Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱེད་ཤར་ས་ན་ང་ཚོས་སྒུག་སྡད་ཡོད། སེར་ཆེན་ཉི་མ་ལགས།

Posted on 2019-06-272019-07-01 By ཁ་བརྡ 1 Comment on ཁྱེད་ཤར་ས་ན་ང་ཚོས་སྒུག་སྡད་ཡོད། སེར་ཆེན་ཉི་མ་ལགས།

འབུར་དཀར་ཕྲིན་ལས་ནས།
 
སེར་ཆེན་ཉི་མ་ལགས་ཁྱེད་ཤར་ས་ན་ང་ཚོ་སྒུག་ཡོད། དད་དམ་གྱི་མཁའ་དབྱིངས་དྭངས་ཤིང་། ལྷག་བསམ་དང་སྙིང་སྟོབས་ཀྱི་ཁ་བས་བཀླུབས་པའི་གནས་མཆོག་འདིར། ཁྱེད་ཤར་ས་འཆུག་པ་ག་ནས་ཡིན། འོན་ཀྱང་ཉི་ཟེར་ཚ་དྲོད་ཀྱི་མ་ལག་རྒྱས་བཞིན་པའི་སྐབས་ཤིག་ན། ཕྱི་ནང་དང་ཁ་ཞེ་མི་མཚུངས་བའི་གཡོ་འཕྲུལ་གྱི་བུ་ཡུག་དང་འདོད་རྔམ་གྱི་ཁ་ཆར་དྲག་པོས་ང་ཚོ་དང་ཁྱེད་བཙན་གྱིས་ཕྲལ། དུས་དེ་ནས་ད་བར། དྲན་ཐེངས་རེར་མིག་ཆུ་རེ། ལྟ་ཐེངས་རེར་ཡིད་ཆད་རེ། གནས་འདི་ན་སྦྲང་ཆར་ཆད་སོང་། ཉི་འོད་ཡོལ་སོང་།

རེད་དེ། ད་དུང་ཡང་། གངས་རི་ཇེ་དཀར་རེད། རྩི་ཤིང་ཇེ་མང་རེད།

དེ་ལས་མང་བ་། “ཁྱེད་ཤར་ས་ན་ང་ཚོས་སྒུག་སྡད་ཡོད། སེར་ཆེན་ཉི་མ་ལགས།” »

ལྷུག་རྩོམ།

ཁ་ཁུ་སིམ་པའི་ནང་གི་རྒྱལ་བ་ཀརྨ་པ།  

Posted on 2019-06-272019-07-01 By ཁ་བརྡ 22 Comments on ཁ་ཁུ་སིམ་པའི་ནང་གི་རྒྱལ་བ་ཀརྨ་པ།  

རྭ་རྒྱ་དཔལ་ལྡན།

རང་རང་གི་ས་ནས་ཁ་ཁུ་སིམ་མེར་འདུག དེ་ནི་འདུག་སྟངས་གཞན་ཞིག་རེད། ངས་ཁ་ཁུ་སིམ་མེར་འདུག་ཟེར་དོན། ཕྱི་ལོ་ ༡༩༥༩ ལོའི་ཟླ་བ་ ༣ པའི་ནང་མཚན་མོ་ཞིག་ལ་ ༸ གོང་ས་མཆོག་སྐུ་འཁོར་ཉུང་བསྡུས་ཤིག་དང་མཉམ་དུ་ཕོ་བྲང་གི་སྒོ་ཆུང་ནས་ཁ་ཁུ་སིམ་མེར་བཞུད། སྐུ་བསོད་ཆེ་བའི་སྐུ་དྲག་རྣམས་ཀྱང་ཕོ་བྲང་དུ་གསེར་དངུལ་རི་ལྟར་སྤུངས་ཡོད་ཀྱང་ས་རྡོ་ལྟར་བཞགས། ལག་དུ་གསེར་རྡོག་རྐང་གཅིག་ཡང་ལེན་པའི་འདུན་པ་ཡལ་བར་གྱུར། དེ་ནི་རླབས་ཆེན་གྱི་སྐྱེས་བུ་ཞིག་གི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་ལས། ཐང་གི་རྡོ་ལེན་རྒྱུ་ཟེར་ནས་རིམ་གྱི་གྲོ་འཆོར་བ་མ་ཡིན་ནམ། ཁི་སུམ་མེར་བཞུད་པའི་རྗེས་སུ་བདེ་ལྷོད་པར་འདུག་པ་དག་བསྡད། དེ་ཡང་ལོས་ཡིན། བདེ་ལྷོད་པའི་མི་དག་རིམ་ནས་རིམ་པར་གོ་ས་བརྙེས། 

དེ་ལས་མང་བ་། “ཁ་ཁུ་སིམ་པའི་ནང་གི་རྒྱལ་བ་ཀརྨ་པ།  ” »

བསམ་ཚུལ།

༄༅།།མཐར་ཕྱིན་མཛད་སྒོའི་སྟེང་གི་གཏམ་བཤད། 


Posted on 2019-06-262019-06-26 By ཁ་བརྡ 2 Comments on ༄༅།།མཐར་ཕྱིན་མཛད་སྒོའི་སྟེང་གི་གཏམ་བཤད། 


ཡོང་ཁུངས། རྩེ་ཆབ་རིག་གནས། མགོན་པོ་སྐྱབས།

གུས་པར་འོས་པའི་འགོ་ཁྲིད་དང་དགེ་གྲོགས། སྙིང་ཉེ་བའི་སློབ་གྲོགས་རྣམ་པ། ཁྱེད་རྣམ་པའི་སྐུ་ཁམས་བཟང་།

དེ་ལས་མང་བ་། “༄༅།།མཐར་ཕྱིན་མཛད་སྒོའི་སྟེང་གི་གཏམ་བཤད། 
” »

གསུང་བཤད།

ཐོལ་བྱུང་།

Posted on 2019-06-25 By ཁ་བརྡ No Comments on ཐོལ་བྱུང་།

ཆང་སྐྱེས།

མི་ཚེའི་འཚོལ་སྙེག་རིང་མོའི་བྲེལ་ཟིང་བར་ནས།།
ངལ་གསོ་ཅུང་ཙམ་བྱས་ཏེ་འདང་རེ་བརྒྱབ་ཚེ།།
ལག་པ་ད་དུང་སྟོང་པ་ཡིན་ནོ་བསམ་ན།།
རང་གིས་རང་ལ་ཨ་ཐང་སྙིང་ནས་ཆད་བྱུང་།།

ཞྭ་མོ་ཟུར་གོན་བྱས་པ་གསར་རྟགས་མ་ཡིན།།
ཐ་མག་ཤུགས་ཀྱིས་རྔུབ་པ་དྲན་གདུང་ཡིན་སོང་།།
མི་ཚེ་རི་ན་ཟད་པའི་རིན་ཐང་བསམ་ན།།
སྐྱོ་གདུང་ཕར་ལ་གཡུག་ཀྱང་འཁོར་ནས་ཡོང་གིས།།

དེ་ལས་མང་བ་། “ཐོལ་བྱུང་།” »

སྙན་ངག

ལུས་བདེ་སེམས་སྐྱིད་ཕྱི་མར་ཕན་པའི་གདམས་པ།

Posted on 2019-06-242019-06-27 By ཡེ་ཤེས་ 32 Comments on ལུས་བདེ་སེམས་སྐྱིད་ཕྱི་མར་ཕན་པའི་གདམས་པ།

ཀླུ་སྨྱོན།

གངས་ཅན་བོད་ཀྱི་ལྷ་སྐལ་ཏེ།།
ཤ་མི་བཟའ་བའི་སྤྱན་རས་གཟིགས།།
ཁྲག་མི་འཐུང་བའི་སྒྲོལ་མ་ཡིས།།
གངས་ཅན་བློ་སྣ་སྙིང་རྗེར་སྒྱུར།།

གངས་རིའི་གསེབ་ན་གངས་སེང་བཞིན།།
འཇིགས་མེད་སྤོབས་པས་སྟོང་ཕྲག་ལོར།།
རང་ས་བཟུང་བའི་མིང་སྲིང་ཚོར།།
རྒྱང་རིང་ཡུལ་ནས་སྙིང་གཏམ་འབུལ།།

དེ་ལས་མང་བ་། “ལུས་བདེ་སེམས་སྐྱིད་ཕྱི་མར་ཕན་པའི་གདམས་པ།” »

ངོ་སྤྲོད།

ཁྲམ་པ།

Posted on 2019-06-222019-06-22 By ཁ་བརྡ 6 Comments on ཁྲམ་པ།

ཆང་སྐྱེས།

བསམ་གཞིགས་མགོ་བོ་འདི་ནང་ལ་བཀུག་སྟེ།།
སེམས་ཀྱི་དབང་བོ་དེ་གཅིག་ཏུ་བསྡུས་ན།།
སྙིང་གི་རྩེ་མོ་ལ་ཙག་ཤེད་བརྒྱབ་ནས།།
ཁོག་གི་གློ་མཆིན་ལ་ན་ཟུག་བསླངས་ཐལ།།

ཁ་བཤད་ཝུ་བ་ཡི་ཆུ་ཐིགས་བསགས་ཀྱང་།།
ལག་ལེན་གསེར་ནག་གི་རིལ་བུ་མེད་ན།།
གཞན་ཕན་སྙིང་རྗེ་དེ་ཕར་ལ་ཞོག་དང་།།
རང་གི་དོན་དག་ཀྱང་ཁག་པོ་ཆགས་འགྲོ།།

དེ་ལས་མང་བ་། “ཁྲམ་པ།” »

སྙན་ངག

ནམ་ཟླ་དེའི་རྐྱེན་དུ་གྱུར་བ།

Posted on 2019-06-22 By ཁ་བརྡ 1 Comment on ནམ་ཟླ་དེའི་རྐྱེན་དུ་གྱུར་བ།

ཁྲོ་གཏུམ།

ཡངས་ཤིང་རྒྱ་ཆེ་བའི་མཁའ་དབྱིངས་སུ
ཆེས་འཕུར་འདོད་པའི་སེམས་པ་དེ་རིགས་ཀྱི་གྲོས་སུ
སྨྱུ་གུ་བཟུང་མཁན་ཡོད་ལ་གླེག་བམ་འདུལ་མཁན་ཀྱང་ཡོད
སེམས་པའི་ཁྱེར་སོ་ཇི་ལྟར་རྒོད་ན་དེ་ལྟར་འདུན་པའི་བང་རིམ་བརྩིགས་ཡོད

ཤོག་ཐོག་གི་བསམ་བློ་འགས
ཁྱོད་བརླགས་མྱོང་ལ
ཁོ་སད་མྱོང་བ་བདེན་ཀྱང

དེ་ལས་མང་བ་། “ནམ་ཟླ་དེའི་རྐྱེན་དུ་གྱུར་བ།” »

སྙན་ངག

བྲག་ཆ་མེད་པའི་ཀི་རིང་།

Posted on 2019-06-19 By ཁ་བརྡ 8 Comments on བྲག་ཆ་མེད་པའི་ཀི་རིང་།

ཆང་སྐྱེས།

སྐུ་ངོ་རྒྱག་པ་ཚོ་སྐུ་བསོད་ཆེ་བས།།
ཨ་རིའི་ཤོག་སྒོར་ལ་འདང་རྒྱག་མི་འདུག།
མི་དམངས་དཀྱུས་མ་ཚོ་ངོ་སོ་ཆུང་བས།།
ཇ་རི་ཟས་རིན་ལ་སེམས་ཁྲེལ་ཆེ་ཐལ།།

ནག་པོ་ཁྲམ་པ་ཚོ་གཡོ་སྒྱུ་ཆེ་བས།།
རྫུན་གྱི་ཞྭ་མོ་དེ་གཞན་ལ་གཡོག་སོང་།།
བདེན་པའི་སྐྱེས་བོ་ཚོར་དབང་ཐང་ཆུང་པས།།
མགོ་བོ་རིག་ཚད་ལ་རྡོག་ལོག་ཟེར་དགོས།།

དེ་ལས་མང་བ་། “བྲག་ཆ་མེད་པའི་ཀི་རིང་།” »

སྙན་ངག


ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་པའི་ <<ལྷ་སའི་དམངས་གཞས་འགའ>>

Posted on 2019-06-192019-06-20 By ཁ་བརྡ 7 Comments on 
ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་པའི་ <<ལྷ་སའི་དམངས་གཞས་འགའ>>

འཕན་པོ་སྐལ་ལྡན་གྱིས་འོས་སྦྱོར་བྱས།
 
སྙེ་མོ་རྒྱལ་བྱེད་དགོན་པའི།།
ཆོས་མཛད་ཧ་ལོའི་མེ་ཏོག།།
སྤོས་ལ་དྲི་མ་མི་འདུག།།
དྲིང་སྟེ་ཁ་ལ་བཞུགས་ཤིག།།

ཙི་ཙི་རྫ་མའི་ནང་ལ།།
དགའ་འབྲས་གཉིས་ཀྱིས་བཅུག་སོང་།།
རྫ་མའི་ཐེམ་བུ་བརྟོལ་མཁན།།
ཐོན་པའི་མདའ་དཔོན་སྐུ་ཞབས།།

དེ་ལས་མང་བ་། “
ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་པའི་ <>” »

གླུ་གཞས།

གསལ་བཤད་དགོས་ན་འདི་ཡིན།

Posted on 2019-06-18 By ཁ་བརྡ 12 Comments on གསལ་བཤད་དགོས་ན་འདི་ཡིན།

ལྷ་རུའི་བུ། (ལ་དྭགས།)

ཉེ་ཆར་བོད་ཀྱི་ཉི་མ་(Tibet Sun) དང་། ཕ་ཡུལ་(Phayul)གསར་འགྱུར་དྲྭ་གནས་ཐོག ཕྱི་ལོ་༢༠༡༩ཟླ་༠༦ཚེས་༠༨ཉིན་གྱི་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་ཚོགས་ཁང་ཆེན་པོའི་ནང་། བདག་གི་བརྩམས་ཆོས་(བོད་ཁྱིམ་གྱི་ཐག་གཅོད་འགྲིག་རེད།)ཅེས་པའི་ནང་འཁོད་གནད་དོན་ལ་ལར་གསལ་བཤད་དགོས་པའི་བཅོ་བརྒྱད་དྲུག་ཅུའི་མི་མང་ཚོགས་འདུའི་སྟེང་བྱུང་བའི་ཡིད་སྐྱོའི་གནས་ཚུལ་རྣམས་ཇི་བཞིན་བཀོད་འདུག་པས། བདག་གིས་དམིགས་བཀར་བྱ་རྒྱུ་མིན། འདིར་བཤད་བྱའི་གཙོ་བོ་ནི། ཉིན་འགའི་སྔོན་བདག་ལ་གྲོང་སྡེའི་མགོ་དཔོན་བརྒྱུད་ནས་ལ་དྭགས་བསོད་ནམས་གླིང་གནད་ཡོད་མི་སྣའི་ཐག་གཅོད་ཡིན་ཞེས་པའི་དཔྱད་ཁྲའི་ཡི་གེ་ཞིག་འབྱོར་བྱུང་། དཔྱད་ཁྲ་དེའི་ནང་གི་ཚིག་བརྗོད་མཐའ་དག་ནི། ཉེ་དུས་ལ་དྭགས་བོད་ཁྱིམ་ལ་བཏང་བའི་གཞི་མེད་སྐྱོན་བརྗོད་ཀྱི་ཡི་གེ་དང་། དེ་བཞིན་གུས་པར་བཏང་བའི་

དེ་ལས་མང་བ་། “གསལ་བཤད་དགོས་ན་འདི་ཡིན།” »

གསལ་བཤད།

ང་ཡུན་ཅིག་ཡུན་གཉིས་ཀྱི་སྙན་ངག་པ།

Posted on 2019-06-182019-06-19 By ཁ་བརྡ No Comments on ང་ཡུན་ཅིག་ཡུན་གཉིས་ཀྱི་སྙན་ངག་པ།

ཟླ་བ་ཚེ་རིང་གིས་བསྒྱུར།
 
मैं पल दो पल का शायर हूँ

ང་ཡུན་ཅིག་ཡུན་གཉིས་ཀྱི་སྙན་ངག་པ།

मैं पल दो पल का शायर हूँ
पल दो पल मेरी कहानी है
पल दो पल मेरी हस्ती है
पल दो पल मेरी जवानी है

ང་ཡུན་ཅིག་ཡུན་གཉིས་ཀྱི་སྙན་ངག་པ།།
ཡུན་ཅིག་ཡུན་གཉིས་ངའི་གཏམ་རྒྱུད།།

དེ་ལས་མང་བ་། “ང་ཡུན་ཅིག་ཡུན་གཉིས་ཀྱི་སྙན་ངག་པ།” »

འགྱུར་རྩོམ།

རྒྱ་གར་གློག་བརྙན་གྱི་གླུ་གཞས་ཁག་གཉིས།

Posted on 2019-06-182019-06-21 By དགེ་རབ་ 2 Comments on རྒྱ་གར་གློག་བརྙན་གྱི་གླུ་གཞས་ཁག་གཉིས།

པདྨ་ཚེ་དབང་ཤཱསྟྲིས།

རྒྱ་གར་གློག་བརྙན་(Abhi Toh Jee Lein)ད་ལྟ་འཚོ་ཤོག་ཅེས་པའི་གླུ་ཞིག །

Tu lali hai savere wali, gagan rang de tu mere mann kaa
Jo suraj tu mai dharati teri, tu sathi hai mere jiwan kaa
ཁྱོད་ནི་ཞོགས་པའི་དམར་མདངས་ཡིན་ཙང་། ང་སེམས་ནམས་མཁའི་མདོག་སྒྱུར་ཅིག །
ང་ནི་ཁྱོད་ཀྱི་ས་གཞི་ཡིན་པའི་ཉི་མ་གང། ཁྱོད་ནི་ང་ཡི་མི་ཚེ་གཅིག་གི་ཚེ་རོགས་ཉིད།

Ho tere mere bich kee mitegi kab duri
Ho hoti hai kuchh toh sanam sabhi ki majburi

དེ་ལས་མང་བ་། “རྒྱ་གར་གློག་བརྙན་གྱི་གླུ་གཞས་ཁག་གཉིས།” »

གླུ་གཞས།, གློག་བརྙན་།, འགྱུར་རྩོམ།

ལུག་རྫི་མཁན་པོ་དང། རྭ་རྫི་དགེ་བཤེས། ནོར་རྫི་སྤྱི་འཐུས།

Posted on 2019-06-182019-06-18 By འཚོ་བྱེད་བུ 8 Comments on ལུག་རྫི་མཁན་པོ་དང། རྭ་རྫི་དགེ་བཤེས། ནོར་རྫི་སྤྱི་འཐུས།

ཆུ་རླངས་འབྲུག་བྱམས།

བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་སྐབས་༡༦་པའི་ཚོགས་དུས་༧པའི་ཐོག་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་བཀའ་བློན་དུ་འོས་འདེམས་བྱུང། སྲིད་སྐྱོང་ལགས་ནས་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ཀྱི་ལོ་རྒྱུས་རྒྱས་པ་ཞིག་གྲོས་ཚོགས་སུ་ངོ་སྤྲོད་གནང། ཚོགས་གཙོ་ལགས་ཀྱིས་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་བཀའ་བློན་དུ་འདེམས་པར་དགག་བྱ་ཡོད་མེད་འདྲི་སྐབས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་

དེ་ལས་མང་བ་། “ལུག་རྫི་མཁན་པོ་དང། རྭ་རྫི་དགེ་བཤེས། ནོར་རྫི་སྤྱི་འཐུས།” »

བསམ་ཚུལ།

ཁྱེད་ལ་ཤོར་བའི་སེམས་པ་ངོ་མ་ཡིན།

Posted on 2019-06-18 By ཁ་བརྡ No Comments on ཁྱེད་ལ་ཤོར་བའི་སེམས་པ་ངོ་མ་ཡིན།

ཆང་སྐྱེས།

སྐྱ་རེངས་འོད་ཀྱིས་སྐར་མའི་ཏིང་འཛིན་དཀྲོགས།།
འདབ་ཆགས་མ་བུའི་གཤོག་ཟུང་རིང་དུ་བརྐྱངས།།
ཚང་ཚིང་ནགས་ཀྱི་ལྗོན་ཤིང་ལོ་མའི་སྟེང་།།
མཚན་མོར་བཏབ་པའི་མུ་ཏིག་འོད་དུ་འཚེར།།

འགྲམ་པ་ལག་པས་སྐྱོར་ཏེ་འདང་ཞིག་བརྒྱབ།།
འཛུབ་མོ་ནང་ལ་བཀུག་སྟེ་རྩིས་ཤིག་བཏབ།།
མདང་གསུམ་རྨི་ལམ་ཞིང་གི་བུ་མོ་དེ།།
ད་དུང་མཐོང་བའི་ལམ་ན་ལྷུག་ལྷུག་འཛུམ།།

དེ་ལས་མང་བ་། “ཁྱེད་ལ་ཤོར་བའི་སེམས་པ་ངོ་མ་ཡིན།” »

སྙན་ངག

འགལ་འདུ་ཡི་ཕུང་པོ།

Posted on 2019-06-18 By ཁ་བརྡ 2 Comments on འགལ་འདུ་ཡི་ཕུང་པོ།

ཟླ་བ་ཚེ་རིང་།

བརྩེ་གདུང་གིས་ཕོངས་ཀྱང་།
སྙིང་བརྩེ་བའི་ཟླ་གྲོགས་རེ།

ལུས་དར་གྱིས་ཕོངས་ཀྱང་།
གཞོན་ནུ་མའི་ཞེ་འདོད་བྱེད།

དྲང་བདེན་གྱིས་ཕོངས་ཀྱང་།
རྒྱུད་དག་ན་ཡག་གོ་ཟེར།

དེ་ལས་མང་བ་། “འགལ་འདུ་ཡི་ཕུང་པོ།” »

སྙན་ངག

ཨ་ཅེ་མཁའ་མོ་ཐར།

Posted on 2019-06-172019-06-18 By འཚོ་བྱེད་བུ 5 Comments on ཨ་ཅེ་མཁའ་མོ་ཐར།

ཆུ་རླངས་འབྲུག་བྱམས།

བརྙན་ཐུང་ཞིག་ནི་ངའི་དྲན་པའི་ནང་ནམ་ཡང་བརྗེད་ཐབས་མི་འདུག དེ་ནི་བོད་ཀྱི་སྐུ་ཚབ་ཚོགས་ཆུང་ཐེངས་དང་པོ་བོད་ལ་བསྐྱོད་པའི་སྐབས་ཀྱི་བརྙན་ཐུང་ཞིག་རེད། བརྙན་ཐུང་དེའི་ནང་དུ་ཨ་མ་རྒན་མོ་ཁག་ཅིག་གིས་ངུ་འབོད་དང་བཅས་སྐུ་ཚབ་རྣམ་གྱི་ལག་པར་འཇུས་ནས་ཞུ་འབོད་བྱེད་བཞིན་པ་དང་ཁག་ཅིག་ས་ལ་འགྱེལ་ཡོད་པའི་གནས་ཚུལ་དེ་དག་མཐོང་ཐུབ། བརྙན་ཐུང་དེ་ཕྲན་བོད་ནས་རྒྱ་གར་ལ་བཙན་བྱོལ་ལ་ཡོངས་སྐབས་བལ་ཡུལ་སྣེ་ལེན་ཁང་དང་རྡ་རམ་ས་ལ་བཅས་ནས་ཐེངས་མང་པོ་བལྟས་པ་ཡིན། བོད་ཀྱི་སྐུ་ཚབ་ཚོགས་ཆུང་ཐེངས་དང་པོ་རེབ་གོང་ལ་ཕེབས་པའི་སྐབས་རེད། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་ནས་ལོ་ངོ་ཉི་ཤུའི་རྗེས་རེད། སྐབས་དེར་སྐུ་ཚབ་ཚོགས་ཆུང་རེབ་གོང་ལ་མ་ཕེབས་སྔོན་ལ། ལ་ཧྲའུ་ཅི་ཟེར་བའི་རྒྱ་མི་འགོ་ཁྲིད་དེས་རེབ་གོང་མི་དམངས་ལ་གཏམ་བཤད་བྱས་ཏེ། ཁྱོད་ཚོས་

དེ་ལས་མང་བ་། “ཨ་ཅེ་མཁའ་མོ་ཐར།” »

ངོ་སྤྲོད།, དྲན་ཐོ།

ཀིརྟི་རིན་པོ་ཆེ་མཆོག་གི་ཉེ་དུས་ཀྱི་གསུང་བཤད།

Posted on 2019-06-15 By ཁ་བརྡ 6 Comments on ཀིརྟི་རིན་པོ་ཆེ་མཆོག་གི་ཉེ་དུས་ཀྱི་གསུང་བཤད།

འོས་སྦྱོར་ཞུ་མཁན། རེ་མདོ་སེངྒེ།

༸གོང་ས་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་བྷེ་རྗམ་ས་གནས་མདོ་སྨད་མི་མང་གིས་དམིགས་བསལ་གོ་སྒྲིག་གནང་བའི་མཛད་སྒོའི་ཐོག་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་བསྩལ་པའི་གསུང་བཤད། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༦ ཚེས་ ༡ ཉིན།

༄༅།། དེ་རིང་གི་མཛད་སྒོ་འདི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་ལྷ་དབྱར་གསོལ་དང་འབྲེལ་བའི་དགའ་སྟོན་གྱི་མཛད་སྒོ་ཞིག་ཡིན་དུས། ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།

མི་མང་པོ་ཞིག་ལྷན་ཅིག་ཏུ་འཛོམས་ནས་དུས་སྟོན་བྱས་པ་འདི་

དེ་ལས་མང་བ་། “ཀིརྟི་རིན་པོ་ཆེ་མཆོག་གི་ཉེ་དུས་ཀྱི་གསུང་བཤད།” »

གསུང་བཤད།

ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (30)

Posted on 2019-06-15 By ཁ་བརྡ 1 Comment on ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (30)

རོང་པོ་བློ་བཟང་རིན་ཆེན།

ཞོགས་པའི་ཆར་པ་སིམ་སིམ་དེའི་ཁྲོད་ནས། ང་དང་ལས་གྲོགས་ཁང་ཚན་རྒན་ཁ་ཤས་རླངས་འཁོར་གྱི་ལམ་བུ་བརྒྱུད་ནས་རྐང་ཐང་དུ་གཞིས་གྲོང་གསུམ་པར་སྐོར་གཡེང་དུ་བསྐྱོད་པ་ཡིན། གཞིས་གྲོང་གསུམ་པ་ནི་དབེན་པའི་རི་ཁྲོད་ལ་གནས་པའི་དགོན་པ་བཞིན་ཁུ་སིམ་མེར་གནས། ལམ་འགྲམ་ལ་ཕར་ཚུར་བསྐྱོད་པའི་མགྲོན་པོ་དག་གིས་ཀྱང་སྐད་ཆ་ཤབ་ཤུབ་ཏུ་བཤད་ནས་ལྷིང་འཇགས་ཀྱི་ངང་ནས་སྐྱོད་བཞིན་གདའ། བོད་པ་དང་རྒྱ་གར་བ་ཁ་ཤས་ཀྱིས་གཉེར་བའི་ཟ་ཁང་ཆུང་ཆུང་རེའི་མདུན་དུ་འགྱིག་གི་རྐུབ་ཀྱག་དང་མདུན་ལྕོག་བསྒྲིགས་ནས་ཞོགས་ཇ་འཐུང་བར་མགྲོན་བསུ་བྱེད་བཞིན་མཆིས། དེ་ནས་ང་ཚོས་ཀྱང་བོད་པ་རྒན་རྒོན་

དེ་ལས་མང་བ་། “ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (30)” »

སྣ་ཚོགས།

དགེ་རྒན་གུར་མགོན་སྐྱབས་དང་ལྷན་དུ་བོད་དམག་ལུང་པར་ཕྱིན་པ།

Posted on 2019-06-14 By ཁ་བརྡ 4 Comments on དགེ་རྒན་གུར་མགོན་སྐྱབས་དང་ལྷན་དུ་བོད་དམག་ལུང་པར་ཕྱིན་པ།

སྒོ་བུ་ཤ་བོ་ཚེ་རིང་། (རྩོམ་ཁུངས་བཙན་པོ་དྲ་བ)

ས་ཡོངས་སུ་རུབ་ཟིན། ཕྱི་རོལ་ན་ཆར་བ་ཟིམ་ཟིམ་དུ་འབབ་པ་ནི་ཡུལ་གྲུ་འདིའི་འདུ་འཛི་དང་ཟིང་ཟིང་མཐའ་དག་འཁྲུད་པ་དང་འདྲ་ལ། དེ་བཞིན་གྲང་རླུང་བསིལ་མོས་ཀྱང་ཁ་རོག་གེར་ཐལ་རྡུལ་རྣམས་སེལ་བའི་ལས་ལ་བྲེལ་ཡོད་སྙམ། གནས་ཚང་བདག་མོ་འཆི་མེད་ལགས་ཀྱིས་ཟ་མ་གཡོས་སྦྱོར་བྱེད་བཞིན་འདུག ། དུད་ཁྱིམ་འདིའི་མགྲོན་ཁང་ནང་གི་པང་ལྡེབས་སྒྲིག་ཚུལ་དང་ཅ་ལག་ཐམས་ཅད་བོད་ལུགས་བྱིངས་ལྟར་དང་། ཐབ་ཀ་དང་ཅོག་ཙེ་གཉིས་ཀར་རུང་བའི་ལྕགས་ཐབ་ན་སྟག་ཤིང་གི་མེ་ལྕེ་ལྷབ་ལྷུབ་ཏུ་འབར། རྒན་གུར་མགོན་གྱིས་ཐབ་ལ་ཅེར་ནས་ཡིད་ཚིམ་པའི་ངང་“ངའི་ཕ་ཡུལ་དུ་མེ་ཆེན་པོ་འབུད་པ་ལ་ཧོར་མེ་འཕེན་ཟེར་ཞིང་། བྱིས་པ་ཚོས་མེ་རྒན་རྟ་བོ་ཆེ་ཟེར། དེ་རིང་གི་འདི་བྱིས་པ་ཡིན་དུས་ཀྱི་ངེད་ཚོའི་འབུད་སྟངས་དེ་རེད།”ཅེས་ལོ་ན་ཕྲ་དུས་མེ་རྒན་རྟ་བོ་ཆེ་བུས་ནས་ཚོད་མ་ཟིན་པར་གྱོང་ཤོར་ཚུལ་གྱི་གཏམ་རྒྱུད་ཐུང་ངུ

དེ་ལས་མང་བ་། “དགེ་རྒན་གུར་མགོན་སྐྱབས་དང་ལྷན་དུ་བོད་དམག་ལུང་པར་ཕྱིན་པ།” »

དྲན་ཐོ།

ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (29)

Posted on 2019-06-142019-06-14 By ཁ་བརྡ 1 Comment on ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (29)

རོང་པོ་བློ་བཟང་རིན་ཆེན།

དེ་རིང་གནམ་གཤིས་ལྷོད་ཅིང་སྐྱིད། རླུང་བུ་བསིལ་ཞིང་འཇམ། ལྗོན་ཤིང་ལྡེམ་ཞིང་གཡོ། སྤངས་ལྗོངས་མཛེས་ཤིང་ལེགས། ད་དུང་ཞོགས་པའི་ཆར་པ་སིམ་སིམ་དེས་ང་ལ་བདེ་སྐྱིད་མི་དམན་པ་ཞིག་བྱིན་སོང་། དེ་རིང་གནམ་གཤིས་ལྷོད་འཇམ་དེ་གྲོགས་སུ་བསྟེན་ནས་རྩོམ་ཐུང་ཞིག་འབྲི་བའི་འདུན་པ་བྱུང་སྟེ། <<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<རྒྱ་གར་ནང་གི་ཨཱཡྱ་མི་རིགས་ཇི་ལྟ་བུ་ཞིག་རེད་>>ཅེས་པའི་ཚན་པ་འདི་བཀླགས་པ་ཡིན།

ཚན་པ་འདི་ཀློག་པའི་འདུན་པ་ཁ་སང་ནས་བྱུང་ཡང་། ཁོ་བོ་རྣམ་གཡེང་ལ་དབྱིངས་ཞུགས་ནས་དེ་རིང་བར་དུ་ལྷག དེ་རིང་འཚིག་ཇ་ཕོར་གང་ལོངས་སུ་སྤྱོད་བཞིན་ཚན་པ་འདི་ཀློག་དུས་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་རེད། དཔེར་ན་ཚན་པ་འདིར་“ཨཱཡྱ་མི་རིགས་

དེ་ལས་མང་བ་། “ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (29)” »

སྣ་ཚོགས།

Posts pagination

Previous 1 … 92 93 94 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (28)
  • ན་ཟུག (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme