རུ་ཤུལ་ཆོས་གྲུབ་ཀྱིས།
འུ་ཚང་གི་ཕ་རྒན་བསྟན་འཛིན་ཁ་སང་དོན་དག་ཅིག་གི་ཆེད་དུ་རི་ཕར་རྒྱབ་ཀྱི་སྡེ་བ་ཞིག་ལ་མགྲོན་པོར་སོང་། ཁོང་གི་ད་ཐེངས་ཀྱི་བྱ་བའི་འགོ་འཇུག་ཚང་མ་ཧ་ཅང་གི་ལེགས་གྲུབ་བྱུང་སོང་ཞེས་ སྡེ་བ་གཞན་པའི་མྱི་མང་པོ་ཞིག་གིས་གང་སར་བཤད་ཀི་འདུག དེའི་ཞོར་དུ་ཕ་རྒན་ཁོང་དེ་རོ་ཀི་སྡེ་དཔོན་ཚང་དུ་བོས་འདུག་ལ་སྡེ་དཔོན་ཨོ་རྒྱན་དང་ ཁོང་གཉིས་ཀྱིས་ཇ་ཡུན་གཅིག་ལ་སྡེ་བ་ཕན་ཚུན་བར་གྱི་གྱོད་ཁ་མཆུ་དང་ཁྱིམ་ཚང་སོ་ སོའི་འཁོར་བ་སྐྱོང་སྟེང་སོགས་མང་པོ་ཞིག་གླེང་འདུག







