Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསོ་བ་རིག་པའི་སྐོར་བགྲོ་གླེང་བྱ་སའི་དྲ་བ་ཞིག་དབུ་འབྱེད་བྱས་འདུག

Posted on 2012-12-092012-12-09 By ཤར་ཕྱོགས་ཁུག་རྟ། 20 Comments on གསོ་བ་རིག་པའི་སྐོར་བགྲོ་གླེང་བྱ་སའི་དྲ་བ་ཞིག་དབུ་འབྱེད་བྱས་འདུག

གསོ་རིག་གླིང་དྲ་བ་ཤར་གཏོང་བྱས་པ།

གསོ་རིག་གླིང་ཞེས་པའི་བོད་ཀྱི་གསོ་རིག་བགྲོ་གླེང་དྲ་བ་འདི་སྤྱི་ལོ་༢༠༡༢ལོའི་ཟླ་༡༢ཚེས་༡༠ཉིན་སྟེ་༧གོང་ས་སྐྱབས་མགོན་ཆེན་པོས་ནོ་ཝེ་ཞི་བདེའི་གཟེངས་རྟགས་བཞེས་པའི་དུས་དྲན་གྱི་ཉིན་མོ་དང་བསྟུན་དངོས་སུ་ཤར་གཏོང་ཐུབ་པར་དགའ་སྤྲོ་རབ་ཏུ་བརྟས། གསོ་རིག་གླིང་དྲ་བ་དེ་བཞིན་འཛམ་གླིང་གི་གསོ་རིག་སྤྱི་དང་སྒོས་སུ་བོད་ཀྱི་གསོ་བ་རིག་པའི་སྐོར་གྱི་ལྟ་བ་བརྗེ་རེས།གསར་རྩོམ་ངོ་སྤྲོད་སོགས་བྱེད་སའི་བོད་ཨིན་སྐད་ཡིག་ཤན་སྦྱར་གྱི་གསོ་རིག་དྲ་བ་ཞིག་ཡིན་ལ་དྲ་བ་འདིས་བོད་ཀྱི་སྲོལ་རྒྱུན་གསོ་རིག་རྒྱུད་འཛིན་དང་ལུགས་གཞན་གྱི་གསོ་རིག་གི་ལེགས་ཆ་གསར་བ་ནང་འདྲེན་བྱེད་རྒྱུའི་དམིགས་ཡུལ་གཞིར་བཟུང་ནས་རྒྱ་ཆེའི་གསོ་རིག་ཆེད་ལས་མི་སྣ་དང་ཀློག་པ་པོ་རྣམས་ལ་ཐུན་མོང་གི་གླེང་སྟེགས་ཤིག་འདོན་སྤྲོད་བྱས་ཏེ་བོད་ཀྱི་གསོ་བ་རིག་པའི་ལས་དོན་འཕེལ་རྒྱས་སུ་གཏོང་བར་ནུས་པ་འདོན་རྒྱུ་ཡིན།

དྲ་བ་འདིའི་ནང་ནས་ཀློག་པ་པོ་ཚོས་ལེགས་རྩོམ་མྱོང་རོལ་བྱེད་པའི་ཞོར་དུ་བོད་ཀྱི་གསོ་རིག་དང་འབྲེལ་བའི་གསར་འགྱུར་སྣ་ཚོགས་དུས་ལྟར་གཟིགས་ཐུབ་ཅིང་རྩོམ་རེ་རེའི་མཇུག་ཏུ་རང་གི་ལྟ་བ་ཐད་ཀར་སྤེལ་ཆོག ཁྱད་པར་དུ་བོད་ཕྱི་ནང་གི་གསོ་རིག་མཁས་དབང་རྣམ་པར་བཅར་འདྲི་དང་རྒྱང་འདྲི་ཅི་རིགས་ཀྱི་སྒོས་ནས་མན་ངག་ཟབ་མོའི་ཆུ་རྒྱུན་ཟམ་མི་ཆད་པར་སྤེལ་རྒྱུ་ཡིན། མདོར་ན། གོ་ལ་གཅིག་འགྱུར་གྱི་དུས་མཚམས་འདིར། དུས་རབས་གསར་པའི་ཆ་འཕྲིན་ལོངས་སུ་སྤྱད་ནས་གསོ་རིག་གི་ཤེས་བྱའི་བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་ཡིན་པས་རམ་འདེགས་ཡོང་བའི་སྨོན་འདུན་བཅས།

གསོ་རིག་གླིང་དྲ་བའི་ཚོགས་ཆུང་ནས།

http://www.sorigling.com/

གསར་འགྱུར།

Post navigation

Previous Post: རྒྱལ་སྤྱིའི་བོད་རིག་པའི་ཚོགས་པའི་ངོས་ནས་སྲིད་འཛིན་གཞོན་པ་ཞི་ཅིན་ཧྥིང་ལ་ཞུ་འབོད།
Next Post: རང་སྐྱོན་ངོས་ལེན་མ།

Comments (20) on “གསོ་བ་རིག་པའི་སྐོར་བགྲོ་གླེང་བྱ་སའི་དྲ་བ་ཞིག་དབུ་འབྱེད་བྱས་འདུག”

  1. དོལ་སྨྱོན། says:
    2012-12-09 at 1:25 pm

    གསོ་རིག་གླེང་སྟེགས་གསར་ཐོན་ལ་སེམས་གཏིང་ནས་དགའ་བསུ་ཞུ།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-12-09 at 1:39 pm

    གསོ་རིག་དྲ་བས་ནད་རིགས་གསོ་བའི་རྒྱུར་གྱུར་ཅིག །

  3. གཡུ་ཐོག་བུ། says:
    2012-12-09 at 4:17 pm

    བོད་མིའི་སྤྱི་ཚོགས་ཀྱི་སྟོང་ཆ་ཞིག་ཁ་སྐོང་གནང་བར་སྙིང་ནས་བཀྲིན་ཆེ་ཞུ། སླད་ཕྱིན་བྱ་བ་ལམ་ལྷོང་ཡོང་བར་སྨོན།

  4. གནམ says:
    2012-12-09 at 10:05 pm

    བོད་ཀྱི་ངོམ་ཆོག་ཆོག་གི་མེས་བོའི་ཤུལ་བཞག་ལ་ཤི་འཐམ་རོ་འཐབ་བྱེད་པའི་སྨན་རིག་པ་ཡོངས་ལ་ངོ་སོ་བསྟོད་ཞུ་ཡ་ཡིན། ང་ལ་ན་ཚ་འདྲ་བྱུང་ན། རྗེས་མར་བཀའ་འདྲི་ཞུ་ཡ་ཡིན་པས། ལན་རེ་རེག་པའི་བཀའ་དྲིན་སྐྱོང་བར་ཤོག།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-12-09 at 11:00 pm

    སྔོན་མ་ནས་ལ་དྭགས་ཀྱི་གྲོང་ཡུལ་ཕལ་ཆེ་བ་དག་ན། ལྷ་རྗེ་པ་ཞེས་ཁྱིམ་ཚང་ཞིང་དཔྱ་ཁྲལ་རྒྱུགས་མི་དགོས་ཤིང་གུས་བཀུར་ཡོད་པ་ཞིག་མཆིས། ༡༩༧༣ལོར་ཀླུ་འཁྱིལ་དགོན་གྱི་གྲྭ་པ་མེ་མེ་ཐུབ་པ་ཞུ་བ་ལ་མཁྲིས་ནད་བྱུང་། ལྷ་རྗེ་བོས། ལྷ་རྗེས་ནད་ལ་བལྟས་ཏེ། རང་གི་སྨན་རྐྱལ་ནས་སྨན་རྫས་བཏོན། རྡོ་ཚིགས་སྒང་དུ་སྨན་རྫས་རྣམས་བཏགས་ཏེ་སྨན་ཐང་བཅོས་པ་ཆུ་ལ་བསྐོལ་ཏེ་འཐུངས། ཉིན་རྗེས་མ་གྲྭ་པ་དེའི་མཁྲིས་ནད་དྲག་ཡོད་པར་མཐོང་། འོན་ཀྱང་དིང་སང་ལ་དྭགས་པ་ཀུན་དིང་དུས་ཚན་རིག་གི་སྨན་བཅོས་ལ་དོ་སྣང་ཆེ་བར་བྱེད་སྲོལ་ཞིག་ཆགས་ཀྱང། སྔར་གྱི་མེས་པོའི་དག་གི་སྨན་བཅོས་ལ་ཡང་ཉམས་པ་གསོར་ཆུད་མི་ཉམས་གོང་འཕེལ་ལ་འབད་དགོས། སྟབས་ལེགས་ཀྱིས་བོད་ཀྱི་གསོ་བ་རིག་པའིསྨན་དིང་སང་ཨ་རིའི་ཡུལ་དུ་ཡང་མང་པོ་ལ་ཕན་པར་མཐོང་བས་སའི་གོ་ལ་འདིར་བོད་ཀྱི་སྨན་གྱི་རིག་པའམ་གསོ་བ་རིག་པ་ཆེས་ཆེར་འཕེལ་བར་སྨོན་ནོ།།

  6. ཀརྡོ་གཉེར་ཕྱག་པ་ says:
    2012-12-10 at 12:07 am

    ལ་དྭགས་བློ་བཟང་འཇམ་དཔལ་ནས་ལེགས།
    ་་་་་་ ༡༩༧༣ལོར་ཀླུ་འཁྱིལ་དགོན་གྱི་གྲྭ་པ་མེ་མེ་ཐུབ་པ་ཞུ་བ་ལ་མཁྲིས་ནད་བྱུང་། ་་་ཞེས་པའི་་་་་མེ་མེ་་་་འདི་་་་མེས་མེས་་་་མིན་འགྲོ་སྙམ་པས་ཡང་སྐྱར་དགོངས་པ་བསྐྱར་དུ་བཞེས་རོགས་གནོངས་དང་། གུས་དུད་བཅས།

  7. ཀརྡོ་གཉེར་ཕྱག་པ་ says:
    2012-12-10 at 12:08 am

    འཇམ་དཔལ་ནས་ལེགས། འདི། འཇམ་དཔལ་ལེགས། ལ། བཅོས་གྲོགས་མཛོད།

  8. བན་དེ་བ། says:
    2012-12-10 at 2:31 am

    གསོ་རིག་དྲ་རྒྱས་དྲ་འབུའི་ནད་རིགས་སེལ་གྱུར་ཅིག

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-12-10 at 3:20 am

    ཀརྡོ་གཉེར་ཕྱག་པ་ལེགས་ལ་ཕྱག་འཚལ་འཇུ། ལ་དྭགས་སུ། མེ་མེ་ཞེས་པ་མི་རྒན་དང་། གྲྭ་པ་རྣམས་ལ་ཞུ། ཡི་གེར་མ་འཁོད་པ་སྔོན་གྱི་ཁ་སྐད་ཡིན་ནམ་གང་ཡིན་མ་ཤེས། བདག་༡༩༨༧ལོར་བོད་དང་བལ་ཡུལ་ས་མཚམས་ན་ཆུ་ལོག་གིས་རླངས་འཁོར་ལམ་ཆད་དེ། ཉིན་གཉིས་རྐང་པས་འགྲུལ་རྒྱབ་པ་ན། བལ་ཡུལ་གྲོང་ཡུལ་ན། རྟ་མངས་སམ་གོ་རུང་རིགས་གང་རུང་གི་རྨོ་ཞིག་གིས་ཕྲུ་གུ་ཞིག་ལ་མེ་མེ་བླ་མ་ཞེས་ལ་དྭགས་པས་ཟེར་བ་ལྟར་སྨྲས་སོང་། དེ་བཞིན་ཉིན་དགུང་ཟས་ལ་བོད་དབུས་གཙང་ན་དམིགས་བསལ་མིང་མེད་ཀྱང་། བལ་ཡུལ་གྱི་བོད་རིགས་དང་ལ་དྭགས་པས་ཛ་ར་ཟེར། འདི་ང་བོད་ལ་ཡོད་དུས་༡༩༥༤ལོར་རྡོ་རྗེ་གླིང་ཉེ་འགྲམ། སུ་ཀེ་ཞེས་པ་ནས་འོངས་པའི་བལ་པོ་བོད་རིགས་ཞིག་གིས་་ཛ་ར་ཟོས་ཏེ། འོངས་ཞེས་སྨྲས་སོ།།

  10. སྤོབས་པ་མཐའ་ཡས། says:
    2012-12-10 at 3:28 am

    ལ་དྭགས་པ་ལགས། བོད་ཁམས་ཕྱོགས་སུ་ཉིན་གུང་གི་ཟས་ལ་ཛ་ར་ཟེར་མཁན་གྱི་མི་སྡེ་མང་པོ་ཡོད་དོ།

  11. ཤར་ཕྱོགས་ཁུག་རྟ། says:
    2012-12-10 at 3:29 am

    གསོ་བ་རིག་པའི་དྲ་བ་འདིར་ལེ་ཚན། གཞུང་ལུགས། གསར་འགྱུར། ནང་རིག ལུགས་གཞན། ཟས་སྤྱོད། སྨན་སྦྱོར།བཅར་འདྲི། མི་སྣ་ངོ་སྤྲོད། ལོ་རྒྱུས། རྩོམ་རིག ལོ་རྒྱུས། བཅས་འདུག

    ད་དུང་རྩོམ་སྒྲིག་པ་རྣམས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། བོད་ལུགས་གསོ་རིག་གིས་ཕྱི་ལུགས་སྨན་གྱིས་ནད་བཅོས་མ་ཐུབ་རིགས་དྲག་སྐྱེད་བྱུང་བ་ནད་པ་རང་གི་ས་ནས་རྒྱུད་རིམ་བཅའ་འདྲི་ཞུ་བའི་ཚན་པ་ཞིག་ཡོད་ཟེར། དེ་དག་ནི་དངོས་གནས་རང་ངོ་མཚར་དངོས་བྱུང་ཟེར་བ་དེ་ཡིན་སྟབས། ང་ལྟ་བུ་གསོ་རིག་གི་སྐོར་ལ་ཀླད་གོར་ཡིན་པ་དག་གིས་བཅའ་འདྲིའི་ལེ་ཚན་དེར་ལྟ་རྒྱུ་བྲེལ་ཤ་ལངས་པ་ཞིག་ཡོང་རྒྱུ་ཐེ་ཚོམ་མེད་པ་ཞིག་རེད། གཞན་ཡང་ང་ཚོས་བོད་ཀྱི་གསོ་བ་རིག་པ་དང་དེའི་འཛིན་སྐྱོང་ཐད་དྲི་བ་སྣ་ཚོགས་བཏང་ཆོག་པ། བསམ་ཚུལ་བཤད་ཆོག་པ། བཅས་ཀྱི་ཆེད་སྒེར་གྱི་ཆེད་རྩོམ་འགོད་ས་ཞིག་ཀྱང་བཏོད་འདུག་པ་འདི་རྣམས་སྨན་པ་དང་སྨན་ཕྲུག་ཚོ་མ་ཡིན་པ་དག་གིས་ཀྱང་རོལ་ཆོག་པ་ཞིག་ཡིན་པར་འདོད།།

  12. ལས་རླུང་། says:
    2012-12-10 at 4:05 am

    དགའ་འོས་པའི་གསར་འགྱུར་ཞིག་རེད། བསམ་དོན་བཞིན་མ་འོངས་པའི་ལས་དོན་ཀུན་བླག་འགྲུབ་འབྱུང་བའི་སྨོན་འདུན་ཞུ།

  13. མེ་ཏོག་དཀར་པོ། says:
    2012-12-10 at 4:12 am

    ཤར་པས་གུང་ཟས་ལ་ཛ་ར་ཟེར།
    རྟ་མང་གིས་གྲྭ་པ་ལ་མེ་མེ་ཟེར།

  14. ཞུས་ཆེན་པ། says:
    2012-12-10 at 4:42 am

    བོད་ཀྱི་གསོ་བ་རིག་པའི་དྲ་རྒྱ་ཞིག་རྒྱ་ཆེའི་མང་ཚོགས་ཀྱི་སྤྱན་ངར་བསྟར་ཐུབ་པ་ནི་ཧ་ཅང་དགའ་འོས་པའི་རླབས་ཆེན་གྱི་བྱ་བཞག་ཞིག་རེད་ལ། ངས་ཐེངས་དང་བོ་མཐོང་བའི་བོད་ཀྱི་གསོ་བ་རིག་པའི་དྲ་རྒྱ་བགྲོ་གླེང་གནང་ས་དང་དྲི་བ་དྲིས་ལན་བྱ་ཆོག་ས་ཐོག་མ་དེའང་ཡིན། ཁྱེད་རྣམ་པས་དཀའ་ངལ་འཛེམས་ཀྱི་བསྒྲུབས་པའི་དྲ་བ་འདིས་རང་རེའི་སྤྱི་ཚོགས་ལ་ཕན་ངེས་ཅན་ཞིག་ཐོགས་རྒྱུ་ཡིན་པ་གདོན་མི་ཟ་བས། ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཧ་ཅང་དགའ་བས་བརྟས་ཡོད། མ་འོངས་པར་ཤེས་ཡོན་རྣམ་དཔྱོད་ཀྱི་ཕྱུག་པའི་བློ་ལྡན་རྣམ་པས་བགྲོ་གླེང་དང་དྲི་བ་དྲིས་ལན་ཆུ་བོའི་རྒྱུན་བཞིན་ཟམ་མི་ཆད་པར་འབབས་པའི་རེ་སྐུལ་དང་བཅས། །

  15. བན་དེ་བ། says:
    2012-12-10 at 5:32 am

    འཇུ་ལེགས་རྒན་ལ་དྭགས་པ།
    ཧི་མི་བ་མང་པོས་་་་ཉིན་གུང་གི་ཟས་ལ་ཉོབ་པ་ཟེར།
    ཞོགས་པ་སྔ་མོའི་ཟས་ལ་ཁ་བསུག་ཟེར།
    ཉིན་རྒྱབ་ཆུ་ཚོད་གསུམ་པ་ཙམ་ལ་ཟས་ཆུང་ངུ་ཟ་བའི་རིགས་ལ་་་་འཛའ་ར་ཟེར་བ་གོ་བྱུང།

  16. དོལ་སྨྱོན། says:
    2012-12-10 at 5:39 am

    ངས་རེ་བ་ཞིག་ཞུ་ན་འདོད་བྱུང་། སྤྱིར་དྲ་རྒྱ་འདི་ལྟ་བུ་ཞིག་གསར་གཏོད་གནང་བ་ནི་རླབས་ཆེན་གྱི་བྱ་བཞག་ཅིག་ཡིན་པ་སྨོས་མི་དགོས། འོན་ཀྱང་དྲ་རྒྱ་སྤྱིའི་ཇུས་བཀོད་དང་མཛེས་རིས། ད་དུང་རྩོམ་ཡིག་གི་བཀོད་སྒྲིག་དང་ཡིག་གཟུགས་ཀྱི་ཆེ་ཆུང་། དེ་མིན་བལྟ་ཀློག་གང་ལའང་ཉེ་བར་དུ་མཁོ་བའི་བཀོད་སྒྲིག་གམ་མཛེས་རིས་ཀྱི་རྣམ་པའི་ཐད་ལ། ཁ་བརྡ་དང་དུས་བབ་གཞན་ཡང་མཚོ་སྔོན་པོ་སོགས་སྔོན་ཐོན་གྱི་དྲ་རྒྱ་ཁག་ལ་མིག་དཔེ་བྱས་ནས། གསོ་རིག་དྲ་རྒྱ་འདི་ཡང་དེ་ལྟ་བུ་ཞིག་ཏུ་འགྱུར་རྒྱུའི་འབད་བརྩོན་ལྷོད་མེད་གནང་རྒྱུའི་རེ་སྐུལ་སེམས་གཏིང་ནས་ཞུས་པ་ཡིན།

  17. གྲགས་པ་གནམ་ཐོས། says:
    2012-12-11 at 7:31 am

    ལ་དྭགས་བློ་དཔལ་ལགས། རྫ་ར་ཞེས་པ་དབུས་གཙང་ལ་ཡོད་བཟོ་འདུག ང་ཡར་ལམ་དུ་ཡོང་ནས་དབུས་གཙང་ཕྱོགས་སུ་ལོ་ཤས་སྡོད་སྐབས་ཁོང་ཚོས་ལོ་འཁོར་བཅུ་གཉིས་ཀྱི་ཐོག་གཏམ་དཔེ་འདི་འདྲ་ཞིག་བཤད་རྒྱུ་འདུག རྒས་པོ་དང་བྱིས་པ་གཉིས་ལོ་འཁོར་བཅུ་གཉིས་སུ་མགྱོཌ་ཀྱི་རྫ་ར་རྒྱན་འཛུགས་བྱས་ཏེ་བྱོས་པས་རྟ་ལུག་སྤྲེལ་དང་བྱ་ཁྱི་ཕག་ བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ་རྒད་པོའི་རྫ་ར་ང་ལ་ཐོབ་ཞེས་བཤོད་སྒྲུང་ཞིག་ཐོས།

  18. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-12-12 at 1:31 am

    ཛ་ར་ཞེས་པའི་སྒྲ་དེ་ལ་ལྷན་རྒྱས་ཀྱིས་སོ་སོའི་གསན་ཚུལ་དང་། ལུང་པ་གང་དང་གང་དུ་དེའི་བཀོལ་སྤྱོད་བྲིས་པས་རྫ་རའམ་འཛའ་རའམ། ཛ་ར། ཞེས་དག་ཆ་དངོས། ཚད་ལྡན་གྱི་དཔེ་ཆ་ཞིག་ན་མ་གསལ་བར་དུ་ཐག་གཅོད་དཀའོ།། གཞན་ཡང་། དཀའ་ཞེས་པར་དིང་སང་། ཁག ཅེས་འབྲི་མཁན་མང་བས། མ་འོངས་པ་ན། ཁག ཅེས་པ་ དཀའ་ ཞེས་པ་གྱུར་ནས་བྱུང་བ་ཡང་ཤེས་དཀའ་བར་འགྱུར་རོ། ཨིན་ཇིའི་མིང་ཚིག་མང་པོ་ གི་རིཀ་སྐད་ལས་བྱུང་བ། གི་རིཀ་སྒྲ་ཟུར་རེ་ཨིན་སྐད་ན་ཡང་མཐོང་རྒྱུ་འདུག ཨ་རི་གྲོང་ཁྱེར་ནེཝ་ཡོརྐ་ལ་བོད་པ་ཞིག་གི་ཁྱབ་བསྒྲགས་ཡི་གེ་ཞིག་ན། ཆོས་ལ་ཆོ། ཞེས་བྲིས་པ་ཐོས། དེ་བཞིན་སྐད་གྲགས་ཅན་གྱི་མཁས་པས་བྲིས་པའི་དཔེ་དེབ་དག་ན། ཡང་འཇུག་ས་ཡིག་སྤངས་པ་ཤིན་ཏུ་མང་ངོ་།།

  19. ཀརྡོ་གཉེར་ཕྱག་པ་ says:
    2012-12-12 at 9:16 am

    ང་ཚོ་སྟོད་མངའ་རིས་འབ་ཆེན་འབྲོག་སྡེའི་ནང་ལ། ཞོགས་ཟས། དགུང་ཟས། དགོངས་ཟས། གསུམ་ལས་འཇར་ར་ཟེར་བ་ནི། རི་བོར་ར་ལུག་འཚོ་མཁན་གྱི་རྫི་བོའི་ཉིན་ལྟོའི་ཆེད་དུ་ཡོས་སོགས་འཁྱེར་བ་ལ་འཛར་ར་ཟེར།

  20. ཀརྡོ་གཉེར་ཕྱག་པ་ says:
    2012-12-12 at 9:18 am

    གར་ཞྭ་པས་རྒད་པོ་དང་གྲྭ་པ་འགའ་ལ་མེས་མེས་ཞེས་པའི་མིང་གིས་འབོད་སྲོལ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme