གྲིབ་གཟུགས།
སྟོན་ལོ་སེར་པོ་ཁད་ཀྱིས་ས་ལ་ལྷུང་སྟངས་དང་རླུང་བུས་དྲུད་འགྲོ་བའི་ལོ་མ་སྐམ་པོའི་ཧྲག་སྒྲ་དེ་དག་ནི། ཉིན་འདི་ཚོར་ངའི་སེམས་དང་ཐག་ཉེ་ཤོས་ཀྱི་ཡུལ་ལྗོངས་དང་རོལ་དབྱངས་སུ་གྲུབ་འདུག སྐྱོ་ཤས་ཀྱིས་ཁེངས་པའི་ཁོར་ཡུག་གི་གྲུ་ཟུར་ནས་ཁེར་རྐྱང་གི་གོམ་འགྲོས་འཁྱར་མ་འཁྱོར་གྱིས་སྤོ་དུས་རྒྱང་རིང་གི་ངའི་ཡོད་ཚད་དྲན་ཐབས་རྩ་བ་ནས་མི་འདུག ངས་རང་ཉིད་ནི་ནམ་ཡང་དགའ་སྐྱོ་དེ་ཙམ་མེད་པའི་རྡོ་བའི་སྙིང་ཁམས་ཅན་ཞིག་ཡིན་བསམས་ཀྱང་ཕ་ཡུལ་གྱི་བྱིས་པ་སྣབས་ལུད་དེ་ཚོའི་སྣང་བརྙན་དང་།


