Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་བརྡའི་གསལ་བསྒྲགས།

Posted on 2013-09-302013-10-01 By ཁ་བརྡ་ 61 Comments on ཁ་བརྡའི་གསལ་བསྒྲགས།

བཀུར་འོས་ཁ་བརྡ་གཟིགས་མཁན་དང་ཁ་བརྡའི་གྲོགས་པོ་ཡོངས་ལ་ཞུ་རྒྱུར། ཉེ་ཆར་ནས་ཁ་བརྡའི་དྲ་ངོས་ལ་འགྱུར་བ་གཏོང་བཞིན་ཡོད་པ་དེ་དག་ལ་གཟིགས་མཁན་རྣམས་ཀྱིས་ཐུགས་འཁུར་དང་དགོངས་འཆར་གནང་བཞིན་པ་ལ་ཐུགས་རྗེ་ཆེ་ཞུ། ད་ལྟའི་དྲ་ངོས་ཀྱི་སྒྲོམ་གཞི་འདི་ནི་དེང་དུས་ཀྱི་ཚད་དང་བསྟུན་ནས་ཁ་པར་སོགས་ནས་ཀློག་བདེ་ཡོང་ཆེད་ལ་དམིགས་པ་ཞིག་ཡིན་མོད། མུ་མཐུད་ནས་ཁ་བརྡའི་དྲ་ངོས་གསར་པ་འདི་ལ་ཚོད་ལྟ་དང་ཁ་བརྡའི་ལས་བྱེད་ཡོངས་ཀྱིས་དེ་ལ་ཅི་བྱེད་འདི་དགེའི་གྲོས་བསྡུར་བྱེད་བཞིན་ཡོད་ན་དེ་ལུགས་དགོངས་འཇགས་དང་། ད་དུང་ཡང་མུ་མཐུད་ནས་དགོངས་འཆར་གནང་བར་རེ་སྐུལ་ཞུ་བ་ཡིན།

གསལ་བསྒྲགས།

Post navigation

Previous Post: ཤ་ཚའི་ཁ་ལ་གཏམ་སྙན་མེད།
Next Post: མཱ་ལ་ལའི་རྒྱལ་ཚོགས་སུ་གནང་པའི་གཏམ་བཤད།

Comments (61) on “ཁ་བརྡའི་གསལ་བསྒྲགས།”

  1. ཤ་ཁྲག་དམར་པོ says:
    2013-09-30 at 11:20 pm

    ལགས་སོ་ཐུགས་རྗེ་ཆེ་དྲྭ་ངོ་འདི་ཡག་པོ་འདུག་ལགས། མ་ཟད་ཡིག་འབྲུ་ཡང་ཆེ་པོ་འདུག་དཔེ་ཡག་པོ་འདུག་ཐུགས་རྗེ་ཆེ་ཞུ་ཁ་བརྡ་ཚང་ལགས།

  2. ཀ་ཁའི་རྫི་བོ། says:
    2013-10-01 at 12:18 am

    འདི་བེད་སྤྱོད་གཏོང་བདེ་བོ་མེད་པས་སྔ་མ་དེ་ག་རང་དགའ་ས་རེད།

  3. འཇིགས་མེད་བློ་གྲོས། says:
    2013-10-01 at 1:05 am

    ཁ་བརྡ་དྲ་བའི་ལས་བྱེད་ཡོངས་ལ་གུས་བརྩི་བཅས། ད་ལྟའི་བཟོ་ལྟ་འདི་གསར་པ་ཡིན་པས་མིག་ལ་མ་བྱང་བས་ཡིན་ནམ། སེམས་ལ་འཐད་པོ་རང་ཞིག་བྱུང་མ་སོང་ལགས། སྔོན་གྱི་བཟོ་བཀོད་དེར་ཞན་ཆ་འདྲ་ངེས་པར་ཡོད་སྲིད་ཀྱང་བལྟ་ཀློག་བྱེད་དུས་སྲོལ་རྒྱུན་གྱི་བྱིན་རླབས་ཡོད་པའི་ཉམས་སྣང་ཞིག་ཡོང་གི་ཡོད། ད་ལྟའི་འདི་དེ་འདྲ་རང་ཞིག་བྱུང་མི་འདུག འོན་ཀྱང་རིམ་པས་འདྲིས་པར་འགྱུར་སྙམ།
    གང་ལྟར་བོད་ཀྱི་སྐད་ཡིག་དར་རྒྱས་ཀྱི་ཆེད་དུ་དྲ་བ་འདིས་གྲུབ་འབྲས་རླབས་ཆེན་བཏོན་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད།

  4. ཆོས་འཕེལ། says:
    2013-10-01 at 1:18 am

    ཁ་བརྡ་ཚང་གིས་ཡར་རྒྱས་ལ་འབོད་པ་དགའ་བསུ་ཞུ། ཐོག་མར་དྲ་ངོས་གསར་པ་འདི་མིག་ལ་བདེ་པོ་རང་མ་བྱུང་། འོན་ཀྱང་ཆེད་ཆོས་གསར་པ་ཁ་ཤས་འདུག་ལ། ཉིན་ཤས་རིང་འདིར་ལྟས་པས་མ་བདེ་བ་མི་འདུག།

  5. ཨ་ར་དཀར་པོ says:
    2013-10-01 at 1:57 am

    འགྱུར་བ་འདི་ཁ་པར་ལ་ཧ་ཅང་སྟབས་བདེ་རེད། གློག་ཀླད་ལ་གང་ཤེས། ཐོག་མར་ཅུང་མ་བདེ་བ་ལྟ་བུ་འདུག་ཀྱང་ཡར་སྔོག་མར་སྔོག་འགའ་བྱས་རྗེས་ཧ་ཅང་ལྟ་བདེ་སྤྱོད་བདེ་ཆགས་འདུག། འོན་ཀྱང་མགོ་ཡི་སྡེ་ཚན་སོ་སོའི་མིང་དེས་ས་མིག་གཅོད་ཆེ་འདུག་སྙམ། ཁ་པར་གྱི་འཆར་ཤེལ་ཕར་ཚུར་འབུད་རྒྱག་བྱས་ན་དང་པོ་དཀར་ཆགས། དཀྱིལ་མ་མདུན་ངོས ཐ་མ་མཆན་ལྟ་ས་བཅས་ཡིན་ན་ཧ་ཅང་སྟབས་བདེ་ཡོང་ས་རེད། བསམ་འཆར་ཙམ་ཡིན།

  6. བན་དེ་བ། says:
    2013-10-01 at 2:54 am

    ཁ་བརྡ་དྲ་བདག་རྣམས་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབས་ལ་ཐུགས་སྣང་ཆེན་པོས་ལྷག་བསམ་རྣམ་དག་གི་ཕྱག་ལས་རྣམས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད། འོན་ཉེ་ཆར་གསར་བཟོས་ཁ་བརྡ་དྲ་བའི་དབྱིབས་དེ་ཅུང་མི་བདེ་བ་ཞིག་ཏུ་མཐོང། སྔར་གྱི་དབྱིབས་ལྟར་ཁ་བརྡར་གཞུག་པ་དང་དེར་བཏབ་པའི་མཆན་དང་རྩོམ་གསར་པ་གང་ཡོད་མིག་ལམ་དུ་ཁ་ལམ་མེར་ཤར་བ་ཞིག་ཡོད། འོན་ཀྱང་ད་ལྟ་གསར་པ་དེར་གཞུག་དུས་ཤོག་བུ་སྔོ་ལམ་མེ་བ་ཞིག་ལས་རྒྱ་ཆེན་པོར་མཐོང་ཐུབ་ཀྱི་མི་འདུག འོན་ཀྱང་ཡིག་གཟུགས་ཆེ་རུ་བཏང་བ་དེར་ཡག་པོ་འདུག་ཞུ། བྱུང་ན་སྔར་ལྟར་ལེགས།

  7. ལུང་རྟོགས། says:
    2013-10-01 at 3:04 am

    འགྱུར་བ་འདིས་ལེགས་ཆ་ཆེ་ཤོས་ནི་ཡིག་འབྲུ་རྩིང་པོ་ཡོད་པས་ལྟ་ཀློག་ཧ་ཅང་བདེ། ཉེས་ཆ་ཆེ་ཤོས་ནི་སྡེ་ཚན་སོ་སོའི་མིང་གོང་ལ་བཀོད་པ་དེ་རེད། ངའི་བསམ་ཚུལ་བྱས་ན་སྡེ་ཚན་སོ་སོའི་མིང་གོང་ལ་བཀོད་པ་དེ་མེད་པར་བྱས་ན་གཞན་བཤད་རྒྱུ་ཞིག་མེད། ཡག་པོ་འདུག་ཞུ་ཡ་ཡིན།

  8. འཕྲུལ་གྱི་བཙན་པོ། says:
    2013-10-01 at 3:52 am

    བཀུར་འོས་པའི་ཁ་བརྡའི་རྩོམ་སྒྲིག་པ་ལྷན་རྒྱས་མཆོག་ལ།
    ཕྲན་ལ་མཚོན་ན་དྲ་རྒྱ་ཇུས་འགོད་སྐོར་གྱི་ཤེས་བྱ་ཕྲ་ནའང་། ད་ལྟ་སྤྱོད་བཞིན་པའི་དྲ་ངོས་ཇུས་འགོད་འདིའི་ཁ་དོག་དང་བཟོ་བཀོད་སོགས་ཐོག་མར་མཐོང་བ་དང་སྤྱོད་མི་བདེ་བ་དང་བློ་བདེ་བོ་མེད་པའི་ཚོར་རབ་ཏུ་སྦྱིན། དེ་བས་སྔོན་མའི་ཇུས་འགོད་རྙིང་པ་རང་སོ་བཞག་བྱས་ན་ལེགས་པར་སེམས། ཡང་ན་དྲ་ངོས་གསར་པ་འདི་ལས་ཇུས་འགོད་ལེགས་པོ་ཞིག་གཏོང་རྒྱུ་གལ།

  9. ཞོལ་གཡག་འབྲོང་རྒྱུད། says:
    2013-10-01 at 4:12 am

    བཀུར་འོས་ཁ་བརྡ་ཚང་ལགས། དྲ་ངོས་ཀྱི་སྤུས་ཚད་དང་བལྟ་ཀློག་སྤྱོད་བདེ་སོགས་སྔར་རྒྱུན་རང་འཇགས་འཇོག་གནང་མཛད་རྒྱུའི་རེ་བ་ཆེ། ལག་ཐོགས་ཁ་པར་གཅིག་པུར་བེད་སྤྱོད་གལ་ཆེ་འཛིན་ན་ཅུང་བློར་བབས་མ་སོང་། གལ་ཆེ་ཤོས་དྲ་ངོས་ཤར་བ་ཙམ་གྱི་ཡིད་དབང་འཕྲོག་དགོས་པ་འདྲ་ཞིག་ཡོང་རྒྱུར་འབད་བརྩོན་གནང་རོགས། གསར་བཟོའི་དྲ་ངོས་འདི་རྒན་རྒོན་མིག་ཐང་ཐང་མེད་པའི་ཆེད་དུ་གཅིག་པུར་དམིགས་པ་འདྲ་ཞིག་ལས་དྲ་རྒྱའི་ཉམས་རྦད་དེ་ཤོར་འདུག། ཡར་མར་འཚོལ་བཤེར་སོགས་ལ་ཡང་དཀའ་ངལ་འཕར་མ་ཞིག་ཡོང་བཞིན་པ་དངོས་བདེན་ལགས་ན་དེ་དོན་དགོངས་འཇགས་མཛད་རྒྱུའི་རེ་བ་ཡོད།

  10. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2013-10-01 at 4:16 am

    དྲ་ངོས་ཚོས་གཞི་མེད་པའི་དཀར་པོ་དཀར་རྐྱང་བྱས་ན་ལེགས། དེ་མིན་རྩོམ་ཡིག་ཅི་ཞིག་མི་ཅི་ཙམ་གྱིས་བཀླགས་ཡོད་མེད་ཀྱི་ཨང་གྲངས་འཆར་ཐུབ་པ་བྱས་ཚེ་དེས་རྩོམ་ཡིག་འབྲི་མཁན་གྱི་རྩོམ་ཡིག་འབྲི་ཡ་ཁ་ཕྱོགས་ཡག་པོ་ཞིག་རྙེད་རྒྱུར་ཕན་ཐོགས་ཡོད་སྲིད།

  11. འཇིགས་བྲལ་བསྟན་འཛིན། says:
    2013-10-01 at 4:35 am

    ༡ དྲ་བའི་རྒྱབ་ངོས་ན་ཚོན་མདོག་གང་ཡང་མེད་པས་མིག་ལ་ཧ་ཅང་གནོད་ཀྱི་འདུག ༢ ཡིག་གཟུགས་ཆེ་བ་ཡག་པོ་མ་རེད་ཞུ་མི་ཐུབ་ཀྱང་མཛེས་ཉམས་རྦད་དེ་ཤོར་འདུག ༣ ཁ་པར་ནང་འགོ་བརྗོད་དེ་དག་ཧ་ཅང་ཆེན་པོར་ཤར་གྱི་འདུག་པས་དྲ་རྒྱའི་ནང་གི་འཕོ་འགྱུར་གསར་བཀོད་ཡོངས་སུ་སྒྲིབ་འདུག ༤ གསར་རྒྱག་མཆན་བུ་གསར་པ་གང་ཡོད་མི་ཤེས་པས་དྲ་ལམ་དུ་ཐུག་འཕྲད་ལྟ་བུའི་སྒོ་ནས་བགྲོ་གླེང་བྱེད་མི་བདེ་བ་བཟོས་འདུག ༥ རྩོམ་ཡིག་དེ་དག་སྡེ་ཚན་གང་ན་ཡོད་པ་མ་གསལ་བས་དྲ་ཐོག་གི་གལ་ཆེའི་རྩོམ་ཡིག་ཅིག་འཚོལ་དགོས་ན་ཧ་ཅང་ཁག་ཏུ་བཏང་འདུག

  12. རིག་ལོ། says:
    2013-10-01 at 4:43 am

    འགྱུར་བ་མ་བཏང་ན་ཡར་རྒྱས་འགྲོ་ཐུབ་ཀྱི་མ་རེད། དེར་བརྟེན། འགྱུར་བ་འདི་ལ་དགའ་བསུ་ཞུ་གི་ཡོད། ཞོར་འཕྲོས་སུ། ཁ་པར་ནང་ལ་སྔོན་མ་ནང་བཞིན་ལེགས་པོ་ཤར་གི་མི་འདུག ལྷག་པར་དུ་སྡེ་ཚན་དབྱེ་སྟངས་དེ་འཕྲད་དུ་བཞག་ན་ཁ་པར་ནང་ལ་ཡག་པོ་ཤར་ས་རེད། བཀའ་དྲིན་ཆེ།

  13. ཤིང་རྟ། says:
    2013-10-01 at 5:54 am

    བཀུར་འོས་ཁ་བརྡ་ཚང་ལགས། དྲ་ངོས་ཀྱི་སྤུས་ཚད་དང་བལྟ་ཀློག་སྤྱོད་བདེ་སོགས་སྔར་རྒྱུན་རང་འཇགས་འཇོག་གནང་མཛད་རྒྱུའི་རེ་བ་ཧ་ཅང་ཆེ།

  14. གནམ says:
    2013-10-01 at 6:11 am

    ཡིག་གཟུགས་ཡིག་རྐྱང་གི་དྲ་བ་འདིའི་ཡིག་འབྲི་འགྲུལ་བཞུད་ཀྱི་ལྗིད་ཚད་ཇེ་ཡང་ལ་བཏང་ཡོད་པ་གསལ་བོ་རེད། ཡིན་ན་ཡང་། རྩོམ་པ་བོ། རྩོམ་ཡིག། རྩོམ་མྱིང་སོགས་ལ་གཟུགས་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བ་ཡིན་གཅིག་ཡོད་ན། འཆར་འགོད་ལྡན་པའི་རྣམ་པ་ཡོད་པ་དང་། ཀློག་པ་བོས་ཡང་ཇུས་འགོད་ཀྱི་སྒྱུ་རྩལ་ལ་རོལ་སྐྱིད་རྒྱག་ཐུབ་པ་དང་། ཁྱ་ཁྱ་རིག་རིག་གི་རྣམ་པ་དང་བྲལ་བའི་དེང་རབས་ཀྱི་ཁ་ཕྱོགས་སུ་སྔོན་སྐྱོད་བྱེད་པའི་དགེ་མཚན་མཐོང་ངེས་རེད། དེ་མིན་པས། ཐིག་ཤུར་གོང་འོག་གི་དབྱངས་ཡིག་ལ་སྣོལ་ཁ་ཤོར་ན་རྩེག་འོག་ཐེབ་འགྲོ་བ་སོགས་ལ་ཡར་རྒྱས་གང་ཐུབ་ཡོང་བར་འབད་བཞིན་ཡིན་པར་ཡིད་ཆེ་ཡོད།

    གོང་བཀོད་ཀྱི་ཆ་རྐྱེན་དག་མ་ལྡན་དང་མི་འབད་ན། རྩ་ལས་རྩ་ཐབས་དང་། ཡོད་པ་མེད་ལ་བརྗེ་བའི་ཕུད་ཤོག་མགོ་ཅན་འགའ་རེད་ཟེར་རྒྱུ་ཡིན།

  15. ཆུ་ཐིགས་སྔོན་མོ says:
    2013-10-01 at 7:09 am

    སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་ཀྱང་མི་ཆོད་པའི་དཔེ་འདི་ཅིས་མ་བདེན་་་་ཁ་བརྡ་ཚང་གི་ཡར་རྒྱས་ལ་ཡི་རང་ཞུ་བཞིན་ཡོད་་་་་་ཧ་ཅང་ཡག་པོ་འདུག་་་་་

  16. ཆབ་བྲག་ཕོ་ཉ། says:
    2013-10-01 at 7:18 am

    ཅི་ཙམ་གྱིས་སྟབས་བདེ་ན་དེ་ཙམ་གྱིས་བཟང། གང་ལ་གོམས་པ་དེ་ལ་བག་ཆགས་ཆེ་བས་ཁ་བརྡ་རྙིང་པའི་དྲ་བར་གོམས་སོང་བ་དག་གི་མིག་ལ་མི་བདེ་བ་ཡོང་སྲིད། ཡང་གཅིག་བཤད་ན་མི་སུམ་ཅུར་བསམ་པ་སུམ་ཅུ་ཟེར་བ་རེད། འདི་རིགས་ལ་དམངས་གཅོའི་ལམ་ལུགས་མང་མོས་བརྟག་དཔྱད་གནང་མི་དགོས། ཧཧཧཧཧཧ མདོར་ན་ལེགས་བཅོས་གནང་བར་རྟེན་འབྲེལ་ཞུ། ག་ལེར་གོམས་འགྲོ་གི་རེད།

  17. སྐར་མདའ། says:
    2013-10-01 at 9:09 am

    དེ་སྔོན་དེ་གོམས་པའི་རྐྱན་གྱིས་ཡིན་པ་ངས་མི་ཤེས།དེ་མིན་སྔོན་མ་དེ་བཟང་ངོ་སྙམ།

  18. རྟ་བདུན་དབང་བོ says:
    2013-10-01 at 9:15 am

    ཁ་བརྡ་ཚང་གི་ཡར་རྒྱས་ལ་དགའ་བསུ་ཞུ། ང་དྲྭ་གྲོགས་ཚོས་བསམ་འཆར་བཏངས་པ་ལ་ཧ་ལས་ཤིང་ཧོན་ཐོར་སོང་། ཐིག་ཕྲེང་གོང་མའི་ཞབས་ཀྱུ། འོག་མའི་ན་རོ་དང་འགྲེང་བུ་སོགས་འདྲེས་ནས་ཀློག་ཁག་པོ་འདུག་པ་དྲྭ་གྲོགས་གནམ་གྱི་མིང་ཅན་མ་གཏོགས་སུ་ཞིག་གིས་གླེང་མི་འདུག་པ་འདི་ཤིན་ཏུ་ནས་ཡ་མཚན་པ་ཞིག་རེད། དངོས་ནས་དྲྭ་གྲོགས་ཚང་མ་ཀླད་མེད་རྐྱང་ཡིན་ནམ། བཟོ་བཀོད་ནི་གནས་སྐབས་རིང་མིག་ལ་བྱང་མ་བྱང་གི་ཁྱད་པ་ར་རེད། ད་དངོས་ནས་ཡིད་སྐྱོ་བོ་འདུག ཁ་ཅིག་གིས་དྲྭ་འབུ་ཟེར་ནས་སྨད་ཀྱིན་འདུག དངོས་གནས་ཤེས་རྒྱ་ནམ་མཁའི་མེ་ཏོག་གི་ཟླ་བོར་བསྙེགས་པའི་དྲྭ་འབུ་ཁ་ཤས་ཡིན་ས་རེད། །

  19. བཙག་རོང་འཇོལ་མོ། says:
    2013-10-01 at 9:29 am

    ཁ་བརྡས་འགྱུར་བ་ལ་སྟབས་བདེ་བཟོས་ཀྱང་གོང་གི་དཀར་ཆག་ནར་མོ་དེས་སུན་བྱུང་། དེ་ཡང་འགྱུར་བ་ཞིག་གཏོང་གལ་ཆེ། ཁ་བྲོ།

  20. རྒྱ་མཚོ་ཆེན་པོ་ says:
    2013-10-01 at 10:22 am

    ངོ་མ་དྲ་ངོས་གསར་པ་འདི་ཁྱོན་ནས་ཡག་པོ་མིན་འདུག་ལ་དུས་ཚོད་མང་པོ་འགོར་གྱི་འདུག སྔོན་མ་དེ་ག་རང་ཤིན་ཏུ་ནས་ཀྱང་ཡག་པོ་འདུག

  21. རྒྱ་མཚོ་ཆེན་པོ་ says:
    2013-10-01 at 10:37 am

    བཀུར་འོས་རྩོམ་སྒྲིག་པ་མཆོག་ལ་ཞུ་རྒྱུར། གོང་དུ་དྲ་གྲོགས་ཚོས་དགོངས་འཆར་ལྷུག་པོར་གསུངས་གནང་འདུག མང་པོ་ཞིག་གིས་དྲ་ངོས་གསར་པ་འདི་མིག་ལ་འདྲིས་པོ་མེད་པ་ཡིན་ཙང་གནས་སྐབས་མི་བདེ་བ་ཡོད་ཀྱང་རིམ་པས་ལེགས་སུ་འགྲོ་ཡོང་ཞེས་དོགས་འཆར་རེད་འདུག སྔོན་མའི་དྲ་ངོས་ནང་ལེ་ཚན་གྱི་རྩོམ་རྣམས་རང་བཞིན་གྱིས་སྟབས་བདེའི་ངང་ནས་ལྟ་ཐུབ་ཀྱི་ཡོད། མ་ཟད་མདུན་ངོས་ཚོན་མདོག་ལྗང་གུས་མིག་ལ་མཛེས་ཤིང་ཚོར་བ་ཡང་བཟང་པོ་ཐོབ་ཀྱི་འདུག ཁ་དྲོ་ཁྱེད་རྣམས་ཀྱི་བྱ་བ་ལམ་ལྷོངས་སྒོ་ནས་འགྲུབ་པར་སྙིང་ནས་སྨོན།

  22. ནམ་མཁའ says:
    2013-10-01 at 10:39 am

    ཁ་བརྡ་ཚང་གི་རྩོམ་སྒྲིག་པ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཡོད། སྔོན་མའི་འཆར་བཀོད་དེ་མིག་གོམས་ལོབ་ཏུ་སོང་བས་ཅུང་མི་བདེ་བ་ཞིག་རེད་མོད། ཡིན་ཡང་དེ་ནི་གོམས་ལོབ་ཏུ་འགྱུར་ངེས་རེད།
    དེ་མིན་ད་ལྟ་མཆན་གྱི་གྲངས་བཀོད་ཡོད་པའི་ཚབ་དེ་རྩོམ་པ་པོའི་མིང་བཀོད་དེ་བཞག་ན་བསམ་པ་ཞིག་བྱུང་། དེ་མིན་རྩོམ་པ་པོའི་མིང་བཙལ་དགོས་ཀྱི་འདུག་ མཆན་གྱི་གྲངས་དེ་སྔོན་ལྟར་འཇོག་ཐུབ་ན་ལེགས་སྙམ་མོ།

  23. ཨ་དམར་པོ། says:
    2013-10-01 at 11:37 am

    ཀློག་གྲངས་མི་འགོད་པའི་རྒྱུ་མཚན་ཅི་ཡིན་ནམ། དེ་བཀོད་ན་ལེགས་སྙམ།

  24. གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ། says:
    2013-10-01 at 12:26 pm

    ཁ་བརྡ་ཚང་གི་བོད་ཡིག་དྲ་ཚིགས་གསར་བ་འདི་སྔ་མ་དང་མ་འདྲ་བར་སོ་སོའི་དགའ་སའི་ལོ་རྒྱུས་ཡིན་ནའང་འདྲ་ཡང་ན་བརྩམས་སྒྲུང་ཡིན་ན་ཆོག་མོད། ད་ལྟ་ལས་སླ་བོའི་ངང་བལྟ་ཀློག་དང་འཚོལ་གཤེར་བྱེད་ཐུབ་པའི་དགེ་མཚན་ལྡན་འདུག་ལ་དྲ་རྒྱའི་ཇུས་འགོད་དང་མ་ལག་བསྒྲིགས་སྟངས་སྔར་དང་མ་འདྲ་བར་ཡག་པོ་བཟོས་ཐུབ། ཡིན་ནའང་སྔོན་མའི་ཚོན་ཁྲ་ལྗང་ཁུ་འདི་རང་འཇགས་བཞག་ན་ཅུང་ཙམ་མིག་ལ་མཛེས་པ་དང་གཙོ་བོ་ཉེ་ཆར་གྱི་
    བརྩམས་ཆོས་དང་མཆན་བུ་འདེབས་ས་རྣམས་དུས་རྒྱུན་དུ་ནས་དྲ་གྲོགས་ཚོའི་མཐོང་ཆོག་ཆོག་ཅིག་བཟོ་རྒྱུ་གལ་ཆེ། ད་ལྟ་ཉེ་ཆར་གྱི་མཆན་བུ་བལྟ་ཀློག་བྱེད་ས་རྣམས་འོག་ལ་སསླེབས་འདུག་པ་དང་ས་མིག་སྟོང་པ་གང་ཙམ་ཞིག་ལྷག་འདུག

  25. དོལ་སྨྱོན། says:
    2013-10-01 at 1:38 pm

    ཁ་བརྡ་དྲ་ཚིགས་ནི་ང་ལ་མཚོན་ན་ཆེས་དམིགས་གསལ་ཞིག་ཡིན། དེས་ན་དྲ་ཚིག་འདིའི་བཟོ་བཀོད་ཐད་སྔར་ལས་ལྷག་པ་ཞིག་མ་བྱུང་ནའང་། སྔར་ལས་མི་དམན་པ་ཞིག་ཡོང་བའི་རེ་བ་སེམས་གཏིང་ནས་ཞུས་པ་ཡིན། ཞོར་དུ་ཁ་བརྡའི་ལས་བྱེད་ཡོངས་ལ་བཀའ་དྲིན་ལྷག་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན།

  26. ཚེ་རིང་ནས། says:
    2013-10-01 at 2:01 pm

    ཁ་བརྡ་དྲྭ་བ་གསར་པ་འདི།
    ལས་སླ་པོ་ལྟ་ཤེས་ཀྱི་མི་འདུག

  27. ནག་ཆུ་ཀུན་དགའ། says:
    2013-10-01 at 2:45 pm

    འདི་མཚོ་གཞི་ལེགས་པོ་དང་དྲྭ་མིག་ཡག་པོ་འདུག་མོད། སྔོན་མ་དེ་མདུན་ངོས་ཀྱི་ཟུར་རང་ན་དཀར་ཆག་ཆ་ཚང་ཡོད་ཙང་སྟབས་བདེ་པོ་དང་ལས་སླ་པོ་འདུག།
    འོན་ཀྱང་བར་སྐབས་ཤིག་ལ་ ༡ཐོངས། ཟེར་བ་དང་། ༢་མཆན་༣་འདུག་་རྩོམ་འདི་འཕྲོ་ཀློགས་ལ་སོགས་པ་བོད་རང་གི་ཕ་སྐད་ཐོག་ཡོད་པ་དེ་མེད་པ་བཟོས་ནས།
    post comment ལྟ་བུས་མཚོན་དབྱིན་ཡིག་ཐོག་བསྒྱུར་བ་དེ་སེམས་ལ་འཐད་མ་སོང་་ཡང་བོད་ཡིག་ཐོག་བཞག་ན་དམིགས་བསལ་དཀའ་ངལ་དེ་འདྲ་ཡོད་ན་ཅང་མི་ཞུ།
    ད་དུང་དྲྭ་ཤོག་དཀར་པོ་དཀར་རྐྱང་འདིས་མིག་ལ་ཅུང་ཟད་གནོད་ཀྱི་འདུག། ཚོས་གཞི་དང་དྲྭ་མིག་འདི་རང་ལ་་གཞན་སྔོན་མ་སྔོན་མ་དང་འདྲ་པོ་ཡོད་ན་ཅི་མ་རུང་སྙམ་མོ།།
    ཨོ་ད་དུང་བཀླགས་གྲངས་དེ་བཀོད་ཐུབ་ནའང་ཡག་པོ་འདུག་དཔེར་ན་མཚོ་སྔོན་དྲྭ་རྒྱ་བཞིན། ཐུགས་རྗེ་ཆེ་་་

  28. བསམ་ཤེས། says:
    2013-10-01 at 3:57 pm

    འཆར་བཀོད་གསར་པ་འདིས་རྩ་དོན་གསུམ་ལ་དུག་བླུགས་ནས་བསད་འདུག

    ༡ ཁ་བརྡའི་ངོ་བོ་དང་རྟགས་ལྟ་བུའི་པར་རྙིང་པ་དེ་དང་ཡིག་གཟུགས་དེ་རེད། དེས་མི་ཚང་མར་ཀྱག་ཀྱོག་གི་རྣམ་རྟོག་བཟང་ངན་མང་པོ་དྲན་པའི་ཡུལ་དུ་འདྲེན་ནས། ལྷན་སྐྱེས་ཁ་བརྡའི་ཚོར་སྣང་ཞིག་ཡོད་པ་དེ་བསད་འདུག ༢༠༠༨ལོར་མི་ཚང་མ་ཆུ་ཚོད་དང་སྐར་མ་མཐུད་ནས་ཁ་བརྡར་ཡོང་དུས། དྲ་རྒྱ་རྙིང་པ་དེ་ལ་བྲོ་བ་ཞིག་དང་ལོ་རྒྱུས་ཤིག་ཡོད་པ་དེ་བསད་འདུག

    ༢ ཤོག་ངོས་གུ་ཡངས་ཤིང་། སེམས་ལ་ལྷོད་ཤིག་ཤིག་གི་དྲ་ཤོག་དེ་དེང་གི་འབུ་འཚང་བ་ལྟ་བུའི་རྒྱ་ནག་ལ་བཟོས་པའི་དྲ་ཤོག་དེ་ཚོའི་རྗེས་སུ་སྙེག་པ་ལྟ་བུ་འདུག དམིགས་བསལ་ཁྱད་ཆོས་ཅི་ཡང་མིན་འདུག

    ༣ ད་ལྟའི་དྲ་རྒྱ་དེ་མིག་ལ་བལྟས་ན་མ་མཛེས་ཤིང་། འཚོལ་ན་མ་བརྙེད་པ། ཀློག་ན་མ་ལྷོག་པའི་དྲ་རྒྱ་ཡིད་ལ་མ་འགྲོ་བ་ཞིག་རེད།

  29. ཀ་ར་མ says:
    2013-10-01 at 4:37 pm

    ཁ་བརྡ་སང་ལ་བཀྲ་ཤིས་བདེ་ལེགས་དང་བསམ་དོན་འགྲུབ་པར་སྨོན་ནོ།།།།

  30. BONPO says:
    2013-10-01 at 5:49 pm

    དཔལ་ལྡན་ཁ་བརྡ་ཚང་ལགས། །
    ཁྱེད་རྣམས་ཀྱིས་ཧུར་ཐག་འབད་ཐག་བྱས་ནས་ཁ་བརྡའི་དྲྭ་རྒྱར་ཡར་རྒྱས་ཆེན་པོ་བཏང་གནང་བར་དཀའ་དྲིན་ཆེ་ཞུ་བ་ཡིན། ཡིག་གཟུགས་ཏོག་ཙམ་ཆེ་སོང་བ་ཡིན་ནམ་ཟང་ང་ཟིང་ངེ་འདྲ་པོ་མཐོང་གི་འདུག། རྒྱབ་ཤ་དེ་མདོག་དཀར་པོ་མིན་པར་ལྗང་ཞུ་སོགས་བཟོས་ན་ཀློག་ཐབས་བདེ་པོ་ཡོང་བར་སེམས། iPhone5ནང་དུ་དཀྱིལ་མའི་རྩོམ་ཡིག་ཁག་མ་གཏོགས། གཡས་གྱི་གླ་ཡོད་ཁྱབ་བསྒྲགས་འོག་ལ་ནར་མར་གང་འཁོད་དང་། གཡོན་གྱི་ཉེ་ཆར་གྱི་མཆན་བུ་ཞེས་པའི་འགོ་བརྗོད་འོག་ནས་ནར་མར་འཁོད་ཚད་གསལ་ཐུབ་ཀྱི་མི་འདུག། རྒྱུ་མཚན་ཅི་ཡིན་མི་ཤེས། །
    དྲྭ་རྒྱ་འདིའི་དབུ་ཤོག་གསར་པ་མཐོང་བ་ཙམ་གྱིས། གངས་དཀར་ལྷུན་པོ་ལ་ཀླུང་རྟའི་འཇའ་མཚོན་གྱིས་ཡོངས་སུ་བརྒྱན་ནས་མཐོ་སྒང་སྲིད་པའི་བོད་ཡུལ་དུས་ཀུན་དྲན་ལྷང་ལྷང་ཡིད་ལ་འཕྲེང་བར་སྐུལ་བ་ལ་དགའ་བསུ་དང་ལེགས་གསོལ་འབུལ་བཞིན་ཡོད། ཐུགས་རྗེ་ཆེ་ཞུ་བ་ཡིན། །

  31. པདྨ says:
    2013-10-01 at 6:18 pm

    སྐད་ཡིག་དང་རིག་གཞུང་ལ་དུང་བའི་ཁ་བརྡ་དྲྭ་ཡར་རྒྱས་ཕུན་སུམ་ཚོགས་པར་གནང་བར་ཡི་རང་དང་བསྔགས་བརྗོད་ཞུ། ཚོས་གཞི་སྔོན་བཞིན་གནང་ན་ལེགས་སོ་དང་རྟེན་འབྲེལ་བཟང་། ད་དུང་མཆན་དང་ཐོངས་ཀྱི་བོད་ཡིག་དག་རང་སོར་བཞག་ན་དགེ་མཚན་ཆེ་བར་མངོན་ནོ། གང་ལྟར་ཡར་རྒྱས་ལ་དགའ་བསུ་དང་མུ་འཐུད་དུ་བོད་རང་གི་ཐུན་མིན་གྱི་རིག་གཞུང་དར་སྤེལ་གནང་བར་མཁྱེན་ནོ། ། ཞལ་བྲོ། །

  32. བསམ་ཤེས། says:
    2013-10-01 at 9:44 pm

    གོང་ལ་ཁ་བརྡའི་འཆར་བཀོད་གསར་པ་འདིའི་ཞན་ཆ་རྣམས་ཞུས་ཟིན། ད་མཐའ་སྡོམ་ལ། ད་བར་ཁ་བརྡའི་ལས་བྱེད་རྣམ་པས་ཁ་ཞེ་གཉིས་མེད་ཀྱིས་བོད་ཀྱི་སྥྱི་ཚོགས་ནང་ལ་རང་དབང་གི་གླེང་སྟེགས་རིན་ཐང་བྲལ་བ་ཞིག་མཁོ་འདོན་གནང་བ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། གླེང་སྟེགས་འདི་བརྒྱུད་ནས་ང་ཚོས་ཀྱང་ཁ་ཞེ་གཉིས་མེད་ཀྱིས་རང་རང་གི་བསམ་ཚུལ་རྣམས་དྲང་པོར་བཤད་ནས་སྤྱི་ཚོགས་ནང་ལ་གནད་དོན་ཆེ་ཆུང་ཚང་མར་བགྲོ་གླེང་ཞུ་རྒྱུའི་གོ་སྐབས་རིན་ཐང་བྲལ་བ་ཞིག་གནང་བ་དེ་ཁ་བརྡའི་ལས་བྱེད་རྣམ་པའི་བཀའ་དྲིན་ཡིན། དྲིན་ལ་དྲིན་ལས་མེད་ན་ཁྱི་ལས་ལོད་ཟེར་བ་བཞིན་དྲིན་དེ་ཡིད་ལ་བཅངས་ནས་རང་ངོས་ནས་གང་ཐུབ་ཀྱི་ཞབས་འདེགས་ཁ་ཡོད་ལག་ཡོད་བསྒྲུབ་རྒྱུ་ཡིན། ཐོག་མར་ཁ་ཡོད་ལག་ཡོད་ཀྱི་དངུལ་ཏོག་ཙམ་ཞལ་འདེབས་འབུལ་རྒྱུ་ཡིན། དེ་སུ་ལ་གཏོང་དགོས་མིན་དང་དངུལ་འཛིན་ཐོག་ཇི་ལྟར་འབྲི་དགོས་མིན་ཁ་བྱང་སོགས་གནས་ཚུལ་ཞིག་འདིར་བཀོད་རོགས།

    ཐུགས་རྗེ་ཆེ།

  33. ལུང་རྟོགས། says:
    2013-10-02 at 1:11 am

    དེ་རིང་དངོས་གནས་ཡག་པོ་ཆགས་འདུག ད་དུང་ཞུ་དགོས་པ་ཞིག་ལ་མདུན་གྱི་རྩོམ་ཡིག་གི་གྲངས་ཚད་ཅུང་ཟད་མང་རུ་གཏོང་ཐུབ་ན་ཡག་པོ་འདུག རྒྱུ་མཚན་ནི། ཁ་བརྡའི་ནང་ལ་རྩོམ་ཡིག་སྐུར་གྲངས་མང་བས་མདུན་ངོས་ནས་ལམ་སང་མེད་པ་ཆགས་འགྲོ་ཡི་འདུག་ལ། དེའི་རྐྱེན་གྱིས་ཀློག་མཁན་མང་པོ་ཞིག་གིས་ཀློག་མ་ཐུབ་པ་དང་མཆན་བཏབ་མཁན་མང་པོ་ཞིག་གིས་མཆན་བཏབ་མ་ཐུབ་པའི་སྐྱོན་འདུག

  34. ཀ་ཁའི་རྫི་བོ། says:
    2013-10-02 at 1:32 am

    རྩོམ་ཡིག་པར་རིས་ཅན་དག་ཁ་ཐུག་མཐོང་ཐུབ་ཐབས་དང་གཅིག རྩོམ་པོ་པོའི་མིང་དང་རྩོམ་ཡིག་གཉིས་མ་འདྲེས་པ་བཟོ་རྒྱུ་གཉིས། བོད་ཀྱི་དུས་བབས་ལྟར་ཀློག་གྲངས་འཆར་ཐུབ་པ་དང་གསུམ། རྩོམ་གྱི་ཁ་བྱང་ཡིག་གཟུགས་ཆེ་བ་ཙམ་མ་ཡིན་པར་མངོན་གསལ་ཅན་བཟོ་ཐུབ་ཐབས་དང་བཞི་བཅས་ཀློག་པ་པོ་ཞིག་གི་བསམ་འཆར་གྱི་ཆ་ཤས་བླངས་པ་ཡིན།

  35. དོལ་སྨྱོན། says:
    2013-10-02 at 2:03 am

    ཁ་བརྡ་ཚང་ཉིན་རེར་ཡར་རྒྱས་ལ་འགྲོ་བཞིན་པ་འདིར་དགའ་སྤྲོ་ཆེ། ད་དུང་མང་པོ་ཞིག་གི་བསམ་ཚུལ་ལྟར་རྩོམ་ཡིག་དག་གི་ཀློག་གྲངས་ཤིག་ཀྱང་འཆར་ཐུབ་ན་དགེ་མཚན་ཆེ་སྙམ།

  36. དྲན་དཀར་དཔལ་ཡོན་ says:
    2013-10-02 at 3:16 am

    ཤོག་མདོག་འདི་ཡང་མིག་ལ་བདེ་བ་འདུག

  37. ཆུ་ཐིགས་སྔོན་མོ says:
    2013-10-02 at 3:29 am

    ད་ཡིན་ན་དངོས་གནས་ཡག་པོ་འདུག་་་་་་ཀློག་བདེ་བོ་དང་མིག་ལ་འཆར་སླ་བོ་ཡོད་པས་གོང་བཞིན་འཇོག་རོགས་

  38. ནག་ཐར་སྐྱིད། says:
    2013-10-02 at 5:07 am

    དངོས་ནས་བཟོ་བཀོད་ཡག་པོ་མི་འདུག གལ་སྲིད་འགྱུར་བཟོ་ཡག་ཙམ་གཏོང་མི་ཐུབ་ན། སྔོན་མའི་བཟོ་བཀོད་རང་འཇགས་འཇོག་རོགས་མཁྱེན།

  39. འཇམ་གཅེས། says:
    2013-10-02 at 5:33 am

    ཁ་བརྡ་ཚང་ལ་འཚམས་འདྲི་ཞུ། དྲ་ངོས་གསར་པ་འདི་ད་དུང་ཡར་རྒྱས་དགོས་གལ་མཐོང་སོང་། དང་པོ་འབྲེལ་ཐག་སྡེ་ཚན་དེ་ལ་ཀ་མེད་བོང་བསྒྲིགས་དགོས་པ་མི་འདོད། གཉིས་པར་དགར་ཆག་དང་། འབྲེལ་ཐག་སྡེ་ཚན་དང་་ཤོག་ངོས ཡིག་འཛོད་སོགས་ཡོད་སའི་སྡེ་ཚན་དེ་ལ་མཚོན་མདོག་ལེགས་པོ་ཞིག་དགོས་ངེས་རེད་འདུག ད་དུང་དྲ་ངོས་ཡོངས་རྗོགས་མཚོན་མདོག་འདྲ་མིན་སྒྲིགས་ནས་མིག་ལ་མཛེས་མོ་ཞིག་དགོས་པ་འདུག དེ་དག་མཚོན་གྱི་འགྲོ་སྟངས་ཤེས་མཁན་ཞིག་ལ་སྐད་ཆ་དྲིས་ཏེ་བཟོ་བཅོས་ལེགས་པོ་གནང་དགོས་པ་འདུག།

  40. གེ་ཁོད says:
    2013-10-02 at 5:33 am

    ཁ་བརྡ་ཚང་གིས་བཟོ་བཀོད་ཕྱོགས་ནས་ཡར་རྒྱས་བཏང་གནང་འདུག་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཡིན་ནའང་ཡར་རྒྱས་ལ་མཐའ་མེད་ཙང་གོང་གི་དགོངས་འཆར་ཁ་ཤས་ཡག་པོ་མཐོང་སོང་།

  41. བྱུ་ཁུ་ལོ says:
    2013-10-02 at 5:42 am

    ཁ་བརྡ་ཚང་གིས་བཟོ་སྙིང་བརྗེ་བོ་ཞིག་བཟོས་འདུག ཡིན་ན་ཡང་ཁ་བྱང་གི་པར་དང་ཁ་བརྡའི་མིང་རྟགས་གཉིས་མིག་ལ་མ་མཛེས་བ་ཞིག་འདུག་ལ་ཆུང་ཡང་དྲག་འདུག་བསམ་སོང།
    ད་དུང་རྩོམ་ཡིག་ཤོག་ངོས་ཀྱི་རྒྱབ་ཤོག་ལ་ཁ་དོག་སྔོ་སྐྱ་ཞིག་བཞག་ཡོད་དེ་སྔོན་མ་བཞིན་དཀར་པོ་བཞག་ན་ཅི་འདྲ་རེད་། བསམ་ཚུལ་ཙམ་ཡིན།

  42. lobsang199 says:
    2013-10-02 at 10:27 am

    ཡག་པོ་འདུག བོན་གྱི་བསྟན་པ་དར་ཤག་ཧཧཧ། ཀ་ཁའི་རྫི་བོས་གསུང་པ་འདི་ལ་མོས་མཐུན་ཡོད།
    རྩོམ་ཡིག་པར་རིས་ཅན་དག་ཁ་ཐུག་མཐོང་ཐུབ་ཐབས་དང་གཅིག རྩོམ་པོ་པོའི་མིང་དང་རྩོམ་ཡིག་གཉིས་མ་འདྲེས་པ་བཟོ་རྒྱུ་གཉིས། བོད་ཀྱི་དུས་བབས་ལྟར་ཀློག་གྲངས་འཆར་ཐུབ་པ་དང་གསུམ། རྩོམ་གྱི་ཁ་བྱང་ཡིག་གཟུགས་ཆེ་བ་ཙམ་མ་ཡིན་པར་མངོན་གསལ་ཅན་བཟོ་ཐུབ་ཐབས་དང་བཞི་བཅས་ཀློག་པ་པོ་ཞིག་གི་བསམ་འཆར་གྱི་ཆ་ཤས་བླངས་པ་ཡིན།

    ཡང་ཆན་འབྲི་དུས་ཡི་གེ་ཆུང་ཆུང་མ་གཏོགས་ཆར་གྱི་མི་འདུག་འདི་གང་ཡིན་ནམ།

  43. དབྱངས་ཅན་འབངས། says:
    2013-10-02 at 11:23 am

    ཁ་བརྡའི་ལས་བྱེད་པ་ཡོངས་ལ་མཚམས་འདྲི་ཞུ་བ་དང་། ངའི་འཆར་སྣང་འགའ་ཞིག
    ད་ལྟའི་འདི་ནི་འཕྲལ་སེལ་ཙམ་ལས་གཏན་ཆགས་པའི་དྲྭ་ཚིགས་ཤིག་ཡིན་པའི་ཚོར་སྣང་ཁྱོན་ནས་ཡོང་གིན་མི་འདུག ད་ལྟའི་འདི་ནི་ PDF བཟོས་པའི་ཡི་གེ་ཞིག་ཀློག་པ་རང་ལས་གཞན་ཉམས་གང་ཡང་མེད་པ་ཞིག་འདུག ཇུས་འགོད་སྔ་མ་རང་འཇགས་ཡིན་དགོས་ཡ་མེད། དེ་ལས་ཡག་པའི་བཟོ་བཀོད་ཀྱང་ཡོད་ངེས། འོན་ཀྱང་ད་ལྟའི་འདི་རྩ་བ་ནས་མ་འཇོག་རོགས། ཐུགས་རྗེས་གཟིགས། བལྟ་སྙིང་མི་འདོད་པ་ཞེ་པོ་ཞིག་འདུག

  44. བྱང་དྲོན། says:
    2013-10-02 at 3:19 pm

    ཁ་བརྡའི་རྩོམ་སྒྲིག་པ་མཆོག་ལ། དྲ་རྒྱ་གསར་པའི་སྐྱོན་ཆ་ཆེ་ཤོས་ནི་རྩོམ་ཡིག་རེར་རེའུ་མིག་རེ་ཡོད་ཙང་ཐིག་ཧ་ཅང་གི་མང་ཐག་ཆོད་ནས་མཛེས་ཉམས་དང་། བལྟ་ཀློག་མི་བདེ་བ་ཞིག་འདུག་པས། རེའུ་མིག་ཉུང་འཕྲི་བྱས་ན་ཧ་ཅང་ལེགས་པོ་ཞིག་ཆགས་སྲིད་པས་ཚོད་བལྟ་ཞིག་ཡོད་པ་ཞུ།།

  45. མིག་བརྒྱད་པ། says:
    2013-10-02 at 4:14 pm

    ཁ་བརྡ་དྲ་བའི་ལས་བྱེད་དང་དྲ་གྲོགས་ཡོངས་ལ་འཚམས་འདྲི་དང་བཅས་ཞུ་གསོལ། ཡར་རྒྱས་ལ་མཐའ་མེད་པས་གང་འཚམ་ཡར་རྒྱས་བཏང་ཡོད་པ་ཡག་པོ་འདུག

  46. རི་རྒྱལ་ཏི་སེ། says:
    2013-10-02 at 10:07 pm

    ད་ཡིན་ན་ཁ་བརྡ་དྲ་བ་བཟོ་བཀོད་མི་ལེགས་པ་དེ་ལྟ་འདོད་ཀྱང་གྲོ་ཡི་མི་འདུག

  47. སྐལ་ལྡན་ཕུན་ཚོགས། says:
    2013-10-03 at 12:36 am

    ཁྱེད་ཅག་ནས་འདི་ལྟར་འགྱུར་བཅོས་སམ་ལེགས་སྤེལ་གནང་བ་ནི། དུས་རབས་དང་མཐུན་ལ་ལྷག་པར་ད་ལྟའི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཕུགས་བསམ་ལ་དམིགས་པ་ཞིག་ཡིན་ངེས།

    འདི་ནི་སྔར་བས་བལྟ་ཀློག་བདེ་ཞིང་ཡིག་གཟུགས་ཆེ་བ་མངོན་པ་ན་རྒྱ་ཆེའི་དྲ་གྲོགས་རྣམས་ཀྱི་རྩ་ཆེན་མིག་དབང་གི་འཕྲོད་བསྟེན་ལའང་ཕན་ངེས་འདུག

    ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་ཤེས་དཔལ་གཉིས་ཨ་རིའི་མི་རིགས་ཀྱི་དོ་ཟླར་སླེབས་མིན་ནི་ཤིན་ཏུ་བརྗོད་དཀའ། འོན་ཏེ་ཀུ་ཤུ་རྟགས་ཅན་གྱི་ལག་ཐོག་ཁ་པར་ལ་དགའ་ཞེན་དང་། རང་ཉིད་ཀྱི་གཅེས་ནོར་ལེགས་གྲས་སུ་འཛིན་བཞིན་པ་དེར་རྒྱུ་མཚན་དུ་མ་ཡོད་སྲིད་ཀྱང་། ང་རང་གི་བསམ་པར་བོད་ཡིག་བཀོད་སྤྱོད་ཀྱི་མ་ལག་ཆ་ཚང་ལ་དཀའ་ཚེགས་གང་ཡང་མེད་པར་བེད་སྤྱོད་ཐུབ་པ་བརྟེན་འདི་ལྟར་གཅེས་སྤྲད་བྱས་པར་སེམས། དེས་ན་ཁྱེད་རྣམ་པར་དགའ་བསུ་དང་བཅས་ཏེ་རྒྱ་ཆེའི་དྲ་མཛོད་དོ་དམ་པ་དག་གིས་ཀྱང་སྤྱི་ཚོགས་ཀྱི་འགྲོ་ལུགས་དང་བསྟུན་ནས་ལག་ཐོག་ཁ་པར་ནང་སྤྱོད་བདེ་ལ་ཡིག་གཟུགས་ཆེ་བ་མངོན་ཐབས་གནང་བའི་རེ་འདུན་ཆེན་པོ་བཅངས་བཞིན་ཡོད།།

  48. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-10-03 at 2:00 am

    ཁ་བརྡ་ཚང་ལ་ལེགས་གསོལ། ངས་་མཆན་དུས་ཡི་གེ་ཤིན་ཏུ་ཆུང་དྲགས་ནས་མིག་གིས་ཡི་གེ་མི་གསལ་བ་ཆགས་འདུག གཞན་ལ་ཡང་དེ་ལྟར་ཡིན་ནམ། གཞི་ལྗང་གུ་བཟོ་བ་ལ་ཡར་རྒྱས་ཤིག་གང་ཡང་མི་འདུག

  49. འཇིགས་མེད་བློ་གྲོས། says:
    2013-10-03 at 3:02 am

    རྩོམ་ཡིག་འབྲི་བ་པོའི་མཚན་རྩོམ་དངོས་གཞི་དང་ཡིག་ཕྲེང་གཅིག་ནང་འབྲེལ་ནས་ཡོང་བ་འདི་མཐོང་བདེ་པོ་མི་འདུག
    རྩོམ་ཡིག་འབྲི་བ་པོའི་མཚན་རྩོམ་བྱང་གི་འགྲམ་དེར་མངོན་གསལ་དོད་ཙམ་གྱིས་འཆར་ཐུབ་པ་ཞིག་བཟོས་ན་ཀློག་པ་པོར་ངོས་འཛིན་བདེ་བ་ཡོང་སྙམ།

  50. མིག་བརྒྱད་པ། says:
    2013-10-03 at 3:09 am

    ལ་དྭགས་བློ་བཟང་འཇམ་དཔལ་ལགས་སྐུ་གཟུགས་བདེ་མོ།
    བདེན་པ་རེད། མཆན་བཏབ་དུས་ཡི་གེ་ཤིན་ཏུ་ཆུང་དྲགས་ནས་མིག་གིས་ཡི་གེ་གསལ་བོར་མི་མཐོང་བ་ཁག་མི་འདུག །གུས་ལ་ཡང་དེ་ལྟར་རེད། ཆེན་པོར་བཏང་ཐུབ་པ་ཡིན་ན་ཡག་པོ་འདུག །སྒང་གི་ཡི་གེ་དག་གཞི་ལྗང་གུ་བཟོ་བ་ལ་མིག་ལ་ཡག་པོ་འདུག་ལ། ཆེན་པོ་ཡང་འདུག

  51. མདའ་སྨྱུག says:
    2013-10-03 at 9:25 am

    ཁ་བརྡ་ཚང་གི་ཕྱག་ལས་གནང་མཁན་ལྷན་རྒྱས་ལ་འཚམས་འདྲི་ཡོད་
    ཡར་རྒྱས་ཞེ་དྲགས་བཏང་གནང་འདུག་བཀའ་དྲིན་ཆེ། ད་དུང་ཡང་རྩོམ་ཡིག་ཁ་བྱང་དང་རྩོམ་པ་པོའི་མཚན་རྩོམ་བྱིངས་ལ་མ་འདྲེས་པ་ཞིག་དང་མཆན་ཨང་འཇོག་ཐུབ་ཚེ་མཐོང་ཚུལ་ལ་ཧ་ཅང་ཡག་པོ་ཆགས་འགྲོ་ཀི་བསམ་བྱུང་ཐུགས་རྗེ་ཆེ།།

  52. lobsang199 says:
    2013-10-03 at 10:31 am

    ཆན་འབྲི་དུས་ཡི་གེ་ཆུང་བའི་དཀའ་ངལ་ང་ལ་ཡང་འདུག དགེ་འཇམ་དཔལ་ལགས་ད་ཁག་ག་བ་ཡོད། སྐུ་མཁྱེན་ཆན་གྱི་ཡི་གེ་དེ་ཆེ་རུ་གནང་རོགས།

  53. འདྲེ་རིག་ལྡན། says:
    2013-10-03 at 10:33 pm

    མཆན་སྤེལ་སའི་ཡིག་གཟུགས་ཆེ་ཆུང་བཟོས་ཡོད་པས་ཚོད་བལྟ་གནང་རོགས།

  54. ཇ་མ་ says:
    2013-10-03 at 11:31 pm

    ཟླ་ཤས་རིང་ཁ་བརྡ་དྲ་གནས་ཡོང་ཐུབ་སོང་། དྲ་གནས་གསར་པ་འདི་ལྟ་བར་དཀའ་ལས་ཏོག་ཙམ་དང་ཁ་བརྡའི་དྲ་འགོར་ཁ་གཅིག་པུ་ལས་བརྡ་མཐོང་རྒྱུ་མི་འདུག ལག་འཁྱེར་ཁ་པར་གཞིར་བཞག་ནས་བཤད་པ་ཡིན།

  55. རྟ་བདུན་དབང་བོ says:
    2013-10-04 at 12:24 am

    ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་དང་ལག་འཁྱེར་ཁ་པར་ནང་དུ་ཐིག་ཕྲེང་གོང་མའི་ཞབས་ཀྱུ་དང་ར་བཏགས། ཐིག་ཕྲེང་འོག་མའི་ན་རོ་སོགས་འདྲེས་ནས་ཀློག་བདེ་བོ་རང་མི་འདུག window PCནང་དུ་ཐིག་ཕྲེང་གོང་འོག་འདྲེས་མི་འདུག དེ་མ་གཏོགས་གཞན་ཅང་མེད།།

  56. དྲན་དཀར་དཔལ་ཡོན་ says:
    2013-10-04 at 1:01 am

    རྩོམ་བྱང་ཡི་གེའི་ཁྲག་མདོག་དམར་མོས་དམར་གསོད་དང་བཙིར་གནོན་ཡ་ང་བ་དྲན་འོང་གིན་འདུག
    མ་ལེགས་སོ།

  57. lobsang199 says:
    2013-10-04 at 3:08 am

    ཆན་ལ་ཚོད་ལྟ་བྱས་པ་ཡིན། དྲེ་རིག་ལྡན་ལགས་གྱུར་བ་གང་ཡང་འགྲོ་མི་འདུག སེམས་ཅན་སོ་སོའི་སྣང་ངོ་ཟེར་བ་དེ་ཡིན་ས་རེད།

  58. སྤེན་པ་ཚེ་རིང་། says:
    2013-10-05 at 12:36 am

    ཧ་ཅང་ལེགས་ ཐུགས་རྗེ་ཆེ་

  59. སྤེན་པ་ཚེ་རིང་། says:
    2013-10-05 at 5:01 am

    ཁ་བརྡ་ཚང་ལགས་ད་ངའི་མཆན་ག་དུས་བཀོད་ཆོག་བསམ

  60. དྲན་དཀར་དཔལ་ཡོན་ says:
    2013-10-06 at 11:10 am

    སྔ་མ་འདི་བདེ་པོ་འདུག ལས་སུ་བྱ་བའི་དོན་གང་ཞིག་རྩ་རྫོགས་ཀྱིས་འགྱུར་བ་ལ་ཁང་བཟོ་ལྟ་བུར་གདེངས་ཚོད་ཡོད་གལ་ཆེ། ལོ་ཆུང་འདི་ཚོ་ད།

  61. གནམ says:
    2013-10-10 at 1:28 am

    ཁ་བརྡ་ཚང་འདས་ལོག་བརྒྱབས་ཡོད་པ་འདྲ། ཧཧཧ། བརྫ་ལ་མི་ཆོད་ཀི་བསམ་དུས་བརྫ་ལ་མ་དེད་ན་བཟང་མོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme