རེས་གཟའ་ཟླ་བའི་ཕྱི་དྲོའི་མཚམས་སུ་པེ་ཅིང་གྲོང་ཁྱེར་གྱི་སྲང་ལམ་ཁག་ཅིག་ནས་བོའུ་སྐད་བསྟུད་མར་གྲགས་འདུག་པ་དང་། རྒྱ་ཡིག་གི་དྲ་རྒྱ་ཁག་ཅིག་ཏུ་དེའི་བྲག་ཅ་ད་ལྟ་ད་དུང་ཡང་འཁོར་འདུག་སྐད།
བོད་མིའི་རང་དབང་འཐབ་རྩོད་ཀྱི་ཐར་ལམ།
རྔོན་པའི་བུ་ནས་བྲིས།
ལོ་རྒྱུས་ཀྱིས་འཚམས་སྦྱོར།
ལོ་བརྒྱ་ཕྲག་མང་པོར་ཆོས་སྲིད་ཟུང་འབྲེལ་སྒོས་འཛིན་སྐྱོང་གི་བོད་དབུས་གཙང་དང་སྟོད།ཁམས་ཁུལ་གྱི་ཡུལ་གྲུ་བསྐོར་ཅིག་བཅས་ནང་ལོ་རྒྱུས་ཀྱི་དུས་སྐབས་འདྲ་མིན་ནང་མན་ཆིན་དང་མི་སེར་རྒྱལ་ཁབ།ཨིན་ཇི་སོགས་ནས་བཙན་འཛུལ་ཐེངས་འགའ་བྱས་མིན་མ་ལྟོས་པར་ཕྱི་ལོ་༡༩༤༩ཙམ་བར་དུ་རང་བཙན་གཙང་མའི་ངོ་བོར་དོན་དངོས་སུ་རྒྱ་ནག་དང་འབྲེལ་མེད་ངང་གནས་ཐུབ་ཡོད། འོན་ཀྱང་།དེ་སྔ་བཙན་པོའི་རྒྱལ་དུས་སུ་བོད་ཁོངས་དང་བོད་འབངས་བསྙོན་མེད་ཡིན་པ་དང་ས་སྐྱའི་སྐབས་སུའང་སོག་པོའི་དབང་ཤུགས་འོག་གཅིག་གྱུར་བྱས་མྱོང་གི་ས་ཁུལ།མདོ་སྨད་ལྷོ་བྱང་བརྒྱུད་དང་ཁམས་ཤར་བརྒྱུད་ཀྱི་ས་ཁུལ་མང་པོ་ཅིག།དུས་རབས་༡༨ནང་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྦྱིན་བདག་དང་རྒྱབ་རྟེན་སོག་པོ་ཇིང་གར་གྱི་མཚོ་ཁའི་སྡེ་ཚོ་ཁག་མན་ཇུས་གཏོར་ཕམ་བཏང་བ་ནས།བོད་གཞུང་དང་ཧ་ལམ་ཁ་བྲལ་ཏེ་རྒྱ་ནག་གིས་ཆབ་སྲིད་ལག་རྩེད་བྱེད་གཞི་དང་ཚོ་ཁག་ཕན་ཚུན་ཁ་གཏོར་དབང་བསྒྱུར།སྐབས་ལན་རེར་མི་རིགས་རྩ་མེད་ཀྱི་སྲིད་ཇུས་ལག་བསྟར་བྱས་པའང་མི་ཉུང་ཚོད་དུ་སྣང་ལ།མདོ་སྨད་དང་ཁམས་ཤར་ཕྱོགས་སུ་བྱུང་བའི་རྒྱ་ནག་གིས་བཙན་གནོན་སྡུག་སྦྱོང་བཏང་བ་དེ་འདྲ་ཧ་ལམ་བོད་ནུབ་ཕྱོགས་སུ་ལོ་རྒྱུས་སྟེང་བྱུང་མ་མྱོང་བ་འདྲ།
«གནའ་བོའི་བོན་གྱི་ཡི་གེ་རིག་མཛོད།»

བྱ་འཕུར་ལྷུན་གྲུབ་རྒྱ་མཚོས་༼ཧི་བོན་དྲ་བ་༽ལས་དྲངས།
ཉེ་ཆར་ལན་ཀྲུའུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབྲུག་ཐར་དང་། བློ་བཟང་ལྷུན་གྲུབ་རྡོ་རྗེ་རྣམ་གཉིས་མཉམ་འབྲེལ་གྱིས་གཙོ་སྒྲིག་གནང་སྟེ། 《ཀན་སུའུ་ཏཱང་ཁྲེང་རྫོང་བོད་པའི་དུད་ཚང་དུ་བསྡུ་ཉར་བྱས་པའི་གནའ་བོའི་བོན་གྱི་ཡི་གེ་རིག་མཛོད》ཅེས་པའི་དེབ་ཕྲེང་སུམ་ཅུ་ཅན་ཞིག་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་གནས་ཚུལ་བྱུང་འདུག དེ་ཡང་སྔ་ནས་ད་བར་དུ་གནའ་བོའི་ཡིག་རྙིང་པར་བསྐྲུན་བྱས་པ་དག་ལས་དཔེ་ཚོགས་འདི་ཉིད་ནང་དོན་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་ཕུན་སུམ་ཚོགས་པའི་དཔེ་ཚོགས་རྙིང་ཤོས་ཤིག་ཡིན་པ་དང་། ཆེས་གནའ་བོའི་ཡིག་རྙིང་བོན་གྱི་དཔེ་ཚོགས་ཞིག་ཀྱང་ཡིན། སྤྱིའི་གཞུང་ཚན་སུམ་ཅུ་སོ་གཅིག་ཡོད་པ་དང་། ནང་གསེས་སུ་དོན་ཚན་ལྔ་བརྒྱ་དྲུག་ཅུ། དཔེ་རྙིང་འདི་ཉིད་ཀན་སུའུ་ཏཱང་ཁྲེང་གྲོང་ཚོ་སོགས་ཀྱི་ཁྱིམ་ཚང་བཅུ་ཕྲག་ལྷག་གིས་ཉར་ཚགས་བྱས་པ་དང་། དེ་འབྲེལ་གྱི་ཆེད་མཁས་པ་མང་བོས་ཞིབ་འཇུག་བྱས་མཐར་དཔེ་རྙིང་འདི་དག་བོད་ཀྱི་གནའ་བོའི་ཡིག་རྙིང་ཞང་ཞུང་གི་ཡིག་གཟུགས་ཀྱི་ཁྱད་ཆོས་མང་བོ་ལྡན་པར་ངོས་འཛིན་ཀྱང་གནང་ཡོད། ནང་དོན་གྱི་ཐད་ལ་ཡང་། བོན་གྱི་རྒྱུའི་བོན་སྐོར་དང་། གནའ་བོའི་ཞང་ཞུང་སྐབས་བོད་ཀྱི་སྤྱི་ཚོགས་གནས་སྟངས་ཀྱི་སྐོར་དང་། ཡུལ་སྲོལ་གོམས་གཤིས་དང་། སྨན་དཔྱད་རིག་པ། རི་བསང་ལབ་ཙེ་བསྟོད་ཚུལ། མོ་རྩིས་གཏོ་དང་གཟུགས་རིས་སྣ་ཚོགས་སོགས། གཞན་ཡང་འབྲས་བུ་ཐེག་པའི་བོན་གཞུང་གི་ནང་དོན་སྐོར་སོགས་ཀྱང་ལྡན་ཡོད་པ་རེད།
བྱིས་པ་ལོ་བདུན་བརྒྱད་ཅན་ཚོས་མཛུབ་མོ་ལྔ་བཅིངས་ཀྱི་ཁུ་ཚུར།
ནམ་མཁའ།༡༩/༣/༢༠༡༢ལ་ཡོ་རུབ་ནས་བྲིས།
ད་ལྟའི་དུས་འདིར་དཔྱིད་འགོ་ཚུགས་སྟེ་ལྗོན་ཤིང་དག་གི་ཡལ་གའི་རྩེ་མོ་རུ་འདབ་མའི་ཆུན་པོ་ཆག་པ་མ་ཟད།ཁ་ཤས་ཞིག་གི་འདབ་མ་ཅུང་ཟད་ཁ་ཕྱེ་འདུག་པ་འདིས།མི་ཐམས་ཅད་ཀྱི་སེམས་སུ་རང་བཞིན་གྱིས་སྤྲོ་སྣང་ཞིག་སྦྱིན་ཐུབ། འཁོར་ཡུག་འདིས་དབང་གིས་མིའི་ཐམས་ཅད་ཀྱི་སེམས་སུ་བདེ་སྐྱིད་གསར་བ་རེ་འབྱུང་གི་ཡོད། སྤྱིར་ང་རང་ཡང་འདིའི་གྲལ་གྱི་དཔྱིད་ཀའི་འཁོར་ཡུག་གི་སྤྲོ་སྣང་མྱོང་མཁན་གྱི་མི་ཞིག་ཡིན། ཡིན་ཡང་རང་ཡུལ་བྲལ་བའི་མི་ང་རང་ལྟ་བུའི་བོད་མི་དང་ཕ་ཡུལ་ན་ཡོད་པའི་ཤ་ཁྲག་གཅིག་པ་ཚོ། ཁ་སང་དེ་རིང་འདིའི་སྤྲོ་སྣང་འདི་མྱོང་ཐུབ་ཀྱི་མེད་པ་མ་ཟད། སང་ཉིན་ང་རང་འཛིན་བཟུང་དང་ཡང་ན་ང་ཚོའི་ཐོག་ལ་མེ་མདའ་རྒྱབ་ཡོང་སྙམ་པའི་འཇིགས་སྣང་ཞིག་གིས་ངང་བསྐྱལ་བཞིན་ཡོད། ཕྱི་ལོགས་སུ་བོད་མི་ཚོས་ཀྱང་སང་ཉིན་ཕ་ཡུལ་དུ་གནས་ཚུལ་ག་འདྲ་ཞིག་འབྱུང་ངེས་ཡིན་ནམ་སྙམ་པའི་སེམས་ཁུར་ཞིག་གིས་བསྡད་ཡོད།
དེ་ལས་མང་བ་། “བྱིས་པ་ལོ་བདུན་བརྒྱད་ཅན་ཚོས་མཛུབ་མོ་ལྔ་བཅིངས་ཀྱི་ཁུ་ཚུར།” »
ཆོས་རིག་བཀའ་བློན་ཨ་རི་ནས་རྒྱ་གར་དུ་བཏང་མི་འདུག
ཤར་ཕྱོགས་ཁུག་རྟ།
བོད་མི་མང་སྤྱི་ལྷན་སྐབས་ ༡༥ པའི་ཚོགས་དུས་གསུམ་པ་ཟླ་འདིའི་ཚེས ༡༤ ནས་འགོ་ཚུགས་ཟིན་པ་ལྟར། ཕྱི་ཟླ ༣ པའི་གྲོས་ཚོགས་ནི་སྔོན་རྩིས་ཀྱི་ཚོགས་འདུ་ཡིན་པར་ཟེར་སྲོལ་ཡོད་པ་ལྟར་ལས་ཁུངས་ཁག་གི་སྔོན་རྩིས་སྟེང་ཚོགས་འདུ་ཚོགས་བཞིན་པ་རེད། ཁོ་བོ་ཁ་སང་བར་གྲོས་ཚོགས་ཀྱི་ཟུར་ཉན་དུའང་བཅར་ཁོམ་མ་བྱུང་ཡང་། ཁ་སང་ཉིན་གང་གྲོས་ཚོགས་ཀྱི་ཟུར་ཉན་དུ་བསྡད་པ་དང་། དེ་མིན་མཚན་མོར་བོད་གཞུང་གི་བརྙན་འཕྲིན་བསྐྱར་ཟློས་ཟེར་བར་ལྟོས་ཏེ་གྲོས་ཚོགས་ལ་སྔར་ལྟར་སློབ་སྦྱོང་བྱ་ཐུབ་པ་བྱུང་། གཞན་དམིགས་བསལ་ཞིག་ལ་ད་ཐེངས་ཛ་དྲག་གི་སྐབས་སུ་ཚོགས་འདུ་དགོང་དྲོའི་ཆུ་ཚོད་ ༩ བ་དང ༧ བར་ཚོགས་བཞིན་པས་སྤྱི་ལྷན་གྱིས་མེད་ན་མ་གཏོགས་གང་ཡོང་ཅི་ཡོང་གནང་སྟངས་ལ་སྐྱ་སེར་མང་པོར་ཡིད་འགུལ་ཐེབས་བཞིན་པ་གོ་ཐོས་བྱུང་། བོད་ནང་དུའང་དེ་སྐོར་ཁག་ཅིག་ལ་ཁ་བརྡ་བྱ་རྒྱུ་བྱུང།
ཡིན་ནའང་། རྩ་དོན་གསུམ་གྱི་སེང་གེའི་བཀའ་ཤག་ད་ཐེངས་གྲོས་ཚོགས་སྟེང་འདར་སུག་འགའ་ཐེབས་བཞིན་པའང་མང་མང་གིས་གསལ་བོར་མཁྱེན་འདུག་ལ། སེང་གེ་ཚང་ལ་དོན་དག་བཤད་རྒྱུ་ལས་ཅུང་ཧམ་པའི་ཤེད་ཀྱིས་ཚོགས་ཉིན་ཕུད་རྒྱག་བྱེད་པའི་བསམ་ཚུལ་ཡོད་པ་ང་བཞིན་ཚང་མར་སྣང་བ་བྱུང་འདུག ངའི་བརྙན་འཕྲིན་ནང་ཁ་ན་སྒྲ་ནས་ཡོང་བའི་ཕྱི་དྲིལ་བཀའ་བློན་ཟེར་བ་བུ་མོ་བདེ་སྐྱིད་ཆོས་དབྱིངས་སྐུ་རླུང་བཞེངས་ནས་ལག་པས་ཅོག་ཙེ་རྡུང་བ་མཐོང་བྱུང། གནད་དོན་ལག་ཁྱེར་ཁ་པར་ཞིག་ལས་འཕྲོས་པ་དང་། གཞན་ཡང་ཚིག་ཟུར་ནས་ཁ་ན་སྒྲ་གཡུག་ནས་སླེབས་པ་དེ་ཞེ་དྲག་ཅིག་ཡིན་པ་གསུངས་བཞིན་དངན་པའི་དབུགས་རིང་འཐེན་བཞིན་དྲི་བ་ཚ་བོ་དག་ལ་ལན་འདེབས་གནང་བ་ཐོས་པས་སེམས་སྟེང་ནས་སྙིང་ཅིག་རྗེ་སོང།
དེ་ལས་མང་བ་། “ཆོས་རིག་བཀའ་བློན་ཨ་རི་ནས་རྒྱ་གར་དུ་བཏང་མི་འདུག” »
རྨས་སྐྱོན་ཐེབས་པའི་ཁོར་ཡུག
འཇམ་དཔལ་རྣམ་རྒྱལ། བོད་འབྱོར།
སྔོན་གྱི་དུས་སུ་བོད་འདིར་གྲུབ་དབང་པདྨ་འབྱུང་གནས་ལྟ་བུ་མི་དང་ལྷ་འདྲེའི་བར་ལ་སྐད་ཆ་ཤོད་མཁན་དག་གིས་བོད་མི་དང༌། བོད་ཀྱི་ཡུལ་ལྷ་གཞི་བདག་ཚོའི་བར་ལ་ཆང་ཡིག་རེ་བཞག་ཡོད་སྐད། ཆང་ཡིག་དེར་ཕྱོགས་གཉིས་ཀ་གྲོས་འཆམས་བྱུང་ནས་མིང་རྟགས་ཡང་བཀོད་ཡོད་ཟེར། ཆིང་ཡིག་དེའི་ནང་དོན་གཙོ་བོ། ཡུལ་ལྷ་གཞི་བདག་རྣམས་ཀྱིས། སངས་རྒྱས་ཀྱི་བསྟན་བ་སྲུང་རྒྱུ་དང༌། རྣལ་འབྱོར་བའི་སྐུ་ཚེ་བསྲིང་རྒྱུ། བོད་ཡུལ་དང་བོད་མིའི་རྐྱེན་ངན་བར་ཆད་བཟློག་རྒྱུ་སོགས་མདོར་ན་གང་བཅོལ་འཕྲིན་ལས་སྒྲུབ་པའི་དམ་བཅའ་བྱས་ཡོད་པ་དང༌། བོད་མི་ཚོས་གཞི་བདག་སྡེ་བརྒྱད་རྣམས་ལ་བསང་གསོལ་གཏོར་བསྔོ་རྒྱུན་དུ་བྱ་རྒྱུ་དང༌། གནས་ཀྱི་རི་ཆུ་ནགས་གསུམ་བསྲུང་སྐྱོབ་དང་གཙང་སྦྲ་བྱེད་རྒྱུ་བཅས་བྱས་ཡོད་རབས།
མགོ་ལོག་པདྨར་བཙོན་འཇུག་དང་ཁྲིམས་ཆད།
གསར་འགྱུར་གཏོང་མཁན། ཚངས་དབྱངས་རྒྱ་མཚོ།
ཕྱི་ཚེས་བཅོ་བརྒྱད་ཉིན་མགོ་ལོག་པདྨ་རྫོང་འབོ་སྤ་ཡུལ་ཚོའི་ཨ་ནག་རྡོར་རྒྱམ་ཕ་བུ་གཉིས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག
དེ་ཡང་གནས་ཚུལ་ཡོངས་ཁུངས་ནས་བརྗོད་དོན། ཁོང་ཕ་བུ་གཉིས་དོན་དག་གང་ཡང་མེད་པར་ཕྱི་ཚེས་ ༡༨ ཉིན་འཛིན་བཟུང་བྱས་ཏེ་ཉིན་གཉིས་ཀྱི་རིང་གཅར་རྡུང་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟེ་དེ་རིང་ཨ་ནག་རྡོར་རྒྱམ་ཕྱིར་མངག་ཡོད་ཀྱང་། ཁོང་ཉེན་རྟོགས་པ་དག་གིས་བཙོན་ཁང་གི་ཕྱིར་ཁྱེར་ཡོང་སྐབས་ཁོ་ཤི་མིན་གསོན་མིན་ཞིག་ཏུ་གྱུར་འདུག་ལ། མི་ངོ་མི་ཤེས་པར་མ་ཟད། ཁ་ཡང་གྲགས་ཐུབ་གྱིན་མི་འདུག་ཟེར། ད་དུང་ཁོས་བཤད་རྒྱུར། ཨ་ནག་རྡོར་རྒྱམ་གྱི་བུ་(གྲྭ་བ་ཡིན་འདུག)ད་སྐབས་བཙོན་ཁང་དུ་ཡོད་ལ། འབྲེལ་ཡོད་ལས་བྱེད་ཅིག་གིས་བརྗོད་ན་ཁོ་ཡང་གཅར་རྡུང་བྱས་ཏེ་རྨས་སྐྱོན་ཚབ་ཆེན་ཐེབ་འདུག་ལ། ད་སྐབས་ཁ་གྲགས་མི་ཐུབ་པའི་གནས་སྟངས་རེད་ཅེས་བརྗོད་བྱུང་ཟེར།
མ་འོངས་རྩ་དོན་སྒྲུབ་ཕྱོགས།
ངས་པོ་རྒྱལ་མཚན།
གླེང་བརྗོད།
སྤྱི་ལོ་ ༡༩༤༩ ནས་སྤྱི་ལོ་ ༢༠༡༡ བར་རྒྱ་དམར་གྱིས་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པར། རང་རིགས་སྤུན་ཟླ་ས་ཡ་གཅིག་དང་། གསུམ་ཁྲི་ལྷག་གདུག་རྩུབ་སྣ་ཚོགས་ཀྱིས་དམར་གསོད་བཏང་བ། རིག་གཞུང་གི་ལྟེ་གནས་དགོན་སྡེ་དྲུག་སྟོང་ལྷག་གཏོར་བཤིགས་བཏང་བ། མུན་ནག་གི་ལོ་དེ་དག་གི་ནང་། རྒྱ་དམར་གྱིས་བོད་ཀྱི་དངོས་ཡོད་ ཀྱི་གནས་སྟངས་དང་མི་འཚམས་པར་སྔར་གྱི་སྲོལ་རྒྱུན་ལས་འདས་ཏེ་མུ་མཐའ་མེད་པའི་སྤང་ལྗོངས་ལ་ལྕགས་ཀྱི་རྭ་བ་བསྐོར་ནས་རང་རིགས་སྤུན་ཟླ་ཕན་ཚུན་འཁྲུག་རྩོད་ སློང་བ། གདོད་མའི་ཤིང་ནགས་ཚད་མེད་གཅོད་པ། རྡུལ་ཕྲན་མཚོན་ཆའི་དུག་རྫས་སོགས་ཀྱིས་ཁོར་ཡུག་སྦགས་བཙོག་བཟོ་བ། དུས་རབས་ཉེར་གཅིག་ནང་ད་དུང་གྲོང་གསེབ་ཁག་ལ་ཤེས་ཡོན་དང་འཕྲོད་བསྟེན་སྔར་བཞིན་ཉམ་ཐག་པར་གནས་པ།
མཉམ་འབྲེལ་རྒྱལ་ཚོགས་སྒོ་དྲུང་གི་མཐའ་མའི་མཆིད།
(བཀྲེས་ལྟོགས་ཉིན་ཉེར་བདུན་པའི་དབུགས་རྒྱུན་མཐའ་མའི་མགྲིན་ཚབ་ཏུ།)
ཨ་འཇམ།
ད་ལྟ་འཛམ་གླིང་མི་དམངས་ཀྱིས་གོ་མཚོན་ཐང་དུ་བཞག་ནས་རྒྱལ་ཁབ་བར་གྱི་རྩོད་གཞི་དག་ཀྱང་ཅོག་ཙེའི་སྟེང་ནས་ཐག་གཅོད་བྱེད་བཞིན་པའི་སྐབས་སུ་མཆིས། ངེད་ཚང་སྟེ་གངས་རིའི་རི་ཁྲོད་དུ་འཚོ་བའི་ངའི་སྤུན་ཟླ་རྣམས་ཉིན་རེ་ནས་ཉིན་རེར་དམར་གསོད་བྱས་པའི་གྲངས་ཚད་འཕར་བཞིན་ཡོད་ལ། དེ་བཞིན་དུ་ངའི་སྤུན་ཟླ་ཚོ་ཡང་གུ་དོག་པའི་འཚོ་གནས་ནས་འུ་ཐུག་པའི་སྣང་ཚུལ་ཛ་དྲག་གི་ངོ་བོར་འཕེལ་བཞིན་མཆིས་པས། རང་ཉིད་མེར་སྒྲོན་བཞིན་པའི་སྣང་ཚུལ་ནི་ད་སྔ་འཛམ་གླིང་གི་ལོ་རྒྱུས་སུ་བྱུང་མ་མྱོང་བའི་གྲངས་ཚད་ཅིག་ཏུ་འཕེལ་བཞིན་པའི་སྐབས་རེད། ད་ལྟའི་གནས་བབ་འདི་ཉིད་མུ་མཐུད་དུ་བཞག་ཚེ་ཡ་ང་བའི་གདུག་རྩུབ་དང་འུ་ཐུག་པའི་སྣང་ཚུལ་འདི་ལས་ངའི་མི་རིགས་འདི་ཉིད་འཛམ་གླིང་གི་ཉམས་རྒུད་ཀྱི་འགྲོས་ཚད་ཆེས་མགྱོགས་ཤོས་ཀྱི་སྟེང་ན་གནས་ཡོད། འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱན་ཟུང་གིས་གཡོ་ཙམ་ཡང་མ་གནངས་པའི་གོ་ལ་འདིའི་གྲུ་ཟུར་གྱི་མུན་ནག་གི་ཆ་ཤས་ཤིག་རེད།
དེ་ལས་མང་བ་། “མཉམ་འབྲེལ་རྒྱལ་ཚོགས་སྒོ་དྲུང་གི་མཐའ་མའི་མཆིད།” »
བཙན་འོག་གི་བོད་དུ་རང་ལུས་མེར་སྲེག་དང་ངོ་རྒོལ་ས་ཁྲ། ༼༢༠༡༢་༣་༣ ནས་ ༡༨ བར༽
ས་ཁྲ་ཆེན་པོར་གཟིགས་ན། བོད་ཡིག རྒྱ་ཡིག དབྱིན་ཡིག ས་ཁྲ་འདི་ལ་ཆད་ལྷག་ཡོད་ཚེ་མཆན་དུ་གསུངས་རོགས་གནང་། ས་ཁྲ་འདི་ནི་གནས་ཚུལ་བྱུང་རིམ་བཞིན་དུ་ཁ་གསབ་བྱེད་ཀྱིན་འདུག རང་བཙན་མཐུནཚོགས་ཀྱི་དྲ་རྒྱ་འདི་རེད།
ར་རྒྱ་ཀིརྟི་སོགས་ནས་རེབ་གོང་དུ་འཚམས་འདྲི།
ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ ” ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། བོད་ཀྱི་སྐད་ཡིག་ལ་རང་དབང་དགོས”ཞེས་རང་ལུས་མེར་བསྲེགས་བཏང་བའི་སྐུ་གཤེགས་བསོད་ནམས་དར་རྒྱས་ཀྱི་ཁྱིམ་དུ་རེབ་གོང་ཡུལ་གྱི་དགོན་གྲོང་ཁག་གི་སྐུ་ཚབ་བླ་སྤྲུལ། སྡེ་དཔོན། གཞན་ཡང་མི་སྒེར་ཕོན་ཆེ་འབྱོར་བཞིན་དང་། དེ་བཞིན་རེབ་གོང་དང་ཐག་རིང་ཐུང་གི་ཡུལ་མགོ་ལོག་ར་རྒྱ་དང་རྔ་བ་ཀིརྟི་དགོན་གྱི་གྲྭ་མང་སྐོར་གཉིས་སླེབས་ནས་སྨོན་ལམ་གསུངས་འདོན་གནང་འདུག་པ་དང་། སྨོན་ལམ་གསུངས་འདོན་གནང་སྐབས་འདོན་ཆས་སོགས་རང་འགྲིག་གིས་བསྣམས་ནས་དད་ལྡན་དང་བ་འདྲེན་པ་གནང་འདུག གཞན་རེབ་གོང་ཤ་སྦྲང་སྡེ་བ་འདི་ནས་མཆེད་པའི་མཚོ་ལྷོ་ཐུན་ཏེ་ཤ་སྦྲང་ཚོ་དྲུག་གི་སྡེ་མི་རླངས་འཁོར་ ༡༥ ཙམ་མྱ་ངན་ཞུ་བར་ཡོང་སྐབས་ལམ་བར་དུ་བཀག་འདུག དེ་བཞིན་གཅན་ཚ་དང་དཔའ་ལུང་བཅས་ཀྱི་མི་སྣ་རིམ་འབྱོར་བྱུང་སྟེ། ཟ་འབྲུ་རླངས་འཁོར་ཆེ་བའི་ནང་ཁེངས་པ་ཕུལ་འདུག་པ་མ་ཟད། འདས་པོའི་ཨ་མར་མཇལ་བ་སོགས་ཁོང་གི་ཁྱིམ་དུ་མ་ཤོང་བར་ཁྱིམ་ཚང་གཞན་གཉིས་སུ་སྣེ་ལེན་བྱེད་དགོས་ཆགས་འདུག
གནས་ཚུལ་འདིའི་ཐད་སྐུ་གཤེགས་ཁོང་གི་སྐུ་ཟླ་སྒྲོལ་དཀར་མཚོ་ལགས་སུ་སེམས་གསོའི་བཀའ་མོལ་ཞུས་སྐབས། ཁོ་མོས་སྐབས་དེར” སྤྱིར་བཏང་སེམས་སྐྱོ་ནའང་། རང་གིས་བསམ་བློ་ཞིག་བཏང་། མི་མང་པོས་སེམས་གསོ་གཏོང་སྐབས། འཆི་དགོས་པ་དེ་གཡོལ་ཐབས་མེད་པ་ཞིག་རེད། འཆི་སྟངས་ཀྱང་འདྲ་མི་འདྲ་ཡོང་གི་ཡོད་སྟབས། ཁོང་གི་འཆི་སྟངས་འདི་ནི་(ཙ་ཡ་)རླབས་ཆེན་རེད་འདོད་ཀི”ཅེས་གསུངས་འདུག
བོད་གཞིས་བྱེས་གཉིས་ནས་མ་ཎི་དུང་ཕྱུར་གཉིས་ལྷག་བསགས་འདུག
ཟླ་འདིའི་ཚེས ༡༢ ནས་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ནས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་བོད་རང་དབང་གི་ཆེད་དུ་སྐུ་ལུས་མེར་བསྲེགས་བཏང་བའི་དཔའ་བོ་དཔའ་མོ་རྣམས་གཙོས། བོད་མི་རིགས་ཀྱི་ཆེད་དུ་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་ཀྱི་ཆེད་དུ་གམ་བཅར་རྣམ་རྒྱལ་གྲྭ་ཚང་དབུ་བཞུགས་ཐོག་རྡ་སའི་སེར་སྐྱ་མི་མང་ཡོངས་ནས་མ་ཎི་དུང་ཕྱུར་གསོག་སྒྲུབ་མཛད་པ་བཞིན། ཕྱི་ཚེས ༡༩ ཉིན་མ་ཎི་དུང་ཕྱུར་གཅིག་ལྷག་གྲུབ་ཟིན་པ་དང་། བོད་ནང་ནས་ཀྱང་གནས་ཚུལ་འདི་གསན་ཐོས་བྱུང་འཕྲལ་ཕྱི་ཚེས ༡༩ ཉིན་མ་ཎི་དུང་ཕྱུར་གཅིག་ལྷག་འབུལ་ལམ་ཞུས་འདུག་པས། ད་ཐེངས་ཛ་དྲག་གནས་སྟངས་སྐབས་བོད་གཞིས་བྱེས་གཉིས་ཀྱིས་མཉམ་རུབ་ཐོག་མ་ཎི་དུང་ཕྱུར་གཉིས་ལྷག་བསགས་པ་འདི་ལོ་རྒྱུས་ནང་ཕལ་ཆེར་ཐེངས་དང་པོ་ཆགས་འདུག མ་ཎི་དུང་སྒྲུབ་སྐབས་ཀྱི་ཉིན་བརྒྱད་རིང་ཞོགས་པ་ཉིན་གུང་གི་གསོལ་ཚུགས་དང་གསོལ་ཇ་བཞེས་བག་སྐུ་འགྱེད་སོགས་ལ་ཁྱོན་བསྡོམས་ཧིན་སྒོར་འབུམ་དྲུག་དང་ཁྲི་གསུམ་ ༦༣༠༠༠༠ སོང་འདུག་པ་དང་། དད་ལྡན་མི་མང་གིས་དྭང་བླངས་ཞལ་འདེབས་གནང་བ་ཧིན་སྒོར་འབུམ་ལྔ་དང་ཁྲི་གསུམ་བརྒྱད་སྟོང་…
དེ་ལས་མང་བ་། “བོད་གཞིས་བྱེས་གཉིས་ནས་མ་ཎི་དུང་ཕྱུར་གཉིས་ལྷག་བསགས་འདུག” »
གྲྭ་བློ་བཟང་ཚུལ་ཁྲིམས་འདས་གྲོངས།
ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་མདོ་སྨད་རྔ་པ་ཀིརྟི་དགོན་པའི་རྒྱུད་པ་གྲྭ་ཚང་གི་རང་ལོ་ ༢༠ ཡིན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་ཅིང་། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་ཀྱང་ཁ་སང་རྔ་པ་ཁུལ་འབར་ཁམས་ནས་སྐུ་གྲོངས་ཡོད་འདུག་ལ། ཉིན་དེ་རང་རྒྱ་གཞུང་གིས་ཁོང་གི་ཕུང་པོ་འབར་ཁམས་ནས་མེར་བསྲེགས་བཏང་སྟེ། རུས་ཐལ་ཞིག་ནང་མིར་སྤྲད་དེ་ཚེས་ ༡༩ ཉིན་གྱི་མཚན་མོ་རྔ་པ་ཀིརྟི་དགོན་པའི་ཉེ་འགྲམ་གྱི་དུར་སའི་ནང་བསྐྱལ་དགོས་བྱུང་ཡོད་འདུག
ཨ་རིའི་རླུང་འཕྲིན་ངེས་པར་དུ་སྐྱོབ་དགོས།

དཔལ་རྡོར་ནས།
ཨ་རིའི་གཞུང་གི་རྒྱང་བསྒྲགས་ལས་དོན་འགན་འཛིན་ལྷན་ཚོགས་ཀྱིས་ཕོ་བྲང་དཀར་པོ་ལ་ཕུལ་བའི་ཕྱི་ལོ་༢༠༡༣་ལོ་འཁོར་སྔོན་རྩིས་ནང་དུ་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་བསྒྲགས་རྦད་དེ་མེད་པ་བཟོ་རྒྱུའི་གྲོས་གཞི་བཏོན་ཡོད་པ་དང་། ད་ནི་ཨ་རིའི་གྲོས་ཚོགས་ཀྱིས་སྔོན་རྩིས་ཀྱི་ཆ་དེ་ལ་ཆོག་མཆན་བཀོད་ཚེ་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་བསྒྲགས་རྦད་དེ་ཆད་རྒྱུ་ཡིན་པ་རེད།། ཁ་སང་ནས་བཟུང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ལོ་འཁོར་བོད་དོན་ཞུ་སྐུལ་ལས་དོན་ཐེངས་བཞི་བའི་ནང་གི་ཞུ་སྐུལ་གལ་ཆེན་ཞིག་ནི་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་བསྒྲགས་སྐྱོབ་རྒྱུ་དེ་ཡིན་ལ། དངོས་སུ་ཨ་རིའི་འབྲེལ་ཡོད་གྲོས་ཚོགས་འཐུས་མི་མང་པོའི་ལས་ཁུངས་སུ་བཅར་ཏེ་ཞུ་སྐུལ་བྱ་རྒྱུ་ཡིན་པ་དང་། ལས་འགུལ་གོ་སྒྲིག་པ་མང་པོ་དང་། ལས་འགུལ་ནང་ཞུགས་མཁན་གྱི་བོད་དོན་རྒྱབ་སྐྱོར་བ་མང་པོས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་བསྒྲགས་ནི་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་ཡོངས་ཀྱི་ཆེད་དུ་ངེས་པར་དུ་སྐྱོབ་དགོས་ཞེས་ལས་འགུལ་སྤེལ་བཞིན་པ་རེད།།
གོམ་བགྲོད་པ་ཞིག་བརླག་ནས་ཉིན་བཅུ་ཕྱིན་སོང་།

སྲས་མོ།
གསུམ་བཅུ་དུས་དྲན་ཐེངས་ ༥༣ པའི་ཉིན། ཕྱི་ལོ་ ༢༠༡༡ ལོར་རྡི་ལི་ནས་རང་ལུས་མེར་བསྲེགས་ཀྱིས་ལས་འགུལ་སྤེལ་མཁན་རྒྱལ་གཅེས་དཔའ་བོ་ཞིག་མིག་ཟུང་རས་ནག་པོ་ཞིག་གིས་སྒྲིབ་ནས་ལམ་དུ་ཆས་ཡོད། གོམ་བགྲོད་པ་འདིས་ ” རྒྱ་གཞུང་གི་དམར་གསོད་དྲག་གནོན་གྱི་སྲིད་ཇུས་འོག ད་ལྟ་བོད་ནང་གནས་སྟངས་ཧ་ཅང་ཛ་དྲག་ཏུ་ཕྱིན་ཡོད་པའི་སྐབས་འདིར། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་གཞུང་གིས། བོད་མིའི་རྩ་དོན་དང་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་བཅས་ཀྱི་གནས་སྟངས་ཐད་གོ་མེད་ཚོར་མེད་ཀྱི་རྣམ་འགྱུར་བཟུང་སྟེ་ཁུ་སིམ་མེར་སྡོད་པ་དེ་ནི་ཧ་ཅང་བློ་ཕམ་གྱི་གནས་ཤིག་ཡིན་ལ། རྒྱལ་ཁབ་དང་སྒྲིག་འཛུགས་དེ་དག་གིས་མིག་གཉིས་ཕྱེ་དེ་ང་ཚོར་རྒྱབ་སྐྱོར་གནང་རོགས།”ཞེས་པའི་རེ་འདུན་ཞིག་དང་བཅས་ཏེ་ལམ་དུ་ཆས་ཡོད།
རྒྱ་མིའི་གསང་ཉུལ་བའི་གྱ་གྱུ།
བྱང་ཆུབ།
ད་ལོར་རྡོར་གདན་ནས་དུས་དབང་ཞུས་རྗེས་མུ་མཐུད་བཀའ་མའི་ལུང་ཉན་བཞིན་ཡུན་རིང་བསྡད། ལུང་འགོ་བཙུགས་ཏེ་ཉིན་ཤས་སོང་བའི་ཉིན་གཅིག ཕྲན་གྱི་གཡོན་ཟུར་ལ་རྒྱའི་བཙུན་མ་དགུང་ལོ་བགྲེས་ཙམ་ཞིག་སླེབས་ཤིང་། རྒྱ་ཡིག་གི་དེབ་ཅིག་ཀློག་བཞིན་བསྡད་སོང་། ཕྲན་གྱིས་མང་འགྱེད་དུ་ཐོབ་པའི་རྙིང་མའི་སྨོན་ལམ་དུས་དེབ་སྟེང་ཨ་ཁྱུག་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་དང་ཁོང་གི་རྣམ་ཐར་ཐུང་ངུའི་ལེ་ཚན་ཞིག་ཡོད་པ་ཀློག་བཞིན་པའི་སྐབས་ཡིན། ཨ་ནེ་དེས་ཨ་ཁྱུག་རིན་པོ་ཆེ་དང་ཁོང་ག ི་དགོན་པའི་འདྲ་པར་མཐོང་སྟེ། ངས་རྒྱ་སྐད་གོ་གི་མ་རེད་སྙམ་པའི་ངང་།
དཔའ་བོ་བསོད་ནམས་དར་རྒྱས་མཆོག་གི་གདུང་ཐལ་ཕ་ཡུལ་ཤ་སྦྲང་དུ་འཁྱེར་ཡོང་འདུག

གནས་ཚུལ་གཏོང་མཁན། སྐལ་བཟང་ཉི་མ་ཡིིན།
བོད་མདོ་སྨད་རེབ་གོང་ཤ་སྦྲང་གི་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ལགས་ཀྱིས་སྤྱི་ལོ་༢༠༡༢ལོའི་སྤྱི་ཟླ་༣པའི་ཚེས་༡༧ཉིན་རེབ་གོང་རྫོང་ཐོག་ཏུ་སྐུ་ལུས་མཆོད་མེར་ཕུལ་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་སྐུ་གྲོངས་བ་དང་། དེ་མ་ཐག་ཁོང་གི་ཕ་ཡུལ་གྱི་ཡུལ་མི་དང་རེབ་གོང་གི་ས་ཕྱོགས་གང་ཡིན་གྱི་མི་ཚོགས་མང་པོས་སྨོན་ལམ་དང་ཁ་གཡང་ཁྲོད་ཁོང་གི་སྐུ་གདུང་རོང་བོ་དགོན་ཆེན་གྱི་ལྟག་རྒྱབ་གདུང་རྒྱལ་ཀླད་ཅེས་པ་རུ་སྦྱིན་བསྲེགས་བྱས་ཤིང་། ཁ་སང་ཕྱི་ཚེས་༡༨ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་བའི་ཐོག་སླར་ཡང་ཁོང་གི་ཕ་ཡུལ་ཤ་སྦྲང་གི་ཡུལ་མི་དང་གཞན་རེབ་གོང་ཕྱོགས་ཁ་བཅུ་གཉིས་ཀྱི་མི་མང་རླངས་འཁོར་ལྔ་བཅུ་ནས་དྲུག་བཅུ་ཙམ་གྱིས་ཁོང་གི་གདུང་ཐལ་ཕ་ཡུལ་ཤ་སྦྲང་དུ་འཁྱེར་ཡོང་འདུག
དེ་ལས་མང་བ་། “དཔའ་བོ་བསོད་ནམས་དར་རྒྱས་མཆོག་གི་གདུང་ཐལ་ཕ་ཡུལ་ཤ་སྦྲང་དུ་འཁྱེར་ཡོང་འདུག” »
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་ལ་རེབ་གོང་ཁུལ་དུ་དམ་བསྒྲགས་མཚམས་འཇོག་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ།
༢༠༡༢ ཟླ་ ༣ ཚེས་ ༡༩ རེས་གཟའ་ཟླ་བ།
ཉེ་ལམ་བོད་བྱང་ཤར་རེབ་གོང་ཁུལ་དུ་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་པ་དེར་བོད་མིའི་སྒྲིག་འཛུགས་ལ་བློ་འཚབ་ཧ་ཅང་ཡོད། ཁ་སང་ཕྱི་ཚེས་ ༡༧ ཉིན་རང་ལོ་ ༤༤ སོན་པ་བོད་མི་ཞིང་པ་བསོད་ནམས་དར་རྒྱས་ལགས་ཀྱིས་༧གོང་ས་མཆོག་བོད་དུ་གདན་ཞུ་དགོས་པའི་འབོད་ཚིག་སྒྲོག་བཞིན་དུ་རང་ལུས་མེར་སྲེག་བཏང་འདུག སྐབས་དེར་ས་གནས་བོད་མི་ཚོས་མེ་གསོད་ཐབས་བྱས་ཀྱང་རྗེས་སུ་ཁོང་འདས་གྲོངས་སུ་གྱུར་ཡོད། མེ་གསོད་མཁན་བོད་མི་ཚོས་སྐབས་དེར་ཤེས་གསལ་ལྟར་ན། བསོད་ནམས་དར་རྒྱས་ལགས་ཀྱིས་རང་ལུས་མེར་སྲེག་སྐབས་ཁོང་གི་གྲོད་ཁོག་རྡོལ་བ་དང་ཁོང་གི་ལྟེ་བའི་མཐའ་སྐོར་དུ་ཟངས་སྐུད་ཕྲ་བོའི་སྲིན་བལ་གྱི་བཏུམ་པ་ཞིག་བཅིངས་ཡོད་པ་མཐོང་ཡོད། གནས་ཚུལ་ཐོན་གསལ་བསོད་ནམས་དར་རྒྱས་ལགས་ཀྱིས་ཉེ་ལམ་ལོ་ཤས་ནང་༸གོང་ས་མཆོག་བོད་དུ་གདན་ཞུ་ཐུབ་པ་བྱ་རྒྱུ་དེ་ནི་ཁོང་གི་ལས་དོན་གལ་ཆེ་ཤོས་སུ་ངོས་འཛིན་གནང་བཞིན་ཡོད་པ་མ་ཟད། ༧གོང་ས་མཆོག་བོད་དུ་གདན་ཞུ་ཐུབ་པ་བྱུང་ཚེ་བོད་ཀྱི་གནད་དོན་སེལ་ཐུབ་རྒྱུར་ཡིད་ཆེས་གནང་བཞིན་ཡོད་པའི་དགོས་འདུན་ཡང་ཡང་འདོན་བཞིན་ཡོད་འདུག དམ་པ་པ་ཁོང་གི་སྐུ་ཕུང་དེ་བཞིན་རེབ་གོང་དགོན་པའི་མདུན་དུ་སྒྲོལ་མ་ཐང་ཞེས་པ་དེར་ཞུགས་འབུལ་སྐབས་ས་གནས་བོད་མི་དང་གཞན་ཡང་ཉེ་འདབས་ཀྱི་ས་ཁུལ་བཅས་ནས་ཁྱོན་བོད་མི་ ༧༠༠༠ ཙམ་འདུ་འཛོམས་བྱུང་ཡོད། སྐབས་དེར་མཚོན་ཆ་ཐོགས་པའི་རྒྱ་མིའི་ཉེན་རྟོག་དམག་མི་དང་བོད་རིགས་དབར་དངོས་སུ་མདོང་ཐུག་བྱུང་ཡོད། འདུ་འཛོམས་ཆེན་པོ་དེ་འདྲ་དེ་སྔ་བྱུང་མྱོང་མེད། དེར་བརྟེན་རྒྱ་མིའི་ཉེན་རྟོག་དམག་མི་རྣམས་རེ་ཞིག་ཕྱིར་འཐེན་མ་བྱས་ཐབས་མེད་བྱུང་ཡང། དམག་མི་དང་དྲག་ཆས་ཉེན་རྟོག་མི་སྣ་མང་པོ་ཞིག་དགོན་པའི་མཐའ་སྐོར་དུ་གནས་བཞིན་དུ།
བྱང་ཨ་མེ་རི་ཀར་གནས་འཁོད་རྡ་ས་སྨན་རྩིས་ཁང་གི་སྨན་པ་དང་སྐར་རྩིས་པ་ཟུར་པ་རྣམས་ལ་འབོད་སྐུལ།
རྡ་ས་སྨན་རྩིས་ཁང་གི་དབུ་འཛིན་གསར་པ་ཚེ་རིང་བཀྲ་ཤིས་མཆོག་ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡ ནས་སྨན་རྩིས་ཁང་གི་དབུ་འཛིན་གྱི་ལས་འགན་རྩིས་ལེན་འགོ་འཛུགས་གནང་ཡོད་པ་ལྟར། ཁོང་གིས་ཉིན་ཤས་སྔོན་གསལ་བསྒྲགས་ཤིག་སྤེལ་ཏེ། རྡ་ས་སྨན་རྩིས་ཁང་གིས་བྱང་ཨ་མེ་རི་ཀར་གནས་འཁོད་རྡ་ས་སྨན་རྩིས་ཁང་གི་སྨན་པ་དང་སྐར་རྩིས་པ་ཟུར་པ་ཚོའི་མཉམ་དུ་བོད་ཀྱི་གསོ་དཔྱད་སྐར་རྩིས་ཀྱི་བྱ་གཞག་ཐད་ལས་དོན་མཉམ་སྒྲུབ་དང་ཕན་ཚུན་རོགས་རམ་གཞོགས་འདེགས་ཇི་ལྟར་བྱེད་འོས་བགྲོ་གླེང་བཞུགས་མོལ་གྱི་ཚོགས་འདུ་ཞིག་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༥ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཉིན་རྒྱབ་ཆུ་ཚོད་…
ངའི་ཕ་ཡུལ་གྱི་རང་སྲུང་།
ཐོར་རྒོད་པ་སྤྱན་ཆབ།
ངའི་ཕ་ཡུལ་ནི་གྲོང་ཚོ་ཆུང་ཆུང་ཞིག་ཡིན། ངའི་ཕ་ཡུལ་ནི་གླུ་སྐད་གཉོམ་པོ་ཞིག་ཡིན། མ་ཟད་ངའི་ཕ་ཡུལ་ལ་རྒྱ་ནག་གི་གཡོ་འཕྲུལ་དང་ལྗན་ལྗིན་གྱིས་ཁ་སྨེ་དང་བསླུ་བྲིད་མང་དུ་བྱས་ཡོད། དེ་ནི་དང་པོར་བོད་ནས་སྐྱེས་ཀྱང་ཁྱོད་རང་བོད་མི་མིན་རེད་ཟེར་བ་ལྟ་བུ་དང་། གཉིས་པ་ཀ་ཁ་བསླབས་ཀྱང་ཀྱང་ཁྱོད་ཀྱི་རང་སྐད་མ་རེད་ཟེར་བ་ལྟ་བུ་སོགས་ཀྱིས་དྲང་པོ་འཁྱོགས་བརྗོད་དང་དངོས་མ་རྫུན་ཚིག་ཏུ་གྲུབ་པའི་དབང་དང་བཀའ་ཆོས་མང་ནས་མང་དུ་བསྩལ་མོད་ཀྱང་།
