Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

VCD དང་ MP3 ད་དུང་ཀླུ་སྨྱོན་དང་གཞན་དག

Posted on 2008-10-192008-10-19 By namkha 16 Comments on VCD དང་ MP3 ད་དུང་ཀླུ་སྨྱོན་དང་གཞན་དག

བོད་ཡིག་གི་ཐོག་ནས་ག་རེ་འབྲི་མཁན་བྱུང་ནའང་དགའ་བསུ་ལོས་བྱེད། ཡིན་ནའང་གསར་སྐྱེད་མེད་པར་ནེ་ཙོའི་ཀློག་ལྟར་རྩོམ་སྟངས་དང་བརྗོད་བྱ་བཅས་སོགས་སྐྱར་ཟློས་བྱས་ནས་བསྡད་ན་ཀློག་མཁན་བོར་རྒྱུའི་ཉེན་ཁ་མཐོང་སོང་། ལྷག་པར་དུ་དེང་སང་དཔེ་ཆ་མགོ་བཙེམས་ཙམ་མིན་པར་ DVD དང་ VCD, MP3,4, iPod, Internet, Mobile Phone བཅས་སོགས་བོད་ཀྱི་ས་ཆར་ཐོན་པ་ན། དེས་ཆུང་ཕྱོགས་པ་ཙམ་ཟེར་རྒྱུ་མེད་པར་སེར་སྐྱ་རྒན་གཞོན་མང་པོ་ཞིག་གི་རྣ་དབང་དང་མིག་དབང་དང་བློ་ཁ་བཅས་བརྙན་འཕྲིན་དང་། རླུང་འཕྲིན། གློག་ཀླད་བཅས་ཀྱི་ཐོག་ལ་འཁོར་འགྲོ་གི་འདུག ལོ་རབས་བརྒྱད་ཅུའི་སྐབས་ལྟར་རི་མགོའི་ཟོག་རྫི་དང་སློབ་གྲྭའི་སློབ་མའི་ལག་ཏུ་སྦྲང་ཆར་དུས་དེབ་འཛིན་པའི་དུས་རབས་དེ་ཕལ་ཆེར་ཡོལ་ཚར་འདུག
ད་སྐབས་རྩོམ་པ་པོ་ལས་གླུ་གཞས་ལེན་མཁན་དེ་ཚོའི་ཤུགས་རྐྱེན་ཆེ་བ་ཡོད་པ་མཐོང་གི་མི་འདུག་གམ། ཀུན་དགའ་དང་ཡར་དུང་སོགས་བོད་ཕྱི་ནང་ཀུན་ཏུ་དར་ཁྱབ་ཅི་ཙམ་ཆེན་པོ་ཡོད་པ་བཤད་མི་དགོས་པར་ཚང་མས་ཤེས་གསལ་རེད། གཞན་བཙན་བྱོལ་གྱི་གླུ་བ་ཕུར་བུ་ T རྣམ་རྒྱལ་དང་། ཚེ་རིང་འགྱུར་མེད་བཅས་ཀྱི་གླུ་གཞས་རྣམས་དབུས་གཙང་གིས་མི་ཚད། ཨ་མདོ་དང་པེ་ཅིན་བཅས་སུའང་ཁྱབ་ནས་འགྲོ་གི་འདུག དེ་ཡང་གླུ་གཞས་ཀྱི་ནང་དོན་གཅིག་པུ་ལ་ཞེན་ཁོག་བྱས་ནས་མ་རེད། ངག་འགུག་སྟངས་དང་གདངས་འཐེན་སྟངས། ད་དུང་རོལ་ཆ་བཅས་ཕྱོགས་གང་གི་ཆ་ནས་བྲོ་བ་གསར་བ་ཞིག་སྦྱིན་པས་རེད། རྩོམ་པ་པོར་ཁས་འཆེ་བའི་མི་ཚོས་གདོང་ལེན་བྱེད་རྒྱུའི་གནས་ཚུལ་ཇེ་མང་རེད། མགོན་པོ་ཕྱག་གཉིས་ཀྱིས་ཁོའི་ཚ་མོའི་གླུ་ཞིག་དང་འབྲེལ་ནས་ཁ་བརྡའི་ཐོག་རྩོམ་ཞིག་བྲིས་པ་དེ་ལྟ་བུ་མང་ཙམ་ཡོད་ཚེ། ཁ་བརྡ་ལ་བྲོ་བ་ཇེ་ཆེ་འགྲོ་ས་རེད། དེ་མ་གཏོགས། ངན་པས་རང་བསྟོད་བྱས་ནས་བསྡད་ན་ཆོ་མི་འདུག
ཀླུ་སྨྱོན་འདི་གཞན་སྟེང་ལ་པད་མ་ཁ་འབྱེད་དང་། རང་ཐོག་ལ་ཐང་ཁུག་ཁ་བསྡམས་རེད། ཀླུ་སྨྱོན་གྱིས་བདག་ཅག་གི་སྟོན་པའི་འཁྲུངས་ལུགས་ལ་དཔྱད་ཐུབ་ས་ནས། ཁོས་རང་གི་སྤྲུལ་སྐུའི་ལུས་སེམས་ལ་དེང་རབས་བཤག་བཅོས་བྱེད་མི་ཐུབ་པ་འདི་ནི་ཁོའི་འགྲེལ་བཤད་རེད།
ཐེངས་ཤིག་རྒྱ་ནག་གི་རྩོམ་པ་པོ་མ་ཅཱན་ཟེར་བ་དེའི་རྩོམ་རིག་གི་གཏམ་བཤད་ཅིག་ལ་སོང་བ་ཡིན། ཁོའི་སྨྱུག་འོག་གི་བརྗོད་བྱའི་མི་སྣ་མང་པོ་ཞིག་ཡིག་རྨོངས་པ་དང་། ཞིང་པ་སྐྱོ་བོ། བོད་ཀྱི་འབྲོག་པ་བཅས་རྒྱ་ནག་སྤྱི་ཚོགས་ཐོག་གི་འབྱོར་མེད་དང་ཡང་ན་ཡུལ་མཐའ་འཁོབ་ཟེར་བའི་གྲངས་ཉུང་མི་རིགས་ཡིན་པར་བརྟེན། ངས་ཁོ་ལ་ཁྱོད་ཀྱི་བརྗོད་བྱའི་མི་སྣ་མང་པོ་ཞིག་ཁྱོད་རང་ཉིད་དང་རྒྱང་ཐག་རིང་བོ་སྟེ། བདག་གཞན་གཉིས་ལས་གཞན་ཡིན་དོན་ཅི་ཡིན་ནམ་ཞེས་དྲི་བ་དྲིས་པ་ཡིན། དེ་རིང་ངས་སྐད་ཆ་འདི་ཀླུ་སྨྱོན་ལ་འདྲི་འདོད་བྱུང་། ཁྱོད་ཀྱིས་སྟོན་པའི་འཁྲུངས་ལུགས་ལ་དཔྱད་ཐུབ་ས་ནས་རང་ཉིད་ཀྱི་སྤྲུལ་སྐུའི་ལུས་སེམས་འདིར་དེང་རབས་བཤག་བཅོས་བྱེད་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ། ལྕགས་རྒྱ་འགྲམ་ནག་གིས།

སྣ་ཚོགས།

Post navigation

Previous Post: གྲྭ་འཇིགས་མེད་གློད་འདུག
Next Post: མི་ལ་རས་པའི་དངོས་ཡོད་ཀྱི་རྣམ་ཐར་དང་རྟོག་བཟོའི་སྒྲུང་རྣམ།

Comments (16) on “VCD དང་ MP3 ད་དུང་ཀླུ་སྨྱོན་དང་གཞན་དག”

  1. ལྕགས་རྒྱ་འགྲམ་ནག says:
    2008-10-19 at 11:14 am

    དེང་རབས་ཀྱི་བཤག་བཅོས་ཟེར་བ་ནི་ཁ་སྔོན་དཀོན་མཆོག་དཀོན་མཆོག་གིས་ཀླུ་སྨྱོན་ལ་ཁྱོད་གང་ལ། ཇི་ལྟར། ཅིའི་ཕྱིར་སྤྲུལ་སྐུ་བཟོས་པ་དང་བཟོས་ནས་ཁེ་བཟང་དང་ཕན་ཐོགས་ག་རེ་བྱུང་ཡོད་མེད་སྐོར་བཤད་ཨེ་ཐུབ་ཅེས་དྲི་བ་དྲིས་པ་ལྟར། ཀླུ་སྨྱོན་གྱིས་ཁོའི་སྤྲུལ་སྐུའི་ལུས་སེམས་གཉིས་ལ་ད་རེས་དེང་རབས་ཀྱི་བཤགས་བཅོས་ཤིག་བྱེད་ཐུབ་ཚེ། ངས་ནི་ཁོའི་དགེ་བསྐོས་བཙན་པོའི་དཔེ་དེབ་དེ་ཉོ་རྒྱུ་དང་ཀློག་རྒྱུ་མིན་ན་ཁྱོའི་ཤ་ཞེས་མནའ་སྐྱལ་ཚར།

  2. མགོན་པོ་ཕྱག་གཉིས་པ། says:
    2008-10-19 at 1:57 pm

    འདི་འདྲ་གཏམ་དཔེ་སྙན་པོ། གཞན་སྟེང་ལ་པད་མ་ཁ་འབྱེད་དང་། རང་ཐོག་ལ་ཐང་ཁུག་ཁ་བསྡམས་རེད།
    འདི་སློབ་དཔོན་རིན་པོ་ཆེའི་གསུངས་འཁྲུལ་མེད། ཡེ་ཤེས་ལུང་དུ་བསྟན་པའི་གཏམ་དཔེ་ཞིག་རེད།

  3. གཡང་སྐྱབས་རྒྱལ། says:
    2008-10-19 at 4:20 pm

    དེང་རབས་དང་གནའ་རབས་བར་གྱི་ཁྱད་པར་ལ་དོ་སྣང་སྤྲད་པ་དེ་ཡག་ལེ་འདྲ། འོན་ཀྱང་གང་ཟག་སྒེར་ལ་དམའ་འབེབས་གཏོང་བ་དེ་སྡུག་ལེ་འདྲ། ང་ནི་དེང་རབས་ལས་གནའ་རབས་ལ་དགའ། ང་ནི་དེང་རབས་ལས་གནའ་རབས་ལ་འཕྲོད། གནའ་སྔ་མོ་སོས་དལ། ད་ནི་བྲེལ་ཆེ། གནའ་སྔ་མོ་སེམས་བྲོ ད་ནི་སེམས་སྡུག གནའ་སྔ་མོ་ཕྱུགས་ཟོག་ལ་གཡང་ལ་ཟེར། ད་ནི་ཕྱུགས་ཟོག་དེ་འཕྲུལ་འཁོར་གྱི་ཅ་ལག་ཅིག་རེད། གནའ་སྔ་མོ་རྩེད་ཆས་ཤིང་དང་རྡོ་ཡིན། ད་ནི་རྩེད་ཆས་འགྱིག་ཡིན། གནའ་སྔ་མོ་མར་ནི་མར་དང་འོ་མ་ནི་འོ་མ་ཡིན། ད་ནི་མར་ནི་རྫས་དང་འོ་མ་ནི་རྫས་ཆུ་ཡིན། གནའ་སྔ་མོ་གྲོགས་པོའི་འབྲེལ་བ་ནི་བརྩེ་དུངས་ཡིན། ད་ནི་གྲོགས་པོའི་འབྲེལ་བ་ནི་སྒོར་མོ་ཡིན། གནའ་སྔ་མོ་ཕ་མ་རྒན་གཞོན་བར་ན་གུས་ཞབས་ཡོད། ད་ནི་ཕ་མ་རྒན་གཞོན་གྱི་བར་ན་སྨོད་པ་ཡོད། གང་ལྟར་ང་ནི་གནའ་སྔ་མོ་ལ་དགའ།

  4. kunchok says:
    2008-10-19 at 5:50 pm

    ས་པཎ་གྱིས། གཞན་ལ་བལྟ་བའི་མིག་ཡོད་ཀྱང་། རང་ལ་བལྟ་ན་མེ་ལོང་དགོས་ཞེས་གསུངས་འདུག་ག
    དེ་ལ་དོན་དག་ཆེན་པོ་ཡོད་རེད། ཡེ་ཤེས་ཀྱི་མེ་ལོང་ལོ་འགའི་གོང་དུ་ཆག་སོང་བ་རེད། བྱས་ཙང་ཁོས་རང་ལ་བལྟ་ཐུབ་མདོག་མེད། ཁོ་སྡུག་ལ་གཏད་མ་གཏད་མེད། དེ་ནས་འགྲམ་ནག་འདི་བ་གཞས་དང་ལྟད་མོར་དགའ་བོ་ཡོད་པ་འདྲ། ཁ་སང་ཞིག་ནས་དེའི་སྐོར་མང་བོ་བཤད་སོང་། ཡིན་ནའང་ལྟད་མོ་འདེམས་སྟངས་ཤེས་མེད་པ་འདྲ། ཁ་ནས་དགྲ་ནག་གི་མི་རབས་ཅིག་ཅིག་མ་མ་གོ་གོའི་ལྟད་མོ་མ་གཏོགས་གཞན་མི་འདུག ཨ་རོ་་་་དབྱིན་སྐད་ལ་སེམས་ཁྲལ་མེད་ན་ཧོ་ལེ་བོ་ཏྲྲི་ལྟད་མོ་དེ་དག་ཅིག་འཇིགས་ག ཨོ་་་ད་དུང་ཕོ་མོའི་བཙེ་དུང་དང་ནང་མིའི་འབྲེལ་ལམ་སོགས་ཀྱི་སྐོར་ལ་བལྟས་ན་འདོད་ན་ཀོ་རི་ཡའི་མུ་འབྲེལ་བརྙན་འཕྲིན་དེ་དག་ལ་གཟིགས་དང་ཧ་ལས་པའི་ཡག་པོ་འདུག ང་རོ་འདི་དེས་དག་པའི་ཞིང་ལ་དྲངས་ཐལ། དགྲ་ནག་གི་ལྟད་མོ་ཕལ་ཆེ་བར་ཧན་གྱི་དྲི་མ་ཡོད་རེད། བལྟ་ཡ་མང་ན་ནད་འགོས་ཡའི་ཉེན་ཁ་ཡོད་རེད། སེམས་ཆུང་བྱོས།

  5. ལྕགས་རྒྱ་འགྲམ་ནག says:
    2008-10-19 at 5:53 pm

    གཡང་སྐྱབས་རྒྱལ་ལགས། ཁྱེད་རང་ག་རེ་ལ་དགའ་ན་དེ་ཁྱོད་ཀྱི་དགའ་ཕྱོགས་དང་འདོད་པ་རེད། ངས་ཁྱེད་ལ་དེའི་ཐད་ཇུས་གཏོགས་བྱེད་དོན་མི་འདུག ང་ལ་མཚོན་ན་གནའ་རབས་ཟེར་ནས་དགའ་དོན་ཡང་མི་འདུག་ལ། དེང་རབས་ཟེར་ནས་སྐྱོ་དོན་ཡང་མེད་ཀི བྱ་དངོས་གང་ཞིག་ཡིན་རུང་ཉིན་སྲིབ་གཉིས་ཀ་ཡོད་ཀྱི་རེད་བསམ་བཞིན་ཡོད། ཀླུ་སྨྱོན་ནི་ང་ཚོ་ལྟ་བུའི་གང་ཟག་སྒེར་བ་མ་རེད། ཁོང་བོད་སྤྱི་བའི་མི་ཆགས་ཚར་བ་རེད། དབྱིན་ཇི་ཚོར་ public figure ཞེས་བཤད་སྲོལ་ཞིག་ཡོད་པ་དེ་བཞིན་དུ། ཀླུ་སྨྱོན་ནི་མགོ་ནག་བོད་མི་ཚོས་ཕྱག་འཚལ་སའི་སྤྲུལ་སྐུ་ཞིག་རེད། གྲགས་སྐད་ཆེ་ས་ན་སྡེ་མྱི་ཁ་མ་འཁོར་ས་ཞིག་ཡོད་ནི་མ་རེད།
    གཞན་ཡང་ཀླུ་སྨྱོན་གྱིས་ད་ལོ་བོད་གཞུང་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་ཡང་སྐྱར་བཀའ་ཁྲིའི་འོས་གཞིར་འདེམས་ན། དེ་ནི་ཟམ་གདོང་ལ་ཨ་ཁུ་སྟོན་པར་འོར་ལྡིང་མེད། ད་ཡང་སྐྱར་ལྡིང་དུ་བཅུག་ན་བླ་རྒན་གྱི་མཇེ་སྐམ་པོ་ཀེ་ལ་འདྲ་བོའི་མགོར་ཐག་པ་འདོགས་དགོས་པ་ཞིག་རྡ་ས་དང་ནོར་གླིང་གི་ཨ་ནེ་མེ་ཏོག་འདྲ་བ་དེ་ཚོས་ལོས་བྱེད་ཅེས་བྲིས་སྐབས། དེ་ནི་གང་ཟག་ལ་དམའ་འབེབས་རེད་ཅེས་བཤད་མཁན་མི་འདུག སྐབས་འདིར་ངས་ཀླུ་སྨྱོན་ལ། གཏམ་དཔེ་ཞིག་བཤད་པ་ཙམ་གྱིས་དེ་དམའ་འབེབས་རེད་ཅེས་བཤད་ན་རྒྱུ་འབྲས་དང་མཐུན་པ་ཞིག་ཨེ་ཡིན་བསམ།

  6. ལྕགས་རྒྱ་འགྲམ་ནག says:
    2008-10-19 at 6:33 pm

    དཀོན་མཆོག ཁྱོད་ཀྱི་མཆན་བཀླགས་ཟིན། ད་ཁ་འཛིང་མི་བྱེད། དེ་ལས་རྒྱ་ནག་གི་སྐོར་ལ་རྩོམ་ཞིག་བཀླགས་ན་དེས་དགའ་ས་རེད།

  7. ÇtôzÅ-q- says:
    2008-10-20 at 7:17 am

    འགྲམ་ནག་ཁྱོད་ཀྱིས་དུས་བབ་ཟིན་བྲིས་སྟེང་ལ་སྒེར་ཁང་བརྒྱབ་འདུག་ག ངས་བཀྲ་ཤིས་བདེ་ལེགས་ཤིག་འགོད་གྲབས་བྱས་ཀྱང་གད་སྙིགས་སྤུངས་མི་ཆོག་ལུགས་བཤད་འདུག་པས་གཡུགས་བཞག་པ་ཡིན།

  8. ÇtôzÅ-q- says:
    2008-10-20 at 7:23 am

    ལྕགས་རྒྱ་འགྲམ་ནག ཁ་བརྡ་དྲྭ་བ་འདིའི་ནང་དུ་དོན་དང་ལྡན་པའམ་རང་གི་ཡིད་ངོར་འཕྲོད་པ་ཤ་སྟག་འབྲི་རྒྱུར་འདོད་མོས་བྱེད་པ་དེ་བླུན་རྟགས་ཤིག་རེད། གང་ལྟར་གཅིག་གིས་འདོད་པ་ཀུན་གྱིས་མི་འདོད་ཅིང་། །བཅུ་ཡིས་འདོད་པ་བརྒྱ་ཡིས་མི་བསྒྲུབས་པས། །ཞེས་པ་དྲན་པར་བྱས་ནས་རང་ཉིད་ཀྱིས་གང་ཞིག་གལ་ཆེན་དུ་མཐོང་བ་དེ་ཚོ་རང་ཉིད་ཀྱིས་བཀོད་ན་ལེགས་ཤོས་མ་རེད་དམ། ང་ཆོས་ལུགས་དང་ལོ་རྒྱུས་སོགས་གླེང་རྒྱུར་དགའ་བོ་ཡོད་ཀྱང་གཞན་ཚང་མས་དེ་གླེང་རྒྱུའི་རེ་བ་བྱས་ན་བླུན་རྟགས་ཡིན་སྟབས་སྐད་ཡིག་རྒྱུན་འཛིན་ཙམ་གྱི་ཆེད་དུ་དམིགས་ནས་ཀྱང་གང་བྱུང་མང་བྱུང་འདིར་འབྲི་གི་ཡོད། མང་ཙམ་ཕེབས་རོགས།

  9. གཡང་སྐྱབས་རྒྱལ། says:
    2008-10-20 at 8:01 am

    རེད། རེད། ང་ཚོས་ཀྱང་ཇི་ཙམ་གྱི་བར་དུ་བཤད་ན་སྒེར་གྱི་གནད་དོན་ཡིན་པ་དང་ཇི་ཙམ་གྱི་བར་དུ་བཤད་ན་སྤྱི་ཚོགས་ཀྱི་གནད་དོན་ཡིན་པ་འདི་ལ་ཡང་དོ་སྣང་ལོས་བྱེད། དེ་ནི་བྱེད་དགོས་པ་ཞིག་རེད། གནད་དོན་བརྗོད་རྒྱུ་དང་གནད་དོན་ཟབ་པར་བརྗོད་རྒྱུ་ནི་གལ་ཆེ་བ་ལས་གང་ཟག་སྒེར་གྱི་གནད་དོན་གླེང་རྒྱུ་ལ་ནི་ངས་དགག་པ་མཐའ་གཅིག་ཏུ་རྒྱག་རྒྱུ་ཡིན། དེ་ནས། ལྕགས་རྒྱ་འགྲམ་ནག་འདིས་གནད་དོན་ལ་བསམ་བློ་བཏང་ནས་བརྩད་གཅོད་བྱས། དེ་ལ་པར་ཡན་ཆད་ནས་བཙལ་ཏེ་བཀོད་པ་འདི་ལ་དགའ་འོས་པ་ཞིག་རེད། བསྔགས་འོས་པ་ཞིག་རེད། དཔེར་འོས་པ་ཞིག་རེད། དེ་ཙམ་ཡིན།

  10. ལྕགས་རྒྱ་འགྲམ་ནག says:
    2008-10-20 at 10:35 am

    བོད་ཀྱི་སྐད་ཡིག་ལ་བརྩེ་ཞེན་ཆེ་བའི་མི་ཞིག་ཡིན་པའི་ཆ་ནས། ཁ་བརྡ་ལྟ་བུའི་དེང་རབས་ཀྱི་བརྒྱུད་ལམ་གྱི་ཐོག་ནས་བོད་ཀྱི་སྐད་ཡིག་གི་བྱེད་ནུས་ཇེ་ཆེར་གཏོང་སྟངས་ཀྱི་ཐད་ལ་བསམ་བློ་མང་པོ་གཏོང་གི་ཡོད། སྐད་ཡིག་རྒྱུན་འཛིན་བྱེད་པར་སེམས་ཤུགས་དང་ལྷག་བསམ་ཁོ་ནས་ཡོང་ཐབས་མེད་པར། མིའི་དགོས་མཁོ་ལ་ལྟ་རྒྱུ་གལ་ཆེན་པོ་རེད། ད་ལྟའི་སྐབས་འདིར་ཁ་བརྡ་ནི་རང་གཞན་གྱི་སྤྱི་ཚོགས་ཀྱི་བར་དོར་ལུས་པའི་ང་ཚོ་ཡུལ་གྱར་བ་ཁ་ཤས་ཀྱིས་བརླ་བཙག་དཔྱི་རྡུང་དང་དོན་མེད་ཁ་འཛིང་བྱེད་ས་སྐྱིད་པོ་ཞིག་ཏུ་གྱུར་ཡོདཔ་བདེན་པ་ཡིན་པ་མ་ཟད། ཁ་བརྡའི་ཐོག་ཏུ་ཡོང་མཁན་གྱི་མི་མུ་མཐུད་ནས་ཇེ་མང་དུ་མ་གཏོགས་ཇེ་ཉུང་དུ་འགྲོ་གི་མ་རེད་བསམ། ཡིན་ནའང་ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་ནི་ཁ་བརྡ་ནི་ས་མཐའི་དགའ་སྡུག་བཤད་སའི་སེམས་ཀྱི་དགོས་མཁོ་ལྟར་སྣང་ཞིག་ཏུ་བསྒྲུབ་རྒྱུ་ཡིན་ནམ། ཡང་ན་འདིའི་ཐོག་ཏུ་སེམས་ལ་འཛིན་རྒྱུའི་ཚིག་དང་རུམ་ལ་འཛིན་རྒྱུའི་བྲོ་རེ་རྙེད་རྒྱུ་ཡོད་པའི་ཁ་ཡོད་ལག་ཡོད་ཀྱི་འཚོ་བའི་དགོས་མཁོ་དང་འབྲེལ་བའི་གནས་ཚུལ་ཡོང་ཁུངས་ཞིག་ཏུ་ཡར་རྒྱས་གཏོང་རྒྱུ་ཡིན།
    སྤྱིར་འདི་ནི་དྲ་དཔོན་རིན་པོ་ཆེ་མ་གཏོགས་ང་ལ་བབས་མེད་པའི་ལས་ཀ་ཞིག་རེད་མོད། ཡིན་ནའང་བསམ་བློ་དེ་འདྲ་ཞིག་གི་རྨང་གཞིའི་ཐོག་ནས་ཁ་འཛིང་བྱས་ཏེ་ཉི་མ་འཁྱོལ་ཐབས་བྱེད་པའི་ཁ་ཕྱོགས་ལ་ཤུགས་རྐྱེན་གཏོང་བའི་འབད་བརྩོན་བྱེད་བཞིན་ཡོད།
    དེ་དང་མཉམ་དུ་སྤྱིར་མི་སོ་སོར་བྱ་དངོས་གང་རུང་གི་ཐོག་ལ་རང་ངོས་ནས་མཐོང་སྟངས་མཐོང་ལུགས་རེ་ཡོད་ལ། དེའི་རྒྱབ་ན་སོ་སོའི་རྣམ་དཔྱོད་ལས་གྲུབ་པའི་རྒྱུ་མཚན་རེ་ཡོད་པས། ང་ནི་བདེན་པ་དང་གནས་ལུགས་ཀྱི་རྒྱ་མ་ཞིག་བཟུང་སྟེ་འདི་འགྲིག་དང་དེ་མི་འགྲིག་གི་ཁ་ཕོ་བཤད་རྒྱུར་རྩ་ནས་མི་དགའ། ཡིན་ནའང་ཁ་ཤས་ཀྱིས་རྩ་བ་གཡུག་ནས་རྩེ་མོར་འཇུས་ཏེ། ཕྱོགས་རིས་འཐེན་འཁྱེར་གྱིས་མཚང་འབྲུ་རེས་དང་མིང་སྣ་ཚོགས་ཀྱི་རྒྱབ་ལ་ཡིབ་ནས་རང་བསྟོད་ཀྱི་གཡོ་སྒྱུ་ཚད་སྐབས་དེ་དག་ལ་རྡོ་ཁ་བྱེད་རྒྱུའི་འུར་ཆ་དགའ་བཞིན་སྤྲོ་བཞིན་དུ་ལག་ཏུ་དམ་པོར་བཟུང་ཡོད།

  11. Gedun says:
    2008-10-20 at 1:16 pm

    ཨ་རོ།
    “ང་ནི་བདེན་པ་དང་གནས་ལུགས་ཀྱི་རྒྱ་མ་ཞིག་བཟུང་སྟེ་འདི་འགྲིག་དང་དེ་མི་འགྲིག་གི་ཁ་ཕོ་བཤད་རྒྱུར་རྩ་ནས་མི་དགའ། ” ཚིག་འདི་ནང་འགལ་ཞིག་མ་རེད་དམ། དགོངས་པ་བཞེས་དང་།

  12. ལྕགས་རྒྱ་འགྲམ་ནག says:
    2008-10-20 at 3:28 pm

    དགེ་འདུན་ལགས། ཡུ་རོབ་དང་ཨ་རིའི་མཁས་པ་ཚོས་གཙོ་བྱས་པའི་དེང་རབས་ཚན་རིག་པ་ཚོས་འཛམ་གླིང་གི་ཤེས་བྱའི་ངོ་བོ་ཚན་རིག་དང་མཐུན་མིན་གྱི་ཐོག་ནས་གཏན་འབེབས་བྱེད་པ་མཐོང་དུས། ཁོ་ཚོའི་ལག་གི་རྒྱ་མ་དེ་ནམ་ཞིག་ལ་གཅོག་ཐུབ་བམ་བསམ་མྱོང་བས། ཁ་བརྡའི་ཐོག་ནས་ཀྱང་གནས་ལུགས་ཀྱི་བརྡར་ཤ་བཅད་དེ། བདེན་པ་ཐག་ཆོད་རྒྱུའི་བསམ་བློ་མེད་ལགས། རང་དབང་གི་བགྲོ་གླེང་ལ་དགའ་མོད། དོན་ལ་མི་རྩོད་པར་ཁ་འཛིང་བྱས་བསྡད་ན་ཆོ་མེད་རེད་བསམ་པ་དེ་ཡིན།

  13. གླེན་པ་ལུག says:
    2008-10-21 at 11:14 am

    ང་ཁྱེད་ཚོའི་ཁ་བརྡ་དྲ་ཚིགས་ཞུགས་དུས་ཧང་སོང་། བཙན་བྱོལ་ཁྲོད་ཀྱི་ཤེས་ཡོན་པ་རྒན་རིམ་སྐོར་ཞིག་གིས་ཁ་བརྡ་ཞེས་པའི་དྲ་ཚིགས་ཤིག་གཉེར་ཡོད་པ་དེ་སྔ་ནས་ཐོས་མྱོང་། འོན་ཀྱང་དེ་རིང་མ་གཏོགས་ཞལ་མཇལ་མ་སོང་། ཞལ་མཇལ་དུས་བལྟ་སྲོལ་ཞིག་མི་འདུག ངོ་མ་རྩོག་གི། རྩོག་པ་ལ་མཐའ་ཞིག་མི་འདུག
    ངའི་བསམ་ཚུལ་འདི་ཚོད་ལྟའི་ཚུལ་དུ་བཀོད་པ་ཡིན།
    དྲ་ཤོག ཟེར་བ་དེ་ཅི་ཞིག་ཡིན་པ་ཡང་ཧ་གོ་མི་ཐུབ་གི
    འདི་ལ་ཡོངས་གྲགས་ཀྱི་མིང་ཞིག་མེད་དམ།

  14. བསེ་རུ། says:
    2008-10-21 at 11:40 am

    དྲ་ཤོག་ཅེས་པའི་སྟོང་ཆ་དེར་ག་རེ་བྲིས་དགོས་སམ།མ་བྲིས་ནའང་ཆོག་གམ།

  15. དགེ་འདུན་རབ་གསལ་ says:
    2008-10-21 at 11:45 am

    འདིར་ཁ་བརྡ་ལ་འབྲེལ་བའི་གཏམ་ཞིག་འདུག དེར་ལན་ཐུང་ཞིག་འབུལ་རྒྱུ། དྲ་ཤོག་ཟེར་བ་དེ་web page ཟེར་བ་ནས་བསྒྱུར་བ་རེད། བོད་ནང་དུ་འདི་ལ་རྒྱ་སྐད་ཅིག་སྤྱོད་ཀྱིན་འདུག་བསམས། དེ་ནས་མཆན་འབྲི་སྐབས་དྲ་ཤོག་ཟེར་སའི་སྟོང་ཆ་དེར་ ཁྱེད་རང་གི་དྲ་ཤོག་ཅིག་ཡོད་ན་དེའི་ཁ་བྱང་འབྲི་རོགས། མེད་ན་སྟོང་པར་འཇོག་འཐུས། ཐུགས་རྗེ་ཆེ།

  16. ལྕགས་རྒྱ་འགྲམ་ནག says:
    2008-10-21 at 11:47 am

    དེ་ལ་ཅི་ཡང་མ་བྲིས་ན་ཆོག་པ་འདྲ། ངས་ད་སྔ་ཅི་ཡང་བྲིས་མ་མྱོང་ཡང་འགྲིག་གི་འདུག དྲ་ཐོག་འདིར་ཕེབས་པ་དེས་ཁྱེད་ཀྱི་མིག་རྒྱང་ཆོད་པར་བྱེད་ངེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme