Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

President ཞེས་པའི་མིང་དེ་ཁྲིམས་མཐུན་ཆགས་མེད།

Posted on 2018-05-102018-05-10 By ཁ་བརྡ 10 Comments on President ཞེས་པའི་མིང་དེ་ཁྲིམས་མཐུན་ཆགས་མེད།

ཤར་ཕྱོགས་ཁུག་རྟ།

སྲིད་སྐྱོང་གི་ཨིན་མིང་དུ་ President ཞེས་བེད་སྤྱོད་གཏོང་བཞིན་པ་དེའི་སྐོར་དྲི་བ་འདྲི་མཁན་མང་པོ་བྱུང་བས་ཚང་མར་དཀྱུས་གཅིག་ཏུ་ཡིག་ལན་ཞིག་ཕུལ་འདོད་བྱུང་།

འདིའི་སྐོར་ལན་ཞུ་དགོས་ན་སྐད་ཆ་ཅུང་རིང་པོ་ཆགས་རྒྱུ་རེད། ཡིན་ནའང་། མང་གཙོའི་སྤྱི་ཚོགས་ནང་མི་མང་ནག་ཁུང་དུ་འཇོག་པའི་ལུགས་སྲོལ་ལ་དགག་པ་གནང་གི་ཡོད་ཙང་། དེའི་སྐོར་ངས་ཚང་ལ་མ་ནོར་བ་གོ་བདེ་བ་ཞིག་ཞུ་ཨེ་ཤེས་འབད་བརྩོན་ཞུ་གི་ཡིན། དེ་ལ་ཐོག་མར་བཀའ་བློན་ཁྲི་པ་ཞེས་པའི་ཚབ་ཏུ་སྲིད་སྐྱོང་འབོད་རྒྱུར་གྲོས་ཚོགས་ནས་སྤྱི་མོས་གཏན་འབེབས་གནང་། དེའི་རྗེས་འབྲེལ་གྱིས་སྲིད་སྐྱོང་གི་མཚན་ཨིན་མིང་དུ་འབྲི་སྟངས་ Political Leader ཞེས་དོན་སྒྱུར་མ་དགོས་པར་ Sikyong ཞེས་པའི་སྒྲ་ཁོ་ན་ཐོན་པ་ལྟར་འབྲི་རྒྱུ་སྐབས་ ༡༥ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༤ ། ༢༠༡༢ ཟླ་ ༩ ཚེས་ ༢༡ ཉིན་གྱི་ཐུན་ ༢ སྐབས་གཏན་འབེབས་མཛད་འདུག དེ་ནི་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༦ ནང་གསེས་ ༣ ནང་གསལ་ཟུར་འཛར། ཉ༽ ཡིན་ཞིང་། ༢༠༡༥ ལོར་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་སྤར་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་ཕྱོགས་བསྒྲིགས་ཞེས་པའི་དེབ་ཀྱི་ཤོག་གྲངས་ ༡༨༡ དུ་གསལ་ཡོད། སྔོན་གྱི་གནས་སྟངས་དེ་རེད། དེ་རིམ་པ་གཅིག་ཡིན།

དེ་ནས་ ༢༠༡༧ ཟླ་ ༤ ཚེས་ ༢༦ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ་ Tibet.net ཞེས་པའི་ཨིན་ཡིག་དྲྭ་ངོས་སུ་ ’’ཨིན་ཡིག་ཐོག་ནས་སྲིད་སྐྱོང་ Sikyong ཞེས་པའི་ཐ་སྙད་ལ་ཨིན་སྒྱུར་ཞུ་སྐབས་ President ཞེས་འབྲི་དགོས།’’ ཚུལ་གྱི་གསལ་བསྒྲགས་ཤིག་སྤེལ་ཏེ་གང་འདོད་ཀྱིས་བེད་སྤྱོད་བཏང་སྟེ་ད་བར་སླེབས་པ་རེད། President ཞེས་འབྲི་རྒྱུར་གཏན་འབེབས་གནང་བ་ཡིན་གསུངས་མཁན་དཔལ་ལྡན་བཀའ་ཤག་རེད། དཔལ་ལྡན་བཀའ་ཤག་གིས་དེ་ལྟར་གནང་དགོས་དོན་ནི་དཔལ་ལྡན་སྲིད་སྐྱོང་ལ་ཐེངས་འགར་༸གོང་ས་མཆོག་གིས་བཀའ་གནང་སོང་ཞེས་གསུངས་ཀྱི་ཡོད་པ་རེད། དེ་མིན་རྒྱུ་མཚན་གཞན་མང་པོ་གསུངས་ཡོད་ཀྱང་སྐབས་འདིར་ཞུ་མ་དགོས་པ་བྱེད། བར་དེར་མི་མང་ནང་མ་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་པ་མཁྱེན་གསལ་ལྟར་རེད། དེའི་རྗེས་ ༢༠༡༧ ཟླ་ ༥ ཚེས་ ༡༠ ཉིན་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཕེབས་བསུའི་མཛད་སྒོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭར་ཚོགས་སྐབས་༸གོང་ས་མཆོག་གིས་དེའི་ཐད་དགོངས་ཚུལ་ལམ་སྟོན་ཕེབས་ཡོད། དེ་རིམ་པ་གཉིས་པ་རེད།

རིམ་པ་གསུམ་པ་དེ། དཔལ་ལྡན་བཀའ་ཤག་གིས་༸གོང་ས་མཆོག་གིས་དེ་ལྟར་དགོངས་ཚུལ་ལམ་སྟོན་གསུངས་པ་དེ་བཅའ་ཁྲིམས་དོན་ཚན་དང་པོའི་འོག་གསུངས་པ་ཡིན་ཚུལ་ཡིག་ངག་གཉིས་ནས་ནན་གསུངས་གནང་ཡོད། ༸གོང་ས་མཆོག་གིས་བཅའ་ཁྲིམས་དོན་ཚན་ ༡ པོའི་དགོངས་དོན་འོག་གསུངས་པ་ཡིན་མིན་ངས་ནི་ཤེས་ཐབས་བྲལ་ཡང་། དེ་ལྟར་ཡིན་པར་ཆ་འཇོག་བྱེད་ཀྱི་མེད། གང་ཡིན་ཞེ་ན། གལ་སྲིད་སྲིད་སྐྱོང་གི་ཨིན་མིང་དེ་བཅའ་ཁྲིམས་དོན་ཚན་དང་པོའི་འོག་ President འོས་ཚུལ་ལམ་སྟོན་ཕེབས་ཡོད་ན། བཅའ་ཁྲིམས་བསྐྱར་བཅོས་སྐད་གྲགས་ཅན་ཐེངས་ ༢༥ རྗེས་སུའང་། དེ་ལྟའི་ལམ་སྟོན་ནམ་ལྷག་པར་ཁྲིམས་སྒྲིག་དང་འབྲེལ་བའི་ལམ་སྟོན་ཕེབས་པ་གྲོས་ཚོགས་ནང་གྲོས་བསྡུར་བྱ་རྒྱུའི་ལམ་ཁ་སྔར་བཞིན་གསལ་བོ་བཏོད་ཡོད་པ་རེད། ཅི་ལྟར་བཏོད་ཡོད་རེད་ཞུས་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ལེའུ་ ༦ པ། དོན་ཚན་ ༡༧ པའི་ནང་གསེས་ ༡ དང་ ༢ ནང་གསལ་བསྡད་ཡོད། དཔེར་ན། འདིར་ནང་གསེས་ ༡ དྲངས་ན། བཅའ་ཁྲིམས་དོན་ཚན་ ༡ ནང་གསེས་ ༢ པ་ནང་གསལ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་འཆར་ལ་གྲོས་བསྡུར་ཆེད་ཚོགས་གཙོས་སྲིད་སྐྱོང་དང་གོ་བསྡུར་གྱིས་དུས་ཚོད་ཟུར་བཀག་གནང་རྒྱུ། ཞེས་གསལ་ཡོད། འོན་ཀྱང་། དཔལ་ལྡན་བཀའ་ཤག་གིས་གྲོས་ཚོགས་ཀྱི་བཀའ་ལུང་དང་ཁྲིམས་མཐུན་གྱི་བརྒྱུད་རིམ་གང་ཡང་མ་བརྒྱུད་པར་ཨིན་མིང་ President ཞེས་པ་དེ་དཔལ་ལྡན་བཀའ་ཤག་ནས་ཐག་གཅོད་ཀྱིས་བཏགས་པ་ཡིན་གསུངས་ཏེ། ཨུ་ཚུགས་བསྐྱོན་ཏེ་མཚན་དེ་བེད་སྤྱོད་གནང་བཞིན་པ་རེད། དེའི་ཆ་ནས་མིང་དེ་ཁྲིམས་མཐུན་གྱི་མིང་ཞིག་ཆགས་ཡོད་པ་མ་རེད། དེ་རིམ་པ་གསུམ་པ་ཡིན།

དེ་ནས་རིམ་པ་བཞི་པ་དེ། སྲིད་སྐྱོང་དང་བཀའ་ཤག་གིས་དེ་ལྟར་གནང་གི་ཡོད་པ་གསལ་བོ་མཁྱེན་མཁན་ཕལ་ཆེར་གཞུང་ཞབས་ལས་ཟུར་དང་། སྤྱི་འཐུས་སྤྱི་ཟུར་ཕལ་མོ་ཆེ་རེད་བསམས་མོད། བཀུར་འོས་མི་མང་གི་ངོས་ནས་འགྲོ་ལུགས་ཞིབ་ཚགས་པོ་མ་མཁྱེན་དུས། ང་ཚོས་གྲོས་ཚོགས་ནང་དེ་ལྟར་དྲི་བ་བཏང་བ་དེ་ཡང་འོས་བསྡུའི་ན་ཚ་རེད་དགོངས་ཀྱི་ཡོད་རེད། དེ་མ་ཟད་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཀྱང་འོས་བསྡུའི་ན་ཚར་སྦྱར་ནས་མི་མང་ནང་གསུང་བཤད་གནང་ཡོང་དུས། རྩ་བའི་རྩ་དོན་ང་ཚོའི་ཁྲིམས་སྒྲིག་གི་དབང་བསྒྱུར་ཚད་ལྡན་ཞིག་ཡོང་མ་ཐུབ་པར། ཡོད་ཚད་ཆབ་སྲིད་བཙོག་པའི་ནང་ཕར་དཀྲུགས་ཚུར་དཀྲུགས། མཐར་གང་ཟག་སྒེར་གྱི་ཆེ་མཐོང་ལ་བསམ་བློ་བཏང་དྲག་ཙང་སྤྱི་པའི་སྒྲིག་འཛུགས་ལ་གྱོང་རག་ཡ་ཞིག་ཆགས་འགྲོ་གི་ཡོད་རེད།

འདི་ལྟར་མུ་མཐུད་དུ་ཕྱིན་ན་ཁྲིམས་ཀྱི་དབང་བསྒྱུར་འབོ་ལུག་རྒྱུའི་ཉེན་ཁ་ཡོད་པ་རེད། དེའི་ཆ་ནས་གནད་དོན་འདི་གྲོས་ཐག་གཙང་མར་གཅོད་ཆེད། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པས་༸གོང་ས་མཆོག་གིས་གནང་བའི་ལམ་སྟོན་དེ་བཅའ་ཁྲིམས་དོན་ཚན་ ༡ པོའི་འོག་གནང་བ་ཡིན་མིན་གསལ་བོ་བཟོས་ཏེ། ཡིན་ན་ཁྲིམས་སྒྲིག་དང་འབྲེལ་བ་ཆགས་སྟབས་ཡིག་ཐོག་ནས་དེ་སྔའི་གསུང་འཕྲིན་དང་བཀའ་རྩ་ཁྱབ་བསྒྲགས་སོགས་ཕེབས་སྲོལ་ཇི་བཞིན་གྲོས་ཚོགས་ལ་གསོལ་བསྕལ་གནང་། དེ་ནས་གྲོས་ཚོགས་ཀྱིས་གཏན་འབེབས་གང་གནང་དབུས་བོད་མིའི་སྒྲིག་འཛུགས་དབུས་ས་ཡོངས་ནས་ཕྱག་བསྟར་གནང་ན་ཁྲིམས་དང་མཐུན་པ་ཆགས་ཚར་བ་རེད། གནས་ཚུལ་གསལ་བོ་ཞུས་ན་དེ་ལྟར་རེད།

མཐའ་མ་དེར་དེང་སང་གངས་ཅན་སྐྱིད་གཤོངས་ན་འཛིན་སྐྱོང་གིས་མི་གཅིག་ལ་བརྟེན་ནས་སྒྲིག་གཞིར་འགྱུར་བ་གཏོང་བ། ལས་བྱེད་གོ་འཕེར་དྲག་གྲས་ཡོད་བཞིན་དུ། ཚད་མཉམ་དང་ཆོད་གན་སོགས་ཀྱི་བརྒྱུད་ནས་ལས་བྱེད་སྣ་ཚོགས་བསྐོ་བཞག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཀྱང་གཅིག་མིན་དུ་མར་འབྱུང་བཞིན་འདུག་ན། མི་མང་དང་རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱིས་༸གོང་ས་མཆོག་གིས་སྐུ་ངལ་ཁྱད་བསད་ཀྱིས་བཙུགས་པའི་གཞུང་འདི་ཁྲིམས་ཀྱི་དབང་བསྒྱུར་ཚད་ལྡན་ཞིག་ཏུ་ཕེབས་ཀྱི་ཡོད་མེད་ལ་རྒྱུན་དུ་ལྟ་རྟོག་སྟངས་འཛིན་ནར་མུར་ཞུ་དགོས་པ་ཉུང་དྲག་པ་ལྟ་བུ་འདུག་པས། དེའི་ཐད་ནུས་ཤུགས་ཆེ་རུང་གཏོང་རོགས་ཞེས་རེ་བ་ཞིག་ཞུ་ཞོར་དེ་རིང་གི་སྐད་ཆ་འདི་ནས་མཚམས་འཇོག་རྒྱུ་བྱེད། བཀྲ་ཤིས་བདེ་ལེགས། དབུ་མའི་ལམ་རྒྱལ་ལོ། ༢༠༡༨ ཟླ་ ༥ ཚེས་ ༩ ཉིན།།

སྣ་ཚོགས།

Post navigation

Previous Post: ང་ཚོར་ཆོས་དང་མ་འབྲེལ་བའི་འཚོ་བ་ཡང་དགོས།
Next Post: ཕྱིར་དྲན་གྱི་ཟིན་བྲིས་ཤིག

Comments (10) on “President ཞེས་པའི་མིང་དེ་ཁྲིམས་མཐུན་ཆགས་མེད།”

  1. བློ་བཟང་། says:
    2018-05-10 at 7:13 am

    འདི་ན་ཅང་མེད་ཀི President ཟེར་བས་མིང་འདི་ཧ་ལས་ཡ་གང་ཡང་མ་རེད་དཔེར་ཁྲིམས་དཔོན་གྱི་མིང་ལའང་President མིང་འདིས་འབོད་གིས་རེད།

  2. མྱི། says:
    2018-05-10 at 11:29 am

    ཤར་ཁུག་འདིས་མ་ཤེས་ཤེས་མདོག་གིས་ཁོ་རང་གིས་ཁོ་རང་བརྫད་འཇོག་གི་འདུག་མ་གཏོགས་ཕོ་ཉམས་དོད་པོས་གྲོས་ཚོགས་ལའང་ལྟ་སོ་དོད་པོ་འདྲ་ཡོང་ས་རེད་དེ། སྔ་ཚིག་མི་རྟག་རི་བོང་ཡ་ཁ།། ཕྱི་ཚིག་མི་རྟག་དྲེད་མོང་ཕྱི་རྟིང་།། ཟེར་བ་ལྟར་བཤད་ཆེ་ཆེ་ནས་སུན་ཡོང་གིན། རང་གིས་ཁྲིམས་མཐུན་ཡིན་མིན་སྐད་དེ། ༢༠༡༧ ཟླ་ ༥ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུའི་གཞུང་འབྲེལ་མཛད་སྒོར་བཀའ་སློབ་སྩལ་བ་དེ་ལ་ལབ་ཀྱི་མིན་པར་སྨོན། གལ་སྲིད་ཁྲིམས་གཏུག་བྱ་དགོས་ན་དང་པོ་སུས་བཀོལ་ཡོད་པ་དེར་བབ་དགོས་པ་མ་ཡིན་ནམ། དེའི་སྐབས་སུ་༧ གོང་ས་མཆོག་གིས་༼ང་ཚོའི་བོད་སྐད་ནང་ལ་སྲིད་སྐྱོང་ཞེས་པ་ཏག་ཏག་འགྲོ་བཞིན་ཡོད་པ་རེད། དབྱིན་ཇིའི་ཚིག་གི་ཐོག་ཏུ་ political leader དང་། མང་པོ་ཞིག་གིས་ Prime Minister ཞེས་བཤད་ཀྱི་འདུག དེ་ཆབ་སྲིད་ཀྱི་གནས་ཚུལ་ཞིག་ཆགས་ཀྱི་འདུག དེ་ལས་ President ཞེས་བརྗོད་ཚེ་སློབ་གྲྭའི་གཙོ་འཛིན་ལ་གོ་བ་ཡོད་པ་རེད། གང་ལྟར་སྐྱིད་སྡུག་ཚོགས་པ་འདྲ་མིན་ལ་ President ཟེར་བ་གོ་རྒྱུ་འདུག ལོ་ཤས་ནས་ང་ཚོར་དེ་ལྟར་བསམ་བློ་དང་སྐད་ཆ་བྱུང་བ་རེད། བར་སྐབས་དབྱིན་ཇིའི་ཚིག་ལ་political leader ཅེས་ཚིག་མང་པོ་འགྲེལ་བཤད་རྒྱག་མ་དགོས་པར་President ཞེས་བརྗོད་ཚེ་ང་ཚོར་སྒྲིག་འཛུགས་ཤིག་ཡོད་པ་རེད། སྒྲིག་འཛུགས་དེའི་President བརྗོད་ཚེ་མ་འགྲིག་པ་མི་འདུག ང་ཚོར་དེ་ལྟར་སྐད་ཆ་བྱུང་བ་རེད། ༽ དེ་འདྲ་ཞིག་གསུངས་པ་དེ་ཡིག་ངག་གཉིས་ཀའི་ཐོག་ཏུ་ཡོད་པས་གོ་ལོས་ཡོད། ངས་ཁོང་ལ་རང་ཆས་སུ་ཡོད་པའི་སྐུ་དབང་ལ་བརྩི་བཀུར་དང་ཁོང་གི་བཀའ་སློབ་ལམ་སྟོན་ཚང་མ་བཅའ་ཁྲིམས་ཀྱི་གོང་ལ་འཇོག་གི་ཡོད་ཡ།

  3. གཡུ་ཐོག་བུ། says:
    2018-05-10 at 1:08 pm

    ཤར་ཕྱོགས་ཁུག་རྟ་ནི་དོན་དམ་གྱི་སྲིད་དོན་དཔྱད་ཞིབ་པ་ཞིག་རེད། དུས་མཚམས་དང་བསྟུན་ནས་སྲིད་དོན་གྱི་དོན་གནད་གལ་ཆེའི་རིགས་ལ་དཔྱད་ཞིབ་གནང་བར་ཡི་རངས་ཚད་མེད་ཞུ་རྒྱུ་ཡིན། ཨེ་རླུང་དང་ཨརིའི་རླུང་འཕྲིན་ཁང་སོགས་ཀྱི་ཆབ་སྲིད་ལམ་སྟོན་པའི་ངོ་བོར་བཞུགས་ཐུབ་ན་བཟང་ངོ་།

  4. ཨ་འབར་འཇིགས་དབང། says:
    2018-05-10 at 11:18 pm

    ༄༅། ཡ་ད་ཡང་ཤར་ཁུགས་ནས་སྲིད་སྐྱོང་ལ་མི་འདོད་ཟུར་ཟའི་སྐད་ཆ་འདྲ་བཤད་དེ་
    President ཞེས་དབྱིན་མིང་དེ་སྲིད་སྐྱོང་རང་ཉིད་ནས་བཏགས་པས་་་ཁྲིམས་མཐུན་མིན་
    ཚུལ་བཤད་འདུག། དེ་ཡིན་ན་སྤྱི་འཐུས་གྲོས་ཚོགས་ནང་མ་གླེང་བ་གང་ཡིན། གླེང་ཡོད་ན་
    བདག་པོ་མ་བརྒྱབ་པ་གང་ཡིན་ནམ།
    མི་མང་ནང་སྐད་ཆ་མང་པོ་བཤད་ཀྱི་འདུག་བརྗོད་པ་དེར་ར་འཕྲོད་བསྟན་རྒྱུ་གང་ཡོད། དབྱིན་མིང་ལ་་་President ཞེས་བཏགས་པར་ཁྱོད་ལ་ག་རེ་གནོད་ཀྱི་འདུག།
    ད་སྤྱི་མཐུན་དཀྲུགས་གཞིའི་སྐད་ཆ་བཤད་མ་ཡོང། གལ་སྲིད་གནད་མ་ཐེགས་ན་ལམ་སེང་་་ཁྲིམས་ལ་
    གཏུགས་དགོས་པ་ལས་དྲ་རྒྱའི་ནང་་་ར་ཕོ་རང་མཐོང་ཆེ། ཨོག་མའི་འོག་ནས་ཉི་མ་ཤར་་་བའི་
    དཔེ་བཞིན་མ་ཤོད། མཁས་མདོག་དང་འཇོན་མདོག་མ་སྟོན་། མི་ཚང་མས་མཁྱེན་གསལ་རེད།
    སྐད་ཆ་ག་རེ་བཤད་ཀྱི་འདུག་་་གོ་བ་ག་རེ་ལེན་གྱི་འདུག། རིག་གནས་ག་རེ་འདུག་ལམ་སེང་ཤེས་
    ཀྱི་རེད། མི་མགོ་མ་སྐོར་། དུས་རབས་ཉེར་གཅིག་པ་རེད།

  5. དཔའ་ཆེན་དོན་གྲུབ་ says:
    2018-05-11 at 12:26 am

    སྐུ་ཞབས་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་ཞིག་གི་འགན་ཁུར་ཐོག་ནས་མི་མང་ལ་གསལ་བཤད་དང་། དེ་བརྒྱུད་ནས་ཁྲིམས་ཀྱི་དབང་བསྒྱུར་ལ་བརྩི་བཀུར་བྱེད་འདུག་པ་གུས་པར་འོས་པ་ཞིག་འདུག

    སྐུ་ཞབས་ཤར་ཕྱོགས་ཁུག་རྟའི་རྩོམ་ཡིག་འདི་དང་འབྲེལ་ནས་་་མྱི་་་ཞེས་པའི་དྲ་འབུ་ཞིག་གིས་མི་མང་ལོག་ལམ་ལ་འདེད་རྩིས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོར་མ་ཉེས་ཁ་གཡོག་གིས་རྩམ་པ་རང་གིས་ཟོས་པ་རྩམ་ཁུག་མི་མགོར་གཡོགས་ཀིན་འདུག ཁོས་གོང་དུ་དྲངས་པའི་ཚིག་དེ་ནི་བློ་སེང་གིས་གསལ་བསྒྲགས་བྱས་རྗེས་གོང་ས་མཆོག་གིས་President ཡི་གོ་དོན་ལ་གསེད་བཀྲོལ་ཞིག་བྱས་པ་རེད། གསེད་བཀྲོལ་དེ་མེད་ཚེ་བྷ་བྷུ་བློ་སེང་ཅན་གྱིས་རྒྱལ་ཁབ་ཅིག་གི་གཙོ་འཛིན་རང་གི་ང་རྒྱལ་འཛིན་བཞིན་མེད་འགྲོ ཧ་ཧཧ

    ལར་ནས། ༧གོང་ས་སྐྱབས་མགོན་ཆེན་པས་མང་གཙོའི་ལམ་ལུགས་གསོལ་རས་གནང་བ་དང་། སྲིད་དབང་གསོལ་རས་གནང་བ་བཅས་ནི་འཛམ་གླིང་འདིའི་ད་ཕན་ལོ་རྒྱུས་ནང་བྱུང་མ་མྱོང་བའི་མཛད་པ་རླབས་ཆེན་ཞིག་ཡིན་མོད། ད་ལྟའི་བོད་ཀྱི་ལས་བསོད་དང་ཁ་སྟབས་གང་ལ་བལྟས་ཀྱང་སྐྱིད་དེ་མ་ཐེག་པས་དཀའ་ངལ་ཡོད་པ་མ་ཟད། སྐྱིད་དེ་བརྟན་ཆེད་སྐུ་ཞབས་ཤར་ཕྱོགས་ཁུག་རྟ་མཆོག་ལྟ་བུ་འཁྲུངས་ཡོད་ཀྱང་དེ་ལའང་ལིང་ཏོག་གི་དྲི་མ་ཅན་དག་གིས་རྒྱུ་མཚན་གྱིས་སྟོང་། ཤེས་ཡོན་གྱིས་དབུལ། བྱེད་ཐབས་གཞན་མེད་པར་འཆལ་གཏམ་བཟོ་བ། ཉེས་འདོགས་བྱེད་པ། ༧རྒྱལ་བའི་བཀའ་ཚུན་ཆད་རྫུན་བཟོས་འགྲེམས་པ་ལ་ཅི་མི་སྙམ་པའི་འགོ་སྤྱི་འཐུས་ཚུན་གྱི་བྱ་སྤྱོད་དག་ནི་ཡག་རྟགས་ཤིག་མ་རེད་དོ།

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-05-11 at 10:19 am

    དབྱིན་སྐད་ནང་ ( President ) ཟེར་བའི་ཐ་སྙད་དེ་འཇུག་སའི་ཡུལ་མང་པོ་ཡོད་པ་རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་འཇུག་པ་ ( President of usa ) ལྟབུ་དང་
    ཚོགས་པ་ཁག་གི་ཚོགས་གཙོ་ལ་འཇུག་པ་
    ( President of youth, or women)
    ལྟབུ་ ( President )ཟེར་བའི་དབྱིན་སྐད་ཀྱི་ཐ་སྙད་འདི་འཇུག་སའི་
    ཡུལ་དང་གནས་རིམ་མང་པོར་ཁྱབས་ཐུབ་པའི་ནུས་
    ལྡན་གྱི་ཐ་སྙད་ངོ་ཚར་ཅན་ཞིག་རེད་འདུག་ན་
    མཁས་པ་རྣམས་ཀྱིས་དཔྱད་པ་ཚལ་།

  7. དགོན་པ་ཚང་ དར་རྒྱས་ says:
    2018-05-11 at 10:54 pm

    ཤར་ཕྱོགས་ཁུག་རྟ་ལགས་ཀྱི་བཀའ་མོལ་ལ་དུས་རྒྱུན་དུ་ནས་དགའ་པོ་དང་རྒྱུ་མཚན་དངོས་ཡོད་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ཐུགས་རྗེ་ཆེ།

  8. མྱི། says:
    2018-05-12 at 8:32 pm

    རྩམ་པ་རང་གིས་ཟོས་དང་རྩམ་ཁུག་མི་མགོར་གཡོགས་པའི་སྐད་ཆ་ཅི་མིན། ༢༠༡༧ ལོ་དེར་President ་ཚིག་དེ་བཀོལ་སྔ་ཕྱི་དང་གསལ་བསྒྲགས་བྱ་སྔོན་རྗེས་ལ་ཁྲིམས་གཏུག་བྱ་ས་ལ་ནས་མེད། ༧ གོང་ས་མཆོག་གིས་ལོ་དེ་ག་རང་དུ་ལོ་ཤས་སྔོན་ནས་ཚིག་དེ་སྲིད་སྐྱོང་ལ་བཀོལ་ན་འོས་བབ་འདུག ་པར་བཀའ་བསྡུར་བྱུང་གསུངས་པ་དེ་སྒྲ་ཡིག་གཉིས་ཀའི་ཐོག་ཏུ་ཡོད་པས་༢༠༡༧ སྔོན་ནས་ཚིག་དེ་སྲིད་སྐྱོང་ལ་བཀོལ་ཚར་བ་གཏན་ཁེལ་ཚར་བ་རེད། གནད་དོན་དེ་ལ་གསེད་བཀྲོལ་བྱས་བསྡད་ཡ་གཞན་ལྷག་མེད་པ་རེད། དེས་ན་༧ གོང་ས་མཆོག་བོད་མིའི་འདི་ཕྱིའི་བླང་དོར་ལམ་སྟོན་པ་ཆེན་པོ་ཞེས་པ་སོགས་བཅའ་ཁྲིམས་ནང་དུ་གསལ་བ་ལྟར་བཞག་ན་ཡག་གི་རེད་དྲན་གི དེ་ལས་གསེད་བཀྲོལ་མང་པོ་བྱ་དགོས་བསམས་ནའང། “མི་རག་སྟག་གི་ཁ་རེག། མི་འབྱར་འབྲོང་གི་རྭ་འབྱར།། “ཅི་ཡོང་གི་མ་རེད་དྲན་གི

  9. ཨ་འབར་འཇིགས་དབང། says:
    2018-05-13 at 6:47 pm

    ཁྲིམས་མཐུན་ཆགས་མེད་ན་་་ཁྲིམས་ལ་གཏུགས་ནས་ཁྲིམས་མཐུན་བཟོས་དང།
    དེ་མིན་དྲ་རྒྱའི་ནང་ལ་་་འཇོན་མདོག་་་་མཁས་མདོག་བསྟན་ནས་་ཟུར་ཟའི་ངན་ལབ་
    རྒྱག་མ་ཡོང།
    བོད་དེ་རྒྱ་དམར་པོས་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་དང་མ་མཐུན་པར་བཙན་འཕྲོག་བྱས་པ་རེད།
    རྩོད་ན་རྒྱ་དམ་པོར་རྩོད། མཁས་པ་ཡིན་ན་རྒྱ་དམར་པོར་རྒྱལ་རབས་ལོ་རྒྱུས་ཀྱི་དཔང་རྟགས་
    ར་འཕྲོད་དང་བཅས་རྒོལ་ཡིག་་བྲིས་རྩོམ་གྱིས་དང་་་བོད་རྒྱ་ཆེའི་མི་མང་ནས་དགའ་བསུ་ཞུ་གི་རེད།
    དེ་མིན་ནང་དཀྲུགས་དགྲ་དགའ་གཉེན་སྡུག་གི་སྐད་ངན་་་རྒྱ་མཚོའི་གཏིང་ནས་ག་ཚོད་བརྒྱབ་་
    ཀྱང་ལྷའི་དབང་པོ་རྒྱ་ཆེན་གྱི་ནམ་ཡང་ཉན་གྱི་མ་རེད།
    དགྲ་ཤར་ལ་བཞག་ གཏོར་མ་ནུབ་ལ་མ་སྐྱེལ།

  10. དཔའ་ཆེན་དོན་གྲུབ་ says:
    2018-05-14 at 1:09 am

    དྲ་འབུ་མྱི་ཟེར་བ། རྫུན་བཤད་ནས་རྒྱལ་ཁ་ལེན་ཐབས་ཡོད་པ་མ་རེད། བྷ་བྷུ་བློ་སེང་གིས་རྟག་པར་ར་མགོ་ལུག་སྦྱར། མི་མང་ལ་གནས་ཚུལ་མག་མོག་བཟོས། ཁ་བསྒྱུར། བོད་བཤད་དུས་འཛམ་གླིང་བཤད། རྒྱ་ནག་གི་ཆབ་སྲིད་བཤད་དུས་ཝ་ཤིང་ཏོང་དུས་བབ་བཤད་ནས་ད་ལྟ་འདི་ལ་ཐུག་པ་རེད།
    ༧གོང་ས་སྐྱབས་མགོན་ཆེན་པོས་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཅིག་གི་གསར་འགོད་པར་འདིའི་སྐོར་སྔ་མོ་དང་གསུངས་མྱོང་ཡོད་རེད་ད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme