Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རླབས་ཆེ་བའི་བོད་བསྐྱོད་པ་དོན་གྲུབ་དབང་ཆེན་དང་ཁོང་གི་ཆུང་མའི་མིག་ཆུ།

Posted on 2009-07-17 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 7 Comments on རླབས་ཆེ་བའི་བོད་བསྐྱོད་པ་དོན་གྲུབ་དབང་ཆེན་དང་ཁོང་གི་ཆུང་མའི་མིག་ཆུ།

རིག་འབྱུང་དོན་གྲུབ་བཀྲ་ཤིས། ཡོ་རོབ།

དབྱར་ཁའི་གུང་གསེང་དང་བསྟུན་ནས་ལས་ཀ་ཞིག་བཙལ་བ་དེ་རིང་གཞི་ནས་མཇུག་རྫོགས། ལས་ཀ་རྫོགས་ཚར་དུས། ཡང་བསྐྱར་ཕྱི་བསྐྱོད་ལག་འཁྱེར་དང་འབྲེལ་བའི་ཡིག་ཆ་ཁག་གི་ལས་ཀ་མགོ་བསླངས་སོང་།
ལས་ཀ་གཅིག་ཚར་ན་ལས་ཀ་གཞན་ཞིག་གིས་རྗེས་ནས་དེད་ཡོང་བ་འདི་སྐྱབས་བཅོལ་བ་ཚོའི་དཀའ་ངལ་ཞིག་རེད། ངེད་རང་སློབ་ཆེན་སློབ་མ་ཞིག་ཡིན་རུང་ཡིག་ཆའི་ལས་ཀ་ཞིག་ཀྱང་དུས་རྟག་དུ་རྒྱབ་ལ་འཁུར་ནས་སྡོད་དགོས་ཀྱི་འདུག དེར་བརྟེན། དོ་དགོང་རྒྱལ་སར་ཐོན་རྒྱུ་བྱས་བ་ཡིན། རྒྱལ་སར་ཡོད་པའི་བོད་ཀྱི་མི་ཚང་དེ་ལ་ཡང་ཁ་པར་སྟབས་བདེ་ཞིག་བཏང་།
ཡིག་ཆ་ཁག་བསྡུ་གསོག་བྱས་ཚར་རྗེས་ལག་འཁྱེར་གློག་ྐླད་དེའི་ཁ་ཕྱེས། སེམས་ལ་ཀུན་གླེང་ལེ་ཚན་དྲན། མགྱོགས་པར་ཀུན་གླེང་གི་ཐོག་ལ་སོང་། དེ་རིང་གི་བརྗོད་གཞི་ནི་རླབས་ཆེ་བའི་བོད་བསྐྱོད་པ་དོན་གྲུབ་དབང་ཆེན་གློད་བཀྲོལ་གྱི་ཞུ་འབོད་ཟེར་བ་དེ་རེད་འདུག དོན་གྲུབ་དབང་ཆེན་གྱིས་བཟོས་བའི་འཇིགས་བྲལ་ཞེས་བའི་གློག་བརྙན་དེར་ལོ་སྔོན་མར་བལྟ་རྒྱུ་བྱུང་།

དེ་ལས་མང་བ་། “རླབས་ཆེ་བའི་བོད་བསྐྱོད་པ་དོན་གྲུབ་དབང་ཆེན་དང་ཁོང་གི་ཆུང་མའི་མིག་ཆུ།” »

རྩོམ་རིག

ཧོར་གཙང་འཇིགས་མེད་དང་ཁོང་གི་མདོ་སྨད་ལོ་རྒྱུས་ཆེན་མོ།

Posted on 2009-07-172009-07-28 By དབང་ཕྱུག་ 89 Comments on ཧོར་གཙང་འཇིགས་མེད་དང་ཁོང་གི་མདོ་སྨད་ལོ་རྒྱུས་ཆེན་མོ།

ལྷ་ཆབ་སྦྱིན་པ།

ཧོར་གཙང་འཇིགས་མེད་ནི་བོད་ཕྱི་ནང་ཀུན་ཏུ་ཀློག་པ་པོ་རྣམས་ཀྱི་ཆེས་དགའ་བསུ་ཆེ་བའི་རྩོམ་པ་པོ་ཞིག་ཡིན་པ་མ་ཟད། སྔ་གཞུག་ཀུན་ཏུ་དཔར་བསྐྲུན་བྱས་པའི་དེབ་བཅུ་ཕྲག་ཙམ་དང༌། དཔར་བསྐྲུན་མ་བྱས་པའི་དེབ་བཅུ་གྲངས་ཙམ་ཡོད་པའི་རྩོམ་པ་པོ་ཚད་ལྡན་ཞིག་ཡིན་ལ། བརྩམས་ཆོས་ཀྱི་སྤུས་ཀ་དང་ཁ་གྲངས་ལས་ཁོང་གི་ལོ་ཚད་ལ་འཇལ་ན་ད་དུང་ཁོང་ནི་དགུང་ལོ་གཞོན་ག་ཞོན་ཞིག་ལས་མིན། ཁོང་ནི་བོད་ཀྱི་ན་གཞོན་རྩོམ་པ་པོ་དེབ་གྲངས་མང་ཤོས་དང་མཛད་རྗེས་ཆེ་ཤོས་ཤིག་ཡིན་ལ། བཙན་བྱོལ་གྱི་ལོ་ངོ་བཅུ་གྲངས་ཤིག་ལ་ཁོང་གིས་གཞན་གྱིས་མྱངས་མ་མྱོང་བའི་དཀའ་སྡུག་མང་བོ་ཞིག་མྱངས་པ་དང༌། གཞན་གྱིས་འཁུར་མ་མྱོང་བའི་མྱི་ཁ་དང་འཕྱ་དམོད་ཀྱང་མང་བོ་ཞིག་འཁུར་བ་ཡིན་ལ། ད་དུང་ཁོང་ལ་ཆེས་ཐེག་དཀའ་བའི་ལོ་རྒྱུས་ཀྱི་འཁུར་བོ་ལྗིད་པོ་ཞིག་ཡོད་པ་ནི་མི་རིགས་ཞེས་པ་དེ་ཡིན། ཡིན་ནའང་འདི་དག་ཚང་མ་རང་གི་ལྟོ་གོས་གཏམ་གསུམ་གྱི་ཆེད་ཁོ་ན་མིན་ཕྱིར་སྐྱེས་བུ་དམ་པ་ཁོང་གིས་དུས་རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོའི་ཉམས་ལེན་ཁོ་ན་ལག་ལེན་ལ་བསྟར་ཡོད། ངས་དེ་རིང་འདི་ནས་ཧོར་གཙང་འཇིགས་མེད་ཁོང་གི་ཆུང་དུས་ཀྱི་ལོ་རྒྱུས་དང་མི་ཚེའི་ལོ་རྒྱུས་སོགས་གང་ཡང་བརྗོད་རྒྱུ་མིན་ལ། ངས་དེ་རིང་བརྗོད་འདོད་པ་དེ་རང་རེའི་སྟོན་པ ྋ ཏཱ་ལའི་བླ་མའི་བཀའ་དགོངས་བཞིན་མདོ་སྨད་ལོ་རྒྱུས་ཆེན་མོ་དངོས་སུ་ལེགས་འགྲུབ་བྱུང་བའི་བརྒྱུད་རིམ་དང་ལོ་ངོ་དེ་དག་གི་ཁྲོད་དམ་པ་ཁོང་གིས་དགོང་མོའི་ཟས་དང་ཉིན་མོའི་གཉིད་བཅགས་ཏེ་དཀའ་ལས་གང་བརྒྱབ་པ་དེ་ཕྱི་རབས་ཀློག་མཁན་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ངོ་སྤྲོད་ཀྱི་ཚུལ་དུ་ཞུས་ན་འདོད་བྱུང༌།

དེ་ལས་མང་བ་། “ཧོར་གཙང་འཇིགས་མེད་དང་ཁོང་གི་མདོ་སྨད་ལོ་རྒྱུས་ཆེན་མོ།” »

སྣ་ཚོགས།

ཡིག་ནོར་དང་ལབ་གླེང༌།

Posted on 2009-07-162009-07-16 By དབང་ཕྱུག་ 5 Comments on ཡིག་ནོར་དང་ལབ་གླེང༌།

འབྲོག་རུ་ཆོས་གྲགས།

སྐད་ཡིག་ཚགས་པར་སྤྱིའི་འདོན་ཐེངས་བརྒྱད་དེ་ང་ཚོའི་ལུས་ཀྱི་དཀའ་ངལ་དང་སེམས་ཀྱི་ངལ་དུབ་ཁྲོད་ནས་རང་གི་ཉིན་རེ་འཚོ་བའི་ཁྲོད་ཀྱི་ཇ་བཏུང་བྱེད་དང་ཟས་བཟའ་བྱེད་སོགས་ཁབ་གསོག་འབུག་གསོག་བྱས་ནས་པར་བསྐྲུན་བྱས་ཏེ། སྤྱི་ཚོགས་སྟེང་སླེབས་དུས། བསྟོད་བསྔགས་ཀྱི་མཐེ་བོང་བསྒྲེངས་ནས་རྔན་པ་ཧིན་སྒོར་ཆིག་སྟོང་ལྔ་བརྒྱ་སྤྲོད་མཁན་ཡང་བྱུང་སོང་ལ། དམོད་ཚིག་གི་མཛུབ་ཆུང་མདུན་དུ་བསྟན་ནས་ལས་སྟངས་དེས་བོད་ཡིག་ཉམས་རྒུད་དུ་འགྲོ་བར་ཁ་སྣོན་བྱ་ཚུལ་ཡང་བྱུང་སོང༌། གང་ལྟར་ཡང༌། ང་ཚོ་ལམ་ཀ་འདིར་འགྲོ་ངེས་ཡིན། བོད་སྐད་ཡིག་གི་ཚེ་སྲོག་སྐྱོབས་ཆེད་ལྐུག་པའི་བརྟུལ་ཞུགས་བཟུང་བའི་ཡིན་མདོག་མདོག་གིས་མི་མང་ལ་གསལ་བསྒྲགས་དང་མཛུབ་སྟོན་གནང་བཞིན་པའི་བོད་སྐད་ཡིག་ནང་བྲིས་པའི་ཡིག་ཆ་དེ་དག་ཐེར་འདོན་བྱེད་ཞོར་ལམ་ཀ་འདིར་འགྲོ་ངེས་ཡིན།

དེ་ལས་མང་བ་། “ཡིག་ནོར་དང་ལབ་གླེང༌།” »

གསར་འགྱུར།

དོན་དམ་གྲོས་མོལ་དེ་སུས་མཚམས་བཞག་པ་རེད་འདྲི་བཞིན་འདུག།

Posted on 2009-07-152009-07-15 By ཀླུ་ 1 Comment on དོན་དམ་གྲོས་མོལ་དེ་སུས་མཚམས་བཞག་པ་རེད་འདྲི་བཞིན་འདུག།

བལྟོས་ར་་་་་དོན་དམ་གྲོས་མོལ་དེ་སུས་མཚམས་བཞག་པ་རེད་འདྲི་བཞིན་འདུག། འདི་འདྲ་བགྲོ་བྱེད་ཐུབ་ན་རིན་ཐང་འདུག།

༄༅།།ཕྱོགས་གཉིས་ཀྱི་གྲོས་མོལ་དེ་སུ་ཞིག་གིས་མཚམས་བཞག་པ་རེད།
2009-06-29   བོད་ལྗོངས་ཉིན་རེ་ཚགས་པར།
ཉེ་ལམ་ཀྲུང་གོ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན་གྱིས་གསར་འགོད་པའི་མཇལ་འཕྲད་ཚོགས་འདུ་ཞིག་གི་སྟེང་དུ། རྒྱལ་ཕྱིའི་གསར་འགོད་པ་རྣམས་ལ་ཀྲུང་གོའི་སྲིད་གཞུང་གིས་ཏཱ་ལའི་བླ་མར་གྲོས་མོལ་བྱེད་པའི་ཁྲོད་དུ་བྱུང་བའི་གནད་དོན་རྣམས་དག་འབྱིན་བྱས་པ་རེད། ཉིན་འགའི་རྗེས་སུ་ཏཱ་ལའི་བླ་མའི་ཡུལ་གྱར་སྲིད་གཞུང་གི་འགོ་གཙོས་ལན་བཏབས་པ་ལྟར་ན།ཨ་རིར་སྡོད་པའི་ཏཱ་ལའི་བླ་མའི་ཆེད་མངག་ཕོ་ཉ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཀྲུའུ་ཝེ་ཆུན་མི་སྒེར་ལ་མཚང་འབྱིན་བྱས་པ་རེད། ཕན་ཚུན་གྱི་གྲོས་མོལ་ལ་རིམ་གྱིས་དཀའ་ཁག་བྱུང་ཡོད་པའི་སྐབས་འདིར། ཏཱ་ལའི་བླ་མའི་ཕྱོགས་ཀྱིས་ཤར་དཀྲོག་ནུབ་རྡེག་གིས་ཁ་མཆུ་རྩོད་པ་སློང་འདོད་ཡོད་པ་ལྟར་དུ་སྣང་།

དེ་ལས་མང་བ་། “དོན་དམ་གྲོས་མོལ་དེ་སུས་མཚམས་བཞག་པ་རེད་འདྲི་བཞིན་འདུག།” »

དཔྱད་རྩོམ།

གོང་ས་མཆོག་གི་སྐུ་པར་དཀོན་རིགས་ཤིག

Posted on 2009-07-142009-07-14 By དགེ་རབ་ 45 Comments on གོང་ས་མཆོག་གི་སྐུ་པར་དཀོན་རིགས་ཤིག

སྨྱུག་རྒོད་གངས་བུ་དཔལ། ————— དྲ་གྲོགས་ཚོས་༸རྒྱལ་དབང་ཡིད་བཞིན་ནོར་བུས་དུད་འགྲོའི་ ཐ་མ་ཁྱི་ཞིག་མཉམ་དུ་སྐུ་པར་བཞེས་ཡོད་པ་དེ་རིང་མ་གཏོགས་གཟིགས་ཡོད་རྒྱུ་མ་ རེད། ད་ཐེངས་ངས་སྐུ་པར་འདི་ལྟས་ནས་་བསྟོད་ཚིག་ཞིག་འབུལ་ན། འགྲོ་ལ་དབྱེར་མེད་མ་ལྟར་བརྩེ་བ་ཅན།། ཟླ་མེད་འདྲེན་པ་གངས་ཅན་པ་ཡི་རྒྱན།། བསྟན་འཛིན་རྒྱ་མཚོ་མིག་མི་འཛུམ་གྱི་ཞབས།། ཡོངས་རྫོགས་འགྲོ་བའི་སྙིང་ལ་ཅི་འདྲའི་མཛེས།

སྣ་ཚོགས།

བལ་ཡུལ་དུ་བོད་མི་ལས་འགུལ་བ་༡༥ ཉེན་རྟོག་པས་འཛིན་བཟུང།

Posted on 2009-07-142009-07-14 By ཀླུ་ 3 Comments on བལ་ཡུལ་དུ་བོད་མི་ལས་འགུལ་བ་༡༥ ཉེན་རྟོག་པས་འཛིན་བཟུང།

       སྤྱི་ཚེས་༡༤ ཉིན་བལ་ཡུལ་དུ་གནས་སྡོད་བྱེད་མཁན་བོད་མི་ཉི་ཤུ་ལྷག་གིས་རྒྱལ་ས་ཀཱ་ཐ་མན་ཀྲོའུ་ལ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གྱི་ལས་ཁུངས་མདུན་ཞི་བའི་རྔམ་སྟོན་སྐད་འབོད་གྱི་ལས་འགུལ་ཟིག་སྤེལ་ཡོད་པ་དང་།  ཁོང་ཚོས་བོད་ནང་རྒྱ་ནག་གིས་དྲག་གནོན་གཏིང་འཛིན་བྱས་བ་ནས་འཛིན་བཟུང་བྱས་པའི་བོད་མི་ཚོ་གློད་དཀྲོལ་གཏོང་དགོས་པ་དང་། བོད་མི་དམར་གསོད་གཏོང་རྒྱུ་མཚམས་འཇོག་དང་དྲག་སྤྱོད་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཁྲིམས་ལྟར་རྒྱབ་སྐྱོར་དང་ཐག་གཅོད་ཡོང་རྒྱུ། ད་དུང་ཞིན་ཅང་ལ་ཡང་གཅིག་མཚུངས་དང་ཞིན་ཅང་ཡུ་གུར་མི་རིགས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་སོགས་གྱི་དགོས་འདུན་རྒྱུ་མཚན་དུ་འཁོད་འདུག།  དེ་འབྲེལ་གྱི་ཡིག་ཆ་ཡང་རྒྱལ་ཚོགས་ལས་ཁུངས་དང་འབྲེལ་ཡོད་ལ་སྤྲད་ཡོད་ཟེར།  བོད་མི་ཚོས་དུས་ཡུན་སྐར་གྲངས་༡༥ ཙམ་ལ་ལས་འགུལ་སྤེལ་རྗེས་ཉེན་རྟོག་པས་བུ་༡༢ དང་བུ་མོ་གསུམ་བཅས་བསྡོམས་པས་མི་གྲངས་ ༡༥་བཙན་གྱིས་རླངས་འཁོར་ལ་བཅུག་ནས་འཛིན་བཟུང་བྱས་སོང་།

གསར་འགྱུར།

སིངྒ་ལའི་མཚོ་འགྲམ་ཞིག་ཏུ་དགེ་འདུན་ཆོས་འཕེལ་གྱི་སྐུ་བརྙན་སེར་ཟིང་ངེ་བ་ཞིག་ཡོད།

Posted on 2009-07-13 By དབང་ཕྱུག་ 17 Comments on སིངྒ་ལའི་མཚོ་འགྲམ་ཞིག་ཏུ་དགེ་འདུན་ཆོས་འཕེལ་གྱི་སྐུ་བརྙན་སེར་ཟིང་ངེ་བ་ཞིག་ཡོད།

རྫ་ཆུ་ཁ་བ་ཚེ་རིང་བཀྲ་ཤིས།

ངས་ཁར་རྩང་བདུན་རེའི་གུང་གསེང་གི་ཉིན་ཆེད་དུ་ཡིད་བྱུང་བའི་གྲྭ་བ(angry monk )ཞེས་པའི་དགེ་འདུན་ཆོས་འཕེལ་སྐོར་གྱི་གློག་བརྙན་དེར་ཚར་གཅིག་བལྟས་པ་ཡིན། གློག་བརྙན་དེར་དགེ་ཆོས་མཆོག་འཁྲུངས་ཡུལ་དང་ཕེབས་བཞུད་གནང་བའི་ས་གནས། སྐབས་དེའི་རྒྱལ་སྤྱིའི་འགྱུར་འགྲོས་དང་གནས་སྟངས། ཁོང་གི་ཤུལ་བཞག་རི་མོ་དང་རྩོམ་ཡིག ཁོང་དང་འབྲེལ་བ་ཡོད་པའི་ལོ་ན་རྒན་པའི་མི་དང་རྗེས་རབས་པ་ཁོང་གི་སྐོར་ལ་ཞིབ་འཇུག་མྱོང་མཁན་གྱི་གཅར་འདྲི་སོགས་མང་པོ་ཞིག་བསྡུ་བསྒྲིགས་བྱས་ཡོད་ལ། དེ་ནི་དྲན་དབང་མཆོག་གི་མཛད་རྗེས་ཀྱི་སྐོར་ལ་ཕན་རླབས་ཆེན་པོ་ཡོད་པའི་བྱས་པ་ཞིག་ཡིན་ན་ཡང་། ཕྱོགས་གཞན་ཞིག་ནས་བསམ་ན་ང་ཚོའི་དངོས་སུ་མཇལ་དུ་ཡོད་པའི་ཁོང་གི་གསུང་རྩོམ་གལ་ཆེན་གསེར་ཐང་དང་ཀླུ་སྒྲུབ་དགོངས་རྒྱན། རི་མོ་གྲགས་ཅན་མི་ལ་རས་པ་ལྟ་བུའི་སྐོར་དང་། རྒྱ་དབྱིན་སོགས་སུ་ཕན་ཚུན་བསྒྱུར་བའི་སྤྱོད་འཇུག་དང་ཆོས་ཀྱི་ཚིགས་སུ་བཅད་པ་སོགས་ཀྱི་སྐོར་ལ་གླེང་སློང་འདང་ངེས་གནང་མི་འདུག་སྙམ་པ་དང་། དེ་ལས་གལ་ཆེ་བ་ཞིག་ལ་ཁོང་གིས་ཐུགས་སྣང་ཆེན་པོ་གནང་ནས་ཕེབས་སའི་ལྷོ་མཐའི་ནང་བའི་རྒྱལ་ཁབ་ཤྲི་ལངྐ་དང་འབྲེལ་བའི་སྐོར་ལ་དམིགས་བསལ་གླེང་བརྗོད་དང་ཉམས་ཞིབ་བྱུང་མེད་པ་འདིས་ང་ཚོས་དགེ་འདུན་ཆོས་འཕེལ་དང་འབྲེལ་བའི་རྒྱུ་ཆ་གལ་ཆེན་ཞིག་ལྷག་ནས་ཡོད་པ་ཚོར། བསམ་ཚུལ་འདི་དགེ་འདུན་ཆོས་འཕེལ་གྱི་རབས་བྱེད་ཞབས་བཏགས་མ་དང་། དྲང་བདེན་གྱིས་བསླུས་པའི་སློང་མོ་བ་གཉིས་མཇལ་བའི་སྐབས་སུའང་སྐྱེས་མྱོང་། མ་གཞི་དགེ་འདུན་ཆོས་འཕེལ་གྱིས་ཤྲི་ལངྐའི་སྐོར་ལ་སྐུ་དངོས་ཕེབས་ཀྱིས་མཁྱེན་རྟོགས་དང་ཞིབ་འཇུག་ཡུན་རིང་གནང་སྟེ་རྩོམ་ཡིག་འབྲི་གནང་མཛད་པ་སོགས་ཡོངས་གྲགས་ཡིན་ན་ཡང་། ང་ལ་དེའི་སྐོར་དམིགས་བསལ་སྲེད་ཞིན་ཞིག་ཡོད་པའི་འབྱུང་ཁུངས་ནི་གཤམ་གྱི་དོ་སྣང་འོས་པའི་གཏམ་རྒྱུད་འདི་ཡིན།

དེ་ལས་མང་བ་། “སིངྒ་ལའི་མཚོ་འགྲམ་ཞིག་ཏུ་དགེ་འདུན་ཆོས་འཕེལ་གྱི་སྐུ་བརྙན་སེར་ཟིང་ངེ་བ་ཞིག་ཡོད།” »

གསར་འགྱུར།

ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཡོད།

Posted on 2009-07-132009-07-13 By ཀླུ་ No Comments on ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཡོད།

ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཡོད།
-གཉན། 《བོད》 
༤》
ད་རེས་ས་ཁུལ་སོ་སོ་ནས་རྒྱ་བོད་མི་སེར་བར་ལ་བྱུང་བའི་འགལ་བ་དེ་ནི་ཐད་ཀར་དམར་བོའི་གཞུང་ཕྱོགས་ལ་འབྲེལ་བ་དམ་པོ་ཡོད་པ་ཞིག་རེད། གཞུང་ཕྱོགས་ཀྱིས”དོན་དག་རྙིང་བ”ཐག་གཅོད་མ་བྱས་པར་ཕྱིར་འགྱིང་བཏང་བའི་མཇུག་འབྲས་དེས་བོད་སྤྱིའི་སྤྱི་ཚོགས་བརྟན་བརླིང་མི་ཡོང་བའི་རྒྱུ་རྐྱེན་གཙོ་བོ་བསྐྲུན་ཡོད་པ་མ་ཟད།ཕྱོགས་གཉི་གའི་མི་མང་གི་ཚེ་སྲོག་རིན་པོ་ཆེར་ བསམ་ཡུལ་འདས་པའི་གོད་ཆག་ཆེན་པོ་ཐེབས་ཤིང༌།གཞུང་ཕྱོགས་ཀྱིས་ནམ་ནམ་ཞར་ཞར་ལ་ཁ་འབོད་བྱེད་ཀྱིན་ཡོད་པའི་མི་རིགས་མཐུན་སྒྲིལ་ཟེར་བ་དེའང་ད་ལྟ་ཁྱོད་ཤི་ང་གསོན་གྱི་མཚམས་སུ་གཏུགས་ཚར་བ་རང་རེད།

དེ་ལས་མང་བ་། “ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཡོད།” »

རྩོམ་རིག

རིན་བཟང་བོར་འདུག་ཟེར།

Posted on 2009-07-112009-07-11 By དགེ་རབ་ 10 Comments on རིན་བཟང་བོར་འདུག་ཟེར།

དུས་བབ་ཟིན་བྲིས་ཐོག་གི་གྲྭ་སྨྱོན་བསྟན་རབ་ཀྱི་སྦྲ་རྒན་ནག་ལྡང་ཞེས་པའི་ནང་གནས་ཚུལ་བཀོད་པ་ལྟར་ན། རིན་བཟང་གི་མུ་འབྲེལ་ཟིན་ཐོ་ཞེས་པའི་དེབ་ཕྲེང་རྩོམ་མཁན་བྱ་མདོ་རིན་ཆེན་བཟང་པོ་ཉེ་ཆར་མཚོ་སྔོན་པོ་ནས་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་སྤེལ་འདུག ཁོང་གི་དེབ་ཕྲེང་གཉིས་ནི་ ༼ངའི་ཕ་ཡུལ་དང་ཞི་བའི་བཅིངས་འགྲོལ ༽ དང་༼ ངའི་ཕ་ཡུལ་དང་གཟབ་ཉན ༽ཞེས་པ་རེད་ལ། དེའི་ནང་རྒྱ་དམག་ཐོག་དང་པོར་བོད་དུ་སླེབས་སྐབས་ཀྱི་ཡ་ངའི་གནས་ཚུལ་འཁོད་ཡོད་པ་རེད། འདིའི་སྐོར་གྱི་ཞིབ་གསལ་གནས་ཚུལ་ཡོད་ན་འདིར་འགོད་རོགས། ཕྲན་གྱིས་ཁོང་གི་རྩོམ་དེབ་དེ་ལས་ཟུར་ཅིག་ལས་རོགས་ནེ་ཁོལ་དང་ལྷན་དབྱིན་ཡིག་ཏུ་བསྒྱུར་ཡོད་པ་གཤམ་གྱི་འབྲེལ་ཐག་ན་ཡོད་ཅིང་། ཁྱབ་སྤེལ་ཅི་ཙམ་ཞུ་ཐུབ་ན་དེ་ལ་དགའ་བསུ་ཞུ་བ་ཡིན། my-conversation-with-aku-yarphel-final-1

གསར་འགྱུར།

ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཡོད།

Posted on 2009-07-11 By ཀླུ་ 4 Comments on ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཡོད།

ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཡོད།
—-གཉན། 《བོད》
༡
ཁྱོད་ཀྱིས་ང་ཚོའི་ས་ཆ་ནས་འགྲོ་བ་མིའི་ཐོབ་ཐང་གིས་ཕན་མི་ཐོགས་པ་གོ་ཨེ་མྱོང་ཐལ།རྒྱུ་མཚན་ནི་ང་ཚོའི་ལུས་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་ཤི་བོ་ཞིག་རེད། དོ་ཚིགས་ཡང་ང་ཡི་སེར་སྐྱ་ཕོ་མོ་དག་གི་གཅེས་པའི་རང་སྲོག་རེ་རེ་བཞིན་ཤོར་སོང་བ་སུ་ལ་གསང༌།སྡུག་གི་མཆི་མ་ཁོག་ཏུ་མིད་པར་གོམས་པའི་བྱང་ཕྱོགས་ཁ་བ་ཅན།ལྕགས་ནག་གི་སྦུ་གུའི་ནང་ན་བཟོད་བསྒོམ་གྱིས་འཚོ་བའི་མདོ་དབུས་ཁམས་གསུམ་གྱི་ཡུལ་མི་སྤུན་ཟླ་རེ་རེ།སྐྲག་དངངས་འཇིགས་གསུམ་གྱིས་ཁེངས་པའི་སྤུན་ཟླ་རེ་རེའི་ཉམ་ཆུང་བའི་ཆུ་བུར་གྱི་མིག་ཟུང་རེ་རེ་སུ་ལ་ཧད།

དེ་ལས་མང་བ་། “ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཡོད།” »

རྩོམ་རིག

ཡེ་མེན་རྒྱལ་ཁབ་ཀྱི་ཡ་ང་བའི་སྲོག་ཁྲིམས་གཅོད་སྟངས་འདྲ་པར་ཁག་ཅིག་ལ་གཟིགས་དང་།

Posted on 2009-07-092009-07-11 By གཡང་འབུམ་རྒྱལ་ 11 Comments on ཡེ་མེན་རྒྱལ་ཁབ་ཀྱི་ཡ་ང་བའི་སྲོག་ཁྲིམས་གཅོད་སྟངས་འདྲ་པར་ཁག་ཅིག་ལ་གཟིགས་དང་།

xin_33207060714103435654431

དེ་ལས་མང་བ་། “ཡེ་མེན་རྒྱལ་ཁབ་ཀྱི་ཡ་ང་བའི་སྲོག་ཁྲིམས་གཅོད་སྟངས་འདྲ་པར་ཁག་ཅིག་ལ་གཟིགས་དང་།” »

སྣ་ཚོགས།

འགྲུལ་བསྐྱོད་ཤུགས་ཆེ་གནང་མཁན་ཚོ་ཤར་ཕྱོགས་གནམ་ཐང་ཁག་ཏུ་གཟབ་དགོས།

Posted on 2009-07-092009-07-09 By དགེ་རབ་ 6 Comments on འགྲུལ་བསྐྱོད་ཤུགས་ཆེ་གནང་མཁན་ཚོ་ཤར་ཕྱོགས་གནམ་ཐང་ཁག་ཏུ་གཟབ་དགོས།

པདྨ་ཚེ་དབང་ཤཱསྟྲི།

ཕྲན་གྱི་ངོ་ཤེས་གནམ་གྲུའི་ཞབས་ཞུ་བ་ཞིག་བརྒྱུད་གནས་ཚུལ་ཁུངས་ལྡན་ཐོས་གསལ་ལྟར་ན། ཉེ་ཆར་བྷེང་ཀོཀ་རྒྱལ་སྤྱིའི་གནམ་ཐང་གི་ཁྲལ་ཆག་ཚོང་ཁང་ཞིག་ནས་ཐ་མག་བརྐུས་པའི་ནག་ཉེས་ཕོག་སྟེ་རྒྱ་གར་བ་ཞིག་བཀག་ཉར་བྱས་འདུག རྒྱ་གར་བ་དེས་ཐ་མག་ཤོག་སྒམ་གཅིག་དང་། ཅོགལེཊི་སྒམ་གཅིག་ཉོས་ཏེ་རིན་པ་སྤྲད་ཡོད་ཀྱང་། དངུལ་ལེན་མཁན་གྱི་མི་དེས་ཐ་མག་སྒམ་ཤོག་ཐོལ་པ་ཞིག་འགྲུལ་པ་དེའི་ཉོ་ཆའི་མཉམ་དུ་བླུགས་པས་འགྲུལ་པ་དེའི་བསམ་པར་ཤོག་སྒམ་དེ་རིན་མེད་དུ་སྤྲད་པ་རེད་སྙམས། འོན་ཀྱང་སྟབས་ཉེས་པ་ཞིག་ལ། ཐའི་ལེཎཌའི་ཉེན་རྟོག་པས་ཁོ་པ་ཚོང་ཁང་ནས་རྐུན་མ་བརྐུས་པའི་ནག་ཉེས་འོག་འཛིན་བཟུང་བྱས་ཏེ་མཚན་གཉིས་རིང་བཙོན་ཁང་དུ་ཉར་པ་མ་ཟད། ཐའི་སྒོར་ཆིག་ཁྲི་གསུམ་སྟོང་གློད་གྲོལ་གྱི་ཆེད་དུ་སྤྲོད་དགོས་པའང་བྱུང་འདུག ཐའི་སྒོར་༥༠༠ གྲང་གློག་ཅན་གྱི་ཁང་ཆུང་དུ་ཉར་གླ་དང་། ཐའི་སྒོར་༡༡༠༠༠ བཀག་ཉར་ཁང་ནས་གློད་གྲོལ་བཏང་གླ། དེའི་སྟེང་དུ་ཁོ་པ་ཁྲིམས་ཁང་དུ་འཁྲིད་པས་ཁྲིམས་དཔོན་གྱིས་ཉེས་ཅན་དུ་ངོས་འཛིན་བྱས་ཏེ་ཉེས་ཆད་ཐའི་སྒོར་༢༠༠༠ བསྒྲུབ་དགོས་པ་བྱུང་བའི་ཁར་ལག་ལྕགས་བརྒྱབ་སྟེ་གནམ་གྲུའི་ནང་དུ་བསྐྱལ། ཁོ་པའི་ཐོངས་མཆན་ལག་འཁྱེར་གྱི་སྟེང་དུ་རྐུན་མ་ཞེས་ཐེལ་རྩེ་བརྒྱབ་ཡོད། ཁོ་པའི་ཉེ་འབྲེལ་ཚོས་ཐའི་ལེཎཌ་རུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ་ཁང་དུ་བཅར་ཏེ་རོགས་སྐྱོར་ཞུས་ཀྱང་གཞུང་ཚབ་ཁང་ནས་རོགས་པ་གང་ཡང་བྱེད་ཐུབ་པ་མེད་ཚུལ་བརྗོད་འདུག
འགྲུལ་པ་དེའི་ལག་ནས་བླངས་པའི་དངུལ་འབོར་དེ་དག་འགྲུལ་པ་རང་ཉིད་ཀྱི་མདུན་དུ་ཉེན་རྟོག་པས་ནང་ཁུལ་བགོ་འགྲེམས་ཀྱང་བྱས་ཚུལ་འདུག

དེ་ལས་མང་བ་། “འགྲུལ་བསྐྱོད་ཤུགས་ཆེ་གནང་མཁན་ཚོ་ཤར་ཕྱོགས་གནམ་ཐང་ཁག་ཏུ་གཟབ་དགོས།” »

རྩོམ་རིག

བཀའ་ཁྲིའི་འོས་གཞི་ཁག་ཅིག་འདོན་སྤེལ་གནང་འདུག་

Posted on 2009-07-082009-07-08 By དགེ་རབ་ 32 Comments on བཀའ་ཁྲིའི་འོས་གཞི་ཁག་ཅིག་འདོན་སྤེལ་གནང་འདུག་

ཤར་ཕྱོགས་རྒྱལ་ཆེན་གྱིས་།
————–

ཉེ་ཆར་རྒྱ་གར་ལྷོ་ཕྱོགས་མོན་གོ་ཌི་འབྲས་སྤུངས་ཆོས་སྒར་ནས་མདོ་སྨད་སྤྱི་ཟུར་སྐུ་ཞབས་བསྟན་པ་ལགས་ཀྱིས་བཀའ་ཁྲིའི་འོས་གཞི་ཁག་ཅིག་འདོན་སྤེལ་གནང་འདུག་པའི་ཐད་ཀྱི་བསམ་ཚུལ་ཐུང་ཙམ་ཞུ་རྒྱུ། སྐུ་ཉིད་མི་ལྷག་བསམ་ཅན་སྤྱི་དོན་ཐུགས་འགན་འཁུར་བཞེས་མཁན་ཞིག་ཡིན་པ་ཤེས་རྟོགས་བྱུང་།དེ་བཞིན་བཀའ་ཁྲི་འོས་འདེམས་ཞུ་སྒོ་འདིར་མཚོན་ནའང་།ད་ལྟའི་བོད་དང་བོད་མིའི་ཛ་དྲག་གི་གནས་སྟངས་དང་རྒྱ་མིའི་བྱེད་བབ་གང་ཐད་ནས་གཟབ་གཟབ་གནང་དགོས་པ་ཞིག་ཡིན་པ་སྨོས་མེད་རེད་།འོས་མིའི་དམིགས་སྒོའི་ཁོངས་སུ་ཨ་རིའི་དོན་གཅོད་ལས་ཐོག་བློ་བཟང་སྙན་གྲགས་དང་།སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ལ་མཚོན་ན།རྒྱུན་ལྡན་ཁོང་གཉིས་ལ་ལྐོག་ཟ་རུལ་སུངས་དང་ཀུན་སྤྱོད་ཐད་ལ་ལབ་གླེང་མང་ཙམ་ཡོད་པ་མ་ཟད།བློ་བཟང་སྙན་གྲགས་དཔལ་འབྱོར་བཀའ་བློན་གྱི་ལས་ཁུར་སྐབས་གཞུང་གི་ས་ཁང་དང་བཟོ་གྲྭ་སོགས་ཚོང་བསྒྱུར་གྱི་འགན་གཙོ་ཡིན་སྟབས་ལྐོག་ངན་ཁྱོན་ཆེན་བར་ཟས་བྱས་པའི་གླེང་ཚུལ་ཡོད་མུས་ཁར་།ལས་བྱེད་བུ་མོ་རེ་ཟུང་ལ་འོས་སུ་མ་ཆོས་པའི་ངན་སྤྱོད་ལག་བསྟར་བྱས་ལུགས་གླེང་སློང་ཤུགས་ཆེ་་བྱུང་སྟེ་དེའི་སྐོར་བཀའ་ཁྲི་ཟམ་གདོང་རང་ཉིད་ནས་སྐབས་དེའི་འབྲེལ་ཆགས་ལས་དོན་དྲུང་ཆེར་ངེས་བདེན་ཡིན་མིན་འདྲི་བརྩད་སྐབས་།བདེ་དོན་དྲུང་ཆེ་ལྷག་པ་ཚོ་ཁོ་ནས་དེ་དོན་ངེས་བདེན་ཡིན་ལུགས་ཁུངས་སྐྱེལ་ཡོད་ཅེས་ཞུས་འདུག དེ་བཞིན་སྤེན་པ་ཚེ་རིང་ལ་མཚོན་ནའང་། དེ་སྔོན་ཁོ་རང་སྤོན་ཊོ་ཅ་རེ་ཀ་ཐག་སྤྲུལ་སྐུའི་བཟོ་གྲྭའི་ལས་གཡོག་བྱེད་སྐབས་།ཀ་ཐག་སྤྲུལ་སྐུའི་བཟའ་ཟླ་པདྨ་དང་གབ་མཐུན་བྱས་པ་ཡོངས་གྲགས་ཁར་།མཚམས་དེ་ཞིག་ནས་རྒྱུ་རྐྱེན་འདི་ཡིན་མེད་པར་ཀ་ཐག་སྤྲུལ་སྐུ་གློ་བུར་འདས་སྐྱོན་བྱུང་པ་དང་། དེ་ནས་བཟུང་ཀ་ཏག་སྤྲུལ་སྐུའི་བཟོ་གྲྭ་དང་བཟའ་ཟླ་བཅས་ཡོད་ཚད་བདག་ཏུ་བཟུང་སྟེ་མཉམ་སྡོད་བྱས་ཤིང་། དེའི་རྗེས་སུ་སྤེན་པ་ཚེ་རིང་བོད་མི་དམངས་སྤྱི་འཐུས་ཁོངས་སུ་འདེབས་ཐོན་བྱུང་པ་རེད།

དེ་ལས་མང་བ་། “བཀའ་ཁྲིའི་འོས་གཞི་ཁག་ཅིག་འདོན་སྤེལ་གནང་འདུག་” »

རྩོམ་རིག

ཉེས་པ་མེད་པའི་ངའི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ།

Posted on 2009-07-08 By དགེ་རབ་ No Comments on ཉེས་པ་མེད་པའི་ངའི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ།

ཨ་མེ་ཆ།
————-

གོ་ལའི་ཡང་རྩེ་རུ། ཁྱེད་རང་སྤོབས་པས་འགྲེང་ཆོག
ཉེས་པ་མེད་པའི་ངའི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ།

ང་ཚོ་རྒྱང་ཐག་ཇི་ལྟར་རིང་ཡང་ཁྱེད་ཀྱི་ཉེ་སར་བཅར་བཞིན་ཡོད།
མི་ལོ་ལྔ་བཅུར་དམར་གསོད་བྱས་པའི་ཤི་བོ་གྲངས་མེད་ཀྱི་འབོད་པ་སྙེག་གིན་བཅར་བཞིན་ཡོད།
མི་རབས་ནས་མི་རབས་ལ་འཇལ་མ་ཚར་བའི་བརྙས་བཅོས་དང་ཤ་འཁོན་རྩོད་ཀྱིན་ལོག་ཡོང་དུས།
ང་ཚོས་མེས་པོ་ཚོའི་གདངས་སྙན་མ་འགྱུར་བའི་འཚོ་བའི་རོལ་དབྱངས་ཤིག་མཉམ་དུ་དཀྲོལ་དགོས།

དེ་ལས་མང་བ་། “ཉེས་པ་མེད་པའི་ངའི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ།” »

སྙན་ངག

མོན་གྷོ་གཞིས་ཆགས་ནང་ཕག་པ།

Posted on 2009-07-08 By དགེ་རབ་ 3 Comments on མོན་གྷོ་གཞིས་ཆགས་ནང་ཕག་པ།

སྨྱུག་རྒོད་གངས་བུ་དཔལ་གྱིས།
————
mondgodཁ་སང་༸གོང་ས་མཆོག་གི་འཁྲུངས་སྐད་ཉིན་ང་རང་མོན་གྷོ་ས་གནས་ཀྱི་མི་ མང་ཚོས་དུས་རྒྱུན་བསངས་སྲོལ་བྱེད་སའི་ནོར་བུ་རིར་བསངས་གསོལ་ལ་ཕྱིན་ནས་ཚུར་ ལོག་ཡང་སྐབས། ལམ་ཟུར་གྱི་མི་ཚོའི་སྐད་ཆའི་ནང་དེང་སང་གཞིས་གྲོང་གསུམ་པའི་གསེང་ལམ་དུ་ཕག་པ་ ཁ་ཤས་འདུག་ཟེ་ལབ་གྱི་འདུག ། དེ་དུས་ངའི་དྲན་ངོས་སུ་ཉིན་ཤས་སྔོན་ངོས་རང་འབྲས་སྤུངས་ཀྱི་གསེང་ལམ་དུ་ འགྲོ་བའི་སྐབས་ཤིག་རྒྱབ་ཕྱོགས་ནས་ཕག་པ་ཞིག་རྒྱུགས་ཡོང་ནས་ཁྱི་གཅིག་དེད་ནས་ ཕྱིན་སོང་། དེ་དུས་གྲྭ་པ་ཚོས་ཟེར་ཡག་ལ་འབྲས་སྤུངས་བློ་གསལ་གླིང་གི་ཨམ་སྡོང་གི་ཚལ་ནང་ ཕག་པ་ཁ་ཤས་འདུག  །དེ་ཚོ་ཕལ་ཆེར་རི་ནས་ཡོང་ནས་ཕར་མ་ལོག་པའི་རི་ཕག་དེ་འདྲ་མིན་འགྲོ་ཞེས་ལབ་ སོང་། ང་རང་ལ་ཡང་ཨ་ལེ་བསམས་པ་མ་གཏོགས་དོགས་པ་གང་མི་བྱུང་བ་དྲན་བྱུང་།

དེ་ལས་མང་བ་། “མོན་གྷོ་གཞིས་ཆགས་ནང་ཕག་པ།” »

གསར་འགྱུར།

ཕྱེ་ལེབ་དཀར་པོ་དེ་ངས་ཀྱང་མཐོང་མྱོང་།

Posted on 2009-07-082009-07-08 By དབང་ཕྱུག་ No Comments on ཕྱེ་ལེབ་དཀར་པོ་དེ་ངས་ཀྱང་མཐོང་མྱོང་།

ཟླ་བ་གཞོན་ནུ། ————ཕྱེ་ལེབ་དཀར་པོར་འཁྲེང་བའི་གྲོགས་ཤིག་ལ། ཕྱེ་མ་ལེབ་དཀར་པོ་དེ་ངས་ཀྱང་མཐོང་མྱོང་། དེས་ཀྱང་མེ་ཏོག་ཅིག་འཚོལ་གྱིན་འདུག་ཟེར་ལ། མེ་ཏོག་དེ་ཁྱེད་རང་ཡིན་པར་སྨོན་ཞེས་ཡང་ཡང་ཞུ་ངེས་། རེ་སྒུག་གི་མེ་ཏོག་བརྟན་པོར་སྡོད་དང་། དྲི་བསུང་གི་ཞིམ་མངར་ལྷོད་ཀྱིས་སྟོར་དང་། སེམས་སོང་གི་ཕྱེ་ལེབ་དཀར་པོ། ཡིད་འགུག་གི་དྲི་ངད་ལ་རིང་ནས་ཕྱོགས་ཏེ། འཕོས་འདོད་ཀྱི་བསམ་པ་ལྷུན་གྱིས་འགྲུབ་ངེས། རེ་སྒུག་གི་མེ་ཏོག་བརྟན་པོར་སྡོད་དང་། དྲི་བསུང་གི་ཞིམ་མངར་ལྷོད་ཀྱིས་སྟོར་དང་། རེ་སྒུག་གི་མེ་ཏོག་དེ་རྙིད་དུ་མ་འཇུག་དང་། ཞིམ་མངར་གྱི་དྲི་བསུང་དེ་སྟོར་མཚམས་མ་ཆད་དང་། འཐམ་འཁྱུད་ཀྱི་སྐལ་བ་ངེས་པར་ལྡན་ཡོང༌།…

དེ་ལས་མང་བ་། “ཕྱེ་ལེབ་དཀར་པོ་དེ་ངས་ཀྱང་མཐོང་མྱོང་།” »

སྙན་ངག

འཁྲུངས་སྐར་སྙན་རྩོམ་ཞིག་

Posted on 2009-07-072009-08-02 By དགེ་རབ་ 9 Comments on འཁྲུངས་སྐར་སྙན་རྩོམ་ཞིག་

hhdalailama
བོད་ཀྱི་རེ་བ་བོད་ཀྱིས་སྐོངས།།
རྒྱ་ཡི་དོགས་པ་རྒྱ་ཡིས་སོལ།།
བོད་རྒྱའི་བར་ཆད་གཉིས་ཀས་སོལ།།
གཉིས་ཀ་ཚིམ་པའི་དབུ་ལམ་ནས།།
༸སྐྱབས་མགོན་བོད་དུ་བྱོན་གྱུར་ཅིག།

དེ་ལས་མང་བ་། “འཁྲུངས་སྐར་སྙན་རྩོམ་ཞིག་” »

སྙན་ངག

ང་ཡི་རྩ་བའི་བླ་མ་དགུང་གྲངས་༧༤ལ་ཕེབས་དུས། ང་ཡི་སེམས་ཀྱི་ཁུར་བོ་ལྗིད་ཀྱིས་མནན་སོང་།

Posted on 2009-07-07 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 8 Comments on ང་ཡི་རྩ་བའི་བླ་མ་དགུང་གྲངས་༧༤ལ་ཕེབས་དུས། ང་ཡི་སེམས་ཀྱི་ཁུར་བོ་ལྗིད་ཀྱིས་མནན་སོང་།

སྐར་ཆེན།

ང་ཡི་རྩ་བའི་བླ་མ་བསྟན་འཛིན་རྒྱ་མཚོ་དགུང་གྲངས་༧༤ལ་སླེབས་སོང་། ཡུལ་གྱར་བོད་མི་རྣམས་ཀྱིས་འཛམ་གླིང་གི་ས་ཕྱོགས་སོ་སོ་ནས་རྩ་བའི་བླ་མའི་འཁྲུངས་སྐར་སྲུང་བརྩི་བྱས།
འདི་ལོ་ནི་ང་ཡི་རྩ་བའི་བླ་མ་བཙན་བྱོལ་དུ་ཕེབས་ནས་ལོ་ངོ་ཧྲིལ་བོ་ལྔ་བཅུ་འཁོར་བའི་ལོ་རེད། ཡུལ་གྱར་བོད་མི་རྣམས་རྒྱའི་བཙན་འོག་ནས་བྲོས་དེ་ལོ་ངོ་ལྔ་བཅུ་འཁོར་བའི་ལོ་རེད།
བོད་མི་རྣམས་རང་གི་ཕ་ཡུལ་ལ་ལོག་མ་ཐུབ་པར་མི་ཡུལ་ལ་གྱར་ནས་བགྲང་བྱ་ལྔ་བཅུ་འགོར་བའི་ལོ་རེད། འདི་ལྟར་གཞིས་བ་རྣམས་ཀྱིས་བྱེས་ལ་སྒུག་ཅིང་བྱེས་བ་རྣམས་ཀྱིས་གཞིས་ལ་རེ་བཞིན་ལོ་ངོ་ལྔ་བཅུ་ཕྱིན་སོང་།

དེ་ལས་མང་བ་། “ང་ཡི་རྩ་བའི་བླ་མ་དགུང་གྲངས་༧༤ལ་ཕེབས་དུས། ང་ཡི་སེམས་ཀྱི་ཁུར་བོ་ལྗིད་ཀྱིས་མནན་སོང་།” »

རྩོམ་རིག

ཝང་ལེ་ཞུང་ལ་གཏམ་དཔེ་དེ་སྦྱར་ན་འོས་འཚམ་མ་རེད།

Posted on 2009-07-07 By དབང་ཕྱུག་ 6 Comments on ཝང་ལེ་ཞུང་ལ་གཏམ་དཔེ་དེ་སྦྱར་ན་འོས་འཚམ་མ་རེད།

འབྲོག་རུ་ཆོས་གྲགས།

དགྲ་ནང་ལ་ཡོང་ན། མགོར་མར་བྱུག་ཟེར།
ཉེ་ལམ་ཝང་ལེ་ཞུང་གངས་སྐྱིད་ལ་ཡོང་ནས་དྲི་བ་དྲིས་བྱེད་སྐབས་བཅུད་པར་རྫ་སྐྱེས་གཙོས་ང་ཚོ་མི་འགས་ངོ་རྒོལ་གྱི་རྣམ་པ་ཞིག་བསྟན་པ་ཡིན། ཡིན་ནའང༌། ཁ་སང་དེ་རིང་དྷ་སའི་སྤྱི་ཚོགས་ནང་དེ་གླེང་གཞི་གཙོ་བོ་ཞིག་ཏུ་ཆགས་ཡོད་པ་མ་ཟད། བཅོས་སྟངས་ལས་སྟངས་དེ༌། མ་འགྲིག་རབས་དང༌། མ་བཟང་རབས་བཤད་མཁན་ཡང་གང་འཚམ་ཞིག་ཡོང་གིན་འདུག ཁོང་ཚོས་བཤད་པའི་སྐད་ཆའི་བསྡོམས་ཚིག་ལ་གཏམ་དཔེ་འདི་འཇོག་གིན་འདུག དགྲ་ནང་ལ་ཡོང་ན། མགོར་མར་བྱུག་ཟེར་བའི་གནས་ལུགས་དེའང་མ་ཤེས་པ་རེད་ཟེར། ངའི་གདོང་ལ་བལྟས་ནས་ལབ་མཁན་ཚོར་ངས་དྲིས་ལན་འོས་འཚམ་རེ་རྒྱབ་ནས་བཞག་པ་ཡིན། འོན་ཀྱང༌། ཁ་སང་དེ་རིང་དྲ་གྲོགས་རེ་འགས་ཀྱང་སྐད་ཆ་དེ་གནས་ལུགས་ཡོད་མདོག་གིས་དྲ་ཐོག་ནས་སྐད་ཆ་དེ་ཤུགས་ཆེ་རུ་གླེང་གིན་འདུག་པས་དེ་རིང་དེར་གསལ་བཤད་ཅིག་བྱ་དགོ་བསམ་བྱུང༌།

དེ་ལས་མང་བ་། “ཝང་ལེ་ཞུང་ལ་གཏམ་དཔེ་དེ་སྦྱར་ན་འོས་འཚམ་མ་རེད།” »

གསར་འགྱུར།

བོད་ཀྱི་དུས་བབ་དྲ་ཚིགས་ལགས

Posted on 2009-07-072009-07-07 By དབང་ཕྱུག་ No Comments on བོད་ཀྱི་དུས་བབ་དྲ་ཚིགས་ལགས

འབྲོག་རུ་ཆོས་གྲགས།

དཀའ་བ་ཁྲི་ཕྲག་གི་རྔུལ་ཆུའི་ཁྲོད་ནས
ངལ་བ་གྲངས་མེད་ཀྱི་སྡུག་ཡུས་ཀློང་ནས
ཁྱེད་རང་འཇིག་རྟེན་འདིར་སླེབས་དུས
བོད་པ་ཚང་གིས་ཁྱེད་ལ་འཛུམ་མདངས་ཀྱིས་དགའ་བསུ་བྱས་ཐུབ་མེད
ཁ་བ་ཚང་གིས་ཁྱེད་ལ་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ཐུབ་མེད

དེ་ལས་མང་བ་། “བོད་ཀྱི་དུས་བབ་དྲ་ཚིགས་ལགས” »

གསར་འགྱུར།

Posts pagination

Previous 1 … 860 861 862 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (23)
  • ན་ཟུག (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme