Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

(WordPress) དྲ་ཚིགས་མཉེན་ཆས་བོད་འགྱུར་བྱ་བ་ལེགས་འགྲུབ།

Posted on 2014-11-012014-11-01 By ཁ་བརྡ་ 7 Comments on (WordPress) དྲ་ཚིགས་མཉེན་ཆས་བོད་འགྱུར་བྱ་བ་ལེགས་འགྲུབ།

སྒྱུར་མཁན། ཟངས་དཀརཿཚུལ་ཁྲིམས།

 

༡༽ (WordPress) མཉེན་ཆས་ངོ་སྤྲོད།

(WordPress) མཉེན་ཆས་ནི་དྲ་ཚིགས་ཀྱི་རྣམ་པ་ཅན་གྱི་མཉེན་ཆས་ཞིག་ཡིན་ལ། མཉེན་ཆས་འདི་བེད་སྤྱོད་ཀྱིས་དྲ་ཚིགས་དང་ཟིན་བྲིས་སྣ་ཚོགས་བཟོ་ཐུབ། དེ་བཞིན་མཉེན་ཆས་འདིར་ཁྱད་ཆོས་གཙོ་བོ་འགའ་ཡོད་པ་གཤམ་གསལ་ལྟར་ཡིན།

ཀ… རིན་མེད་ཡིན་པས་བཀོལ་སྤྱོད་པར་རང་དབང་ཆེས་ཆེར་ལྡན་པ་སྟེ། ཐོན་རིམ་གསར་པ་ནམ་ཐོན་ལ་རིན་མེད་ཐོག་ཕབ་ལེན་བྱས་ནས་སྤྱོད་ཆོག་ཆོག་ཡིན།

ཁ… ད་མཐུད་ད་སྤྱོད་དང་། (Plugin) དཔེ་པང་། (Theme) སྟོང་ཕྲག་བརྒལ་བ་ཡོད་པ་དང་། རང་ཉིད་ཀྱིས་ཀྱང་གསར་པ་བཟོ་ཆོག་པས་བཀོལ་སྤྱོད་བདེ་ཞིང་བྱེད་ནུས་ཧ་ཅང་ཆེན་པོ་ཡོད།

ག… བཀོལ་སྤྱོད་པ་ས་ཡ་ ༦༠ ལྷག་ཡོད་པས་ཁྱབ་རྒྱ་ཆེ་ཞིང་། མཉམ་སྤྱོད་བྱེད་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད།

 

༢༽ ( WordPress) བོད་སྒྱུར་བྱ་བའི་བརྒྱུད་རིམ།

ངས་དྲ་ཚིགས་བཟོ་བའི་བརྒྱུད་རིམ་ཁྲོད་ནས་མཉེན་ཆས་འདི་མཉེན་ཆས་གཞན་ལས་ཕུན་ སུམ་ཚོགས་པ་དང་སྟབས་བདེ་བོ་ཡོད་པ་རྟོགས། དེ་བས་མཉེན་ཆས་འདི་བོད་སྒྱུར་གྱིས་དྲ་ཚིགས་བཟོ་མཁན་གྱི་བོད་མི་རྣམས་ལ་རོགས་ ཕན་དང་ཁྱད་པར་བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་ཞུ་བའི་སྤྲོ་བ་རྙེད་སོང་། འོན་ཀྱང་འདི་དེ་འདྲའི་ལས་སླ་བོ་ཞིག་རེད་མི་འདུག ང་ཚོ་བོད་ལ་ཐ་སྙད་གསར་པ་འདི་ཚོ་མེད་པས་མིང་ཚིག་གསར་བཟོ་བྱེད་དགོས་པ་དེ་དཀའ་ངལ་ཆེ་ཤོས་རེད། གང་ལྟར་བྱ་བ་འདི་ལེགས་འགྲུབ་ཀྱིས་སྤེལ་ཡོད་པས་ད་ནས་བཟུང་དྲ་ཚིགས་བཟོ་འདོད་མཁན་ཚོས་བོད་ཡིག་མཉེན་ཆས་རིན་མེད་ཀྱིས་ཕབས་ལེན་དང་བེད་སྤྱོད་བྱེད་ཆོག་པ་རེད།

༣༽ ཀ༽ སྐད་ཡིག་ཅིག་གི་བརྡ་ཆད་གསར་བ་གཏན་འབེབས་བྱེད་པར་ཚོགས་པ་ཞིག་གི་སྟངས་འཛིན་དང་འཆར་འགོད་དགོས་པ་ཧ་ཅང་གལ་ཆེན་རེད། འོན་ཀྱང་། ད་ལྟའི་ཆར་དེ་འདྲའི་ཆུ་ཚད་དང་དབང་ཚད་ཡོད་པའི་ཚོགས་པ་ཞིག་བོད་ཕྱི་ནང་གང་དུ་ ཡང་བྱུང་མེད། དེ་བཞིན་ང་ཚོས་ཚོགས་པ་དེ་འདྲ་འབྱུང་བར་སྒུག་ནས་འདུག་རྒྱུ་དེ་ཡང་ཏག་ཏག་ཅིག་མིན་པར་སེམས།

ཁ༽ ཚང་མས་ཤེས་གསལ་ལྟར་བརྡ་འཕྲིན་ལག་རྩལ་ནི་ཆུ་ཚོད་སྐར་ཆ་རེ་རེར་ཡར་རྒྱས་འགྲོ་བཞིན་ཡོད་པས། ཆོས་ཚིག་མཁྲེགས་པོ་དང་རི་མགོའི་ཐ་སྙད་ཙམ་ལས་མེད་པའི་སྐད་ཡིག་ཅིག་གིས་དེ་ཚོའི་རྗེས་ཆོད་རྒྱུ་ལས་སླ་བོ་ཞིག་ག་ནས་ཡིན། འོན་ཀྱང་། ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་འབད་པ་བྱེད་རྒྱུ་ནི་གཡོལ་ཐབས་མེད་པའི་འོས་འགན་དུ་སེམས་སོ། དེ་བས་ལས་དོན་འདི་སྤྲོ་བ་ཡོད་མཁན་ཚོས་ང་ལ་འབྲེལ་བ་བྱོས་དང་ང་ཚོས་བགྲོ་གླེང་དང་གཤར་སྦྱང་གི་ལམ་ནས་ཐུན་མོང་གི་བྱ་བཞག་ཅིག་གཉེར་བར་དགའ་བསུ་བྱེད་བཞིན་ཡོད།

གཤམ་གྱི་པར་འདི་གཉིས་བོད་སྒྱུར་བྱས་ཟིན་པའི་ (Worpress) མཉེན་ཆས་ཀྱི་ཟུར་རེ་ཡིན།

q-142x300-12-300x182

གློག་ཀླད་ཤེས་བྱ།

Post navigation

Previous Post: སྒོ་བཤས་ཉུང་དུ་ཐོངས།
Next Post: ཚན་རིག་ཅེས་པ་གང་འདྲ་ཞིག་ལ་ཟེར་རམ།

Comments (7) on “(WordPress) དྲ་ཚིགས་མཉེན་ཆས་བོད་འགྱུར་བྱ་བ་ལེགས་འགྲུབ།”

  1. མངའ་རིས་འཕྲིན་ལས། says:
    2014-11-01 at 11:45 am

    བཟང་དཀར་ལགས་བཀོལ་སྤྱོད་བྱེད་སྟངས་ཤིག་ངོ་སྤྲོད་གནང་རོགས།

  2. གླིང་གཅེར་བུ། says:
    2014-11-01 at 10:35 pm

    སྐུ་ཞབས་ལགས་སུ་ཇི་ལྟར་བཀོལ་དགོས་པ་རེད། གསལ་བཤད་ཅིག་ཡོད་པར་ཞུ་ཞུ།

  3. རང་བྱུང་རིག་པའི་རྡོ་རྗེ says:
    2014-11-02 at 1:52 am

    གཞན་ལ་ཕན་ཐོག་སྤྱད་ཅིག་སྤེལ་མི་འདུག ཁྱོད་ཀྱི་དྲྭ་ཚིགས་མཉེན་ཆས་གསར་བའི་འགོ་བརྗོད་ཆ་ཚང་ཞིག་འདིར་ངེས་པར་དུ་བཀོད་དགོས་རེད། དེའི་སྒང་དུ་གཅིག་མནན་ན་མཉེན་ཆས་གསར་པ་དེ་སླེབས་པ་ཞིག་བྱེད་དགོས་རྒྱུ་ལ། དེ་མིན་wordpress་ཟེར་ན་མགོ་བོ་རྨོངས་་བྱེད་རེད། You should post wordpress link on Kadha and then people can click on it and otherwise it’s not helpfull.

  4. བསྟན་འཛིན་རྒྱལ་པོ། says:
    2014-11-02 at 2:39 am

    ཁོང་གིས་བོད་བསྒྱུར་གནང་བ་དེ་སྤྱི་ཡིས་བད་སྤྱོད་གཏོང་རྒྱུ་ཡོད་པ་ཞིག་མིན་པ་འདྲ། WordPress, Blogger, Yola, Webs སོགས་མང་དག་ཅིག་རང་དབང་གི་བཀོལ་སྤྱོད་གང་མཚམས་ཡོད་ནི་རེད། དེ་དག་ལ་ད་ལྟའི་ཆར་སོ་སོས་དྲ་ཚིག་བཟོས་རྗེས་དེ་ནང་གི་མ་ལག་གི་ཐ་སྙད་ཡོངས་རྫོགས་བོད་ཡིག་ལ་སྒྱུར་ཐུབ་ནི་རེད། འོན་ཀྱང་དེ་ནི་གོང་ཞུས་སོ་སོའི་དྲ་ཚིགས་ལས་གཞན་ལ་བད་སྤྱོད་རྒྱུར་དཀའ་བ་རེད།

  5. སྨན་མོ་མཚོ་ says:
    2014-11-04 at 12:57 am

    བཟང་དཀར་ལགས་བཀོལ་སྤྱོད་བྱེད་སྟངས་བརྙན་འཕྲིན་ཐུང་ངུ་ཞིག་བཟོས་ཏེ་ང་ཚོར་ངོ་སྤྲོད་གནང་ན་ཕན་ཐོགས་ཆེ་བ་ལས་འདིས་ང་ཚོ་མང་ཆེ་བ་མགོ་རྨོངས་སོང་།

  6. སྡེ་དགེ་ཤེས་རབ། says:
    2015-10-24 at 5:39 am

    ཕབ་ལེན་ཆེ་ཆུང་ལ་mb ག་ཚོད་ཡོད་རེད།

  7. བསོད་ནམས་ཆོས་འཕེལ says:
    2018-12-12 at 12:57 pm

    སྐུ་ཉིད་ཀྱི་ཧུར་བརྩོན་དང་སྙིང་སྟོབས་ལ་ཡི་རངས་དང་ད་དུང་ལྷག་བསམ་ལ་བར་ཆད་མང་ནའང་ནམ་ཞིག་འབྲས་བཟང་མང་མུ་མཐུད་དེ་ལམ་སྟོན་གནང་རོགས་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme