་བེའུ་ལྗངཁྲིད་ཀྱི་དཔེ་ལྟར་བྱེད་ཀྱི་རེད་དུས་རྟག་ཏུ་དགྲ་བོ་དེ་ངོ་ཤེས་པ་དང་ངོས་འཛིན་གཏིང་ཟབ་གནང་བ་དང་ག་དུས་ཡིན་རུང་དེ་ཐད་དགོངས་པ་ཡག་པོ་མ་བཞེས་ན་དགྲ་བོས་སིམ་འཛུལ་གྱི་གོ་སྐབས་བརྒྱུད་ནས་ལས་དོན་ལམ་ལྷོངས་ལ་བར་ཆད་དང་གཏོར་བཤིག་གཏོང་གི་རེད་ཚང་མས་དོ་སྣང་ཡོད་པ་ཞུ་སྤྱི་འཐུས་ནང་དུ་ཆོལ་ཁ་འཐེན་འཁྱེར་བྱེད་མི་ཁ་ཤས་དང་རང་གི་ཤོད་འདོད་བཤད་ནས་ཚོགས་ར་འདོན་མཁན་དང་སྤྱི་འཐུས་ཚོགས་ཁང་ནང་གཏམ་བཤད་བྱ་སྐབས་རྒྱབ་ལག་བྱེད་པ་མི་མང་ཁྲོད་ནས་མ་ཡོང་པར་ཐད་འཕུར་གནམ་གྲུར་བསྡད་ནས་མིང་བརྒྱུད་འཛིན་བྱེད་མཁན་ནི་ད་སྐབས་སུ་དགོས་མེད་དོ་།སྒྲོལ་མ་མཚོ་མོའི་བསམ་འཆར་ཡང་དག་བཏོན་པར་བསམ་ཞིབ་མེད་པར་སྐྱོན་བརྗོད་བྱས་ནས་འདོན་འགྲོ་མཁན་ཁྱོད་ཚོ་ནི་སྣ་གཅིག་ནས་དབུགས་གཏོང་མཁན་དང་གུ་ཐུང་གཅིག་ནང་རྐང་པ་འཇུག་མཁན་ཚོ་ངེས་པར་སྒྱུར་བཅོས་གཏོང་དགོས་པ་འདུག་དམ་འབུལ་སྐབས་སྤྱོད་ངན་བྱ་སྤྱོད་ལ་འགྱོད་བཤག་གི་བསམ་བློ་ཕྱི་གསལ་རྣམ་འགྱུར་སྟོན་རོགས་ཞུ་།

  50. ལུང་རྟོགས། says:
    2011-04-28 at 3:10 am

    བཟི་འདུག་བཟི་འདུག་མང་པོ་གཅིག་བཟི་འདུག ཆོལ་ཁ་དང་ཆོས་ལུག་གིས་ཡོང་སུ་བཟི་འདུག དྭངས་འདུག་དྭངས་འདུག་མང་པོ་གཅིག་དྭངས་འདུག སྤྱི་སེམས་དང་ལྷག་བསམས་ཀྱིས་ཡོང་སུ་དྭངས་འདུག བལྟོས་དང་། སུ་བཟི་འདུག་སུ་དྭངས་འདུག

  51. yum says:
    2011-04-28 at 7:34 am

    སྐབས་གསུམ་པའི་བཀའ་ཁྲི་རང་གི་ཆོལ་ཁ་ལ་ཞེན་གོག་འོས་ཐོནརེད།

  52. དཔལ་དགྱེས་པ་རྡོ་རྗེ says:
    2011-04-28 at 7:41 am

    མཁས་དབང་བློ་བཟང་སེངྒེ་མཆོག་ལགས། གངས་ལྗོངས་སྲིད་བློན་དུ་འོས་ཐོབ་བྱུང་བ་ལ་དགའ་སྤྲོ་བརྟས། མ་ཚད་འཛམ་གླིང་སྙན་གྲགས་ཆེ་བའི་གསར་ཤོག་ཁག་ལ་རྒྱ་བོན་དབྱིན་གསུམ་ལ་མཚན་སྙན་གྱི་དབྱར་རྔ། ལ་རྒྱའི་བ་དན། བསྟན་པའི་རྒྱལ་མཚན་བསྒྲེང་བ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། མ་ཚད་མ་འོངས་རེ་འབྲས་ཆོལ་གསུམ་ཆོས་ཀྱི་ཞིང་ཁམས་དེ་ན་ཆོས་སྲིད་བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་པའི་སྨོན་ལམ་དང་རེ་ཆེ་ས་ནས་དོན་མ་ཆད་པའི་སྐུལ་མ་ཡོད། http://edition.cnn.com/2011/WORLD/asiapcf/04/27/india.tibet.elections/index.html?hpt=T2

  53. བོད་ཁམས་ཉི་མ་། says:
    2011-04-28 at 7:52 am

    ན་གཞོན་མཁྱེན་ཡོན་པ་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ་། བྱ་བ་ལམ་འགྲོ་ཡོང་བར་སྨོན།

  54. བོད་ཁམས་ཉི་མ་། says:
    2011-04-28 at 7:56 am

    ན་གཞོན་མཀྱེན་ཡོན་པ་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ་། བྱ་བ་ལམ་འགྲོ་ཡོང་བར་སྨོན་།

  55. དོལ་སྨྱོན། says:
    2011-04-28 at 8:35 am

    མཁས་དབང་བློ་བཟང་སེངྒེ་མཆོག་ལ་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་།
    འབྱུང་འགྱུར་ལོ་ལྔའི་ནང་སྐུ་ཉིད་ཀྱི་བྱ་བཞག་ཡོད་ཚད་གེགས་མེད་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།
    སྐུ་ཉིད་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་པ་དེ་ནི་བོད་མི་ས་ཡ་དྲུག་ལ་རྒྱལ་ཁ་ཐོབ་པ་ཞིག་ཡིན་ནོ།།

  56. yum says:
    2011-04-28 at 9:28 am

    འོས་གྲངས་ ༢༧༠༥༡ གི་བཀའ་ཁྲི་ལྟས་ངན་པ་རེད།

  57. ཀརྡོ་རབ་འབྱམས་པ་ says:
    2011-04-28 at 9:34 am

    yumལགས། འོས་གྲངས་ ༢༧༠༥༡གིས་ བཀའ་ཁྲི་ ཐོབ་པ་ འདི། ལྟས་བཟང་ རེད་གདའ། དགེའོོོ། །

  58. yum says:
    2011-04-28 at 9:53 am

    འོས་བསྡུ་ལས་བྱེད་སྤོ་ཏོ་དེས་ཟེར་ན་ད་ལོ་འོས་བསྡུ་ཚུད་ཚག་བྱུང་བ་ཡག་ཤོས་ཆག་ཡོད་ཅེས་ཧམ་བཤད་བྱེད་ཀྱི། ད་ལོ་ཁྱོད་ཚོས་རྙོག་དྲྭ་གང་མང་བཟོས་པ་དང་། འོས་བཤེར་ཐོག་ནས་ཀྱང་ཁྲིམས་མཐུན་མིན་པའི་གནད་དོན་མང་པོ་ལྷག་པ་རེད། བལ་ཡུལ་ནང་བལ་ཡུལ་ལ་ཡོད་པའི་བོད་མི་ཚང་མ་ཐོབ་ཐང་འདྲ་བོ་མ་སྤྲད་པ་རེད། དགོན་པ་ཁག་གི་ནང་ནས་འོས་བསྡུ་ལས་བྱེད་པས་འགན་ཁུར་མེད་པའི་ལས་ཀ་ཧ་ཅང་མང་པོ་ཐོན་པ་བྱུང་ཡོད་པ་རེད།
    ས་གནས་མང་པོ་ནང་ལ་འོས་བསྡུའི་འགེང་ཤོག་གིས་མ་འདང་པ་དེ་འདྲ་མང་པོ་བྱུང་པ་རེད། དེ་ཚོ་ཁྱོད་ཚོ་གི་ནོར་འཁྲུལ་མ་རེད་བས།

  59. འོད་ཡུག་པའི་སྨྱོན་པ། says:
    2011-04-28 at 10:11 am

    དྲང་བདེན་གྱི་ལམ་བུ་ཞིག་གི་ཐོག་ནས་ཕྱག་ལས་དང་། བོད་མིར་འཕྲལ་ཡུན་བདེ་བའི་ལམ་བུ་ཞིག་ཐོག་འཁྲིད་ན་མཚམས་འདྲི་ཡོད། དེ་མིན་སྟོང་སྐད་ཀྱང་ཀྱང་གིས་ལོ་འགའ་ཤས་འཕྲོ་བརླག་བཏང་ན་སྡུག་སྨོད་བྱེད།

    མ་གཞི་འོས་བསྡུའི་སྒྲིགས་འགལ་ལ་མི་བལྟར་བར་གང་ཟག་སྒེར་ཞིག་གཙོ་བོར་འཛིན་མཁན་བཀའ་ཁྲི་རིགས་ལ་དེ་ཙམ་ཡག་པོར་མི་མཐོང་།

  60. ཆོས་བཟང་ལྷ་མོ་ says:
    2011-04-28 at 10:42 am

    ཡ་ད་འོས་བསྡུ་ལས་བྱེད་རྣམས་ལ་བཀའ་ཀྱོན་གནང་མ་འདུག་དེ་ལས་ང་ཚོའི་མི་མང་རང་ངོས་
    ནས་ཕྱག་རོགས་བཀའ་བློན་དང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གདམ་པའིདབང་ཆ་མེད་
    ཀྱང་བཀའ་ཁྲི་དང་གྲོས་ཚོགས་ལ་དཔྱད་གཞི་ཚུལ་དུ་གླེང་ན།
    ཆོས་དོན་ དགེ་བཤེས་ལྷག་རྡོ།
    ཤེས་རིགས་ ཆུང་ཚེ་རིང་
    ནང་སྲིད་ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
    དཔལ་འབྱོར་ རྒྱ་རི་སྒྲོལ་མ།
    འཕྲོད་བསྟེན་ རྟ་བོ་བློ་བཟང་དཔལ་ལྡན།
    བདེ་སྲུང་ འབྲོང་ཆུང་དངོས་གྲུབ།
    ཕྱི་དྲིལ་ སྐུ་ངོ་བཀྲ་ཤིས་དབང་འདུས།

  61. གངས་དཀར། says:
    2011-04-28 at 10:53 am

    བཀའ་ཤག་སྐབས་གསུམ་པ་དང་སྤྱི་འཐུས་སྐབས་བཅོ་ལྔ་བའི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གང་ལེགས་ཐོན་འདུག་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་།ལྷག་པར་དུ་དེང་གི་ཁྲིམས་ལུགས་མཁས་དབང་བློ་བཟང་སེངྒེ་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཆབས་ཅིག་མ་འོངས་བོད་མི་རིགས་ཀྱི་ཆབ་སྲིད་དང་།བོད་མི་མང་གི་ཆེད་དུ་འགན་ཁྲི་ཕྲག་ཏུ་འཁུར་ནས་བྱ་གཞག་གསར་གདོད་དང་།ཁ་ཡོད་ལག་ཡོད་ཀྱི་འགྲུབ་འབྲས་རླབས་པོ་ཆེ་ཞིག་གཞག་གནང་ཡོང་བར་འབད་པ་དང་།བརྩོན་པ་ལྷོད་མེད་གནང་སྐྱོངས་ཡོང་བས་སྨོན་འདུན་དང་བཅས་སྐུ་ཉིད་ཀྱི་བྱ་གཞག་ལ་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།

  62. ཆོས་བཟང་ལྷ་མོ་ says:
    2011-04-28 at 11:05 am

    ཡ་ད་སྤྱི་འཐུས་ཚོགས་གཙོ་འབའ་སྐལ་བཟང་རྒྱལ་མཚན་དང་ཚོགས་གཞོན་ཀརྨ་ཡེ་ཤེས་གདམ་
    ན་ག་འདྲ་འདུག་དྲྭ་གྲོགས་རྣམས།

  63. yum says:
    2011-04-28 at 11:11 am

    འོས་བསྡུ་ལས་བྱེད་ཀ་ཅ་གཉིས་ཀྱི་ངོ་ལ་བལྟོས་དང་། བཟི་འདུག་དང་དྭངས་འདུག འོས་བསྡུ་ཚུད་ཚག་བྱུང་ཡོད་ས་རེད་ཀ???

  64. ཚངས་དབྱངས། says:
    2011-04-28 at 1:24 pm

    སེང་གེ་ཁྲི་ལ་ཕེབས་པའི་དུང་སྒྲ་འདིས།
    གངས་ལྗོངས་སྲིད་དཔལ་རྒྱས་པའི་སྐྱ་རེངས་བསུ།
    གཡུ་རལ་ཤེས་བྱའི་དཔའ་རྩལ་ངོམས་པ་འདིས།
    ནག་ཕྱོགས་ཀླ་ཀློའི་མུན་པ་རྩད་ནས་གཅོད།

    སྟེང་ལ་སྦྱན་རས་གཟིགས་ཀྱི་ཞིང་ཁམས་མཛེས།
    བར་ལ་དམངས་གཙོའི་དཀྱིལ་འཁོར་ཕུན་གསུམ་ཚོགས།
    ཞབས་ནས་མཐུན་སྒྲིལ་ལ་རྒྱའི་གླུ་གཞས་འདིས།
    བོད་གཞུང་གསར་པ་བསུ་བའི་རྟེན་འབྲེལ་བསྒྲིགས།

    སེང་གེ་གངས་རིའི་ལྗོངས་ལ་ཕེབས་པའི་སྐབས།
    ཝ་མོ་ཐང་ལ་འབྲོ་བའི་ཙིར་སྒྲས་འཁེངས།
    དབུས་ནས་བདེན་པའི་ཉི་མ་ཤར་བས་ན།
    དམར་པོའི་ཁ་མདོག་གཟིལ་གྱིས་གནོན་འདིར་གཟིགས།

    སེང་གེས་གངས་ལྗོངས་ཁྲི་ནས་བདེན་པ་བསྒྲགས།
    ཝ་མོས་རྒྱ་ཐང་གསེབ་ནས་མཇུག་མ་བསྡུ།
    གངས་ལྗོང་རང་དབང་གསོ་བའི་དུས་ཚིགས་འདིར།
    ཆེན་པོ་བོད་ཀྱི་བུ་ཡིས་གླུ་དབྱངས་ལེན།

    གངས་ལྗོང་ཡུལ་ལ་སྐྱིད་པའི་ཉི་མ་ཤར།
    གངས་ལྗོངས་གཞུང་ལ་བཀྲ་ཤིས་དཔལ་ཡོན་རྒྱས།
    གངས་ལྗོངས་སྲིད་དཔལ་གནམ་གི་གུང་ལ་འདེགས།
    གངས་ཅན་ཐམས་བཅད་རང་དབང་ཉི་མས་དྲོས།

    ཨེ་མ་བོད་གཞུང་དམངས་གཙོའི་དཀྱིལ་འཁོར་འདིར།
    བཀྲ་ཤིས་དཔལ་གྱི་གླུ་སྒྲས་འཇིག་རྟེན་བསྐངས།
    གངས་ལྗོངས་ས་མཐར་ཁྱམས་པའི་བོད་ཕྲུག་རྣམས།
    སླར་ཡང་མཉམ་དུ་འཛོམས་འདིར་བསྐལ་བ་བཟང་།

  65. བཙན་བྱོལ་བ། says:
    2011-04-28 at 1:38 pm

    མཆན་འདེབས་སྐབས་རྒྱལ་ཁབ་ཀྱི་བདེ་འཇགས་དང་གཅིག་སྒྲིལ་ཐོག་བསམ་མནོ་ཡག་པོ་གཏོང་ནས་མཆན་འདེབས་རོགས། ཌྷའགན་དེ་ཤེས་ཀྱི་མིན་འདུག་ན། མཆན་འདེབས་པ་ལས་མ་འདེབས་པ་ཡག་གི

    བཙན་བྱོལ་བོད་གཞུང་གི་སྤྱི་མཐུས་དང་བཀའ་ཁྲི་གཉིས་ཀ་ལ་མཚམས་འདྲི་ཞུ་རྒྱུ་རེད། གང་ལྟར་སོ་སོའི་བློ་ལ་བབས་མིན་ལ་མ་ལྟོས་པར་བོད་རྒྱ་ཆེ་མི་མང་གི་འོས་ཤོག་ལ་ཆ་བཞག་ནས་རྒྱབ་སྐྱོར་གནང་དགོས། སྤྱིར་བཏང་དབུས་གཙང་ཆོལ་ཁ་ལ་སྤྱི་མཐུས་གྲངས་གཉིས་མ་ལོངས་པ་དེ་ཡ་མཚན་རྒྱུ་གང་ཡང་མ་རེད། དེ་ལྟ་བུ་ཞིག་དེ་སྔོན་ལོ་ཞིག་ལ་མདོ་སྟོད་ཆོལ་ཁ་ནང་ལ་ཡང་དེ་ལྟ་བུ་ཞིག་བྱུང་མྱོང་བ་རེད། ཁོ་བོའི་བསམ་པར། ཕྱིས་འབྱུང་གི་འོས་མི་གཉིས་ཀྱི་ཁྲོད་ལ་སྒོ་དྲུག་སྐལ་བཟང་ཕུན་ཚོགས་དང། དགེ་ལེགས་འབྱུང་གནས་གཉིས་ཡོང་བའི་རེ་བ་ཡོད། དེ་ནི་རེ་བ་ཡིན། འགྲིག་དང་མ་འགྲིག་དབུས་གཙང་བ་རྣམས་ཀྱིས་གཟིགས་རོགས།
    ད་ནི་དྲ་གྲོགས་རྣམས་ཀྱིས་བཀའ་ཁྲིའི་ཕྱག་རོགས་བཀཌྷས་བློན་ལ་སུ་འོས་པའི་སྐོར་ལ་བགྲོ་གླེང་གནང་ན་ལེགས་སམ་སྙམ།

  66. yum says:
    2011-04-28 at 3:17 pm

    བོད་རྒྱ་ཆེ་མི་མང་ ༢༧༠༥༡ རེད་ཀ??? འོས་གྲངས་ ༢༧༠༥༡ གི་བཀའ་ཁྲི་རེད་ཀ??? བཀའ་ཁྲི་མིན་ཀ
    དཀའ་ཁྲི་ཡིན་ནོ།།

  67. གཅན་བཟོད་རྒྱམ། says:
    2011-04-28 at 3:52 pm

    གང་དྲན་དུ་བྲིས་པའི་ཡི་གེ་དག་གང་བྱུང་དྲ་ངོས་སུ་བཀོད་པ་ཡ་ཆ།

  68. སྐྱིད་ཆུ་ཚང་། says:
    2011-04-29 at 12:20 am

    ༄༅།།ཕྱི་ལོ་༢༠༡༡ཟླ་༤ཚེས་༢༨ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས། བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་འཚམས་འདྲི་གནང་དོན། ཁ་སེང་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་ནས་བཀའ་ཁྲི་གསར་པའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བ་ལྟར། སྐུ་ཞབས་བློ་བཟང་སེང་གེ་ལགས་སུ་མང་མོས་མཐོ་པོའི་ཐོག་ནས་བཀའ་ཁྲིར་འོས་འདེམས་བྱུང་བ་དེར་ང་དང་ངའི་ལས་རོགས་བཀའ་ཤག་གི་བཀའ་བློན་ཚང་མས་ཁོང་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་གི་ཡོད། ད་རེས་ཀྱི་འཕོ་འགྱུར་དེ་གལ་གནད་ཆེ་བའི་འཕོ་འགྱུར་ཞིག་གི་སྐབས་ལ་བསླེབས་པ་ བརྟེན། བཀའ་ཁྲི་གསར་པ་དེ་དགུང་ལོ་གཞོན་གཞོན་དང་མཁྱེན་ཡོན་ཆེན་པོ། ལྷག་བསམ་དང་སྙིང་སྟོབས་ཆེན་པོ་ཞིག་ལ་ཐོབ་པ་དེས་ང་ཚོ་བློ་བདེ་པོ་དང་རེ་བ་ཆེན་པོ་བྱུང་། དེར་བརྟེན་ཁོང་གི་ལས་དོན་ཚང་མ་ལམ་ལྷོང་ཡོང་བའི་རེ་འདུན་ཞུས་པ་དང་ཆབས་ཅིག་བཀྲ་ཤིས་བདེ་ལེགས་ཡོད།།
    ༼འདི་ནི་རིན་པོ་ཆེ་ཁོང་གི་སྐུ་ཚེའི་ནང་། བོད་པ་ནང་ཁུལ་དུ་མཚམས་འདྲེའི་རྣམ་འགྱུར་གཏོན་གནང་བ་དེ། ཐེང་མ་དང་པོར་སོང་། ངེད་ཚང་གི་ཁ་བརྡ་ཚང་ལ་བཀོད་པ་ཡིན།།

  69. བཟོད་པ་ལྷ་རྩེ་ says:
    2011-04-29 at 12:50 am

    ཐོག་མར་བཀའ་ཁྲི་དང་སྤྱི་འཐུས་རྣམ་པར་མཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་ལ་མས་མོས་ལ་གུས་བཀུར་ཞུ་རྒྱུ་ཡིན། ངའི་བསམ་ཚུལ་གོང་དུ་མཆན་དོགས་པ་པོ་དག་དང་ཅུང་མི་མཐུན་པ་ཆག་ཀྱི་འདུག་ཀྱང་ངེད་རང་ཡང་བོད་ཀྱི་ཆབ་འབངས་ཤིག་རྟེན་བསམ་ཚུལ་འདི་ཤོད་འདོད་བྱུང་དགོངས་འགལ་མེད་པ་ཞུ། འདི་ལོ་བཀའ་ཁྲི་བདེམས་ཕྱོགས་འཐད་ནམ་ཀུན་དང་མི་འདྲ་བ་ཧ་ཅང་འཁྲུགས་པོ་བྱུང་བ་ཧ་ཅང་བརྗོད་མེད་རེད། འོན་ཀྱང་འགྲིག་ཡོད་རུང་མེད་རུང་བདམས་ཆར་བ་རེད། དེ་བས་ཀྱང་མཁྱེན་དགོས་པ་ཞིག་ལ་ཁོང་ལ་རྒྱབ་བསྐྱོར་བྱེད་མཁན་དང་རྒྱབ་བསྐྱོར་མི་བྱེད་མཁན་ཚང་མས་དེ་སྔོན་ཁོང་གི་ཞལ་བཞེས་གནང་བའི་དོན་རྣམས་མ་བརྗེད་པ་གནང་དགོས་པ་དང་། ཁོང་ཉིད་ནས་མི་མང་མདུན་དམ་བཅའ་གནང་བ་རྣམས་མ་གཉེས་པ་གནང་རྒྱུ་ནི་དོན་གྱི་དམ་པ་རེད་མཉམ། འོན་ཀྱང་ང་ཚོས་ལུག་ཆུ་ལ་ཆོང་བ་ལྟར་རྐྱལ་ཤེས་མཁན་དང་མི་ཤེས་མཁན་ཚང་མང་པོ་ཞིག་ཆོང་ཟིན་པས་ཆུའི་སྟེང་ཆད་ག་ཚོད་ཡོད་མེད་ད་དུང་བལྟ་རྒྱུ་ཡིན་པས་ཁོང་གི་ཕྱག་ལས་གནང་ཕྱོགས་ལ་དྲན་སྐུལ་དང་རྒྱབ་བསྐྱོར་དགོས་པ་ནི་བོད་འབངས་ཡོངས་ཀྱི་མདུན་དུ་ལྷག་པའི་གནད་དོན་དང་པོ་དེ་མིན་ནམ?

  70. བཟོད་པ་ལྷ་རྩེ་ says:
    2011-04-29 at 12:50 am

    ཐོག་མར་བཀའ་ཁྲི་དང་སྤྱི་འཐུས་རྣམ་པར་མཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་ལ་མས་མོས་ལ་གུས་བཀུར་ཞུ་རྒྱུ་ཡིན། ངའི་བསམ་ཚུལ་གོང་དུ་མཆན་དོགས་པ་པོ་དག་དང་ཅུང་མི་མཐུན་པ་ཆག་ཀྱི་འདུག་ཀྱང་ངེད་རང་ཡང་བོད་ཀྱི་ཆབ་འབངས་ཤིག་རྟེན་བསམ་ཚུལ་འདི་ཤོད་འདོད་བྱུང་དགོངས་འགལ་མེད་པ་ཞུ། འདི་ལོ་བཀའ་ཁྲི་བདེམས་ཕྱོགས་འཐད་ནམ་ཀུན་དང་མི་འདྲ་བ་ཧ་ཅང་འཁྲུགས་པོ་བྱུང་བ་ཧ་ཅང་བརྗོད་མེད་རེད། འོན་ཀྱང་འགྲིག་ཡོད་རུང་མེད་རུང་བདམས་ཆར་བ་རེད། དེ་བས་ཀྱང་མཁྱེན་དགོས་པ་ཞིག་ལ་ཁོང་ལ་རྒྱབ་བསྐྱོར་བྱེད་མཁན་དང་རྒྱབ་བསྐྱོར་མི་བྱེད་མཁན་ཚང་མས་དེ་སྔོན་ཁོང་གི་ཞལ་བཞེས་གནང་བའི་དོན་རྣམས་མ་བརྗེད་པ་གནང་དགོས་པ་དང་། ཁོང་ཉིད་ནས་མི་མང་མདུན་དམ་བཅའ་གནང་བ་རྣམས་མ་གཉེས་པ་གནང་རྒྱུ་ནི་དོན་གྱི་དམ་པ་རེད་མཉམ། འོན་ཀྱང་ང་ཚོས་ལུག་ཆུ་ལ་ཆོང་བ་ལྟར་རྐྱལ་ཤེས་མཁན་དང་མི་ཤེས་མཁན་མང་པོ་ཞིག་ཆོང་ཟིན་པས་ཆུའི་སྟེང་ཆད་ག་ཚོད་ཡོད་མེད་ད་དུང་བལྟ་རྒྱུ་ཡིན་པས་ཁོང་གི་ཕྱག་ལས་གནང་ཕྱོགས་ལ་དྲན་སྐུལ་དང་རྒྱབ་བསྐྱོར་དགོས་པ་ནི་བོད་འབངས་ཡོངས་ཀྱི་མདུན་དུ་ལྷག་པའི་གནད་དོན་དང་པོ་དེ་མིན་ནམ?

  71. yum says:
    2011-04-29 at 3:46 am

    བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་བློ་བཟང་སེང་གེ་ལ་འཚམས་འདྲི་དེ་སྤྱིར་བཏང་བཀའ་ཤག་གི་འགྲོ་བྱ་རེད།
    ཧ་མ་ལོག་ཞུ་རྒྱུ་ཡིན།

  72. ཆོས་བཟང་ལྷ་མོ་ says:
    2011-04-29 at 4:45 am

    དབྱིན་མིང་(ynm)ལགས་ཁྱེད་ཀྱིས་མི་འདོད་པའི་རྣམ་འགྱུར་སྟོན་དགོས་པའི་རྒྱུ་མཚན་
    གང་ཡིན? མི་མང་གི་བདམས་པའིབཀའ་ཁྲི་སྐབས་གསུམ་པ་དང་སྤྱི་འཐུས་སྐབས་བཅོ་
    ལྔ་པ་རྣམས་རང་ཉིད་མི་གཅིག་གི་འདོད་མོས་མེད་རུང་མང་གཙོ་ཡིན་པས་མང་མོས་ལ་ཁས་
    ལེན་དང་བརྩི་བཀུར་ཞུ་དགོས་པ་རེད་གཞན་ཚགས་སུ་ཚུད་མ་ཚུད་བཤད་ཡ་ཕྱིས་དྲགས་པ་
    རེད། དེ་ལས་རང་ཉིད་བློ་བདེ་ངང་བཞུགས་རོགས།

  73. yum says:
    2011-04-29 at 8:06 am

    ཧམ་པ་ཅན་བཤད་མཁས་ན་བདེན་པ་ཅན་ངུ་ཤོར། ཟེར་བའི་བཤད་རྒྱུན་ལྟར་འབྱུང་སྲིད་སྙམ་པའི་སེམས་ངལ་ཞིག་བྱུང་། ངའི་མང་གཙོའི་མཆན་ལས་དགོངས་འགལ་མེད་པ་ཞུ།

  74. ལྷ་སྨོན་པ། says:
    2011-04-29 at 1:55 pm

    བཀྲ་ཤིས་བདེ་ལེགས། བཀའ་ཁྲི་གསར་པ་དང་དྲ་རོགས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
    དིང་རྡོར་ཟེར་བ་ཞིག་གིས་དབུས་གཙང་ལ་སྤྱི་འཐུས་ཉུང་དྲགས་པ་དང་། མདོ་སྨད་ལ་སྤྱི་འཐུས་མང་དྲགས་པ་ལྟ་བུ་མི་འབོར་མང་ཉུང་རྒྱུ་མཚན་དུ་དྲངས་ནས་དྲ་གནས་མང་པོ་ཞིག་གི་ནང་དུ་མཆན་བཏབ་འདུག དོན་དངོས་ཁོ་རང་ག་རེ་བྱས་ནས་མཐོམས་སོང་བ་ཡིན་ངས་མི་ཤེས། བཙན་བྱོལ་སྤྱི་ཚོགས་ནང་དབུས་གཙང་གི་མི་འབོར་མང་བ་དེ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་དབུས་གཙང་ལ་སྤྱི་འཐུས་མང་པོ་ཡོད་ན་དབུས་གཙང་མི་མང་གི་ཁུར་ཆགས་ཀྱི་མ་རེད་དམ། སྤྱི་འཐུས་ཀྱི་ས་མིག་བཅུ་ཡོད་པ་དེ་ཡང་བསྐངས་མ་ཐུབ་པར་དབུས་གཙང་གིས་སྤྱི་འཐུས་བརྒྱད་ལས་འདེམས་ཐུབ་མེད། དེ་བས་མང་ཞིག་ཡོད་ན་དཀའ་ལས་ཁག་རོགས་མ་རེད།

    དབུས་གཙང་གི་སྤྱི་འཐུས་གཉིས་བསྐྱར་དུ་འོས་བསྡུའི་སྐབས་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་བསྐྱར་དུ་བླུགས་ནས་འགྲོ་དགོས་པ་རེད། འགྲོ་སོང་གི་ཐོག་ནས་ཧིན་སྒོར་འབུམ་བཅུ་གྲངས་ཤིག་འགྲོ་ངེས་པ་རེད། སྔོན་མ་དབུས་གཙང་སྤྱི་འཐུས་ཚེ་རིང་ནོར་འཛོམས་དང་། མདོ་སྨད་སྤྱི་འཐུས་གདུགས་དཀར་ཚེ་རིང་གཉིས་གློ་བུར་དུ་དགོངས་པ་ཞུས་པ་དང་། མདོ་སྨད་སྤྱི་འཐུས་སྲས་བསྟན་འཛིན་མཁས་གྲུབ་རང་བཞིན་གྱིས་དགོངས་པ་ཞུ་དགོས་ཐུག་པས། དེ་དག་གི་ཚབ་འོས་བསྡུ་བྱེད་པའི་སྐབས་འགྲོ་སོང་སྒོར་འབུམ་བཅུ་ཙམ་སོང་བ་རེད་ཅེས་བརྒྱུད་ལམ་ཁག་ནས་མཐོང་སོང་། དེ་ལོ་བདུན་ཙམ་གྱི་སྔོན་རེད། ད་ལྟ་དེ་ལས་ཀྱང་འགྲོ་སོང་མང་གི་རེད། དཀའ་ལས་མང་པོ་རེད། དང་པོ་སྤྱི་འཐུས་བཅུ་དེ་འདེམས་ཐུབ་པ་གྱིས་དང་། རྗེས་སུ་རིམ་པས་དེ་ལས་མང་ཙམ་དགོས་ས་འདུག་གམ་མི་འདུག བལྟ་ཆོག་གི་རེད།

  75. བཙན་བྱོལ་བ། says:
    2011-04-29 at 2:53 pm

    ལྷ་སྨོན་པ་ལགས་ལ་གསལ་བཤད་ཞུ་རྒྱུ། དབུས་གཙང་ཆོལ་ཁ་ལ་སྤྱི་མཐུས་གཉིས་མ་ལོངས་པ་དེ་དབུས་གཙང་ཆོལ་ཁ་ལ་མི་མ་འདང་བས་མ་ཡིན་པར། དེ་ནི་འོས་ཁ་འཐོར་ཕྱིན་པའི་དབང་གིས་རེད། བྱས་ཙང་། རྒྱུ་མཚན་གཞན་གང་ཡང་མེད། གནས་སྟངས་འདི་ཆོལ་ཁ་དང་ཆོས་ལུགས་གཞན་ལ་ཡང་སྔར་བྱུང་མྱོང་བ་ཞིག་ཡིན་པས་མཆན་འདེབས་སྐབས་རྒྱུ་མཚན་བཤད་སྟངས་མ་ནོར་བ་གནང་རོགས།

  76. yum says:
    2011-04-29 at 3:45 pm

    བློ་བཟང་སེང་གེས་མི་མང་མདུན་དམ་བཅའ་གནང་བ་ག་ཚོད་ཡོད་མེད་འདི་ལ་བལྟ་རོགས། མི་མང་ནས་མ་བརྗེད་པ་གནང་དགོས་པ་དང་། ཁོང་གིས་ཕྱག་ལས་གནང་ཕྱོགས་ལ་བལྟ་དགོས།
    http://www.youtube.com/watch?v=vzbr9H2jPtQ

  77. བཟོད་པ་ལྷ་རྩེ་ says:
    2011-04-29 at 3:50 pm

    སྙིང་རྗེའི་ཀུན་ནས་བླངས་ཏེ་ཕྱོགས་ཞེན་གྱིས་ལོ་རྟོགས་ཀྱི་སྒྲིབ་ཤིང་ས་རྒྱ་ཆེད་ཀྱང་གནམ་རྒྱ་མ་ཆེད་པའི་མིག་གཉིས་ཙུམ་ནས་རྒྱོགས་འདེལ་འཕེན་མཁན་དག་ལ་སྨྲས་པ། དབུས་གཙང་གི་སྤྱི་འཐུས་བརྒྱ་ཆ་མ་ལེན་པར་ནི་མི་གྲངས་མང་གི་རྒྱབ་བསྐྱོར་ཐོབ་དགོས་པས་ཡིན། འོན་ཀྱང་ཆོལ་ཁ་དང་ཆོས་ལུགས་གཞན་ལ་ཡང་མི་གྲངས་མང་གི་རྒྱབ་བསྐྱོར་ཐོབ་དགོས་གཅིག་མཚུངས་ཡིན་སྙམ་ན། དེ་ནི་གཏན་མི་འདྲ་ཏེ། དེ་སྔའི་སྤྱི་འཐུས་བྱེད་པར་ལས་སླ་བ་ཁག་གཅིག་ནི་གྲྭ་ཚང་ཆུང་ཆུང་ཞིག་ལ་གཉེན་བསྐུར་མང་ཇ་ཙམ་ཞིག་བཏང་ནས་སྤྱི་མཐུས་སུ་སླེབ་པ་ཡོད་ལ། མི་ལོ་མང་པོའི་རིང་བོད་མི་མང་གི་ཆེད་ལྷག་བསམ་རྣམ་དག་གིས་དཀའ་དཔྱད་ཁྱད་དུ་བསད་ནས་མི་མང་གི་ཡི་ཆེས་ཐོབ་ནས་སྤྱི་འཐུས་སླེབ་པ་ཡང་ཡོད། མདོར་འདུས་ཏེ་བཤད་ན་འདི་ལོའི་སྤྱི་འཐུས་ཀྱི་ནང་དུ་ཡང་མི་གྲངས་ལྔ་བཅུ་ང་གྲངས་ཀྱི་རྒྱབ་བསྐོར་ཐོབ་ནས་སྤྱི་འཐུས་སླེབས་པ་ཡོད་ལའང་། མི་གྲངས་སྟོང་ཕྲག་བདུན་ལྷག་ཙམ་གྱི་རྒྱབ་བསྐྱོར་ཐོབ་ཡོད་ཀྱང་སྤྱི་འཐུས་སུ་སླེབས་མ་ཐུབ་པ་ཡོད་པ་དངོས་ཡོད་གནས་སྟང་ཞིག་ཆགས་ཡོད་པས་དེར་རྟེན་མང་གཙོ་དེ་ག་འདྲ་ཡིན་ནམ་མཉམ་པ་བསམ་ཚུལ་ཞིག་ཏན་ཏན་ཡོངས་སྲིད་པ་རེད། བརྒྱ་ཆ་ལ་ལེན་པ་དེ་ཁྲིམས་དང་སྒྲིག་གཞི་ཞིག་རྟེན་དེ་ལ་ཆ་འཇོག་དགོས་ལའང་། ཁྲིམས་དང་སྒྲིག་གཞི་དེ་ཡང་མི་ཡིས་བཟོས་པ་ཞིག་རྟེན་དེའི་སྤྱི་ཚོགས་ནང་ཕན་གནོད་དང་འཁེ་གྱོང་ལ་གཟིགས་ནས་ལམ་ལུགས་སམ་སྒྲིག་གཞིར་འགྱུར་བཅོས་མི་ཡིས་བཏང་ཆོག་པ་ཞིག་ཡིན་པས་དབྱེ་ཞིབ་དང་འབྲེལ་འགྱུར་བཅོས་གཏོང་དགོས་རིགས་ལ་ངེས་པར་འགྱུར་བཅོས་གཏོང་དགོས་པ་ཡིན།

  78. སྐྱིད་ཆུ་ཚང་། says:
    2011-04-29 at 4:16 pm

    Yumལགས། སྔར་དགེ་མོ་ཞིག་གིས། བོད་བདེ་བ་གཞུང་ལ་ཁྲོས་ནས། མི་ལོ་དགུའི་རིང་སྐད་ཆ་མ་ བཤད་པར་བསྡད་པ་ནི། བོད་ཀྱི་དམངས་ཁྲོད་དུ་ཡོངས་གྲགས་སུ་ཡོད་པའི་གཏམ་རྒྱུད་འདི། ཁྱོད་ཀྱི་མ་ཤེས་པ་ག་ལ་སྲིད། མཁས་དབང་བློ་བཟང་སེང་གེ་མཆོག་བཙན་བྱོལ་བོད་མིའི་ ཚད་མཐོ་བའི་བཀའ་ཁྲིར་མང་མོས་འོས་འདེམས་བྱུང་བ་དེར་མ་འདོད་ན། ཁྱོད། བཙན་བྱོལ་མི་དམངས་ལ་ཁྲོས་ནས། ལོ་ལྔའི་རིང་སྐད་ཆ་མ་བཤད་པར་སྡོད་རྒྱུ་ལས། གཞན་གྱི་ཐབས་ལམ་གང་ཡང་མེད་ལོ།།

  79. yum says:
    2011-04-29 at 4:36 pm

    སྐྱི་ཆུ་ཚང་ལགས། ཁྱོད། ཧ་ཆེན་པོ་ཞིག་ལོག་ཡོད་ས་རེད། ཧ ཧ

  80. འབྱོར་དགའ་རྒྱལ། says:
    2011-04-29 at 6:49 pm

    འབུམ་རམས་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། ལས་དོན་རྣམས་གེགས་མེད་ལམ་ལྷོངས་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་གྲང་མེད་ཞུ།

    དིང་རྡོར་ཀྱིས།
    །།འོས་བླུགས་རྒྱུའི་ཐད་མདོ་སྨད་ཀྱི་མི་ཉུང་ཞིག་ལའང་སྤྱི་འཐུས་བཅུ་བླུགས་རྒྱུ་འདུག དབུས་གཙང་གི་མི་མདོ་སྨད་ལས་ལྡབ་ཁ་ཤས་ཀྱི་མང་བ་ཡོད་ཀྱང་འོས་མི་བཅུ་མ་གཏོགས་བླུགས་རྒྱུ་མིན་འདུག འདི་ནི་མང་གཙོ་ཡང་དག་པ་ཞིག་ག་ལ་ཡིན། བོད་མི་གཅིག་མཚུངས་སུ་ཐོབ་ཐང་འདྲ་མཉམ་མིན་འདུག །། ཟེར་བ་འདི་ཆབ་སྲིད་དཔྱད་ཞིབ་ཀྱི་བསམ་བློའི་མེད་སྟབས་དགོས་དབང་གིས་ཆོལ་ཁའི་དབྱེ་བ་ཕྱེས་པ་མ་ཤེས་པའི་ཞེན་ཁོགས་ཀྱི་སྐད་ཆ་སྐམ་པོ་ཞིག་ལས་ཅི། ཆོལ་ཁ་རེ་ལ་སྤྱི་འཐུས་༡༠་པོ་འདི་ནི་བཙན་བྱོལ་ནང་ཡོད་པའི་མི་མང་གཅིག་པུའི་སྐུ་ཚབ་མ་རེད། མདོ་སྨད་ཆོལ་ཁའི་སྤྱི་འཐུས་༡༠ པོ་འདི་གཞི་ལུས་མདོ་སྨད་མི་མང་སྤྱིའི་སྐུ་ཚབ་མཚོན་ཆེད་དུ། ང་ཚོ་བཙན་བྱོལ་ནང་ཡོད་པའི་མདོ་སྨད་མི་མང་གིས་གཞི་ལུས་མདོ་སྨད་མི་མང་ཡོད་དོ་ཅོག་གི་ཚབ་བྱས་ཏེ་འོས་བསྡུ་བྱས་ནས་འདེམས་པ་རེད། འདིའི་གནད་དོན་མ་ཤེས་ན། མདོ་སྨད་མངའ་ཁུལ་འདི་རྒྱའི་འོག་ཏུ་སྡོད་རྒྱུ་མིན་བཤད་མཁན་དེ་མདོ་སྨད་མི་མང་རང་དགོས་ཀྱིན་ཡོད་རེད། དབུས་གཙང་གིས་མདོ་སྨད་མངའ་ཁུལ་འདི་རྒྱའི་འོག་ཏུ་སྡོད་བཅུག་རྒྱུ་མིན་ང་ཚོའི་དབུས་གཙང་གི་མངའ་དབང་བསྒྱུར་དགོས་ལབ་ན་འགྲིགས་གི་ཡོད་མ་རེད།

  81. yum says:
    2011-04-29 at 8:11 pm

    མདོར་འདུས་ཏེ་བཤད་ན། འདི་ལོའི་སྐབས་གསུམ་པའི་བཀའ་ཁྲི་དང་སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་ཐོབ་མང་པོ་ཞིག་ནས་རྟ་ལམ་བོང་བུས་བཀག་འདུག

  82. གངས་ཅན་པ། says:
    2011-04-30 at 5:31 am

    ༄།་ བཀའ་ཁྲིར་སྐབས་གསུམ་པའི་མཁས་དབང་བློ་བཟང་སེང་གེ་ཡིས་བོད་རིགས་སྤུན་ཟླ་ཚོར་ཕུལ་བའི་འཚམ་འདྲིའི་འདི་བོད་ཀྱི་བང་ཆེན་གསར་འགོད་པ་འཇམ་བཟོད་ཀྱི་ཟིན་བྲིས་ནང་དུ་འདུག་འདིར་བཀོད་པ་ཡིན།
    མཁས་དབང་བློ་བཟང་སེང་གེ་མཆོག་གིས་བོད་མི་ཚོར་ཕུལ་བའི་འཚམ་འདྲིའི་ཤིས་ཚིག

    ལི་ཐང་འཇམ་བཟོད་ཀྱིས་བོད་སྒྱུར་བྱས།

    བཀའ་བློན་ཁྲི་པའི་འོས་འདེམས་ཀྱི་ལས་རིམ་ ལ་བོད་མི་ཚོས་རྒྱབ་སྐྱོར་གནང་བར་གུས་བརྩི་ཆེན་པོས་དང་ལེན་ཞུ་རྒྱུ་དང། འཛམ་གླིང་འདིའི་རྒྱལ་ཁབ་༣༠ ལྷག་ཙམ་གྱི་ནང་དུ་གནས་སྡོད་བྱེད་མཁན་བོད་མི་༥༠༠༠༠ མ་ཟིན་ཙམ་གྱིས། ཐེངས་འདིའི་བཀའ་སྤྱིའི་འོས་འདེམས་ཀྱི་ལས་རིམ་ནང་མཉམ་ཞུགས་གནང་ཡོད་པ་ཤེས་ རྟོགས་བྱུང་སོང་བས། ཁྱེད་རྣམས་ཀྱིས་རྒྱབ་སྐྱོར་ཚད་མེད་གནང་བར་གུས་བརྩི་ཞུ་བ་དང་སྦྲགས་ནས། ང་སྒེར་གྱི་ངོས་ནས་ཀྱང་བོད་མི་ཚོས་ང་ལ་རེ་བ་གནང་དོན་ལྟར་གང་ནུས་ཅི་འཇོན་ བྱེད་རྒྱུ་ཡིན།

    ངས་བཀའ་ ཁྲིའི་འོས་མིའི་ལས་རིམ་གྱི་བརྒྱུད་རིམ་ཁྲོད་ནས་ཆིག་སྒྲིལ་དང་རང་འགོ་རང་ཐོན། གསར་གཏོད་བཅས་རྩ་དོན་གསུམ་དེ་རྨང་གཞིར་བཟུང་ཡོད་པ་དང་། བཀའ་ཁྲིའི་འོས་མི་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང།

    བཀའ་ཟུར་ བཀྲིས་དབང་འདུས་ལགས་རྣམ་གཉིས་ལའང་དེ་བཞིན་དུ་མཐོང་ཆེན་བྱེད་ཀྱི་ཡོད་ལ་ཧ་ཅང་ གིས་གུས་བརྩི་བྱེད་ཀྱི་ཡོད། དེ་བཞིན་ཁོང་གཉིས་ནི་མཁྱེན་རྒྱ་ཤིན་ཏུ་ཡངས་པ་དང་བོད་པའི་སྤྱི་ཚོགས་ནང་སྲི་ ཞུ་བསྒྲུབས་པའི་བྱས་རྗེས་ཅན་ལ། འོས་འགྲན་གྱི་གོ་སྐབས་ཐོབ་པ་དེ་ནི་ཧ་ཅང་གི་སྐལ་བ་བཟང་པོ་ཞིག་རེད་དྲན་གྱི་ ཡོད། དེ་དང་འབྲེལ་ནས་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། འདས་པའི་ལོ་༡༠ ལ་བཀའ་ཁྲིའི་ཕྱག་ལས་གནང་ཡུན་རིང་། བོད་པའི་སྤྱི་ཚོགས་ཀྱི་གནད་དོན་གང་ཞིག་ཡིན་ནའང་སྲ་བརྟན་གནང་ཡོད་པར་སྙིང་ནས་ བཀའ་དྲིན་ཆེ་ཞུ་འདོད་བྱུང་།

    ད་ཐེངས་ ཀྱི་བཀའ་སྤྱི་གཉིས་ཀྱི་འོས་འདེམས་ཀྱི་གྲུབ་འབྲས་དེ་སྔོན་ཆད་བྱུང་མྱོང་མེད་ པ་ཞིག་ཆགས་ཡོད་པ་དང། ད་ལྟའི་འབད་བརྩོན་གྱི་གནས་སྟངས་འདི་འདྲ་བ་བཀའ་སྤྱི་གཉིས་ཀྱི་འོས་མི་དང་འོས་ བསྡུའི་ལས་ཀ་བྱེད་མཁན་ཚོས་སྔོན་ཆད་མཐོང་མྱོང་མེད་པའི་གནས་སྟངས་ཤིག་ཏུ་གྱུར་ ཡོད་པ་རེད། འབད་བརྩོན་འདི་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོ་གཅིག་པུ་མིན་པ། བོད་ནང་ཡོད་པའི་བོད་མི་ཚོ་ཡང་འོས་འདེམས་འདི་དང་ཉེ་པོར་གནས་ཡོད། དེ་ཡང་ངས་གོ་ཐོས་བྱུང་བ་ཞིག་ནི་འོས་འདེམས་ཀྱི་བརྒྱུད་རིམ་ཁྲོད་ནས། བོད་ནང་གི་བོད་མི་ཚོས་བསང་གསོལ་མཆོད་འབུལ་དང་ཤོག་པག་བརྒྱབ་པ་སོགས་ཀྱིས་ རྟེན་འབྲེལ་བྱས་ཡོད་པ་དང། ང་ལ་རྟེན་འབྲེལ་མཚོན་བྱེད་དུ་བོད་ནས་ཁ་བཏགས་དང་བརྡ་འཕྲིན་སོགས་འབྱོར་སྐབས། སྙིང་ལ་ན་ཟུག་ལངས་བའི་ཚོར་སྣང་ཡོང་གི་འདུག བལ་ཡུལ་དུ་ཡོད་པའི་བོད་མི་བཙན་བྱོལ་བ་ལྟ་བུར་མཚོན་ན་བལ་ཡུལ་གཞུང་གིས་བོད་ མི་ཚོའི་འོས་འཕེན་ལ་ཐེ་གཏོག་བྱས་ཡོད་པ་དང། བོད་མི་སྟོང་ཕྲག་མང་པོའི་འོས་འཕེན་ལ་བཀག་འགོག་བྱས་ཡོད་རུང་ད་དུང་ཡང་ཞུམ་པ་ མེད་པའི་ཐོག་ནས་གནས་ཡོད་པ་དང། རྒྱལ་ཁབ་༣༠ ལྷག་ཙམ་ནང་ཡོད་པའི་བོད་མི་ཚོས་འོས་འཕེན་ནང་མཉམ་ཞུགས་བྱས་ཡོད་པ་རེད།

    ངས་འོས་ འདེམས་འདི་ལ་ངོས་འཛིན་བྱེད་སྟངས་ནི། ༧གོང་ས་མཆོག་གིས་དུས་ཡུན་རིང་པོའི་རིང་ལ་ཆབ་སྲིད་ཀྱི་དགོངས་པ་བཞེས་ཕྱོགས་ དང། བོད་པའི་སྤྱི་ཚོགས་དེ་མང་གཙོ་ཡང་དག་པའི་ཕྱོགས་སུ་མདུན་བསྐྱོད་བྱེད་རྒྱུའི་ བཀའ་དགོངས་མངོན་དུ་གྱུར་པ་རེད་བསམ་གྱི་ཡོད། ད་ཐེངས་བཀའ་སྤྱི་གཉིས་ཀྱི་འོས་འདེམས་ལམ་ལྷུང་བྱུང་བ་དེ། འོས་འཕེན་གྱི་ལས་རིམ་ནང་ཞུགས་མཁན་བོད་མི་ཚོའི་བཟང་སྤྱོད་ཀྱི་རྒྱལ་ཁ་ཆེན་པོ་ ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་ལས་འགུལ་དེའི་ཁྲོད་ནས་ང་སྒེར་གྱིས་འགྲུལ་བསྐྱོད་ཆེན་པོ་ཞིག་བྱས་ ཐུབ་ཡོད་པ་དང། རྒྱལ་ཁབ་མང་པོའི་ནང་ཡོད་པའི་བོད་མི་ཚོར་ཐུག་འཕྲད་ཀྱི་གོ་སྐབས་ཐོབ་ཡོད་པ་མ་ ཟད། རྒྱ་གར་ནང་ཡོད་པའི་གཞིས་ཆགས་ཁག་མང་ཆེ་བའི་ནང་སྐོར་བསྐྱོད་ཐུབ་སོང། བཀའ་ཁྲིའི་ལས་འགུལ་སྐབས་འབྲེལ་ཡོད་བོད་མི་ཚོར་འབྲེལ་ཐུག་བྱས་པ་རྣམས་ལྷང་ ལྷང་དྲན་གྱི་འདུག་ལ། མི་དེ་དག་གི་རེ་འདུན་དང་སྐུལ་ལྕག་བྱས་པ་རྣམས་ངའི་བསམ་བློའི་ནང་རྒྱུན་གནས་ བྱས་ཏེ། གལ་གནད་ཆེ་བའི་བཀའ་ཁྲིའི་ལས་དོན་དེའི་འོས་འགན་འཁྱེར་རྒྱུར་གྲ་སྒྲིག་བྱེད་ བཞིན་ཡོད།

    ངས་ཆབ་ སྲིད་ཀྱི་འགན་འཁུར་ལེན་པའི་སྐབས་འདི་༧གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་ཕེབས་ རྒྱུའི་ཐུགས་ཐག་བཅད་པ་དང། མི་མང་གིས་བདམས་པའི་འགོ་འཁྲིད་ཚོར་དབང་ཚད་ཆ་ཚང་མར་གནང་འཆར་ཡོད་པའི་སྐབས་དང་ འཁེལ་ཡོད་པ་རེད། དེང་སྐབས་འཛམ་གླིང་ནང་འགྲོ་བཞིན་པའི་མེ་ཏོག་ཀུནྡ་གསར་བརྗེའི་ལས་འགུལ་ Jasmine revolution ལ་མཚོན་ན། མི་རྣམས་ཀྱིས་མང་གཙོའི་ལམ་ལུགས་སྲུང་སྐྱོབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་ བྱེད་བཞིན་ཡོད་རུང་། ༧གོང་ས་མཆོག་གིས་བོད་མི་རྣམས་ལ་ཡིད་ཆེས་གནང་སྟེ་མང་གཙོ་མར་གསོལ་བསྩལ་གནང་ ཡོད་པ་རེད།༧གོང་ས་མཆོག་ནི་ངའི་སེམས་ཤུགས་ཀྱི་སྐུལ་ལྕག་ཡིན་ལ། ཁོང་གིས་ང་ཚོར་བསྐྱངས་པའི་དགོངས་གཞི་དེ་ལེགས་འགྲུབ་ཡོང་བར་འབད་བརྩོན་བྱེད་ ངེས་ཡིན་ཞིང་། ངས་ལས་དོན་འདི་དགའ་ཚོར་ཆེན་པོས་དང་ལེན་ཞུ་ཡི་ཡིན། གང་ཡིན་ཞེ་ན་ད་ལྟའི་སྐབས་༧གོང་ས་མཆོག་གི་སྐུ་གཟུགས་གསལ་ཐང་ཡིན་པ་དང། ང་ཚོའི་ལས་དོན་གང་ལའང་ཁོང་གིས་གཟིགས་སྐྱོང་གནང་ངེས་ཡིན་པས། ང་ཚོས་དུས་ཚོད་འདི་བརྒྱུད་ནས་ཁོང་གི་དགོངས་གཞི་རེ་རེ་བཞིན་ལག་བསྟར་ཐུབ་པ་ བྱེད་དགོས་ལ། དེ་བཞིན་དུ་ང་ཚོའི་མང་གཙོའི་ལམ་ལུགས་དང་གཞུང་གི་ཐོག་ནས་མ་འོངས་པར་བོད་ཀྱི་ ལས་འགུལ་འདི་སྲ་བརྟན་ཡོང་བ་ལའང་གདེང་ཚོད་ཆེན་པོ་ཡོད།

    འོས་འཕེན་ གྱི་ལས་རིམ་ནང་ཞུགས་མཁན་ཚང་མས་ང་ཚོའི་མང་གཙོའི་ལམ་ལུགས་འདི་སྲ་བརྟན་དུ་བཏང་ ཡོད་པས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་ལ། ལྷག་དོན་དུ་རང་གཅེས་དང་གཞན་སྨད་སྤངས་པའི་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས། ལས་འགུལ་རྣམས་ཚུལ་མཐུན་ལུགས་མཐུན་གྱི་ངང་ནས་སྤེལ་སོང་བས་དམིགས་བསལ་གྱིས་ ཐུགས་རྗེ་ཆེ་ཞུ་འདོད་བྱུང། འདི་དང་འབྲེལ་ནས་ངའི་རྒྱབ་སྐྱོར་བ་ཚོར་ཞུ་འདོད་པ་ཞིག་ནི། འོས་ཐོབ་ཀྱི་རྒྱལ་ཁ་འདི་མི་སྒེར་གྱི་དབར་རྒྱལ་ཕམ་གྱི་འཐབ་རྩོད་མིན་པ་དང། འདི་ནི་བོད་མི་ས་ཡ་དྲུག་གིས་རེ་འདུན་ཕྲག་སྟེང་དུ་བཞག་པ་ཞིག་ཡིན་པས། འདི་ལ་སྤྲོ་སྐྱིད་སོགས་ཀྱི་གྲ་སྒྲིག་རིགས་མ་གནང་རོགས་ཞུ་རྒྱུ་ཡིན་ལ། ད་ལྟའི་སྐབས་བོད་མདོ་སྨད་ཨ་མདོ་རྔ་པ་ཁུལ་དུ། རྒྱ་ནག་གཞུང་གིས་བོད་མི་རྣམས་གསོད་རྡུང་བཙོན་འཇུག་སོགས་ཀྱི་གནས་སྟངས་ཛ་དྲག་ ཆགས་ཡོད་པ་རེད། དེ་བཞིན་དུ་གནས་སྟངས་ཧ་ཅང་གི་དཀའ་ངལ་ཅན་ནང་ཡོད་པའི་བོད་ནང་གི་བོད་མི་ཚོས། ང་ལ་ཚད་ལས་བརྒལ་བའི་རྒྱབ་སྐྱོར་དང་སྙིང་སྟོབས་གནང་བར་ངས་སྙིང་ཁོངས་རུས་པའི་ གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལགས། ང་ཚོའི་སྙིང་དང་བསམ་བློ་གཡོ་བ་མེད་པར་ཁྱེད་ཚོ་དང་མཉམ་དུ་ཡོད།

    བོད་མི་དང་ བོད་པའི་གྲོགས་པོ་ཚོར་ནན་སྐུལ་བྱེད་རྒྱུ་ཞིག་ལ། དཀའ་སྡུག་དང་བཙན་འཛུལ་འོག་ཡོད་པའི་བོད་ནང་གི་བོད་མི་ཚོའི་དཀའ་ངལ་སེལ་ཐབས་ དང། ༧གོང་ས་མཆོག་ཁོང་ཉིད་ལ་དབང་བའི་ཕོ་བྲང་པོ་ཏཱ་ལའི་ནང་ཕྱིར་ཕེབས་ཐུབ་རྒྱུའི་ གནད་དོན་ཐད་ལ་མཉམ་རུབ་གནང་རོགས་གནང་ཞུ་རྒྱུ་ཡིན། འོས་འཕེན་བརྒྱུད་རིམ་ཁྲོད་ཀྱི་འཛུལ་ཞུགས་དང་སེམས་ཤུགས་དེ་ང་ཚོའི་མཐོང་ཆོས་ སུ་གྱུར་ཡོད་པས། ངས་ལས་དོན་གང་ཞིག་གི་ཐད་ལའང་མུ་མཐུད་ནས་བོད་མི་ཚང་མ་མཉམ་ཞུགས་གནང་རོགས་ཞེས་ ནན་སྐུལ་ཞུ་རྒྱུ་ཡིན། ད་ལྟའི་དུས་ཚོད་འདི་བོད་མི་ཚོས་འོས་འགན་ཆེན་པོ་ཞིག་འཁྱེར་དགོས་པའི་དུས་ལ་ བབས་ཡོད་པ་དང། ངའི་ངོས་ནས་བོད་མི་ཚོས་གནས་བབ་ཅིག་གི་ཐོག་ལ་བཞག་པ་བཞིན་གང་ཐུབ་བྱེད་ངེས་ ཡིན་ཞིང། སླེབས་ལ་ཉེ་བའི་བཀའ་ཤག་གི་ལས་དོན་ལམ་ལྷུང་ཡོང་དང་མི་ཡོང་བོད་མི་ཚང་མའི་ འབྲེལ་ལམ་དང་ལས་དོན་བྱེད་ཕྱོགས་ལ་རག་ལས་པ་ཞིག་རེད། མཉམ་རུབ་ཀྱི་ཐོག་ནས་མ་འོངས་ལམ་ཕྱོགས་དེ་ཚད་ལྡན་ཞིག་གི་ཐོག་མདུན་བསྐྱོད་ བྱེད་ཐུབ་རྒྱུ་ཡིན་པ་ང་ལ་གདེང་ཚོད་ཆེན་པོ་ཡོད།བོད་རྒྱལ་ལོ།།

  83. ལ་རྒྱའི་བདག་པོ། says:
    2011-04-30 at 6:57 am

    དྲ་གྲོགས་རྣམ་བཀྲིས་བདེ་ལེགས།
    ༡༽ཁྲིམས་ལུགས་འབུམ་རམས་པ་བློ་བཟང་སེང་གེ་ལགས་བཀའ་ཁྲིར་མང་མོས་འདེམས་ཐོན་བྱུང་བར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་།ཁོང་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་སྲིད་བྱུས་དང་ལས་འཆར་ཁག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

    ༢༽འབུམ་རམས་པ་མཆོག་གིས་དེ་སྔ་འོས་བསྡུའི་དྲིལ་སྐབས་གསུངས་པའི་འཆར་གཞི་གསུམ་དང་།ལྔ།བཅུ་སོགས་ཞལ་བཞེས་དམ་བཅའ་རྣམས་ལག་བསྟར་དོན་འཁྱོལ་ཡོང་བའི་རེ་བ་ཞུ་རྒྱུ་ཡིན།

  84. ལ་རྒྱའི་བདག་པོ། says:
    2011-04-30 at 7:08 am

    ཡང་ངས་གསལ་བཤད་ཞུ་རྒྱུར།
    འབུམ་རམས་པ་བློ་བཟང་སེང་གེ་མཆོག་ངས་དེ་སྔ་རྒྱབ་སྐྱོར་ཞུ་སའི་བཀའ་ཁྲི་མིན་རུང་ད་ཆ་ཁོང་བཙན་བྱོལ་མི་མང་གིས་མང་མོས་བཀའ་ཁྲི་འོས་ཐོན་བྱུང་ཟིན་པས་ངས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཆ་ནས་གུས་བརྩི་དང་ཁོང་གི་ལས་དོན་ཁག་ལ་རྒྱབ་སྐྱོར་ཞུ་རྒྱུའི་དམ་བཅའ་གཙང་མ་ཞུས་ཟིན།
    ཡིན་ནའང་བསྟན་འཛིན་འཕགས་པ་ལྟ་བུའི་བློ་རྒྱ་ཆུང་ལ་མང་གཙོའི་གོ་རྟོགས་མེད་པ་རེ་བཟུང་གིས་བཀའ་ཁྲིའི་འོས་བསྡུའི་གྲུབ་འབྲས་ནི་ཁམས་པར་ཐོབ་ཅིང་དབུས་གཙང་ཤོར་བའི་བསམ་བློའི་ཀུན་སློང་ངན་པའི་ཤུགས་རྐྱེན་ཆེན་པོ་ཡོད་པ་ནི་ཉེན་ཁ ཆེན་པ་རེད།ཁོ་པ་ཚོའི་བྱ་སྤྱོད་ལ་ལ་བོད་མི་ཚང་མས་ཁ བརྡུང་གཏོང་ངེས་ལ།ཁོ་པ་ཚོ་ནང་བཞིན་གྱི་བསམ་བློའི་ཀུན་སློང་སུ་ལ་ཡོད་ཀྱང་ང་ཚོ་བོད་མིའི་ཆིག་སྒྲིལ་དང་ལ་རྒྱར་གཏོར་སྐྱོན་ཚབས་ཆེན་བཏང་བ་ཞིག་རེད།

  85. yum says:
    2011-04-30 at 8:00 am

    མཁས་དབང་བློ་བཟང་སེང་གེ་མཆོག་གིས་བོད་མི་ཚོར་ཕུལ་བའི་འཚམ་འདྲིའི་ཤིས་ཚིག་ལི་ཐང་འཇམ་བཟོད་ཀྱིས་བོད་སྒྱུར་བྱས་པ་རེད་དམ། བཀའ་ཁྲི་མཁས་དབང་གིས་བོད་རིགས་སྤུན་ཟླ་ཚོར་འཚམ་འདྲི་བོད་ཡིག་ཐོག་འདྲི་མ་ཤེས་གེ???

  86. གངས་དཀར། says:
    2011-04-30 at 10:24 am

    དྲ་མིང་yum ལགས།
    སྐུ་ཉིད་ནི་མིང་དོན་མཚུངས་པའི་ནད་ཡམས་རང་རེད་འདུག
    རྒྱུ་མཚན་ནི།བཙན་བྱོལ་བོད་མི་མང་རྣམས་ཀྱིས་མིང་དོན་མཚུངས་པའི་ཐོག་ནས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ནས་སྐབས་གསུམ་པའི་བཀའ་ཁྲི་དང་།སྐབས་བཅོ་ལྔ་པའི་སྤྱི་འཐུས་ཐད་ཀར་འོས་འདེམས་གནང་གཞག་པ་རྣམས་ལ་དོན་མེད་ཀུ་ཅོ་དང་རྙོག་གླིང་བཟོ་གང་ཐུབ་་བྱེད་པ་ནི།སྐུ་ཉིད་ཀྱིས་བསམ་དོན་མ་འགྲུབ་པས་རྒྱུ་མཚན་དང་པོ་དེ་ཡིན་པ་ནི་བརྗོད་མ་དགོས།གཉིས་པ་དེར་སྐུ་ཉིད་ལ་ཕྱོགས་ལྷུང་དང་རྙིང་ཞེན་ཤུགས་དྲག་གི་དྲི་མ་ངན་པ་དེ་གཙང་མ་ཞིག་དག་མེད་པས་སོ།
    དེ་འདྲ་སོང་ཙམ་སྐུ་ཉིད་ཀྱིས་སྡུག་པ་ཅན་གྱི་དྲི་ངན་དེ་རྒྱ་བོད་ཀྱི་སེམས་ཁམས་རིག་པ་མཁས་ཅན་གང་རུང་ཞིག་ལ་རྟེན་གནང་ནས།དང་པོ་གཙང་མ་ཞིག་བཟོ་གནང་རོགས་མ་གཏོགས་སྐུ་ཉིད་ཀྱི་དྲི་ངན་དེའི་ང་ཚོའི་མི་རབས་རྗེས་མ་རྣམས་ལ་བག་ཆགས་ངེན་པ་ཞིག་མི་འཇོག་པའི་ངེས་པ་མི་འདུག་པ་ལགས་ན།དེ་དོན་དགོངས་འཇག་འཚལ།
    ད་དུང་བརྗོད་འདོད་པ་ཞིག་ལ།ཐུགས་སེམས་ཡངས་པོ་གནང་མ་གཏོགས་སྙིང་ནད་ཕོག་པ་ཡིན་ན་ཉེན་ཁ་ཆེ་པོ་ཡོད་རེད་ད།

  87. འོད་ཡུག་པའི་འཁྱམས་པོ། says:
    2011-04-30 at 10:50 am

    བཀའ་ཁྲི་སུ་ཡིན་ཡང་བཀའ་བློན་གྱི་ཁྲི་ལ་འགྲན་རྩོད་སྐབས་སྐད་ཆ་ཚང་མ་བྱེད་ཀྱི་ཡིན་ཐག་ཆོད་པོས་བཤོད་ཀྱི་ཡོད་པ་རེད་དེ། དངོགས་སུ་ལམ་སྣ་ཟིན་དུས་གང་ཐུབ་བྱ་རྒྱུ་ཟེར་བ་སོགས་སྐད་ཆ་ཡོད་ཚད་རིམ་པས་འགྱུར་བཞིན་པར་བལྟས་ན་ཡག་རྟགས་རྩ་བ་ནས་མ་མཐོང་།།

  88. yum says:
    2011-04-30 at 10:53 am

    གངས་དཀར་ལགས། བོད་ཀྱི་མི་རབས་རྗེས་མ་རྣམས་མ་རབ་ཧ་ལོག་དྲི་ངན་པོ་སྐུ་ཉིད་ལྟར་ཡིན་ན། བོད་དོན་ལ་ཉེན་ཁ་ཆེ་པོ་ཡོད་རེད་ད།

  89. འོད་ཡུག་པའི་འཁྱམས་པོ། says:
    2011-04-30 at 11:05 am

    བསྟན་འཛིན་འཕགས་པར། ཆེད་སྤེལ།
    ཨ་ཡོད་ནང་གི་ད་ཡོད་། སྒོ་ངའི་ནང་གསེར་རིལ་ཟེར་བ་ལྟར་ཉེ་ལམ་ནས་ཁ་བརྡ་ཚང་གི་སྐུ་མགྲོན་གལ་ཆེ་ཤོས་རྣམས་ནི་ཁྱེད་ཀྱིས་བློ་ཁ་མ་མཚིམས་པའི་དྲ་གྲོགས་ཚོ་རེད། ཁྱེད་ཀྱིས་ཁོང་རྣམས་པར་དོན་མེད་ཀྱིས་ཡིག་ནོད་ཁྲོད་ནས་ཁོང་རྣམས་པར་འཕྱ་བ་ལས་ཁྱེད་རང་བོད་ཡིག་ཡང་དག་པ་ཞིག་སྦྱང་ན་ལེགས། ཀུན་སློང་འབད་དེ་རུལ་ཀྱང་ཨུ་ཚུགས་ཞེ་དྲག་མ་བྱེད།

  90. གངས་དཀར། says:
    2011-04-30 at 11:35 am

    ནད་ཡམས་(yum)ལགས།
    ངས་བོད་མི་རིགས་ལ་འཛིན་པས་བརྩེ་སེམས་ནི་གངས་དཀར་ལྟར་ཡིན་པ་ལས།སྐུ་ཉིད་ལྟར་བུའི་སྡུག་པ་ཅན་གྱི་དྲི་ངན་པས་ནད་ཡམས་རིགས་ནི་ནང་ཡང་ཁྱབ་སྤེལ་མི་བྱེད་རྒྱུའི་དམ་བཅའ་གཙོ་བོར་རུ་འཛིན་གྱིན་ཡོད།ཤེས་སོང་ངམ།

  91. yum says:
    2011-04-30 at 12:36 pm

    གངས་དཀར་ལགས།
    སྐབས་གསུམ་པའི་བཀའ་ཁྲི་ནི་མང་མོས་ཐོག་ནས་འོས་འདེམས་བྱུང་བ་མ་རེད། གཡོ་སྒྱུ་དང་གཡོ་ཐབས་ཨུ་ཚུགས་ཆབ་སྲིད་ངན་པས་་ཀུ་ཅོ་དང་ཁྱབ་གྲགས་ཀྱིས་བོད་མི་མང་སྐུ་ཉིད་ལྟ་བུའི་སེམས་གངས་དཀར་ནང་བཞིན་གྱི་བསམ་བློའི་ཀུན་སློང་བགྱུར་ནས་ཐོབ་པ་རེད། བཀའ་ཁྲི་ལ་འགྲན་རྩོད་སྐབས་སྐད་ཆ་ཚང་མ་བྱེད་ཀྱི་ཡིན་ཐག་ཆོད་པོས་བཤད་པ་རེད་དེ། ད་ཆ་གང་ཐུབ་བྱ་རྒྱུ་ཟེར་བ་སོགས་སྐད་ཆ་ཡོད་ཚད་རིམ་པས་འགྱུར་བཞིན་པར་བལྟས་ན་ཡང་ཡག་རྟགས་རྩ་བ་ནས་མ་མཐོང་། ཁྱེད་ཀྱང་ཧ་ལོག་ཡོད་ས་རེད་ད་ལོ།། ཧ ཧ ཧ

  92. དིང་རྡོར་ says:
    2011-04-30 at 1:01 pm

    ཉེ་བའི་ཆར་གུས་ལ་དུས་ཚོད་ཀྱི་ཁོམ་པ་མེད་ཙང་མིང་རེ་རེ་བཞིན་དང་འགྲེལ་བཤད་རེ་རེ་བཞིན་བརྒྱག་འདོད་མ་བྱུང་། འོན་ཟུར་བལྟས་ལེབ་མཐོང་ཀྱིས་ཁྱེད་རྣམས་ནས་གུས་པའི་བསམ་ཚུལ་ངོ་མ་རྟོགས་པ་དང་། ཡང་དག་གི་བསམ་ཚུལ་འདྲ་ཡོད་ན་བཀོད་རོགས་བཞུ། འབྱོར་དགའ་རྒྱལ་སོགས་དྲྭ་གྲོགས་འགའ་ཞིག་ལ་ཞུ་རྒྱུར་སྤྱི་འཐུས་མང་ཉུང་གི་བསམ་ཚུལ་ཞིག་བཀོད་ཡོད་པ་ནི་ངས་ཀྱང་རང་ཉིད་ལ་དག་པའི་མང་གཙོའི་ཁེ་དབང་ལོངས་སྤྱོད་བྱས་པ་རང་ཡིན། གང་ཡིན་ཟེར་ན་བཙན་བྱོལ་ཁྲིམས་སྒྲིག་ནང་གསལ་ལ་སྤྱི་འཐུས་འགའ་ཞིག་ལ་མི་གྲངས་༣༠༠ཙམ་ལས་མེད་ཀྱང་སྤྱི་འཐུས་བྱེད་ཆོག་པ་མ་ཟད་དབང་ཆ་དང་ཐོབ་ཐང་ཧ་ལམ་འདྲ་མཉམ་རེད།འགའ་ཞིག་ལ་འོས་གྲངས་བདུན་སྟོང་བརྒྱད་སྟོང་ལ་སླེབས་ཀྱང་སྤྱི་འཐུས་སུ་སླེབས་ཐུབ་ཀྱི་མིན་འདུག བྱས་ཙང་དེའི་ཐོག་ལ་འགྱུར་བ་ཞིག་གཏོང་དགོས་པ་ནི་དངོས་ཡོད་རེད། ཁྱེད་ཚོས་བོད་ཆོལ་ཁ་གསུམ་ནས་བདམས་པའི་བསྒྲུབ་བྱེད་ཙམ་བཀོད་ཀྱང་། དོན་དངོས་སུ་འོས་བླུགས་མཁན་ནི་བཙན་བྱོལ་རང་དུ་ཡོད་པའི་བོད་མི་མ་གཏོགས་མེད་ཙང་། འོས་བླུགས་དུས་ཀྱང་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པར་བཙན་བྱོལ་དུ་ཡོད་པ་སྤྱི་བྱིང་ནས་བརྒྱ་ཆ་བརྩེ་གཏོགས་སྤྱི་འཐུས་སུ་སླེབས་དགོས་ཀྱི་རེད། དེ་མིན་འོས་གྲངས་ཉིས་བརྒྱ་སུམ་བརྒྱ་ཙམ་ཡོད་པའི་སྤྱི་འཐུས་ཞིག་གི་ཀྱང་། སྤྱི་འཐུས་གཞན་དང་སྤྱི་མཚུངས་ཀྱི་ཐོབ་ཐང་ལེན་པ་ཞིན་ན་དེས་མི་མང་གི་སྐུ་ཚབ་བྱེད་ཐུབ་བམ། བསམ་བློ་བཏང་ནས་མཆན་བཀོད་རོགས། བླུན་པོ་ཆུས་སྣ་གར་འཁྲིད་བཞིན་སྔར་གང་ཡིན་པ་དེ་རང་ལ་ཕྱིན་བསྡད་ན་ནམ་ཡང་བརྗེ་ལུས་རེད་ལ་ཡར་ཐོན་གྱི་བསམ་བློ་མེད། ཁྲིམས་དང་སྒྲིག་གཞི་མིའི་བཟོས་པ་ཞིག་ཡིན་ཅང་། མི་སྒྲིག་ས་ནས་འགྱུར་བ་གཏོང་དགོས་ཀྱི་རེད། རང་ཉིད་ཞྭ་ར་དང་འོན་པ་མིན་ཙང་བསམ་བློ་བཏང་ནས་མཆན་བཀོད་རྒྱུ་ནི་ངའི་རེ་བ་ཡིན།

  93. དིང་རྡོར་ says:
    2011-04-30 at 1:02 pm

    འོ་ཡ་བརྡ་དག་ནོར་འཁྲུལ་ཡོད་ན་བཟོད་སྲོལ་ཞུ། ཤར་མར་བྲིས་པར་སོང་དག་བཅོས་བྱ་ཁོམ་བྱུང་མ་སོང་། རྗེས་སུ་འཇལ་ཡོང་

  94. yum says:
    2011-04-30 at 5:24 pm

    བཙན་བྱོལ་བོད་མི་ ༡༢༧༠༠༠ ཙམ་ནས་འོས་གྲངས་ ༢༧༠༥༡ གི་བཀའ་ཁྲི་ཉོབ་ཡ་རང་རེད། བཀའ་ཁྲི་འདི་འདྲ་ལས་མེད་ཚེ། རེ་བ་རྫོགས་པ་རེད། རེ་སྟོང་རེད་འདུག དངོས་གནས་ཧ་ལོག་རེད།།

  95. ལ་རྒྱའི་བདག་པོ། says:
    2011-04-30 at 10:18 pm

    དྲ་གྲོགས་ཚོར་སྐུ་ཁམས་བཟང་།
    ད་རྙོག་གླེང་གཞན་པ་ཕཪ་དོར་ནས་བཀའ་སྤྱིའི་འོས་འདུའི་གྲུབ་འབྲས་ཀྱི་སྐོར་ལ་ས་གནས་སོ་སོའི་འོས་ཤོག་མང་ཉུང་དང་།ས་གནས་གང་དང་གང་ནས་འོས་མིར་སུར་རྒྱབ་སྐྱོར་མང་བ་ཡོད་མེད།མི་རབས་ཆེ་མ་གསུམ་དང་།ས་གནས་དང་ལུང་ཚན་གང་ནས་འོས་མི་སུར་རྒྱབ་སྐྱོར་མང་བ་ཡོད་མེད།ལྷག་པར་བཀའ་ཁྲིའི་འོས་མི་གསུམ་གྱི་འོས་འདུའི་གྲུབ་འབྲས་སྤྱི་དང་།ཡང་སྒོས་འོས་མི་གསུམ་པོ་སོ་སོར་འོས་གྲངས་མང་ཉུང་ཇི་ལྟར་འགྲོ་ཚུལ་དང་།ཅིའི་ཕྱིར་འགྲོ་ཚུལ།མ་འོངས་པར་སྔོན་འགོག་གི་གྲྭ་སྒྲིག་གང་འདྲ་བྱེད་དགོས་ས་རེད་དམ་དེའི་ཕྱོགས་ལ་དགོངས་ཚུལ་བགྲོ་གླེང་གནང་ན་དགེ་མཚན་མཐོང་།

  96. ལ་རྒྱའི་བདག་པོ། says:
    2011-04-30 at 10:43 pm

    ད་རེས་བཀའ་ཁྲིའི་འོས་མི་གསུམ་གྱི་འོས་འདུའི་གྲུབ་འབྲས་ཀྱི་སྐོར་ལ་ཅུང་ཟད་བརྗོད་ན།
    དང་པོ།འབུམ་རམས་པ་བློ་བཟང་སེང་གེ་ལགས་སུ་རྩེ་ཕུད་ཀྱི་འོས་མང་ཤོས་ཐོབ་པའི་རྒྱུ་མཚན་ནི།
    ༡༽གདན་ས་གསུམ་དང་རྣམ་གྲོལ་གླིང་སོགས་ཁམས་རིགས་ཀྱི་གྲྭ་གྲངས་སྟོང་ཕྲག་བཅུ་ནས་བཅོ་ལྔའི་བར་ཡོད་པ་རྣམས་ཀྱིས་བརྒྱ་ཆ་གོ་དགུས་བློ་བཟང་སེང་གེ་ལགས་སུ་ཡིན་ཤག་ཤག་གི་འོས་བླུགས་པ།
    ༢༽བཙན་བྱོལ་སྤྱི་ཚོགས་ནང་ཕ་ཡུལ་གཅིག་པའི་བསམ་བློའི་འདུ་ཤེས་ཟབ་པའི་ཁམས་རིགས་བརྒྱ་ཆ་གོ་དགུས་སྔར་དང་མི་འདྲ་བར་འབུམ་རམས་པའི་ཆེད་དུ་སེམས་ཤུགས་ཆེན་པོས་དེབ་སྐྱེལ་བྱས་ནས་ཁོང་ལ་ཡིན་ཤག་ཤག་འོས་བླུགས་པ།
    ༣༽ཀླུ་མཁར་འབྱམས་དང་བག་གྲོ་ལྟ་བུའི་ཨ་མདོ་བ་དང་དབུས་གཙང་པ་གཞོན་སྐྱེས་མི་ཉུང་བ་ཞིག་གིས་སེམས་ཤུགས་ཆེན་པོ་དང་རང་ནུས་ཡོད་རྒུས་འབུམ་རམས་པ་ལ་འོས་ཐོབ་རྒྱུའི་ནུས་པ་བཏོན་པ།
    ༤༽མི་རྒན་བཀྲིས་དབང་འདུས་ལགས་ཀྱིས་གློ་བུར་དུ་འཚང་འཛུལ་གྱིས་བཀྲས་མཐོང་གི་འོས་ཤོག་ལ་གཏོར་བཤིག་ཚབས་ཆེན་ཐེབས་འདུག་དེ་ཡང་མི་མང་པོ་ཞིག་གིས་བཀྲིས་དབང་འདུས་དང་བཀྲས་མཐོང་གཉིས་ལ་འོས་ཐོབ་ས་མ་རེད།དེ་བས་འབུམ་རམས་པར་བླུགས་ན་ཐོབ་རྒྱུའི་རེ་བ་ཆེ་བ་འདུག་བསམ་མཁན་མང་པོ་བྱུང་འདུག
    ༥༽འབུམ་རམས་པ་མཆོག་གི་སློབ་གནས་ལག་འཁྱེར་དེ་སྔ་ཕན་བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཁྱད་ནུས་དེས་འོས་ཐོབ་རྒྱུར་དགེ་མཚན་ཆེན་པོ་བྱུང་འདུག
    ༦༽འབུམ་རམས་པ་མཆོག་གི་གཏམ་བཤད་ཀྱི་ངག་རྩལ་དེས་མི་རྣམས་ཡིད་དབང་འཕྲོག་ཤུགས་ཆེ་བས་ཁོང་གི་གཏམ་བཤད་ཐོག་མར་ཉན་མཁན་ཞིག་ཡིན་ཕྱིན་སེམས་སྐུལ་མི་ཐེབས་ཅི་ལ་སྲིད།རྒྱུ་མཚན་དེ་དག་ལ་བརྟེན་ནས་འབུམ་རམས་པ་མཆོག་ལ་དེ་རིང་འོས་འདུའི་གྲུབ་འབྲས་ཀྱི་རྒྱལ་ཁ་ཆེན་པོ་ཐོབ་པ་རེད།རྒྱལ་ཁ་དེ་ནི་ང་ཚོ་བོད་མི་ཚང་མས་ཁས་ལེན་དགོས་ལ་བརྩི་བཀུར་ཡང་ཞུ་དགོས།
    གཉིས་པ།ཉེ་བའི་ཟླ་ཤས་ཀྱི་རྗེས་ནས་བཀའ་ཁྲིའི་དམ་བཅའ་ཕུལ་བའི་ཉིན་མོའདི་ནས་ཁོང་ནི་ང་ཚོའི་ཁྲིམས་མཐུན་གྱི་དབུ་ཁྲིད་མཐོ་ཤོས་གཅིག་པོ་དེ་ཡིན་པས་བོད་མི་སྤྱི་བོ་གནམ་བསྟན་ཚང་མས་ཁོང་ལ་དོན་མེད་ཀྱི་སྒྲོ་བསྐུར་མ་བྱས་ན་བཟང་།ཉི་མ་དེ་ནས་ཁོང་ནི་དེ་སྔའི་བློ་སེང་མིན་ཞིང་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཆགས་རྒྱུའི་རེ་བ་བྱེད་དགོས།
    གསུམ་པ།འོན་ཀྱང་ང་ཚོ་ཚང་མས་བཀའ་ཤག་གསར་པའི་སྲིད་བྱུས་དང་ལས་དོན་བྱེད་ཕྱོགས་ལ་ལྟ་ཞིབ་དང་བསམ་ཚུལ་བརྗོད་དགོས།མ་ཟད་ཐལ་ཆེའི་གནས་ཚུལ་རིགས་དུས་ཐོག་བཀོད་སྤེལ་ཐུབ་ན་དགེ་མཚན་ཆེའོ།

  97. ལྷ་སྨོན་པ། says:
    2011-05-01 at 2:37 am

    ལ་རྒྱའི་བདག་པོ་ལགས་ཀྱི་གླེང་སྟངས་དེ་ཕྱོགས་གཅིག་ནས་བཤད་ན་འདྲ་པོ་འདུག འོན་ཀྱང་ཞིབ་ཏུ་བལྟས་ན་དེ་ཡང་གཏན་ནས་མ་རེད། ལོ་འདིར་མདོ་སྟོད་ཆོལ་ཁའི་ཁོངས་སུ་དངོས་སུ་འོས་བླུགས་མཁན་མི་གྲངས་༡༣༦༣༠ ལྷག་གིས་དངོས་སུ་བླུགས་ཡོད་པ་རེད། དེ་དག་གི་ནང་ནས་མདོ་སྟོད་ཚང་མས་བློ་བཟང་སེང་གེ་འོས་ཤོག་བླུགས་མི་སྲིད་པ་ཕྱོགས་གང་ནས་བལྟས་ཀྱང་གསལ་པོ་རེད། ཁྱེད་ཀྱིས་སྦིར་སྡེ་དགེ་གཞིས་ཆགས་ཀྱི་བཀའ་ཁྲིའི་འོས་གྲངས་ཞིབ་འཇུག་ཅིག་གྱིས་དང་དེ་ནས་གསལ་པོ་ཤེས་ཐུབ།

    བཀྲ་ཤིས་དབང་འདུས་ཀྱིས་བསྟན་འཛིན་རྣམ་རྒྱལ་གྱིས་འོས་གཏོར་མི་ཐུབ་པ་ཁོ་རང་གི་འོས་གྲངས་དང་བསྟན་འཛིན་རྣམ་རྒྱལ་གཉིས་ཀྱི་འོས་གྲངས་བསྡོམས་ཀྱང་། དུང་འོས་གྲངས་སྟོང་ཕྲག་ལྔ་ལྷག་བློ་བཟང་སེང་གེའི་འོས་གྲངས་ཀྱི་རྗེས་ཟིན་མེད་པ་འདིའི་ཐོག་ནས་ཧ་ཅང་གསལ་པོ་རེད། འོན་ཀྱང་ད་དུང་ཨུ་ཚུགས་མཐར་སྐྱེལ་གྱིས་བཀྲ་ཤིས་དབང་འདུས་ཀྱིས་གནོད་པ་རེད་ཟེར་ན་བཤད་རྒྱུ་གང་ཡང་མེད།

    ཁས་ལེན་བྱེད་ཐུབ་པའི་གནས་ལུགས་ཁ་ཤས་བཀོད་ཡོད་པ་ནི། བློ་བཟང་སེང་གེའི་ལག་ཁྱེར་དང་། ངག་རྩལ་སོགས་ལ་བརྟེན་ནས་ཡིན་རབས་བཤད་པ་དེ་བདེན་པ་རེད། སྐུ་ངོ་བཀྲས་མཐོང་ལ་སྐུར་འདེབས་དང་སྐྱོན་བརྗོད་བྱེད་དགོས་དོན་གང་ཡང་མེད་མོད། ལག་ཁྱེར་ཐོག་ནས་བཤད་ན་འཛིན་གྲྭ་བཅུ་གཉིས་ཐོན་ལ་མ་ཐོན་ལ་ལྟ་བུ་ལས་མེད་པས། ད་ལྟའི་དུས་འདིར་གནད་དོན་འདི་འདྲ་ལ་མི་མང་གིས་བསམ་བློ་གཏོང་གི་ཡོད་ན་ཡག་པོ་རེད།

    ད་དུང་ཁྱེད་ཀྱིས་བཙན་བྱོལ་ནང་ཕ་ཡུལ་གཅིག་པའི་འདུ་ཤེས་ཟབ་པའི་ཁམས་པ་ཞེས་པ་ལྟ་བུ་ཞིག་བྲིས་འདུག་པ་ནི། སྤྱི་ཚོགས་ཀྱི་གནས་སྟངས་གཏན་ནས་མི་ཤེས་པའི་སྐད་ཆ་ཞིག་རེད། བཙན་བྱོལ་ནང་ཆུ་སྒང་གསར་རྙིང་ཟེར་བའི་རྩོད་རྙོག་དང་། ལྡི་ལི་ཆུ་སྒང་གཅིག་པོའི་ནང་ལོགས་ཀྱི་རྙོག་གྲ་སོགས་ཁམས་པ་རྣམས་ཁ་འཐོར་དགུ་འཐོར་དུ་བཏང་ཡོད་པ་ལས། ཁམས་པ་རྡོག་རྩ་གཅིག་སྒྲིལ་ཡིན་པའི་བསམ་ཚུལ་སྤེལ་བ་དེ་ཕྱོགས་ཙམ་དུའང་མ་སླེབས་པའི་བསམ་ཚུལ་ཞིག་རེད།

    མཐའ་དོན་ཚང་མ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་དུས་ལ་བབ་ཡོད་པ་དང་བསམ་ཚུལ་རྣམས་ཀྱང་རང་བཞིན་མི་འདྲ་བ་ཡོད་ཀྱང་། རྩ་དོན་ཐོག་འདུ་ཤེས་གཅིག་གི་ཐོག་ནས་བསྐྱོད་དགོས་པ་དེ་གལ་ཆེན་པོ་རེད་སྙམ།

    དིང་རྡོར་གྱིས་ང་ལ་གསལ་བཤད་ལྟ་བུ་ཞིག་བྲིས་འདུག་སྟེ། དེ་ངས་མགོ་ཚོས་མ་སོང་། ངས་དབུས་གཙང་ལ་སྤྱི་འཐུས་འོས་པའི་མི་བཅུ་ཡོད་པ་མ་རེད་ཅེས་ཟུར་ཙམ་ཡང་བརྗོད་མེད། འོན་ཀྱང་མི་བཅུ་ཡོད་པ་དེའི་ས་མིག་ཀྱང་མ་བསྐངས་པར་ཁྱེད་ཀྱིས་དེ་ལས་མང་ཞིག་དགོས་པའི་བསམ་ཚུལ་བཤད་ན་གནས་སྐབས་རན་འཚམས་མི་འདུག་ཅེས་བརྗོད་པ་ཡིན།

    གང་འོས་གྲངས་༥༠ ཙམ་གྱིས་སྤྱི་འཐུས་ཆགས་པ་དང་། འོས་གྲངས་༧༠༠༠ ལྷག་གིས་བརྒྱ་ཆ་མི་ལོངས་པའི་བསམ་ཚུལ་བརྗོད་པ་དེ་བདེན་པ་ལྟ་བུ་འདུག་ཀྱང་། དེ་ཁྲིམས་སུ་བཅས་པ་ཞིག་ཡིན་སྟབས་གནས་སྐབས་གླན་ཀ་འཚོལ་ཐུབ་པ་ཞིག་མ་རེད།

    མདོར་བསྡུས་ན་སྤྱི་འཐུས་སྐབས་བཅུ་གཅིག་པའི་སྐབས་སུ་དབུས་གཙང་གི་འོས་གྲངས་མང་ཤོས་༡༧༠༠༠ གི་སྒང་ལ་ཡིན་པ་དང་། སྐབས་བཅུ་གཉིས་པའི་སྐབས་ལ་འོས་གྲངས་མཐོ་ཤོས་༡༦༠༠༠ གི་སྒང་ལ་རེད། དེ་ནས་མི་གྲངས་འཕར་བཞིན་འཕར་བཞིན་འོས་གྲངས་ཉུང་དུང་ཉུང་དུ་སོང་བ་རེད། ལོ་འདིར་འོས་གྲངས་མང་ཤོས་ལ་༡༣༠༠༠ ལྷག་ཡིན་པ་འདིའི་ཐོག་ནས་བསམ་བློ་བཏང་ན། དབུས་གཙང་གིས་འོས་ཤོག་བླུག་སྟངས་ལ་ཏན་ཏན་དཀའ་ངལ་ཞིག་འདུག དཀའ་ངལ་དེ་སེལ་ཐུབ་པའི་ཐོག་ནས་བར་མའི་འོས་བསྡུའི་སྐབས་བརྒྱ་ཆ་ལོངས་པ་ཞིག་སླེབས་ཐུབ་པའི་རེ་བ་ཡོད།

  98. yum says:
    2011-05-01 at 5:02 am

    དེབ་སྐྱེལ་བྱེད་མཁན་ ༨༣༣༩༩ བྱུང་ཡོད་ཀྱང་། དངོས་གཞི་འོས་བསྡུར་ཆ་ཤས་ལེན་མཁན་ ༤༩༡༨༤ ཙམ་ལས་བྱུངམེད་པ་བདེན་དཀའ།

    ཐེངས་འདིའི་འོས་བསྡུའི་གསང་བ་ཕྱིར་ཤོར་གྱི་འགལ་ཚབ་ཆེན་པོའི་འོག་དབུས་འོས་བསྡུའི་འགན་འཛིན་གསུམ་གྱིས་བཀའ་ཤག་སྐབས་གསུམ་པ་དང་སྤྱི་འཐུས་སྐབས་བཅོ་ལྔ་བའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་པ་དེ་ནི་ཁྲིམས་འགལ་རེད།

    བཀའ་ཁྲིའི་འོས་མི་གསུམ་པོ་སོ་སོར་འོས་གྲངས་མང་ཉུང་ཇི་ལྟར་ས་གནས་སོ་སོའི་འོས་ཤོག་མང་ཉུང་དང་། ས་གནས་གང་དང་གང་ནས་འོས་མིར་སུར་རྒྱབ་སྐྱོར་མང་བ་ཡོད་མེད། བོད་གཞུང་ཁྲིམས་ཁང་ནས་སྐྱར་ཞིབ་བྱེད་དགོས།

  99. yum says:
    2011-05-01 at 5:25 am

    ཐེངས་འདིའི་འོས་བསྡུའི་གསང་བ་ཕྱིར་ཤོར་གྱི་དྲ་དེབ་འདོན་སྤེལ། ༢༠༡༡/༠༤/༡༧ །:
    http://www.tibettimes.net/blogs.php?id=266&post_id=14820

  100. དིང་རྡོར། says:
    2011-05-01 at 7:06 am

    ལྷ་སྨྱོན་པ། ངས་སྤྱིར་བསྒྱུར་བཅོས་གཏོང་དགོས་པའི་བསམ་ཚུལ་ལས་དབུས་གཙང་ལ་སྤྱི་འཐུས་མང་དུ་གཏོང་དགོས་པའི་བསམ་ཚུལ་གཅིག་ཀྱང་བཀོད་མེད། ཞྭ་ར་མིན་ན་ཡག་པོ་བྱས་ནས་ཡི་གེ་ཀློག། སྤྱི་འཐུས་མང་ཉུང་གི་སྐད་ཆ་བཤད་ཡོད་པ་དེ་དབུས་གཙང་ལ་སྤྱི་འཐུས་མང་དུ་གཏོང་དགོས་པའི་སྐད་ཆ་མ་རེད། བོད་པའི་མང་གཙོའི་ལམ་སྲོལ་ལྟར་ན། མི་ཁ་ཤས་ལ་འོས་གྲངས་བརྒྱྱད་སྟོང་ལས་བརྒལ་ཀྱང་སྤྱི་འཐུས་གྲོས་ཚོགས་སུ་སླེབས་མི་ཐུབ་པ་དང་། མི་ཁ་ཤས་ལ་འོས་གྲངས་སུམ་བརྒྱ་བཞི་བརྒྱ་ལས་མེད་ཀྱང་། སྤྱི་འཐུས་སུ་སླེབས་ཐུབ་ཀྱི་འདུག འོས་བླུགས་མཁན་ནི་བོད་པ་གཙང་མ་རེད་ལ། འོས་མི་ཡང་བོད་མི་གཙང་མ་ཡིན་པར་བརྟེན་འོས་གྲངས་རྩེ་གྲས་རྣམས་སྤྱི་འཐུས་སུ་སླེབས་དགོས་པའི་བསམ་ཚུལ་དང་། སྐབས་རྗེས་མའི་འོས་བསྡུའི་སྐབས་འགྱྲུར་བ་གཏོང་དགོས་ལུགས་འབོད་བསྐུལ་ཙམ་ཞུས་ཡོད། མང་གཙོའི་རྒྱལ་ཁབ་ཁ་ཤས་ནང་མི་རིགས་མི་འདྲ་བ་ཡང་ཁ་ཤས་ཡོད་པ་རེད། འོན་ཀྱང་འོས་བསྡུའི་སྐབས་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བའི་འགྲན་རྩོད་ཙམ་ལས། མི་རིགས་འདིའི་སྤྱི་འཐུས་དང་། ཆོས་ལུགས་འདིའི་སྤྱི་འཐུས་ཡིན་ཟེར་ནས་དབྱེད་འབྱེད་མེད་རེད། 
    མང་གཙོ་ཞེས་གྲངས་འབོར་མང་ཉུང་གི་ཆ་ནས་མང་བ་དེ་གཙོ་ཆེ་བར་འཛིན་དགོས་པ་ལས་དེ་ལ་གཞན་གྱི་འགྲེལ་བཤད་ཡོ་མ་རེད། ཨ་རོགས

  101. དིང་རྡོར་ says:
    2011-05-01 at 7:35 am

    ད་དུང་གང་ཞིག་ཀྱང་རང་ཆས་སུ་གྲུབ་པ་ཞིག་མིན་སྟབས་བསྒྱུར་བཅོས་གཏོང་དགོས་སར་བཏང་ནས་དུས་རབས་ཀྱི་རྗེས་དང་མཐུན་པ་བསྐྱོད་དགོས་ཚོད་རེད། 

  102. མེ་ཏོག་དཀར་པོ། says:
    2011-05-01 at 8:39 am

    yam ཁྱེད་རང་དེ་ཙམ་ཧ་ལས་མདོག་མ་གནང་། ང་ཡང་བཀྲས་མཐོང་ལ་འོས་ཤོག་འཕེན་མཁན་གྲས་ཡིན། ད་ཆ་མང་མོས་ཐོག་བློ་བཟང་སེང་གེ་ཁོང་བཀའ་ཁྲིར་ཕེབས་ཟིན་པ་རེད། ངས་ནི་སྔ་ཕྱི་མང་པོ་ཞིག་ལ་བསམ་བློ་གཏོང་སྟེ་ཁོང་ལ་འཚམས་འབྲི་དང་རྒྱབ་སྐྱོར་རེ་བ་བྱེད་གིན་ཡོད་ལ་ཉིད་ནས་ཀྱང་དེ་ལྟར་གནང་ན་ཡག་གི་རེད། དབུས་གཙང་སོགས་འོས་མང་ཉུང་གི་ཉག་ཉོག་མང་པོ་བཤད་ནས་ཅི་ཕན། སྤྱི་ཚོགས་རེ་རེ་ལ་ལམ་དང་ལུགས་སྲོལ་རེ་རེ་ཡོད་རེད། བཙན་བྱོལ་བོད་མི་ ༡༢༧༠༠༠ ཙམ་ནས་འོས་གྲངས་ ༢༧༠༥༡ གི་བཀའ་ཁྲི་ལ་ཉོབ་ཡ་གང་ཡོད། དེས་ཉོབ་ན་ལོ་བཅུའི་གོང་ནས་ཉོབ་ཟིན་པ་རེད། དེབ་སྐྱེལ་བྱེད་མཁན་ ༨༣༣༩༩ བྱུང་ཡོད་ཀྱང་། དངོས་གཞི་འོས་བསྡུར་ཆ་ཤས་ལེན་མཁན་ ༤༩༡༨༤ ཙམ་ལས་བྱུངམེད་པ་བདེན་དཀའ་ན་ད་སུས་བཤད་པ་ལ་ཡིད་ཆེས་བྱེད། རང་ས་ལ་མི་བཞག གཞན་ས་ལ་རང་བསྡད་ནས་ཐུགས་བསམ་བཞེས།

  103. yum says:
    2011-05-01 at 10:06 am

    མེ་ཏོག་དཀར་པོ་ལགས། མང་གཙོའི་ཀ་བ་ཁྲིམས་ཁང་ནས་སྐྱར་ཞིབ་བྱེད་ཐུབ། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགའ་ཅི་ཞིག་ཡོད།། གསུངས་བ་ནང་བཞིན་དབུས་འོས་བསྡུའི་འགན་འཛིན་དེ་བཅོས་ན་ཕན་ནི་རེད། སྐབས་རྗེས་མའི་འོས་བསྡུའི་སྐབས་ལམ་ལུགས་གཙང་མ་དགོས་རེད། དེབ་སྐྱེལ་བྱེད་མཁན་ ༨༣༣༩༩ བྱུང་ཡོད་ཀྱང་། དངོས་གཞི་འོས་བསྡུར་ཆ་ཤས་ལེན་མཁན་ ༤༩༡༨༤ ཙམ་ལས་བྱུངམེད་པ་ལ་ཉོབ། ཧ་ལས། བདེན་དཀའ་ནས་འོས་གྲངས་ ༢༧༠༥༡ གི་བཀའ་ཁྲི་ལ་ཡང་ཉོབ་སོང་། བཀྲ་ཤིས་བདེ་ལེགས། བོད། བོད། བོད།

  104. མེ་ཏོག་དཀར་པོ། says:
    2011-05-01 at 11:30 am

    མི་མང་བས་སྤྱི་འཐུས་མང་བ་དགོས་ན་མདོ་སྨད་ལ་ ༡༠ མདོ་སྟོད་ལ་ ༡༥ དབུས་གཙང་ལ་ ༢༠ དགེ་ལུགས་ ༤ རྙིང་མ་ ༣ ས་བཀའ་ལ་རེ་རེ། བོན་པོ་ལ་ཕྱེད། སོགས་རེད།
    ཀི་ཀི་སྭ་སྭ་ལྷ་རྒྱལ་ལོ།།
    གོང་གི་ལུང་དེ་ཁྱེད་རང་གིས་ཉར་རོགས།
    བདེན་པ་ཉིད་རྒྱལ་གྱུར་ཅིག

  105. ལ་རྒྱའི་བདག་པོ། says:
    2011-05-01 at 6:04 pm

    དྲ་གྲོགས་ལྷ་སྨོན་པ་ལགས་སྐུ་ཁམས་བཟང་།
    སྐུ་ཉིད་ཀྱིས་མདོ་སྟོད་ཀྱི་འོས་ཤོག་བླུགས་མཁན་ཁ་གསལ་གསལ་ཐིང་ཐིང་གསུངས་སྟངས་ལ་གཞིགས་ན་འོས་འདུའི་གྲུབ་འབྲས་ཀྱི་གསང་བ་ཕྱིར་གྱར་གནང་མཁན་གྱི་གྲས་མིན་ནམ་སྙམ།གལ་ཏེ་ཡིན་ན་འོས་འདུའི་སྒྲིག་གཞི་དང་འགལ་བས་ཁྱེད་བདེ་སྲུང་ལས་ཁུངས་ཀྱིས་འཛིན་བཟུང་བཙོན་བཅུག་བྱེད་རྒྱུར་ཐེར་འདོན་བྱ་རྒྱུ་ཡིན།ཨ་རྩི་ཀུ་རེ་ཞུས།རྗེས་སུ་འོས་འདུའི་གྲུབ་འབྲས་ཀྱི་བཅས་ཀྱི་སྐོར་བགྲོ་གླེང་ཞུ་རྒྱུ་ཡིན།ད་ཆ་ལས་བྲེལ་གྱིས་རྐྱེན་པས་དུས་ཁོམ་མ་བྱུང་བས་དགོངས་འགལ་མེད་པ་ཞུ།

  106. ལྷ་སྨོན་པ། says:
    2011-05-02 at 2:05 am

    དིར་རྡོར་ལགས་ཀྱི་ཨུ་ཚུགས་ལ་ཡིད་མགུ་སོང་། དངོས་གནས་ཡག་པོ་འདུག འོན་ཀྱང་ངས་བཤད་པ་དེ་མང་ཉུང་དགོས་དང་མི་དགོས་ཀྱི་བསམ་ཚུལ་དེ་ད་དུང་གཡུགས་ཤོག དང་པོ་བཅུ་དེ་ཡང་ཁྲིམས་སྒྲིག་གི་དགོངས་དོན་དང་མཐུན་པ་ཞིག་བདམ་ཐུབ་མེད་པ་དེ་རེད། དེར་བརྟེན་དབུས་གཙང་མི་མང་ལ་གཞེན་སྐུལ་ཞུས་ནས་བསྐྱར་དུ་འོས་འདེམས་སྐབས་མི་གཉིས་དེ་བརྒྱ་ཆ་ལོན་པ་ཞིག་གནང་རོགས་ཞུ་བཞིན་ཡོད། དེ་ཙམ་ཡིན།

    ངའི་མིག་ལོང་མེད་ལ། ཨ་མཆོག་ཀྱང་འོན་མེད། གསལ་ཐང་ཐང་ཡིན། འོས་ཤོག་བླུག་མཁན་ཡོངས་གྲགས་ཀྱིས་གསལ་བསྒྲགས་བྱས་ཟིན་པས་དེ་ལ་གསང་བ་ག་རེ་ཡོད། སྤྱིར་འོས་བསྡུའི་གྲུབ་འབྲས་གསང་བ་བྱེད་དགོས་ཞེས་ཁྲིམས་སྒྲིག་གང་གི་ནང་དུའང་གསལ་ཡོད་པ་མ་རེད། འདི་དག་ཚང་མ་མགོ་མ་ཚོས་པའི་བཤད་ཡམས་ཙམ་ཞིག་རེད།

    དེབ་སྐྱེལ་བྱེད་མཁན་གྱི་གྲངས་དང་དངོས་སུ་འོས་བླུག་མཁན་གྱི་ཧེ་བག་ཐོག་ལ་ང་ལའང་དོགས་པ་ཡོད། རྒྱུ་མཚན་ནི་སྔོན་མ་དེབ་འགོད་ཟིན་པ་ཞིག་གིས་བསྐྱར་དུ་དེབ་འགོད་བྱེད་མི་དགོས་པ་དང་། དཔེར་ན་རྡ་རམ་ས་ལ་ལྟ་བུར་མཚོན་ན་དེབ་འགོད་བྱེད་མཁན་མང་ཤོས་ཀྱི་གྲས་ཤིག་རེད། འོན་ཀྱང་ལོ་བཅུའི་སྔོན་གྱི་གནས་སྟངས་དང་བསྡུར་ན་མི་མང་པོ་ཞིག་ས་གནས་གཞན་དང་གཞན་དུ་སོང་ཟིན་པ་རེད། ཕྱི་རྒྱལ་ཁག་དང་། བོད་ནང་། ས་གནས་གཞན་དུ་སོང་བ་མང་པོ་རེད། འོན་ཀྱང་རྡ་སར་བོད་མིའི་མི་འབོར་སྔོན་མ་ལས་ད་ལྟ་མང་བ་ཡོད་པ་རེད། དེར་བརྟེན་སྔོན་མའི་དེབ་འགོད་དེ་དག་མ་དེབ་ནང་ཡོད་པ་དང་། རྗེས་སུ་རྡ་སར་སླེབས་པ་རྣམས་ཀྱང་མ་དེབ་ནང་གསར་དུ་བཀོད་ཡོད་པས་གྲངས་ཀ་ཉིས་རྡབ་ཆགས་ཡོད་པའི་ཉེན་ཁ་འདུག འོན་ཀྱང་གསལ་པོ་བཤད་ཀྱི་མེད།

    དཔེར་ན་བྱང་ཨ་རིའི་ཁུལ་ནས་དེབ་འགོད་བྱས་པའི་བརྒྱ་ཆ་༧༠ ཙམ་གྱིས་འོས་ཤོག་བླུག་ཡོད་པའི་སྐད་ཆ་འདུག ངའི་བསམ་ཚུལ་ལ་ཨ་རིའི་ཁུལ་ལས་རྒྱ་གར་དུ་ཆ་ཤས་མང་བ་བླངས་ཡོད་ཀྱང་། དོན་དངོས་འོས་བསྡུ་ལས་ཁང་གི་གསལ་བསྒྲགས་ནང་བརྒྱ་ཆ་༥༨ རེད། དེ་ཅུང་ཡིད་ཆེས་མི་ཐུབ་པ་ཞིག་རེད། ཨ་རི་ལ་མཚོན་ན་སླེབས་ཟིན་པའི་རྗེས་སུ་ས་གནས་གཞན་དུ་འགྲོ་མཁན་ཧ་ཅང་ཉུང་ཉུང་རེད། སླེབས་ཡོད་ཀྱང་རང་བཙན་ལག་དེབ་མེད་པ་དང་། འོས་བསྡུའི་དེབ་འགོད་མི་བྱེད་པ་མང་པོ་ཡོད་ཀྱང་། གང་ལྟར་ཨ་རི་ནས་ཆ་ཤས་མང་བ་བླངས་པ་དང་། རྒྱ་གར་ནས་ཉུང་བ་བླངས་པ་དེས་དེབ་འགོད་ཀྱི་ཁ་གྲངས་དེ་ཏག་ཏག་ཡིན་མིན་གྱི་དོགས་པ་ཞིག་བསླངས་པ་རེད།

  107. ལ་རྒྱའི་བདག་པོ། says:
    2011-05-02 at 5:13 pm

    དྲ་གྲོགས་ལྷ་སྨོན་པ་ཁམས་བཟང་།
    སྐུ་ཉིད་ཀྱིས་ངའི་མཆན་བུར་ཞིབ་ཚགས་གཟིགས་རྗེས་དགག་སྒྲུབ་གནང་ན་ཐལ་ཆ་ཆུང་བ་ཡོད།དེ་མིན་ཁྱེད་ཀྱི་དགག་སྒྲུབ་བྱས་ཀྱང་གནད་ལ་བསྣུན་མི་ཐུབ།དཔེར་ན།
    ༡༽ངའི་མཆན་བུའི་ནང་མདོ་སྟོད་ཚང་མས་ཞེས་བྲིས་མེད་པས་ངའི་མཆན་ནང་དོན་ཇི་བཞིན་ལ་དགག་སྒྲུབ་མ་བྱས་ན་གོ་ནོར་ཐེབས་ཉེན་ཆེ།

    ༢༽བཀྲིས་དབང་འདུས་ཀྱིས་བཀྲས་མཐོང་གི་འོས་གཏོར་སྟངས་དེ་ད་ལྟ་ཁོ་རང་ལ་ཐོབ་པའི་སུམ་སྟོང་དེས་ཚད་ཀྱི་མ་རེད།གང་ཡིན་ཟེར་ན།མིའི་སེམས་ཁམས་འགྲོ་སྟངས་ལ་བསམ་གཞིགས་བྱོས་དང་།མི་སུ་ཡིན་ནའང་སོ་སོའི་འོས་ཤོག་འདི་འཕྲོ་བརླག་ཏུ་གཏོང་འདོད་མེད་སྟབས།བཀྲས་དབང་ལངས་པ་ཙམ་གྱིས་ད་ནི་བཀྲས་མཐོང་ལ་ཐོབ་ས་མ་རེད་བསམས་ནས་བློ་སེང་ལ་འོས་བླུགས་མཁན་མང་པོ་བྱུང་སོང་།ངའི་ངོ་ཤེས་དེ་འདྲའང་བྱུང་སོང་།

    ༣༽ཁྱེད་ཀྱིས་བཀོད་པའི་མདོ་སྟོད་ཀྱི་འོས་གྲངས་དེར་ད་དུང་དོག་པ་འདུག

    ༤༽ སྦིར་སྡེ་དགེ་གཞིས་ཆགས་ཀྱི་བཀའ་ཁྲིའི་འོས་གྲངས་སྐོར་ཁྱེད་ནས་མཁྱེན་ན་གསལ་ཙམ་གསུངས་དང་དབྱེ་ཞིབ་བྱ་རྒྱུ་ཕན་ཐོགས་ཡོང་ས་རེད།དེ་མིན་བྷེ་ཀོབ་གཞིས་ཆགས་གསར་རྙིང་གཉིས་ཀྱི་འོས་གྲངས་ཁ་གསལ་གསུང་རྒྱུ་ཡོད་ན་ཞིབ་འཇུག་བྱ་རྒྱུ་ཕན་ཐོག་ཡོང་ས་རེད།

    ༥༽ངས་ཕ་ཡུལ་གཅིག་པའི་འདུ་ཤེས་ཟབ་པའི་ཁམས་པ་ཞེས་བྲིས་པ་དེར་གོ་བ་སྡུག་ས་ནས་ལེན་མི་རུང་།ཕ་ཡུལ་གཅིག་པའི་འདུ་ཤེས་ཟབ་པོ་ཡོད་པ་དེར་དགེ་སྐྱོན་གཉིས་པ་ཡོད་པ་ལས་སྐྱོན་གཅིག་པུ་ཡིན་པའི་ངེས་པ་མེད།དཔེར་ན་བོད་ནས་གསར་འབྱོར་བ་དང་འཚོ་འཁོས་སྐྱོ་པོ་དེ་འདྲ་ར་བལྟ་སྐྱོང་བྱེད་སྟངས་ལ་མཚོན་ན་ཁམས་རིགས་ནང་བཞིན་སུས་ཀྱང་བྱེད་ཐུབ།དེ་ནི་ཕ་ཡུལ་གཅིག་པའི་འདུ་ཤེས་ཟབ་པའི་དབང་གི་རེད།དེ་མིན་ཆུ་སྒང་གི་གནས་རྙོག་བཅས་ཀྱིས་རྒྱུ་མཚན་དྲངས་འདུག་ཀྱང་།ཕ་ཡུལ་གཅིག་པའི་འདུ་ཤེས་ཟབ་ཀྱང་།རྐྱེན་འཕྲད་ནས་འགལ་བ་ཡོང་བ་ཆོས་ཉིད་རེད།སྤུན་མཆེད་ཀྱི་དུང་བ་ཟབ་ཀྱང་རྐྱེན་འཕྲད་ན་གསོད་རེས་ཡོང་གི་ཡོད་པ་དང་མཚུངས་པའི་གནས་ལུགས་སྟབས་བདེ་དེ་འདྲ་ཁྱེད་ཀྱིས་མི་མཁྱེན་པ་ཅི་ལ་སྲིད།

    ༦༽སྐུ་ངོ་བཀྲས་མཐོང་གི་སློབ་གནས་ལག་འཁྱེར་གྱི་སྐོར་གསུངས་འདུག་ཀྱང་།ང་ཚོ་བོད་པའི་རྩ་དོན་དང་གནས་ཚུལ་དེ་དམིགས་བསལ་བ་ཞིག་ཡིན་པས།ང་ཚོའི་དབུ་འཁྲིད་ལ་སློབ་གནས་གཙོ་བོ་མིན་པ།༸གོང་ས་མཆོག་དང་ཟམ་གདོང་བླ་མ་བཅས་ཀྱིས་དབུ་ཁྲིད་ཡང་དག་པ་གནང་དེ་དག་གིས་ར་འཕྲོད་བྱས་པ་རེད།

    མཐའ་དོན་ཁྱེད་ཀྱི་ཚང་མ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་དུས་ལ་བབ་ཡོད་ཚུལ་གསུངས་པར་ང་ཡང་ཡིད་འཐད་ཆེན་པོ་བྱུང་བས་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཞུ་རྒྱུ་ཡིན།

  108. ལ་རྒྱའི་བདག་པོ། says:
    2011-05-02 at 5:14 pm

    དྲ་གྲོགས་ལྷ་སྨོན་པ་ཁམས་བཟང་།
    སྐུ་ཉིད་ཀྱིས་ངའི་མཆན་བུར་ཞིབ་ཚགས་གཟིགས་རྗེས་དགག་སྒྲུབ་གནང་ན་ཐལ་ཆ་ཆུང་བ་ཡོད།དེ་མིན་ཁྱེད་ཀྱི་དགག་སྒྲུབ་བྱས་ཀྱང་གནད་ལ་བསྣུན་མི་ཐུབ།དཔེར་ན།
    ༡༽ངའི་མཆན་བུའི་ནང་མདོ་སྟོད་ཚང་མས་ཞེས་བྲིས་མེད་པས་ངའི་མཆན་ནང་དོན་ཇི་བཞིན་ལ་དགག་སྒྲུབ་མ་བྱས་ན་གོ་ནོར་ཐེབས་ཉེན་ཆེ།
    ༢༽བཀྲིས་དབང་འདུས་ཀྱིས་བཀྲས་མཐོང་གི་འོས་གཏོར་སྟངས་དེ་ད་ལྟ་ཁོ་རང་ལ་ཐོབ་པའི་སུམ་སྟོང་དེས་ཚད་ཀྱི་མ་རེད།གང་ཡིན་ཟེར་ན།མིའི་སེམས་ཁམས་འགྲོ་སྟངས་ལ་བསམ་གཞིགས་བྱོས་དང་།མི་སུ་ཡིན་ནའང་སོ་སོའི་འོས་ཤོག་འདི་འཕྲོ་བརླག་ཏུ་གཏོང་འདོད་མེད་སྟབས།བཀྲས་དབང་ལངས་པ་ཙམ་གྱིས་ད་ནི་བཀྲས་མཐོང་ལ་ཐོབ་ས་མ་རེད་བསམས་ནས་བློ་སེང་ལ་འོས་བླུགས་མཁན་མང་པོ་བྱུང་སོང་།ངའི་ངོ་ཤེས་དེ་འདྲའང་བྱུང་སོང་།
    ༣༽ཁྱེད་ཀྱིས་བཀོད་པའི་མདོ་སྟོད་ཀྱི་འོས་གྲངས་དེར་ད་དུང་དོག་པ་འདུག
    ༤༽ སྦིར་སྡེ་དགེ་གཞིས་ཆགས་ཀྱི་བཀའ་ཁྲིའི་འོས་གྲངས་སྐོར་ཁྱེད་ནས་མཁྱེན་ན་གསལ་ཙམ་གསུངས་དང་དབྱེ་ཞིབ་བྱ་རྒྱུ་ཕན་ཐོགས་ཡོང་ས་རེད།དེ་མིན་བྷེ་ཀོབ་གཞིས་ཆགས་གསར་རྙིང་གཉིས་ཀྱི་འོས་གྲངས་ཁ་གསལ་གསུང་རྒྱུ་ཡོད་ན་ཞིབ་འཇུག་བྱ་རྒྱུ་ཕན་ཐོག་ཡོང་ས་རེད།
    ༥༽ངས་ཕ་ཡུལ་གཅིག་པའི་འདུ་ཤེས་ཟབ་པའི་ཁམས་པ་ཞེས་བྲིས་པ་དེར་གོ་བ་སྡུག་ས་ནས་ལེན་མི་རུང་།ཕ་ཡུལ་གཅིག་པའི་འདུ་ཤེས་ཟབ་པོ་ཡོད་པ་དེར་དགེ་སྐྱོན་གཉིས་པ་ཡོད་པ་ལས་སྐྱོན་གཅིག་པུ་ཡིན་པའི་ངེས་པ་མེད།དཔེར་ན་བོད་ནས་གསར་འབྱོར་བ་དང་འཚོ་འཁོས་སྐྱོ་པོ་དེ་འདྲ་ར་བལྟ་སྐྱོང་བྱེད་སྟངས་ལ་མཚོན་ན་ཁམས་རིགས་ནང་བཞིན་སུས་ཀྱང་བྱེད་ཐུབ།དེ་ནི་ཕ་ཡུལ་གཅིག་པའི་འདུ་ཤེས་ཟབ་པའི་དབང་གི་རེད།དེ་མིན་ཆུ་སྒང་གི་གནས་རྙོག་བཅས་ཀྱིས་རྒྱུ་མཚན་དྲངས་འདུག་ཀྱང་།ཕ་ཡུལ་གཅིག་པའི་འདུ་ཤེས་ཟབ་ཀྱང་།རྐྱེན་འཕྲད་ནས་འགལ་བ་ཡོང་བ་ཆོས་ཉིད་རེད།སྤུན་མཆེད་ཀྱི་དུང་བ་ཟབ་ཀྱང་རྐྱེན་འཕྲད་ན་གསོད་རེས་ཡོང་གི་ཡོད་པ་དང་མཚུངས་པའི་གནས་ལུགས་སྟབས་བདེ་དེ་འདྲ་ཁྱེད་ཀྱིས་མི་མཁྱེན་པ་ཅི་ལ་སྲིད།
    ༦༽སྐུ་ངོ་བཀྲས་མཐོང་གི་སློབ་གནས་ལག་འཁྱེར་གྱི་སྐོར་གསུངས་འདུག་ཀྱང་།ང་ཚོ་བོད་པའི་རྩ་དོན་དང་གནས་ཚུལ་དེ་དམིགས་བསལ་བ་ཞིག་ཡིན་པས།ང་ཚོའི་དབུ་འཁྲིད་ལ་སློབ་གནས་གཙོ་བོ་མིན་པ།༸གོང་ས་མཆོག་དང་ཟམ་གདོང་བླ་མ་བཅས་ཀྱིས་དབུ་ཁྲིད་ཡང་དག་པ་གནང་དེ་དག་གིས་ར་འཕྲོད་བྱས་པ་རེད།

    མཐའ་དོན་ཁྱེད་ཀྱི་ཚང་མ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་དུས་ལ་བབ་ཡོད་ཚུལ་གསུངས་པར་ང་ཡང་ཡིད་འཐད་ཆེན་པོ་བྱུང་བས་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཞུ་རྒྱུ་ཡིན།

  109. བཙན་བྱོལ་བ། says:
    2011-05-02 at 6:57 pm

    དྲ་གྲོགས་རྣམས་ཀྱིས་དམངས་གཙོའི་བཅོས་བསྒྱུར་སྐོར་ལ་བགྲོ་གླེང་གནང་བ་ལ་ང་གཏན་ནས་མགུ་སོང་། སྤྱིར་བཏང་ཁོ་བོ་ཡང་ང་ཚོ་བཙན་བྱོལ་བོད་ཀྱི་དམངས་གཙོཌྷའི་ལམ་ལུགས་དེ་ཡང་དམངས་གཙོའི་རྒྱལ་ཁབ་སྤྱི་ཆིངས་དང་མཐུན་པར་འགྲོ་ཐུབ་ན་བསམ་པའི་རེ་བ་དང་འདོད་པ་ཤུགས་ཆེན་ཡོད་མཁན་ཞིག་ཡིན། མ་འོངས་པ་བོད་ནང་ལ་བཅོས་བསྒྱུར་སྤེལ་དགོས་པ་ཨ་ཅང་ཅང་། ད་ལྟ་བཙན་བྱོལ་ལ་ཡོད་བཞིན་པའི་སྐབས་སུ་བསྒྱུར་བཅོས་བྱ་དགོས་པ་གནད་ཆེན་པོ་ཞིག་ཏུ་མཐོང་།

  110. ཁ་བའི་སྒྲོན་མེ། says:
    2011-05-08 at 6:34 pm

    བཙན་བྱོལ་བོད་པས་མང་གཙོ་ཚད་ལྡན་དགོས་ཀྱི་འདུག་ཅེས་བཤད་ན་འདི་ལོ་དམངས་གཙོ་ཆ་ཚང་སྤྲོད་སོང་། ད་བྱས་དང་བལྟས་ཆོག་གི་རེད་། ཁ་ཡ་གཏད་ནས་བྱས་དགོས་ཀྱི་འདུག། བྱས་སྟངས་ནོར་འདུག་འདྲ་པོ་རྣམས་འགྱུར་ཙམ་སྟོན་ན་ཕེན་པ་ལས་གནོད་ཆེ་བ་ཡོང་གི་འདུག་། དེ་ལས་སྐད་ཆ་འདིའི་རིགས་མ་གླིང་ན་ཕེན་ཐོག་ཆེ་བ་མིན་འགྲོ་སྙམ།

  111. བོད་པ་ཚང says:
    2011-05-08 at 8:54 pm

    རྗེས་མའི་བཀའ་ཁྲི་ལ་མགོ་སེར་ཞིག་བཞག་ན་རྡོག་རྩ་གཅིག་སྒྲིལ་དང་འཛམ་གླིང་ཁྱབ་སྒྲོག་ལ་ཕན་པ་ཡོད།

  112. yum says:
    2011-05-13 at 8:40 am

    བཀའ་ཁྲི་དང་སྤྱི་འཐུས་ཚོས་ཁ་འཆམ་ཞིང་ཆིག་སྒྲིལ་ཐོག་འགྲོ་ན། དམངས་གཙོ་དང་མང་གཙོ་ཚད་ལྡན་གྱི་འགྲོ་ལུགས་དང་འགལ་བ་རེད་།

  113. བདུད་ནག་བུ་ནས་ says:
    2011-05-15 at 5:04 pm

    ཨེ་མ་ཧོ།

  114. བདུད་ནག་བུ་ནས་ says:
    2011-05-15 at 5:10 pm

    ཁ་བརྡ་ཚང་ལ་ཞུ་རྒྱུ།
    གོང་གི་ཡི་གེ་བསྒྲིག་སྟངས་དེ་ལ་ཡང་རྒྱུ་མཚན་ཞིག་ཡོད་དམ་མེད་མེད་ན་བཤད་རྒྱ་མེད་གལ་ཏེ་ཡོད་ན་ལེན་ཞིག་གསུང་རོགས་གནང་།

  115. བདུད་ནག་བུ་ནས་ says:
    2011-05-15 at 5:18 pm

    དེ་ཡང་འོས་བསྡུ་ལས་ཁུངས་ནས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཚོའི་ལོ་རྒྱུད་ཡག་པོ་གཟིགས་མི་འདུག
    ངས་བལྟས་ན་འོས་བསྡུ་ལས་ཁུངས་ཀྱི་ལས་འགན་རྣམས་པའི་ལས་ཀ་ཚད་དང་ལྡན་པ་ཞིག་རྩ་བ་ནས་བྱས་མི་འདུག་གང་ལྟར་དེ་ཚོ་ཡོངས་རྗོགས་དྲང་བདེན་མ་ཡིན་པའི་ལས་ཀ་རེད།

  116. གནམ་ལྕགས says:
    2011-05-22 at 11:59 am

    ཀརྨ་ཆོས་འཕེལ་རྒྱལ་གྱུར་ཅིག
    དང་པོ་མདོ་སྟོད་སྤྱི་འཐུས།། སྐུ་ཞབས་ཀརྨ་ཆོས་འཕེལ།།
    བར་དུ་དབུས་གཙང་སྤྱི་འཐུས།། སྐུ་ཞབསཀརྨ་ཆོས་འཕེལ།།
    ད་ལྟ་བཀའ་བརྒྱུད་སྤྱི་འཐུས།། སྐུ་ཞབས་ཀརྨ་ཆོས་འཕེལ།།
    མ་འོངས་དགེ་ལུགས་སྤྱི་འཐུས།། སྐུ་ཞབས་ཀརྨ་ཆོས་འཕེལ།།

  117. yum says:
    2011-05-26 at 7:30 am

    སྐབས་བཅོ་ལྔ་བའི་སྤྱི་འཐུས་དང་སྐབས་གསུམ་པའི་བཀའ་ཁྲིས་རྡ་སའི་བཙན་བྱོལ་བོད་གཞུང་དེ་“གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་སུ་”མཇུག་བསྡུས་ཡོང་གི་འདུག ད་སྤྱི་འཐུས་བཀའ་ཁྲི་མིང་ཡང་མེད།

  118. yum says:
    2011-05-26 at 9:34 am

    ཉོབ་ཡ་རང་རེད། རེ་བ་རྫོགས་པ་རེད། རེ་སྟོང་རེད་འདུག དངོས་གནས་ཧ་ལོག་རེད།། བདེན་པ་ཧ་ལོག་ཡོད་ས་རེད་ད་ལོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme