ཀླུ་སྨྱོན་ཧེ་རུ་ཀ

—གྲྭ་ས་ཁག་ཅིག་ནས་ཀུ་ཤུ་གློག་ཀླད་འགོག་པའི་ཚ་རླབས་འཕྱུར་བ་ཐོས་རྗེས།
སྔོན་བྱོན་མཁས་གྲུབ་དུ་མས་བཀའ་བསྒོས་ཏེ། །
བསྟན་པ་གཉེར་དུ་གཏད་པའི་ཆོས་སྐྱོང་ཚོགས། །
བསྟན་པའི་དགྲ་བོ་ཀུ་ཤུ་གློག་ཀླད་འདི། །
རྩ་མེད་གཙང་དག་བཟོ་བའི་འཕྲིན་ལས་མཛོད། །
ན་གཞོན་གྲྭ་རྒོད་དུ་མའི་ཀླད་པའི་ནང་། །
དེང་རབས་རིག་གསར་གད་སྙིགས་ཚོད་མེད་དུ། །
བྱོ་བའི་བསྟན་དགྲ་ཀུ་ཤུ་གློག་ཀླད་འདི། །
ལོ་དང་ཟླ་བར་མ་འཇོག་ཚར་ཆོད་ཅིག །
ལྷ་སར་དབྱིན་ཇིའི་སློབ་གྲ་ཐོར་བའི་བྱ་རིམ།
འཛམ་གླིང་དམག་ཆེན་གཉེས་པ་མཇུག་འགྲིལ་ལ་ཉེ་བའི་སྐབས་སུ་་་་སྔ་མེད་གསར་སྤྲོས་ཀྱིས་གྲོང་ཁྱེར་ལྷ་སར་དབྱིན་ཇིའི་སློབ་གྲ་ཞིག་འགོ་འཛུགས་བྱས། དུས་ཐུང་ཟླ་བ་ལྔ་ལས་མ་གནས་པར་ཐོར་ཞིག་ཏུ་སོང་བའི་བརྒྱུད་རིམ་ནས་་་་་་ ཐོག་མར་སྤྱི་ལོ་༡༩༤༤བོད་ཤིང་སྤྲེལ་ལོ་ལྷ་ས་བདེ་སྐྱིད་གླིང་ཁར་བཅའ་སྡོད་དབྱེན་ཇིའི་རྒྱལ་རྩེ་ཚོང་དོན་སྤྱི་ཁྱབ་པ་ རི་ཅར་སན་དང། དེ་རྗེས་འབྲས་སྤྱིའི་ལས་རོགས་ མེ་ཅར་ཤེ་རབ་གཉིས་ནས་བཀའ་ཤག་ཏུ་བསམ་འཆར་བཤད་དོན། དེང་སྐབས་འཛམ་གླིང་ནང་འགྲོ་ཁྱབ་ཆེ་ཤོས་དབྱིན་ཇིའི་སྐད་ཡིག་ཡིན་གཤིན། བོད་ཀྱི་ཆབ་སྲིད་དང། དམག་དོན། གློག་ལས། ས་གཏེར་སོགས་གང་ཅིའི་ཐད་རང་སྐྱ་འཕེར་བ་ཞིག་བྱེད་ཐུབ་པའི་ཆེད་དུ་བོད་རིགས་ཕྲུ་གུ་མང་ཙམ་ཞིག་ལ་དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་་་བྱས་ན་ཡག་པོ་ཡོད་ལུགས་བཤད་པ་རེད།
༸གོང་ས་མཆོག་ལ་ཕེབས་བསུའི་སྙན་དབྱངས།
སྣྲོན་ངག་ཁྲི།
ཀ་ཅིའི་མདངས་ལྡན་གངས་རིའི་མུ་འཁྱུད་འདྲ་བའི་མེ་ཏོག་ཙམ་པ་ཀ།།
ཁ་བའི་ལྗོངས་ཀྱི་མཁས་པའི་གཙུག་རྒྱན་ངུར་སྨྲིག་རྣམ་རོལ་རྗེ་ཙོང་ཁ།
ག་ལ་བ་དེར་ཉེ་བར་བྱོན་འདྲ་༸མཚུངས་མེད་༸རྒྱལ་དབང་སྐུའི་ཐུགས་ག།
ང་ཅག་གོ་ལའི་སྤྱི་ནོར་དམ་པར་འཕེབས་བསུའི་སྐལ་བཟང་ཐོབ་འདོད་ང།
དེང་རབས་བོད་ཀྱི་གཏམ་དཔེ།
ཨ་ཁུ་སྡེ་དཔོན།
ངས་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཉམས་མྱོང་ཡི་གེར་བཀོད་ནས་དེང་རབས་ཀྱི་གཏམ་དཔེ་ལྟ་བུ་གཉིས་གསུམ་ཞིག་བྲིས་ཡོད། ཁྱེད་རང་ལ་ཡང་འདི་ལྟའི་ཉམས་མྱོང་ཡོད་ངེས་ཅན་ཡིན་ན། རྩོམ་ཡིག་འདིའི་གཤམ་དུ་མཆན་གྱི་ཚུལ་དུ་བྲི་རོགས། དེ་ལྟར་བྱས་ན། ནམ་ཞིག་ལ་ང་ཚོས་བོད་ཀྱི་དེང་རབས་གཏམ་དཔེའམ། དེང་རབས་བོད་ཀྱི་གཏམ་དཔེ་ཕྱོགས་སྒྲིག་ཅིག་འདོན་ཐུབ་རྒྱུ་རེད།
རང་བཙན་ཆེད་བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་གསར་འཛུཊ།
ཁ་སང་གཟའ་ལྷག་པའི་ཉིན་དྷ་ས་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་རང་བཙན་ཚོགས་འདུ་ཞིག་ཚོགས་ཏེ། བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་འཛུགས་རྒྱུར་མོས་མཐུན་རྒྱབ་སྐྱོར་དང་། ལོ་རྗེས་མར་རང་བཙན་ཚོགས་ཆེན་འཚོགས་རྒྱུར་གོ་སྒྲིག་ཚོགས་ཆུང་ཞིག་ཀྱང་གསར་འཛུགས་གནང་སོང་། ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ནས་ཕྱི་དྲོ་ཆུ་ཚོད་ ༧ དང་ཕྱེད་ཀའི་བར། དྷ་ས་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་རང་བཙན་ཚོགས་འདུ་ཞིག་ཚོགས་སོང་ལ། ཚོགས་འདུའི་སྟེང་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་གྱིས་གཙོས། དགེ་བཤེས་སྨོན་ལམ་མཐར་ཕྱིན། དགེ་བཤེས་ནོར་བུ་ཚེ་རིང་།…
དེ་ལས་མང་བ་། “རང་བཙན་ཆེད་བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་གསར་འཛུཊ།” »
རེབ་གོང་། (འགྱུར་གསར་པ།)
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས།
སྙན་བཟང་གཡུང་དྲུང་ཚེ་རིང་གིས་བསྒྱུར།
རྒྱུས་མེད་ས་མཐའི་རྒྱུ་སྐར་འོག་ཏུ་ངལ་བའི་རྐང་འགྲོས་རབ་བཀོད་དེ།།
སྐྱེས་པའི་རེབ་གོང་ཕ་ཡུལ་ལམ་ཐག་དཔག་ཚད་བྱེ་བས་བསྐལ་པར་གྱུར།།
འོན་ཀྱང་པ་སངས་མིག་དམར་སྐར་མའི་འོད་ཀྱི་རྡུལ་ཕྲན་ཕུང་པོ་དག།
ས་ཡི་མུ་ཁྱུད་སྔོ་ལྗང་ལྡན་པ་རེབ་གོང་ཡུལ་ལ་ད་དུང་འགྱེད།།
བོད་ཡིན། འོད་ཡིན།༼གཞས་ཚིག་ཅིག༽
ཐོར་རྒོད་པ་སྤྱན་ཆབ།
མགོ་ནག་རྩམ་ཟན་བོད་ཡིན།།
བྱམས་དང་སྙིང་རྗེའི་འོད་ཡིན།།
ལག་ལེན་དང་སེམས་པ་མཐུན་ན།
ང་ཚོ་ཚང་མ་བོད་ཡིན། ང་ཚོ་ཚང་མ་འོད་ཡིན།
ཁྱོན་ནས་མི་དགའ།
ཐོར་རྒོད་པ་སྤྱན་ཆབ།
སེམས་གཅོང་དང་སེམས་ཁྲལ་གྱིས་སེམས་པ་ཟ་གྲབས་ལྡག་གྲབས་བྱེད་བཞིན་འདུག དེ་ཡང་། འདི་ག་རུ་རྒྱུ་འབྱོར་གྱི་འབོལ་གདན་བཏིངས་མེད་ན། འདི་ག་རུ་ངོ་སོ་ཡི་སྤྱན་ཤེལ་མནབས་མེད་ན་མིག་གིས་མཐོང་མཐོང་ལ་རང་ཉིད་ཀྱི་ཕ་མ་ཡིན་ཡང་གཡུགས་ནས་བུད་འགྲོ། རང་ཉིད་ཀྱི་ཉེ་དུ་ཡིན་ཡང་དོར་ནས་བུད་འགྲོ། དེ་བས་ན། ང་། སྤྱི་ཚོགས་འདིར་ཁྱོན་ནས་མི་དགའ། མདོར་བསྡུས་ན། ང་། རྡ་སའི་བོད་ལ་ཁྱོན་ནས་མི་དགའ་འོ།།
རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་ཞལ་ཆེམས་དོན་ཚན་ལྔ།
འདུ་ཤེས་ཀྱིས་བཏུས་པའི་ཚོར་སྣང་དམར་པོ།
མདའ་ཆབ་བྲག་པས།
ཕྱི་ལ་སླེབས་དུས་ནང་ལ་སེམས་པ་ཆགས།།
ནང་ལ་སྡོད་དུས་ཕྱི་ལ་སེམས་པ་ཤོར།།
ཕྱི་ནང་མཚམས་ཀྱི་སེམས་པ་དམར་པོ་འདི།།
འཁྲུག་པས་ལྷིང་འཇགས་དུས་ཤིག་ཡོད་མ་མཆིས།།
བཞིན་རས་དྭངས་མོ་ཁྲ་ཆུང་མིག་ལ་འཛུལ།།
སྙན་ཚིག་འཇམ་པོས་རྣ་བའི་བུ་ག་བཟུང་།།
རང་སྲེག་གཏོང་བ་ལས་ཟས་བཅད་ངོ་རྒོལ་ལ་ནུས་པ་ཆེ་བ་རེད།
རྟ་བདུན་དབང་པོ།
སྤྱིར་གོ་ལ་འདིའི་སྟེང་དུ་ཉིན་རེར་ཡང་རང་སྲོག་འདོར་མཁན་དུ་མ་ཞིག་མཆིས། ཕལ་མོ་ཆེ་དཔལ་འབྱོར་གྱི་དཀའ་ངལ་དང་ཕོ་མོའི་བརྩེ་གདུང་། གཉེན་སྒྲིག་དབང་མེད་དུ་བྱེད་དུ་བཅུག་པ་སོགས་ལ་བརྟེན་ནས་བྱུང་བ་རེད་སྙམ། ཡིན་ནའང་ཁོང་ཚོའི་རང་གི་སྡུག་བསྔལ་སེལ་བྱེད་ཀྱི་ཐབས་ལ་སྨོངས་ཏེ་ལམ་ཁ་དེ་བདམས་པ་རེད་མ་གཏོགས་ཐབས་ལམ་གཞན་མེད་པ་ག་ལ་ཡིན། དཔེར་ན་ཕ་མས་རང་གི་བུ་མོས་མི་འདོད་བཞིན་དུ་གཉེན་སྒྲིག་བཙན་གྱིས་བྱེད་དུ་བཅུག་པས་བུ་མོའི་རྣམ་དཔྱོད་ཀྱི་དབུ་རྨོངས་ཏེ་ཐབས་གཞན་འཚོལ་བ་ལས་རང་སྲོག་བཅད་པ་ཡིན་ན།
དེ་ལས་མང་བ་། “རང་སྲེག་གཏོང་བ་ལས་ཟས་བཅད་ངོ་རྒོལ་ལ་ནུས་པ་ཆེ་བ་རེད།” »
ཨ་མའི་བུ། གླིང་ཚ་ཚེ་བརྟན་རྡོ་རྗེ།
ཡིག་གཟུགས་འཕེལ་རིམ་དང་ཉེར་མཁོའི་ཤེས་བྱ།
མཁོ་འདོན་གནང་མཁནཿ ནང་ཆེན་བཀྲ་ཤིས།
ཡིག་གཟུགས་ཀྱི་འཕེལ་རིམ།
༄༅། གངས་ལྗོངས་ཡི་གེའི་སྣང་བྱེད་ཐོན་མི་སམ་བྷོ་ཊ་མཆོག་གིས་རྒྱལ་པོའི་བཀའ་བཞིན་ཐུགས་བསྐྱེད་ཀྱི་གོ་ཆ་གྱོན། སྙིང་སྟོབས་ཀྱིས་རི་བོ་ཕྲག་ཏུ་བླང་། དཀའ་ཀྱོག་གི་འཕྲང་ཆེན་དུ་མ་བརྒལ་ཏེ། དུས་རབས་བདུན་པ་ཕྱི་ལོ། ༦༣༣ ལོར་རྒྱ་གར་ལ་བཞུད་ཏེ། འཕགས་ཡུལ་གྱི་མཁས་པ་བྲམ་ཟེ་ལི་བྱིན་སོགས་ཀྱི་མདུན་ཡིག་རིགས་དུ་མར་སྦྱང་བརྩོན་གནང་བ་མ་ཟད། མཐར་བོད་རང་གི་སྐད་གཤིས་དང་མཐུན་པའི་ཡི་གེ་འཐུས་སྒོ་ཇེ་ཚང་དུ་བཏང་བའི་མ་ཕྱི་ནི། ཞང་ཞུང་སྨར་ཡིག་དང་། འཕགས་ཡུལ་གྱི་གུཔཏ། ལཉཇ༹། ཝརྟུ་སོགས་བཤད་སྲོལ་མང་དག་ཡོད་ཀྱང་། ཕྱོགས་ཡོངས་ནས་ལེགས་བསྡུས་གནང་ཡོད་པ་སྨོས་མེད་སྙམ་མོ༎
གླིང་ཚ། དངོས་དོན་གྱི་དཔའ་བོ། ༼གཞས་ཚིག༽
འབའ་སྲས།
གླིང་ཚ། གླིང་ཚ། དཔའ་བོ་ཚེ་བརྟན་རྡོ་རྗེ།
མུན་པའི་སྨག་དང་བསྡོངས་ནས།
རྒྱང་རིང་ཡུལ་ལ་ཆས་སོང་།
ཁྱེད་ཀྱི་རྐང་རྗེས་རེ་རེ།
ཉི་མའི་འོད་ཟེར་རེ་རེ།།
སྨུག་སྤྲིན་ལས་བསུས་པའི་མཛའ་བོ།
སྨུག་སྤྲིན་ལས་ནི་སྦྲང་ཆར་དང་།།
སྦྲང་ཆར་ལས་ནི་ལྗང་མདོག་གི།
ཚེ་སྲོག་ལ་ནི་འཛུམ་པ་རྒྱས།།
ནོར་འཛིན་ལ་ནི་སྣུམ་པ་བྱིན།།
རྟ་བདུན་ལས་ནི་འོད་སྣང་དང་།།
༼བོན་སྒོ༽དུས་དེབ་འདོན་ཐེངས་ ༢༣ པ་དཔར་འགྲེམས།
ཁ་བརྡ་དྲ་བ་ཁྱོད་ཀྱི་གསང་སྤྱོད་མིན།
འབའ་སྲས།
ཁ་བརྡའི་རྩོམ་ཡིག་བཀླགས་ནས་ཡུན་རིང་འགོར།།
ཁ་བརྡར་སྙན་ངག་བསྐུར་ནས་ལོ་གཅིག་འདས།།
ཁ་བརྡར་མཆན་ཡིག་བཀོད་ནས་ཟླ་མང་ཕྱིན།།
ཁ་སྒང་བསམ་གཏན་ཁ་བརྡར་ཞེ་འདང་ཆེ།།
གངས་རིའི་དཔལ་རྟུལ་ཚོ།
ཨ་རིག་འགྱུར་མེད་ཀྱིས་ངོ་སྤྲོད་གནང་།
ཁ་བརྡ་ཀློག་མཁན་མང་ཤོས་ཀྱི་རྒྱལ་ཁབ་བཅུ།
གཤམ་གསལ་ནི་ ཕྱི་ཟླ་ ༥ ཚེས་ ༢༦ ནས་ ཕྱི་ཟླ་ ༦ ཚེས་ ༢༥ བར་གྱི་ཟླ་གཅིག་རིང་ཁ་བརྡ་ཀློག་མཁན་རྣམས་གང་ནས་ཕེབས་པའི་རེའུ་མིག་དེ་རེད། རྒྱལ་ཁབ། ཕེབས་གྲངས། ཀློག་ཡུན། རྒྱ་གར།…
དགེ་བཅུའི་ལུགས་སྲོལ་གྱི་དངོས་ཡོད་དགེ་མཚན། །
ཁམས་གསེར་རྟ་བ་ཡེ་ཤེས་དོན་རྟོགས་ཀྱིས་བརྩམས། རྫ་ཚེ་རིང་བཀྲ ་ཤིས་ཀྱིས་འོས་སྦྱོར་བྱས།
༡༽ སྒོ་ཕྱུགས་བཤས་འཚོང་གི་མཇུག་འབྲས།
སྤྱིར་བོད་གངས་ཅན་གྱི་ལྗོངས་འདིར་རོང་འབྲི་དྲུག་གི་ཞིང་ས་དང་། འབྲོག་རྟ་ནོར་ལུག་སུམ་གྱི་འཚོ་བ་བཅས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མའི་རིང་འཚོ་བ་བསྐྱལ་བ་ཞིག་ཡིན་མོད། ད་ལྟའི་ཆར་འབྲོག་པ་རྣམས་ལ་བསམ་ན། རྟ་ནོར་ལུག་གསུམ་བཙོངས་ནས་ལོ་རེ་བས་ལོ་རེ་ཇེ་ཉུང་དུ་འགྱུར་བཞིན་པ་མཐོང་ཆོས་རེད། འདི་ལྟར་རང་གར་བཞག་ན་ང་ཚོ་བོད་ཡུལ་གྱི་ནོར་ལུག་ཐམས་ཅད་ཟད་ནས་མ་འོངས་པར་འུ་ཅག་ལ་ནང་ན་རིག་གནས་ཞན། ཕྱི་ན་ནོར་ལུག་ཟད་དེ། ཐམས་ཅད་ཅི་ཡང་མེད་པར་འགྱུར་ཞིང་། བོད་ཅེས་པའི་རིག་གནས་དང་སྲོལ་རྒྱུན་ཐམས་ཅད་ཀྱང་ནུབ་པར་འགྱུར།
དེ་ལས་མང་བ་། “དགེ་བཅུའི་ལུགས་སྲོལ་གྱི་དངོས་ཡོད་དགེ་མཚན། །” »

