Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

zazzleབཟོ་ལས་ཁང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གི་ཡིན།

Posted on 2010-06-142010-06-14 By ཁ་བརྡ་ 20 Comments on zazzleབཟོ་ལས་ཁང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གི་ཡིན།

དེ་ཡང་ zazzle ཟེར་བའི་བཟོ་གྲྭ་དེས། ནང་བ་སངས་རྒྱས་པའི་ཆོས་ལུགས་ཀྱི་སྟོན་པ་ཤཀྱ་ཐུབ་པ་དང་། ཤེས་རབ་ཀྱི་ལྷ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་པར་རིས། སྙིང་རྗེའི་ལྷ་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས། ནང་པའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མའི་སྐུ་པར་བཅས། ལྷམ་གོག་གི་ཕྱི་ངོས་ལ་བཀོད་ནས་བཟོ་སྐྲུན་བྱས་པའི་ལྷམ་མང་པོ་ཞིག་རྒྱལ་ སྤྱིའི་ཚོང་ར་ལ་འགྲེམ་སྤེལ་བྱས་ཡོད། དེ་ནི་ནང་པ་སངས་རྒྱས་པ་ཡོངས་ལ་ཁྱད་གསོད་དང་། མཐོང་ཆུང་། དམའ་འབེབས། རྡོག་རོལ། མནར་གཅོད་བཅས་བཟོད་དཀའ་བ་ཞིག་ཡིན་པར་བརྟེན། ང་ཚོ་རྡ་སའི་དབྱིན་ཡིག་སློབ་ཕྲུག་ཚོགས་པས་དང་བླངས་གིས་ངོ་རྒོལ་ཞིག་བྱ་འཆར་ ཡོད་ལ། ཚོགས་པ་དེ་ནི་ཧི་མ་ལ་ཡའི་མི་རིགས་དང་། སོག་པོ། བྷ་མ་སོགས་ནང་པ་མང་པོ་ཞིག་ལས་གྲུབ་པ་ཞིག་ཡིན། ལས་འགུལ་ལྟེ་བ་སྤེལ་ཡུལ། བཙན་བྱོལ་བོད་ཀྱི་རྒྱལ་ས་མེ་ལོག་ཏུ་ཡིན་ལ། ཡན་ལག་ལས་འགུལ་རྣམས་ས་གནས་མང་པོའི་ནང་སྤེལ་འཆར་ཡོད་པས། རྒྱལ་ཡོངས་ནང་པ་ཡོངས་ཀྱིས་གཙོས། དྲང་བདེན་དང་། བཟང་སྤྱོད་ལ་བརྩི་ཞིང་དུང་བའི་ཕྱོགས་ཡོངས་ཀྱི་མི་མང་རྣམས་ལྷན་ཞུགས་གནང་ རོགས་ཞུ་ཞུ།། ལས་འགུལ་དེའང་གསལ་འགྱུར་བརྒྱུད་ལམ་ཁག་བརྒྱུད་འཛམ་གླིང་ཁྱོན་ཡངས་ལ་སྤེལ་ ཐབས་བྱེད་ཀྱིན་ཡོད། ལས་འགུལ་གྱི་ངོ་བོ་ཆབ་སྲིད་དང་འབྲེལ་བ་མེད་པ་ཞིག་ཡིན། ལས་འགུལ་དེ་ཉིད་ཕྱི་ཟླ་ ༦་པའི་ཚེས་ ༡༩ རེས་གཟའ་སྤེན་པའི་ཉིན་སྤེལ་འཆར་ཡོད་ལ། དུས་ཚོད་གང་གི་ཐོག་ལས་འགུལ་དབུ་འཛུགས་རྒྱུ་དང་། ལས་རིམ་སོགས་ཞིབ་ཕྲའི་གནས་ཚུལ་ཁག་ཡང་སྐྱར་གསལ་བསྒྲགས་སྤེལ་ངེས་ཡིན་པས་དེ་ དོན་ཐུགས་འཇག་འཚལ། བཟོ་གྲྭ་དེའི་གནས་ཚུལ་མཁྱེན་འདོད་ན་འདིར་ཡོད།
http://www.zazzle.com/tibetan+buddhist+shoes
ང་ཚོ་ལ་གནས་སྐབས་རིང་འདིའི་ཐོག་འབྲེལ་བ་བྱས་ཀྱང་མཐུས། ༩༨༨༢༤༢༣༥༥༩

རྡ་སའི་དབྱིན་ཡིག་སློབ་ཕྲུག་ཚོགས་པ་ནས་ཕྱི་ཟླ་ ༦ ཚེས་ ༡༤ ཉིན།

གསལ་བསྒྲགས།

Post navigation

Previous Post: མཛེས་མ་གོ་སྒྲིག་པའི་སྐེ་ལ་ཀིང་ཕི་ཤའི་(kingfisher)ཞགས་པ་སྐོན་འདུག
Next Post: སྦྲ་ཡི་ཁུངས་ར་ཡིན་སྲིད།

Comments (20) on “zazzleབཟོ་ལས་ཁང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གི་ཡིན།”

  1. ཀརྡོ་རབ་འབྱམས་པ་ says:
    2010-06-14 at 6:27 pm

    ལས་འགུལ་འདི་དགོས་ངེས་ཅིག་འདུག་པས་ཚང་མས་རང་རང་སོ་སོའི་ས་ཐོག་ནས་དུས་གཅིག་ལ་ལོངས་ཤོག །

  2. གཞོན་ནུ་ཟླ་མེད། says:
    2010-06-14 at 6:39 pm

    ལས་འགུལ་སྤེལ་དགོས་པ་མི་འདུག ཆ་ཚང་དྲ་ཐོག་ནས་ཕྱིར་འཐེན་བྱས་འདུག ད་ནས་བཟུང་དེ་ཚོ་བཙོང་རྒྱུ་མིན་ཟེར་འདུག དགོང་དག་ཞུ་ཚར་འདུག སྡེ་དགོངས་དག་ཞུ་དུས་ངར་ངར་མ་བྱས་ན་བཟང་གི་པ།།

  3. བོད་ཀྱི་བུ says:
    2010-06-14 at 7:05 pm

    རེད་རེད་རེད།
    ད་ཕལ་ཆེར་ངོ་རྒོལ་ལས་འགུལ་མ་སྤེལ་ན་འགྲིག་ས་རེད།
    བོད་མིའི་སྙིང་གསོན་པོར་བཀོག་མཁན་ལྷམ་དེ་རྣམས་ཕར་བླངས་ནས་གསལ་བཤད་ཀྱང་གནང་འདུག
    གནད་དོན་འདིའི་སྐོར་ལ་རྩོམ་ཡིག་སྤེལ་མཁན་སྤྱི་དང་། ཚོང་ཁང་གི་དྲ་རྒྱ་སྟེང་བསམ་ཚུལ་སྤེལ་བ་བརྒྱུད་རང་ཉིད་ཀྱི་སེམས་ཚོར་བརྗོད་ནས་རང་གི་དད་མོས་དང་། ཆེ་མཐོང་སོགས་ཀྱི་ཐོབ་ཐང་ལ་བརྩོན་ལེན་བྱེད་མཁན་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་། བཀའ་དྲིན་ཆེ་ཞུའོ།།

  4. ལོ་ལོན། says:
    2010-06-14 at 7:42 pm

    བཟོ་ཚོང་ཁང་གིས་དངོས་རྫས་དེ་དག་། དེ་མ་དག་ཕྱིར་འཐེན་གནང་བ་དང་། དགོང་དག་ཞུ་བ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་། ཁོང་ཚོའི་ང་ཚོའི་དམིག་གསལ་གྱི་སྲོལ་རྒྱུན་དེ་མ་མཁྱེན་པས་རེད་།
    ངས་ཀྱང་དགོང་དག་ཞུ་གི་ཡིན་། ཨམ་རྟགས་བསྟན་ནས་”ང་ཚོ་ལ་མཐོང་ཆུང་བྱས་འདུག།”ཞེས་འུར་ཤོད་ཐད་ཀར་དུ་བཤད་པ་ལ་དགོང་དག། ཁོང་ཚོའི་ང་ཚོར་མཐོང་ཆུང་བྱས་མི་འདུག་། མཐོང་ཆེན་བྱས་འདུག་། འོན་ཀྱང་་བྱེད་སྟང་དེ་ཞེད་སྣང་ཚ་བོ་འདྲ་བས་བྱས་འདུག་། ད་འགྲིག་སོང་། སེམས་བདེ་སོང་། སྙིང་རྗེ་དངུལ་གྱིས་ཆ་ནས་བསམ་ན་ཁོ་ཚང་ལ་གྱོང་གུད་ཏོག་ཙམ་ཕོག་ཡོད་སྲིད་། རས་ལྷམ་རེ་ཉོ་དགོས་མཁན་ཡོད་ན་ཁོ་ཚང་ནས་ཉོ་རོགས་གནང་། ངས་ཀྱང་གཅིག་ཉོ་གི་ཡིན་། དེ་དང་ཆབ་ཅིག་ང་ཚོའི་སྲོལ་རྒྱུན་ལ་བརྩི་འཇོགས་བྱས་བར་བཀའ་དྲིན་ཆེ་ཞེས་འཕྲིན་ཐུང་ཞིག་ཀྱང་འབུལ་རྒྱུ་ཡིན།
    ཡ་ད་བདེ་མོ་བྱོས་།
    ད་ངོ་ལོགས་བྱས་ན་བླུན་རྟགས་ཡིན་ད།

  5. སྒོམ་སྡེ་ལྷ་རམས་པ། says:
    2010-06-14 at 8:25 pm

    སྤྱིར་བཏང་ང་ཚོས་ཛེ་ཛེལ་zazzleལ་སྐྱོན་བརྗོད་བྱས་པ་དེ་འགྲིག་འདུག
    འོན་ཀྱང་གཞོན་ནུ་ཟླ་མེད་ལགས་ཀྱིས་གསུངས་པ་ལྟར། གལ་ཏེ་མིས་དགོངས་དག་ཞུས་ཡོད་ན་ངར་ངར་མ་བྱེད་ན་བཟང་། གཙོ་བོ་ཀུན་སློང་ལ་བལྟ་དགོས་པ་རེད། ཁོང་ཅག་གི་ཀུན་སློང་ལ་སྐྱོན་ཡོད་པ་ལྟ་བུ་ནི་མཐོང་མ་བྱུང་། ངས་ལམ་སེང་སྒུ་སྒུལ་ནང་zazzleཟེར་བའི་བཟོ་ལས་ཁང་གི་སྦྱིན་བདག་དེ་སུ་རེད་འདུག་བལྟས་པ་ཡིན། དེ་ཨ་རི་བའི་ཁྱིམ་ཚང་ཞིག་ཡིན་འདུག རྒྱ་མིའི་བཟོ་ལས་ཡིན་ན་ཏན་ཏན་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་ངེས་རེད།

  6. བོད་ཀྱི་བུ says:
    2010-06-14 at 9:03 pm

    མི་ཁོག་མིས་མི་ལོན། རྡོ་ཁོག་ཆུས་མི་ལོན་པ་བཞིན། སྦྱིན་བདག་ཀུན་སློང་ཡག་པོ་ཡོད་མེད་སྦྱིན་བདག་ཁོ་ནས་ཤེས།
    དེ་ནས། ཨ་རི་བ་ཡིན་ན་ཀུན་སློང་ཡག་པོ་ཡོད་པ་དང་ངོ་རྒོལ་བྱེད་མི་རུང་བ་དང་།
    རྒྱ་མི་ཞིག་ཡིན་ཕྱིན་ཆད། ཡག་པོ་མེད་པ་དང་། ངོ་རྒོལ་བྱེད་རྐྱང་བྱེད་པ་འདི་ཧ་ཅང་མཐར་ལྷུང་གི་བསམ་བློ་ཞིག་ལགས་ན་ལྷ་རམས་པས་འདི་འདྲའི་རྟག་ཆད་ཀྱི་ལྟ་བ་རིང་དུ་སྤང་བར་བྱ།

  7. ལྷགབསམ་རྒྱ་མཚོ། says:
    2010-06-14 at 9:56 pm

    གནས་ཚུལ་ཏེ་ཁྱབ་སྒྲགས་དམིགས་ཡུལ་ཙམ་མིན་ན་ནང་པར་བརྙས་བཅོས་དང་ཆོས་ལུགས་བར་ལ་རྩོད་གླེང་བ་རེད། ཁ་ཆེ་ལྟ་བུར་དེ་འདྲའི་ཚིག་ཙམ་ཡང་གླེང་ས་མེད་པ་ཀུན་ཤེས་ལགས། འོན་ཀྱང་དགོས་སེལ་ཞུས་ཚར་བ་ཡིན་ན་ངོ་རྒོལ་སྤེལ་མི་དགོས་པ་འདྲ། གནས་ཚུལ་ཏེ་ཁྱབ་ཆེ་རུ་སོང་ན་ཕ་རོལ་པའི་ཁྱབ་སྒྲགས་ཀྱི་དམིགས་ཡུལ་འགྲུབ་པ་རེད། དཔེར་ན་ཞོགས་དུང་གིས་རིག་གནས་གསར་བརྗེའི་སྐབས་ཀྱི་མོའུ་ཤོག་ཁའི་ཁ་འབོད་བེད་སྤྱོད་བྱས་ཏེ་ནང་ཆོས་ལ་སྨོད་པ་བཏང་བར་ལ་མཁས་པ་ཆེ་དགུས་རྩོད་བ་བརྒྱབ་པས་སུས་ཀྱང་ངོ་མི་ཤེས་པའི་མི་ཆུང་ཞིག་མཚན་སྙན་ཆེ་རུ་སོང་བ་བཞིན་ནོ། །

  8. ཁ་བ་ནག་པོ། says:
    2010-06-14 at 10:51 pm

    ཨ་རིར་བརྟེན་གཞི་བྱས་པའི་zazzleབཟོ་གྲྭ་ཞེས་པ་ཞིག་ནས་བོད་མི་རིགས་དང་། ནང་བའི་ཆོས་ལུགས། བོད་ཀྱི་གཙོ་འཛིན་ཏཱ་ལས་བླ་མ་སོགས་ལྷམ་གོག་གི་སྟེང་དུ་དཔར་འགྲེམས་བྱས་པ་བློ་ཕམ་ཆེན་པོ་བྱུང། རྩ་བའི་ཆ་ནས་མི་རིགས་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པའི་བཟོ་འདྲ་བོ་ཞིག་རེད། དེང་སང་བཟོ་སྐྲུན་དེའི་རིགས་མཚམས་འཇོག་དང་དགོངས་དག་སོགས་ཞུས་ཡོད་ན། ང་ཚོ་འདི་ནས་ངར་ངར་བྱས་ནས་ངོ་རྒོལ་མ་བྱས་ན་བཟང་། འོན་ཀྱང་བཟོ་གྲྭ་དེར་བློ་ཕམ་བྱུང་ཚུལ་གྱི་emaiསོགས་ཚིག་རྩུབ་ཀྱི་རང་བཞིན་མ་ཡིན་པར་གང་མང་བསྐུར་རོགས་གནང་།

  9. རྩམ་དགའ། says:
    2010-06-14 at 11:40 pm

    ད་འགྲིག་འདུག་་་་ཚོང་བདག་ཁོང་ལ་ཚོང་རྫས་དེ་དག་ཕྱིར་འཐེན་གནང་བར་བཀའ་དྲིན་ཆེ་ཞུ་འདོད་བྱུང་།
    གང་ཡིན་ཟེར་ན་་་་་ཚོང་བདག་ཁོ་རང་ཚོས་ཆེད་དུ་ནང་བར་མཐོང་ཆུང་བྱས་ནས་བཟོས་པ་ཡིན་མིན་བཤད་དཀའ་ཡང་་་་གང་ལྟར་སྒོར་མོ་མང་བོ་བཏང་ནས་རྒྱལ་སྤྱིའི་ཐོག་ལ་བཀྲམས་པའི་དངོས་པ་དག་ཕྱིར་བསྡུ་བྱས་པས་ཡིན།

  10. བོད་ཀྱི་བུ says:
    2010-06-15 at 12:09 am

    བློ་མཐུན་ལྷག་བསམ་རྒྱ་མཚོ་ལགས།
    ཞོགས་དུང་ནི་ཇི་འདྲའི་མི་སྐྲག་ཤོར་མི་ཤེས་པ་ཞིག་ཨང་།
    གྲྭ་རྒོད་སྟོང་ཕྲག་གིས་སྲོག་གཏད་བྱེད་པའི་བདག་མེད་སྨྲ་བའི་གཞུང་ལུགས་ཀྱི་སྐྱོན་མཚང་བསྔོགས་ཏེ། མི་ཚེ་དང་འཚོ་གནས་ཀྱི་གཟུངས་གཞུག་་དང་རྟེན་འཕུར་ནི་བདག་མེད་པ་མ་ཡིན་པར་བདག་ཡོད་པ་ཡིན་ནོ་ཞེས་སྐད་གསེང་མཐོན་པོར་སྒྲོགས་ཤིང་། བདག་་ནི་ནམ་ཏུ་ཡང་གཏང་བ་མི་བྱ་བར་གཟུང་བར་བྱའོ་་ཞེས་བདེན་བཞི་སྨྲ་བའི་མཁན་པོར་ཡང་ཅོ་འདྲི། ངོ་མ་མི་ཇི་འདྲའི་མི་སྐྲག་མི་ཤེས་པ་ཞིག
    ཡིན་ནའང་། ད་ལྟ་བདག་ལ་དགའ་ཞིང་། བདག་གི་དར་ཆེན་ཆེན་པོར་བསློངས་མཁན་ཁོང་བདག་གི་རང་དབང་ཡོངས་སུ་འཕྲོག་པའི་མུན་དོང་ན། ཐུགས་དཀྱིལ་ན་ག་རེ་ཞིག་དགོངས་བཞིན་བཞུགས་ཡོད་དམ།

  11. སྡེ་དགེ་འཇིགས་མེད། says:
    2010-06-15 at 2:01 am

    སྤོབས་པ་མཐའ་ཡས་ཀྱི་བཤད་སྟངས་ལས་སྤོབས་པ་མེད་པའི་སྡར་སྐད་ཤོར་འདུག

    གཞན་གྱི་བྱ་སྤྱོད་ངན་པ་ཐམས་ཅད་བཟང་སྤྱོད་དུ་རློམ་ནས་སྡུག་སྒུར་བྱེད་ཐུབ་ན་ད་གཟོད་ཆོས་པར་འགྱུར་སྙམ་ན་ཡོངས་སུ་ནོར་བ་རེད།

    ངོ་ཚ་དང་ཁྲེལ་མེད་ཀྱིས་ནང་པ་སྤྱི་ཡོངས་ཀྱི་ཆོས་དང་རིག་གཞུང་ལ་སྨ་འབེབས་བྱེད་མཁན་གྱི་zazzleབཟོ་ཚོང་ལས་ཁུངས་དེ་ལ་ང་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ནི། ད་ལྟའི་འཛམ་གླིང་ནང་པ་ཡོངས་ཀྱི་འོས་འགན་རེད་ལ་་བོད་ཀྱི་རིག་གཞུང་གི་ཐད་ནས་བསམ་ན། བོད་རིགས་ཚོ་ལས་འགུལ་འདིར་ལྷག་པར་ཞུགས་འོས་པ་ཞིག་རེད།
    གཞན་གྱི་སྤྱོད་ངན་ལ་ཞི་བའི་ངོ་རྒོལ་བྱེད་རྒྱུ་ནི་རྨོངས་དད་རང་བཞིན་མ་རེད་ལ་རྗེས་ལུས་ཀྱི་རང་བཞིན་དེ་བས་མ་རེད།
    དེས་ན་བོད་རིགས་སྐྱ་སེར་ཚང་མས་ངན་རྒོལ་བཟང་སྐྱོབ་ཀྱི་་ལས་འགུལ་འདི་ལ་རྒྱབ་སྐྱོར་ཆེན་པོར་བྱེད་དགོས།

  12. གནམ་ལྕགས། says:
    2010-06-15 at 3:21 am

    ལྷག་བསམ་རྒྱ་མཚོ་ཞུ་བ་ལགས།
    ཁྱེད་ལྟར་ན་ཞོགས་དུང་མི་ཆུང་ཞིག་གིས་ཆོས་ལུགས་ལ་ཁ་ཙམ་བཏང་བས་ཆེན་པོར་ཆགས་པར་འདོད་ན་ནོར་བ་དང་ཤིན་ཏུ་ནོར་འདུག་ཞུ་རྒྱུ་ཡིན། ཞོགས་དུང་གི་ཆེ་ཆུང་གླེང་འདོད་ན། གནམ་ས་གོ་འབྱེད་ཆ་ཚང་ཡང་དང་བསྐྱར་དུ་ཀློག་དང་ཁྱེད་ཀྱིས་ཤེས་འོང་། ད་དུང་ཡོད་དེ། དོགས་སློང་སྙིང་སྟོབས་སོགས་ཁོང་གི་དེབ་བཞིའི་བསམ་བློ་དང་དེའི་མཐའ་དཔྱོད་དག་ལ་ཞིབ་ཏུ་ལྟོས། རང་རེའི་སྤྱི་ཚོགས་ཁྲོད་ཟ་དགའ་སྐྱིད་ཉལ་གྱི་གཉའ་རེངས་ཁྱེད་ལྟ་བུ་མང་སྟབས། ཆེན་པོ་དང་ཤིན་ཏུ་ཆེན་པོ་ཞོགས་དུང་སོགས་ཀྱིས་སྐད་བརྒྱབ་པ་རེད། བདག་གི་མཆན་བུ་འདི་ཉིད་ཀྱིས་མཐོང་མ་ཐག་ཁ་ཐུག་གིས་ང་ལ་དགག་ལན་སློག་པར་ཕྱོགས་ངེས་མོད། ངས་ཀྱང་དེ་ལ་སྒུག་ནས་ཡོད། ལུས་སྲོག་ལོངས་སྤྱོད་མཐའ་དག་ང་དང་ཁྱོད་ཀྱི་ཆེད་དུ་བློས་བཏང་ཟིན་པའི་དཔའ་བོ་ཁོང་གི་རྗེས་ལ་བསྟོད་པ་དང་བསྔགས་པའི་ར་མདའ་ཙམ་ཡང་མེད་པར་ད་དུང་དམའ་འབེབས་པར་བརྩོན་པའི་ཁྱིའི་སྒལ་ཚིགས་ཅན་ཁྱོད་ཅག་ལ་བདག་གིས་ད་རེར་ཡ་ལན་ཚ་ཐག་ཆོག་སྤྲོད་ངེས་ཡིན། ཕེབས་པར་མཛོད།

  13. རང་བཙན་ལྡེའུ་ says:
    2010-06-15 at 4:00 am

    ༄༅། སྤྱིར་འཛམ་གླིང་ནང་པ་ཡོངས་དང་ཡང་དགོས་བོད་མི་རིགས་ཀྱི་རྩ་ཆེར་འཛིན་པ་ཐ་ན་གྲིབ་མ་ལའང་འགོམ་མི་ནུས་པའི་སངས་རྒྱས་བཅོམ་ལྡན་འདས་དང་ ༧ རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་སྙན་གྱི་ལྷམ་ཁོག་བཟོས་པ་འདི་ཐོག་མ་ནས་ནང་པ་དང་བོད་མི་རིགས་ལ་མཐོང་ཆུང་མིན་པ་དང་ཀུན་སློང་མི་བཟང་བ་མིན་པ་བཤོད་རྒྱུ་དང་ཡིད་མཆེས་ཁག་པོ་རེད་ ནང་པ་སངས་རྒྱས་པར་མཐོང་ཆུང་མིན་པ་དང་སྐུན་སློང་ལ་སྐྱོན་མེད་ན་ གང་བྱས་ནས་ སྟོན་པ་ཡེ་ཤུ་དང་ཡེ་ཤུའི་བླ་ཆེན་སྤོབ་གྱི་ལྷམ་མ་བཟོས་པ་རེད་ གང་བྱས་ནས་ཁ་ཆེའི་ལྷའི་མིང་ངམ་དགོན་པའི་འདྲ་དཔར་གྱི་ལྷམ་བཟོ་མ་ནུས་པ་རེད་ གང་བྱས་ནས་ཧིན་རྡུའི་ལྷ་ཀིརི་ཤི་ན་དང་ ཤྰང་ཀར་ གྷ་ནི་ཤྰ་སོགས་གི་ལྷམ་མ་བཟོས་པ་རེད་ གྲ་གྲོགས་མང་པོ་ཞིག་ནས་ཐོག་མར་གནས་ཚུལ་འདི་མཐོང་བ་དང་ལམ་སེང་ཁོང་ཁྲོ་ལང་སྟེ་སྡུག་ཆོག་ཆོག་དང་ དགོངས་དག་གཅིག་ཞུས་ཙམ་གྱི་ལམ་སང་དགའ་ཆོག་གཆོག་ སེམས་འགྱུར་ཆོག་ཆོག་དང་མགོ་བསླ་པོ་ཞང་མཚོང་མའི་ཀུབ་བལྟ་བུ་བྱས་ཙང་གཞན་གྱི་མཐོང་ཆུང་བྱེད་པ་རེད་ དགོངས་དག་ཞུས་པ་ཡག་པོ་རེད་དེ་ ཆོས་ལུགས་དང་མི་རིགས་གཞན་གྱི་བསམ་ཚུལ་ལ་ཚབ་ཆེའི་གནོད་གཞིར་གྱུར་པའི་ནོར་ཁྲུལ་གྱི་ཚོང་ལས་འདི་འཛམ་གླིང་གང་སར་ཁྱབས་ཡོད་ན་དགོངས་དག་དེ་ཡང་འཛམ་གླིང་ཡོངས་ནས་ཤེས་ཐུབ་པ་ཞིག་བྱེད་དགོས་ དེ་མིན་ན་གནས་ལུགས་གསལ་པོ་འབྲེལ་བརྗོད་ཐོག་འཛམ་གླིང་ཡོངས་ནས་དོ་སྣང་དང་ཕྱིས་སུ་གཞན་ནས་ཀྱང་དེ་རིགས་མི་འབྱུང་བའི་དོགས་ཟོན་ཡོང་ཆེད་ངོ་བརྒོལ་ཡག་པོ་ཞིག་མ་བྱས་བར་ནང་ཁུལ་དགོངས་དག་ཞིག་ཞུས་ནས་འདོད་བློ་ཁེངས་ཏེ་གང་ཡང་མ་བྱུང་བལྟ་བུ་ཁུ་སིམ་ཡལ་འགྲོ་ན་ རྗེས་སུ་ཚོང་པ་གཞན་ནས་སླར་ཡང་དེ་རིགས་ཡོང་མི་སྲིད་པ་མ་རེད་ ང་ཚོ་ནང་པ་སངས་རྒྱས་པ་དང་ བོད་མི་རིགས་ཚོས་རང་གི་བླ་སྲོག་ལ་མཐོང་ཆུང་ཁྱད་གསོད་དང་ རང་གི་མགོ་བོའི་སྟེང་དུ་གཞན་གྱི་གཙོག་པ་བཏང་ཡང་གཞི་བདེའི་དེད་དཔོན་ཡིན་མདོག་དང་ བཟོད་བསྒོམས་ཀྱི་བསྒོམས་ཆེན་ཡིན་མདོག་ལ་བརྫུས་ཏེ་བརྩོད་དགོས་སར་བརྩོད་མི་ཐུབ་ བཤོད་དགོས་སར་བཤད་མ་ཐུབ་ན་རང་གི་མགོ་བོར་བཙོག་པ་མང་རུ་མང་རུ་ཆེ་རུ་ཆེ་རུ་གཏོང་ཉེན་རེད་ དེ་ན་གནས་ཚུལ་འདི་རིགས་ལ་ང་ཚོས་ཁ྄་ཆེ་བ་ཚོ་ནང་བཞིན་རྡོག་རྩ་བསྒྲིལ་ཏེ་ལང་ཕྱོགས་ཁྲེགས་ཙམ་བྱེད་དགོས་ཀྱི་འདུག་།

  14. ཀརྡོ་རབ་འབྱམས་པ་ says:
    2010-06-15 at 4:02 am

    དགོངས་དག་ཞུས་ན་ཡག་པོ་རེད། དེ་འདྲ་ཕྱིས་སུ་མི་ཡོངས་ཐབས་ཤེས་བྱེད་རྒྱུའི་གོ་སྐབས་ཡག་པོ་ཅིག་རེད་སྙམ།

  15. ཀརྡོ་རབ་འབྱམས་པ་ says:
    2010-06-15 at 4:25 am

    zazzle བཟོ་གྲྭས།

    ཁ་ཤས་ངུ་བཅུག་སོང་།
    ཁ་ཤས་དགའ་བཅུག་སོང་།
    ཁ་ཤས་གད་བཅུག་སོང་།
    ཁ་ཤས་སྒུག་བཅུག་སོང་།

    རང་ལ་གང་བྱེད་བཅུག་སོང་ངམ།

  16. བོད་ཀྱི་བུ་ཆུང་། says:
    2010-06-15 at 6:03 am

    ང་ནི་བུ་ཆུང་གསར་བ་ཡིན།
    ཁྱེད་ནི་དྲ་གྲོགས་གསར་བ་རེད།
    དྲ་གྲོགས་བཀྲ་ཤིས་བདེ་ལེགས།
    བློ་མཐུན་ཡོང་བའི་སྨོན་ལམ།

  17. ཁ་བ་ནག་པོ། says:
    2010-06-15 at 8:30 am

    རང་བཙན་ལྡེའུ་ལགས། སེམས་ཤུགས་དང་ཚོར་བ་སྐྱེན་པོ་ཞིག་གིས་མཛུབ་མོ་ལྔ་བཅིངས་ཁུ་ཚུར་གྱི་དཔེ་ལྟར། ཕ་མས་གནང་བའི་མགོ་བོ་མཐོན་པོ་གཞན་གྱི་རྐང་འོག་ཏུ་འཆོར་མི་ཉན་པའི་སྐུལ་སློང་གནང་བར་རྗེས་སུ་ཡི་རང་ཡོད། འོན་ཀྱང་། སྐུ་ཉིད་ནས་ཡི་གེའི་དག་ཆ་ཚབ་ཚོམ་མེད་པར་ཡིག་ནོར་གྱིས་ཁེངས་འདུག རྗེས་སུ་ཡི་གེའི་དག་ཆ་དག་མོ་རེ་འབྲི་རྒྱུའི་གོམས་གཤིས་ངེས་པར་གནང་རོགས། འདི་ཡང་བཤད་དགོས་ས་ཞིག་ལ་བཤད་པ་ཡིན།

  18. འཆམ་ར་དྲི་མེད་རྒྱལ་མཚན། says:
    2010-06-15 at 8:38 am

    ༈ དགོངས་སེལ་དང་། ལས་འགུལ་མཚམས་འཇོག།

    ༈ རྒྱ་ཆེའི་བཀུར་བར་འོས་པའི་ཕྱོགས་བཞུགས་སྙིང་ཉེ་བ་ཡོངས་ལ་གུས་ཞུ།
    ང་ཚོས་་Zazzle་་་་་ཟེར་བའི་བཟོ་གྲྭས་ནང་པའི་ལྷ་དང་དབུ་ཁྲིད་ལྷམ་ངོས་ལ་སྦྱར་ནས། ཚོང་འགྲེམ་བྱེད་ཀྱིན་པར་ངོ་རྒོལ་བྱ་འཆར་གྱིས།

    རྡ་སའི་དབྱིན་ཡིག་སློབ་ཕྲུག་ཚོགས་པ་ཟེར་བ་གསར་དུ་བཙུགས་ཏེ། ཟླ་བ་འདིའི་ཚེས་ ༡༩ ཉིན་ལས་འགུལ་དངོས་སུ་སྤེལ་རྒྱུའི་ཐག་བཅད་བྱས་ཡོད།
    ༡༽དེ་ཡང་དྲྭ་ཐོག་ནས་བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་ཐོག་ངོ་རྒོལ་གྱི་ཡིག་ཆ་འགྲེམ་སྤེལ་དང་།
    ༢༽ རྡ་ས་རུ་འཕྲེང་དར་སྒྲེང་ཁྱེར་གྱིས་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ།
    ༣༽ འཛམ་གླིང་གང་སར་པར་རིས་འགྲེམ་སྤེལ་གྱིས་ངོ་རྒོལ་ཡིག་ཆ་སྦྱར་འཆར་སོགས་གྲ་སྒྲིག་ཟིན་མོད།
    ཚོགས་མི་འགས་ཁོང་ཚོར་འབྲེལ་བ་བྱས་པ་བརྒྱུད། བཟོ་གྲྭའི་བདག་པོས། ནང་པ་ཡོངས་ལ་དགོངས་སེལ་ཞུས་བྱུང། དེ་ཡང་ཁོང་ཚོའི་བཟོ་གྲྭ་ནི། ཨ་རི་ལ་ཆགས་འདུག་ལ། ཕྱི་ལོ་ ༡༩༩༩ ཙམ་ནས་དབུ་བརྙེས་འདུག ཁོང་ཚོའི་སྦྱིན་བདག་རང་གིས་བཤད་དོན། ང་ཚོས་ལྷམ་ངོས་ཀྱི་པར་རིས་དེ་དག་གི་ཉེས་སྐྱོན་མ་ཤེས་ལ། སྤྱིར་ན་ང་ཚོ་ནི་གཞན་གྱིས་ཅི་ཞིག་མངག་གཏོང་བྱས་ན། དེ་བཞིན་བཟོ་བསྐྲུན་བྱེད་ཀྱིན་པའི་ཚོགས་པ་ཞིག་ཡིན།

    འོན་ཀྱང་ཁྱེད་ཚོའི་གསལ་བཤད་དེས་ང་ཚོས་ནོག་ཉེས་དང་། མི་སེམས་འཁྲུག་པའི་ལས་དཀའ་བཟོ་ཀྱིན་པ་ཤེས་སོང་བས་དགོངས་སེལ་ཞུ་རྒྱུ་དང་བསྒྲགས། ང་ཚོས་བཏོན་ཟིན་པའི་ལྷམ་བརྒྱ་དང་བཞི་བཅུ་ཡོད་པ་དེ་དག་ཀྱང་དེ་རིང་ནས་མེད་པ་བྱེད་ངེས་ཡིན། མ་ཟད་གཞན་ལ་འཚོང་ཟིན་པ་འགའ་ཡོད་པས་དེ་དག་ཀྱང་ཕྱི་བསྡུའི་ཐབས་ཤེས་གཏོང་ངེས་ཡིན། གཞན་ཡང་ཕྱིས་འབྱུང་དེའི་རིགས་གཏན་ནས་མི་བྱ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན་པས། ཁྱེད་ཅག་གིས་ངོ་རྒོལ་མཚམས་འཇོག་གནང་རོགས། ཞེས་ཡིག་ཐོག་དང་ཁ་པར་ལམ་ནས་ཀྱང་ཞུས་སོང་། དེར་བརྟེན་ང་ཚོའི་ངོས་ནས་ངོ་རྒོལ་གྱི་ལས་འགུལ་དེ་ད་ཐེངས་ཕྱིར་འཐེན་བྱས་ཡོད་པས་ཀུན་གྱིས་ཡིད་འཇགས་ཞུ།།
    གཞན་ང་ཚོའི་ལས་འགུལ་འདིར་རྒྱབ་སྐྱོར་བྱེད་ཀྱིན་པའི་རྒྱལ་ཆེའི་མི་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

  19. ཀརྡོ་རབ་འབྱམས་པ་ says:
    2010-06-15 at 10:02 am

    “ཁྱེད་ཅག་གིས་ངོ་རྒོལ་མཚམས་འཇོག་གནང་རོགས།” ཟེར་ན་བཟོད་སེམས་བྱས་ན་བཟང་བ་འདུག འོན་ཀྱང་མངགས་ཉོ་བྱེད་མཁན་ཚོ་ལ་ཡང་སྡང་མི་ཉེན་ཡང་། ད་དུང་བརྗེད་མི་ཉན་ལ་སོ་ལྟ་བྱེད་དགོས་འདུག་སྙམ།

  20. རིག་བཟང་། says:
    2010-06-15 at 12:33 pm

    རྡ་སའི་དབྱིན་ཡིག་སློབ་ཕྲུག་ཚོགས་པས་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་བྱས་པ་དངོས་ནས་ཡག་པོ་འདུག་པས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ད་ལྟའི་ཆར་བཟོ་གྲྭའི་བདག་པོས་ཁོང་ཚོའི་ནོར་བར་བརྩིས་ཏེ། དགོངས་དག་ཞུས་ཡོད་ཚོད་འདུག དེ་ཡང་ཡག་པོ་རེད། དེས་ན་དབྱིན་ཡིག་སློབ་ཕྲུག་ཚོགས་པས་ཡང་ངོ་རྒོལ་གྱི་ལས་འགུལ་གྱི་རྣམ་པ་མཚམས་འཇོག་བྱས་ན་ཡག་པོ་རེད། དགོངས་དག་ཞུས་ཚར་དུས་ད་དུང་ངར་ངར་བྱས་ན་གླེན་རྟགས་བསྟན་པའི་སྲོལ་འདྲ་བོ་ཞིག་མཐོང་གི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme