Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐང་ཧྲུའུ་གླེགས་བམ་༧༧༧ ནང་འཁོད་པའི་བོད་གནས།

Posted on 2015-11-202015-11-20 By ཁ་བརྡ 18 Comments on ཐང་ཧྲུའུ་གླེགས་བམ་༧༧༧ ནང་འཁོད་པའི་བོད་གནས།

ཐེ་བོ་སངས་རྒྱས།

 
ཁྱེད་ཀྱིས་ཐང་རྒྱལ་རབས་ཀྱི་ཕོ་བྲང་སྦུག་མའི་(འཆི་མེད་རིལ་བུ།)གསང་བ་དེ་གོ་ཨེ་མྱོང་། གོང་མའི་སྐུ་འཁོར་ཡིག་མཁན་དང་བཅས་ད་ལྟའང་བང་སོར་སྐུ་འཚོ་བཞུགས་ཡོད་པ་བདེན་ཞིང་། ཐང་ཧྲུའུ་ཡང་མུ་མཐུད་ནས་འབྲི་དང་འབྲི་བཞིན་པའི་སྒང་རེད། དེའི་གླེགས་བམ་བདུན་བརྒྱ་དོན་བདུན་པ་ལས་བོད་ཀྱི་སྐོར་ཚན་པ་ཞིག་འབྱུང་བ་གཤམ་དུ་འགོད།

“ཐུ་བྷོད་བཙད་པོ་ཐ་མུ་ཞེས་པས་སྲིད་བསྒྱུར་ཅིང་ཆོས་བསྣུབས་པས། སྒོམ་ཆེན་ཞིག་གིས་མདའ་བརྒྱབ་ནས་ཁོ་བཀྲོངས། དེ་ནས་བཟུང་རྒྱལ་པོའི་རབས་ཆད། ལོ་ཉིས་བརྒྱ་ཙམ་ན་གྲུབ་མཐའ་མ་འདྲ་བའི་བླ་མ་རྣམས་སྲིད་ལ་ཞུགས། ལོ་བརྒྱ་ཕྲག་མང་པོར་སྲིད་དབང་རེས་བཟུང་རེས་ཤོར་བྱུང་བས”སྲིད་ནི་སྲིད་དུ་མ་རུང་། ཆོས་ནི་ཆོས་སུ་མ་རུང་།” བའི་ཚད་དུ་ལྷུང་།

unnamed

སངས་རྒྱས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་མ་ཟིན་ཙམ་ན། མཚོ་ཀོར་ཀོ་ནོར་དང་འདབས་འབྲེལ་ཞིང་པའི་བུ་ཚ་ཞིག་བླ་མའི་ཁྲིར་བཀོད་ཅིང་། དགུང་ལོ་ཆུང་ནས་དུས་སྲིད་བཟུང་ཡང་འུ་བུ་ཅག་གིས་དམག་དྲངས་ཏེ་དབང་དུ་བསྡུས། དེ་ཙ་ན་ཁོང་འཕགས་པའི་ཡུལ་དུ་སྐྱབས་བཅོལ་བར་ཕེབས་ནས་གདའ། ཁོང་མཛངས་ཤིང་སྒམ་པས་མཚན་སྙན་གནམ་འོག་ན་ཁྱབ་པར་སྣང་། འོན་ཏང་བོད་ཁམས་ན་དེའི་མིང་སྨོས་ནའང་ཁྲི་མོན་དུ་འཇུག རྒྱལ་ཁྲིམས་བཙན་མདོག་ཁ་ཡང་ལྐོག་རྔན་དང་ངོ་ཆེན་འགྲོ་ས་ནི་ཡོད་འདུག ལར་བླ་མའི་སྲོལ་ཡང་ལྷ་ཕབ་པའམ་ཤོ་རྡེའུ་གཡུགས་ནས་ཕྲུ་གུ་དམར་འབྱར་རེ་བསྐོ་བར་བྱེད། འགའ་ཤས་ཕ་རྒན་བླ་མ་ལ་བུ་སྐྱེས་ཚད་བླ་མ་བཟོ་བའང་འདུག བླ་མའི་ཕྱག་གིས་མཇལ་ཁ་སྩོལ་དུས་འཚང་ཁས་མྱི་གསོད་པ་ཡང་ཡོང་། བླ་མ་རེ་ཟུང་ལག་ཆགས་ནས་རྒྱ་གདིང་དུ་མྱུལ་ཞིང་། དངུལ་ལོར་དང་བུད་མེད་ལ་བརྔམ་ནས་ཆོས་ཡ་མ་བརླ་སྤེལ་གྱིན་པའང་མཆིས།
དེ་དག་ལ་རྒྱ་བླ་ཞེས་ལྐོག་ནས་མིང་འདོགས་སྣ་ཚོགས་བྱེད། སྔོན་ཆད་ཁྲང་ཨན་ནས་ཡར་གདན་དྲངས་པའི་མུ་ནེའི་སྐུ་དེ་ད་ལྟའང་ར་སར་མ་ཉམས་པར་བདོག མདོ་ཁམས་ནས་ར་སའི་བར་རྐྱང་ཕྱག་འཚལ་བའམ་རྐང་ཐང་དུ་འགྲོ་མཁན་རྟག་པར་འོང་། སྒྲ་སྦྱོར་ཡི་གེ་དཔེ་མེད་ཅིག་ཡོད་པ་དེས་སོ་སོའི་མིང་ཡང་འབྲི་མི་ཤེས་མཁན་གྱིས་ཁེངས། ད་སྐབས་གཏོ་འདོན་སྤྱད་ཙམ་ལས་བེད་སྤྱོད་ཆེན་པོ་མ་ཐོངས་པར་གདའ། ཕ་སྐད་ནང་གཞན་སྐད་མ་བསྲེས་པར་ཤོད་མཁན་ཧ་ལམ་རྙེད་དཀའ་བའི་ཚོད་དུ་བདོག སྐྱ་བོ་དག་གིས་སྲོག་ཆགས་ཀྱི་རུས་པ་དང་མཚོ་རྡོའི་རིགས་ལ་ཨི་ཁུང་ཕུག་ནས་སྐེས་ཁྱོགས་ཚད་ཅིག་འདོགས་ལ། གཅན་གཟན་གྱི་པགས་པས་ལུས་ཕྱི་ནང་མེད་པར་གཡོགས་ཏེ་རྒྱན་དུ་བརྩི། དབུ་བླ་དེས་འཕགས་ཡུལ་ནས་ངག་འཕྲིན་བསྐུར་ཏེ་བཀག་མོད། རྒྱན་གོས་དག་ད་དུང་ཡང་ལྐོག་ནས་ཉར་མཁན་ཡོད། རི་མགོར་ཤིང་ནགས་དང་གཏེར་ཁས་ཕྱུག་ཀྱང་ཁོ་བ་ཚོ་གཅོད་བརྐོ་ལ་འཛེམས། སྲིད་གཞུང་གིས་བསླུ་བྲིད་དང་བཙན་ཤེད་འདྲེས་མས་ཧབ་ཐོབ་རྒྱག་བཞིན་གདའ།

བོད་དག་བརྐུ་ཇག་ནི་ཐ་ཆད་དུ་ལྟ་ཡང་། རྐུན་མ་རྒོད་པའི་ཚད་ནི། ལྕགས་ཐག་མ་སྲ་ཚེ་སྒོ་ཁའི་ཁྱི་ཡང་བརྐུས་འགྲོ་བ་འདུག གཞན་སྡེ་ལ་བློ་དཀར་བས་ཆ་མེད་རྒྱུས་མེད་ལའང་གནས་ཚང་གཡར་ཞིང་ཟས་མགྲོན་བྱེད། ནང་ཚགས་ལ་རྩིས་ཐང་ཆུང་ཞིང་གཅིག་མགོ་གཅིག་གིས་གནོན་པར་མཁས། སྐད་ཆ་རེ་ཐོ་མ་ཐུག་དུས་གྲི་འཕྱར་ཏེ་གསོད་རེས་བྱེད་པའང་འབྱུང་། མྱི་རེ་གསོད་བཏུབ་ན་བུ་རབ་རེད་ཅེས་བསྟོད་ར་འཐེན། འབྲོག་པའི་རྩྭ་ས་མཐོང་ཁྱབ་ཏུ་ལྕགས་ཚེར་འཐེན་ནས་དུད་ཚང་རེར་ས་ཁུགས་ལེ་རེར་བགོས། ཡིན་ནའང་ས་རྩོད་ཆུ་རྩོད་རྒྱུན་མར་ཡོང་། སྦྲ་ནག་ཏུ་སྡོད་པ་ལས་རས་གུར་གྲུ་བཞིར་སྡོད་པ་དར་སོ་ཆེ། ཞིང་ཁའི་ཕྱེད་ཙམ་ལ་རྩྭ་བཏབ་པས་སྟོན་ཐོག་ནས་བཟའ་འབྲུ་འདང་བའི་ཞིང་པ་དཀོན་སེ་བ་ཆགས། རྫོང་མཁར་དག་ན་ཇ་ཁང་ཐོག་ཁར་ཆང་ཁང་རེ་མ་བརྩིགས་ས་དཀོན། ཆང་འཐུང་ན་ལངས་མི་ཐུབ་པའི་བར་བཏུང་། ཁོ་ཚོ་རྒྱན་འགྱེད་པར་ཅི་བས་དགའ་ཞིང་། ལ་ལས་གཞིས་ཀ་དང་། ལ་ལས་ཆུང་མ། ལ་ལས་རང་གི་མཛུབ་མོ་ཤོར་བ་སོགས་བརྩིས་ཀྱང་མི་ཚར། ཡུལ་འགའ་ན་རྟ་བཟང་པོ་རེ་ཉོས་ཏེ་རྒྱུག་རྩལ་འགྲན་པ་ལས་ཁྱིམ་མིའི་འཚོ་ཚིས་སྒྲུབ་པའམ། འགའ་རེས་ཡུལ་སྐོར་བ་ཚོ་རྟ་ལ་བསྐྱོན་ནས་གླ་ལེན་མཁན་ཡང་བདོག
ནད་ཕོག་ན་ལྷ་རྗེ་བསྟེན་པ་བས་གཏོར་མ་དམར་ཟིང་ངེ་བ་རེ་འཕེན་པར་གལ་ཆེར་བརྩི། གཙང་སྦྲ་ལ་མི་བཟང་བས་བཟའ་བཏུང་ཚར་བ་དང་ཕོར་བ་ལྕེ་ལྡག་གིས་བཀྲུ་བའི་ཚབ་བྱེད། མི་ཚེ་གང་བོར་ཁྲུས་བྱས་མ་མྱོང་མཁན་ཡང་ཡོད། གཉེན་སྟོན་ཡང་དགོད་བྲོ་བ་ཞིག་བཤོམ། བག་མ་བསུ་དུས་མག་པ་མི་འོངས་ལ། བནྡེ་ཞིག་གིས་ལྷའི་ཆོ་ག་གཏོང་། ཁྱོ་ཤུག་གཉིས་ལོ་འཁོར་ཙམ་ལ་ཕན་ཚུན་ཁ་གཏམ་བཅད་པའི་སྲོལ་ཡང་འདུག མི་ཤི་རྗེས་མགོ་ཕུ་ཐུང་ནང་བསྡུས་ཏེ་ཐག་པས་གྲུ་གུ་བཞིན་བཀྱིགས། ཞག་བདུན་ཙམ་ན་རོ་དེ་རི་མགོར་བསྐྱལ་ནས་བྱ་རྒོད་ལ་སྦྱིན།” ཅེས་སོགས་ཁོད་ཅིང་། གླེགས་གཞན་དང་གཞན་དུ་བོད་ཀྱི་སྐོར་མང་ཚོད་ཀྱང་རྒྱུ་རྐྱེན་དུ་མའི་དབང་གིས་ད་ཐེངས་ཡི་གེར་ཕབ་མ་ཐུབ།

༼གསལ་བཤད།༽ ཉེ་དུས་ངས་<རིག་པའི་རྩེད་ར།>ཞེས་པའི་སྐད་འཕྲིན་ཚོགས་པའི་ནང” ལུག་གི་ལོར་བབསྟེ། ཀྲུའུ་རྀན་xxxན་བཞུགས་ཞེས་སོགས་ཀྱལ་ཀ་བརྩེས་སྐབས། བོད་ཀྱི་རྩོམ་པ་པོ་གུར་མགོན་སྐྱབས་ལགས་ཀྱིས་བརྩམས་པའི་(ཐང་གུར་གྱི་རྩོམ་པ་པོས་བྲིས་པའི་བོད་ཀྱི་ལ་རྒྱུས།)ཞེས་པ་དེ་དྲན་པས་འདི་འདྲ་ཞིག་ལག་ནས་ཤོར་སོང་།

འགྱུར་རྩོམ།

Post navigation

Previous Post: རྒྱལ་དབང་ཀརྨ་པའི་རྟོགས་བརྗོད་ཞིང་མཆོག་ལེགས་ལམ།
Next Post: མི་ཡི་རང་གཤིས་ངོ་མ།

Comments (18) on “ཐང་ཧྲུའུ་གླེགས་བམ་༧༧༧ ནང་འཁོད་པའི་བོད་གནས།”

  1. ཅོག་མྱི། says:
    2015-11-20 at 11:16 am

    ཧ་ཧ་ཧ། འ་བ་ཉིད་དེ་བ་ཉིད། བྱ་རོ་རོ་ན་མདུང་གི་རྩེར་ནུག གཏམ་རོ་རོ་ན་དྲ་འབུས་གྲིར་ནིག

  2. གཅན བཟོད་རྒྱམ། says:
    2015-11-20 at 1:40 pm

    ཡག་ཐག་ཆོད་ཅིག་བྲིས་འདུག བཀའ་དྲིན་ཆེ་ཞུ།

  3. སྤོབས་པ་མཐའ་ཡས། says:
    2015-11-20 at 4:56 pm

    ངས་རང་གི་སྤྱི་ཚོགས་འདི་དང་། རང་གི་མི་རིགས་འདི། རང་གི་ཡུལ་སྡེ་འདི་ལ་དམའ་འབེབས་དང་ཁ་རྡུང་བཏང་མ་མྱོང་།

  4. མངོན་སུམ་སྨྲ་བ། says:
    2015-11-20 at 5:22 pm

    རྩོམ་ཡག་མོ་འགུ

  5. ཀརྡོ་གཉེར་ཕྱག་པ་ says:
    2015-11-21 at 12:26 am

    འདི་འདྲའི་འབྲི་རྩལ་དང་། སྒྱུ་རྩལ་ཡག་ག་ལ། རྗེས་སུ་ཡི་རང་ངོ་།།

  6. ཀརྡོ་གཉེར་ཕྱག་པ་ says:
    2015-11-21 at 12:37 am

    ་་་་་་་་་ ཐང་ཧྲུའུ་ཡང་མུ་མཐུད་ནས་འབྲི་དང་འབྲི་བཞིན་པའི་སྒང་རེད། དེའི་གླེགས་བམ་བདུན་བརྒྱ་དོན་བདུན་པ་ལས་བོད་ཀྱི་སྐོར་ཚན་པ་ཞིག་འབྱུང་བ་གཤམ་དུ་འགོད།

    “ཐུ་བྷོད་བཙད་པོ་ཐ་མུ་ཞེས་པས་སྲིད་བསྒྱུར་ཅིང་ཆོས་བསྣུབས་པས། སྒོམ་ཆེན་ཞིག་གིས་མདའ་བརྒྱབ་ནས་ཁོ་བཀྲོངས། དེ་ནས་བཟུང་རྒྱལ་པོའི་རབས་ཆད། ལོ་ཉིས་བརྒྱ་ཙམ་ན་གྲུབ་མཐའ་མ་འདྲ་བའི་བླ་མ་རྣམས་སྲིད་ལ་ཞུགས། ལོ་བརྒྱ་ཕྲག་མང་པོར་སྲིད་དབང་རེས་བཟུང་རེས་ཤོར་བྱུང་བས”སྲིད་ནི་སྲིད་དུ་མ་རུང་། ཆོས་ནི་ཆོས་སུ་མ་རུང་།” བའི་ཚད་དུ་ལྷུང་། ་་་་་་་་

  7. ཀརྡོ་གཉེར་ཕྱག་པ་ says:
    2015-11-21 at 12:39 am

    ་་་་་་་་ སངས་རྒྱས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་མ་ཟིན་ཙམ་ན། མཚོ་ཀོར་ཀོ་ནོར་དང་འདབས་འབྲེལ་ཞིང་པའི་བུ་ཚ་ཞིག་བླ་མའི་ཁྲིར་བཀོད་ཅིང་། དགུང་ལོ་ཆུང་ནས་དུས་སྲིད་བཟུང་ཡང་འུ་བུ་ཅག་གིས་དམག་དྲངས་ཏེ་དབང་དུ་བསྡུས། དེ་ཙ་ན་ཁོང་འཕགས་པའི་ཡུལ་དུ་སྐྱབས་བཅོལ་བར་ཕེབས་ནས་གདའ། ཁོང་མཛངས་ཤིང་སྒམ་པས་མཚན་སྙན་གནམ་འོག་ན་ཁྱབ་པར་སྣང་། འོན་ཏང་བོད་ཁམས་ན་དེའི་མིང་སྨོས་ནའང་ཁྲི་མོན་དུ་འཇུག ་་་་་་་་་་་

  8. ཀརྡོ་གཉེར་ཕྱག་པ་ says:
    2015-11-21 at 12:41 am

    ་་་་་་་ ནད་ཕོག་ན་ལྷ་རྗེ་བསྟེན་པ་བས་གཏོར་མ་དམར་ཟིང་ངེ་བ་རེ་འཕེན་པར་གལ་ཆེར་བརྩི། གཙང་སྦྲ་ལ་མི་བཟང་བས་བཟའ་བཏུང་ཚར་བ་དང་ཕོར་བ་ལྕེ་ལྡག་གིས་བཀྲུ་བའི་ཚབ་བྱེད། མི་ཚེ་གང་བོར་ཁྲུས་བྱས་མ་མྱོང་མཁན་ཡང་ཡོད། ་་་་་་་་ འདི་བདེན་པ་རེ་གདའ། བོད་རིགས་ཚོ།།

  9. ལུང་ཤོར། says:
    2015-11-21 at 6:05 am

    དེང་སྐབས་སྡུག་སྡུག་མ་གཏོགས་ཡག་ཡག་སྣེ་གཅིག་གོ་རྒྱུ་མེད་པ་དེ་སྐྱོ་མོ་རེད།

  10. ལོ་ཡག says:
    2015-11-21 at 8:00 am

    མ་རྩོམ་ལེགས་པའི་ཁར་འགྱུར་ནི་འགྲན་པའི་ཟླ་དང་བྲལ། མུ་མཐུད་ནས་ཡིན་དཱ།

  11. ལྷ།བྱ་འཕུར་མ། says:
    2015-11-21 at 8:20 am

    ང་ལ་སྙན་པོ་བྱུང་། མུ་མཐུད་དུ་ཡིན་དཱ།

  12. ལྷ།བྱ་འཕུར་མ། says:
    2015-11-21 at 8:22 am

    ང་ལ་སྙན་པོ་བྱུང་། མུ་མཐུད་དུ་འབྲི་རོགས།

  13. ཐེ་བོ་སངས་རྒྱས says:
    2015-11-22 at 3:50 am

    སྐུ་ཞབས་སྤོབས་པ་མཐའ་ཡས་ལགས། འདི་ང་ལ་ལན་པ་མེད་དཱ། ཐང་ཡིག་མཁན་གྱིས་བྲིས་པ་རེད། གཟིགས་དང་ཁ་བརྡ་དྲ་བདག་གིས་འགྱུར་རྩོམ་གྲས་བཞག་མི་འདུག་གམ། ཧཧཧཧ

  14. ཐེ་བོ་སངས་རྒྱས says:
    2015-11-22 at 3:54 am

    ཁོམ་ལོང་བྱུང་ན་ད་དུང་ཡི་གེར་ཕབ་ཨེ་ཐུབ་བལྟ། མཆན་འདེབས་མཁན་ཡོངས་ལ་བཀྲིན་ཆེ།

  15. ལུང་རྟོགས། says:
    2015-11-23 at 1:20 am

    ག་རེ་ཐང་ཧྲའུ་ལེའུ་གཏམ་འཆལ་རྐྱང་རེད་འདུག

  16. དོན་འགྲུབ says:
    2015-11-23 at 3:21 am

    ཐོ་མི་ཐུག
    ཅེས་པ་ཐོད་མི་ཐུག
    གུར་མགོན་སྐྱབས་ཀྱིས་བྲིས་གནང་བ་དེ་དང་གཅིག་པ་རེད་འདུག

    རང་མི་ལ་ཁ་བཏང་། ཞབས་འདྲེན་རེད།

  17. རྒྱ་གར་རྨ་བྱ། says:
    2015-11-23 at 4:48 am

    བོད་ཀྱི་སྲོལ་རྒྱུན་གོམས་གཤིས་དང་ཧ་ཅང་ཉེ་བའི་རྩོམ་བསྒྱུར་འདི་ལ་ཧ་ཅང་འཐད། ཐུགས་རྗེ་ཆེ།

  18. ཤར་མདའ། says:
    2015-11-24 at 4:29 am

    ཐེ་སངས་ལགས་ཡག་བྱུང་བཟང་ངན་ཅི་འདྲ་ཞིག་ཡིན་རུང་བོད་མི་རིགས་ཀྱི་སྐོར་ཡིན་དུས་ངེས་པར་འབྲི་སྒྱུར་འོས་པ་རེད་ཡག་བྱུང་བཀྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme