Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མདོ་བླ་བྲང་བསང་ཁོག་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་ཚེ་དཔག་སྐྱབས་ཀྱི་སྐོར་གནས་ཚུལ་དང་པར་ཡོད།

Posted on 2012-10-262012-10-26 By ཁ་བརྡ་ 11 Comments on ཨ་མདོ་བླ་བྲང་བསང་ཁོག་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་ཚེ་དཔག་སྐྱབས་ཀྱི་སྐོར་གནས་ཚུལ་དང་པར་ཡོད།

གནས་ཚུལ་མཁོ་འདོན་པཿ བསོད་ནམས།

འབྲེལ་ཡོད་མི་སྣ་བརྒྱུད་གནས་ཚུལ་ཁུངས་ལྡན་འབྱོར་གསལ་ལྟར། ༢༠༡༢ ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༢༦ ཉིན་བོད་ནང་གི་ཆུ་ཚོད་ ༧ པ་མ་ཟིན་ཙམ་ལ་རང་ཁྱིམ་ནས་སྦག་སྦག་གམ་འཕྲུལ་རྟ་ཞོན་ཏེ་ལམ་ལ་ཆས་ནས་བླ་བྲང་བསང་ཁོག་ཞང་གི་སྲང་ལམ་དུ་དཔའ་བོ་ཚེ་དཔག་སྐྱབས་སམ་གཅེས་མིང་ལ་༼ཚེ་བྷ༽ལགས་ཀྱིས་༼༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་བྱེད་དུ་འཇུག་དགོས། པཎ་ཆེན་ཆུང་སྲིད་རིན་པོ་མཆོག་གི་གཙོས་ཆབ་སྲིད་བཙོན་མ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས།༽ ཞེས་

དེ་ལས་མང་བ་། “ཨ་མདོ་བླ་བྲང་བསང་ཁོག་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་ཚེ་དཔག་སྐྱབས་ཀྱི་སྐོར་གནས་ཚུལ་དང་པར་ཡོད།” »

གསར་འགྱུར།

ཕྱིར་མིག་ཐེངས་གཅིག།

Posted on 2012-10-26 By ཁ་བརྡ་ 2 Comments on ཕྱིར་མིག་ཐེངས་གཅིག།

སོག་མདའ་ནས།

ལང་ཚོ་རྒས་གཉེར་རི་ནས་སད་པའི་ཕྱི་མིག་ཅིག་གི་སོ་ཁ་ནས།།
ཚོར་འདུ་ཟབ་མོ་སློག་སློག་འཕྱུར་བའི་སེམས་ཁོང་སྙི་མོས་ཁུགས་སོ་ན།།
རི་ཆུའི་རི་མོ་མིག་ལ་ཤར་དུས་གློ་མཆིན་སྙིང་རྩ་དྲོད་ཀྱི་ཁེངས།།
བསམས་གཞིགས་རྣལ་མའི་མདའ་འཕྲིན་ཕྲ་མོ་ཕ་ཁྱིམ་དྲོན་མོའི་དབྱིངས་སུ་འཐིམས།།

དེ་ལས་མང་བ་། “ཕྱིར་མིག་ཐེངས་གཅིག།” »

སྙན་ངག

གལ་ཆེའི་འབོད་བསྐུལ།

Posted on 2012-10-26 By ཁ་བརྡ་ 42 Comments on གལ་ཆེའི་འབོད་བསྐུལ།

རིག་པའི་རྡོ་རྗེ།

ཕྱི་རྒྱལ་རང་དབང་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་གངས་ཅན་སྐྱེ་འགྲོ་ཀུན་གྱིས་གསོན་ཅིག ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ཕྱི་ལོ་ ༢༠༡༢ པའི་ཟླ་ ༡༠ ཚེས་ ༢༦ སྟེ་དེ་རིང་གི་བར། བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་དྲུག་ཅུ་རེ་དྲུག་གིས། འཇིག་རྟེན་ན་གཅེས་པའི་ཚེ་སྲོག་དྲོན་མོ་ང་ཚོའི་ཆེད་དུ་གསོན་བསྲེགས་བཏང་ནས་གཏན་དུ་བཤེགས་ཟིན། འདིའི་ནང་ན་དགོན་བདག་གི་བླ་མ་ཡོད་རེད། དགོན་པའི་མཁན་སྤྲུལ་ཡོད་རེད། གྲྭ་བཙུན་དཀྱུས་མ་ཡོད་རེད། ད་དུང་གཅེས་པའི་བུ་ཕྲུག་གི་ཕ་མ་ཡོད་རེད།

དེ་ལས་མང་བ་། “གལ་ཆེའི་འབོད་བསྐུལ།” »

སྣ་ཚོགས།

༼ མིག་ཆུ་འདིར་རིན་ཐང་མི་འདུག༽འོད་ལ་ཐིམ་ཟིན་པའི་དཔའ་བོ་དཔའ་མོ་དག་ལ།

Posted on 2012-10-26 By ཁ་བརྡ་ No Comments on ༼ མིག་ཆུ་འདིར་རིན་ཐང་མི་འདུག༽འོད་ལ་ཐིམ་ཟིན་པའི་དཔའ་བོ་དཔའ་མོ་དག་ལ།

རྡོ་མེ་འབུད།

ཁྱེད་ཅག་གིས།
རང་ཚུགས་དང་སྤོབས་པ་ཡོད་ཚད།
ཤ་ཁྲག་རུས་གསུམ་དང་བསྡོངས་ནས།
འོད་དུ་སྒྲོན་དུས།
ངའི་མིག་ཆུ་ལ་རིན་ཐང་མེད་པ་ཤེས་ཡོད།

དེ་ལས་མང་བ་། “༼ མིག་ཆུ་འདིར་རིན་ཐང་མི་འདུག༽འོད་ལ་ཐིམ་ཟིན་པའི་དཔའ་བོ་དཔའ་མོ་དག་ལ།” »

སྙན་ངག

དེ་རིང་མདོ་སྨད་བསང་ཁོག་དང་མདོ་སྟོད་འབྲི་རུར་རང་ལུས་མེར་བསྲེག་གནས་ཚུལ།

Posted on 2012-10-26 By ཁ་བརྡ་ 8 Comments on དེ་རིང་མདོ་སྨད་བསང་ཁོག་དང་མདོ་སྟོད་འབྲི་རུར་རང་ལུས་མེར་བསྲེག་གནས་ཚུལ།

༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽

དེ་རིང་ཕྱི་དྲོ་བསང་ཆུ་རྫོང་བསང་ཁོག་ཞང་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག

འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༨ ཙམ་ལ་མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཞང་། གསེར་ཁྲི་སྡེ་བའི་མགོན་པོ་སྐྱབས་ཚང་གི་མག་པ་རང་ལོ་ ༢༡ ཡིན་པའི་ཚེ་འཕཊ་སྐྱབས་ལགས་ཀྱིས། བསང་ཁོག་ཞང་ཀུང་ཧྲེ་རྙིང་པའི་རླངས་འཁོར་འབབ་ཚིགས་སུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག སྐུ་གྲོངས་རྗེས་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་གསེར་ཁྲི་སྡེ་བའི་ནང་གདན་ཞུ་གནང་འདུག

དེ་ལས་མང་བ་། “དེ་རིང་མདོ་སྨད་བསང་ཁོག་དང་མདོ་སྟོད་འབྲི་རུར་རང་ལུས་མེར་བསྲེག་གནས་ཚུལ།” »

གསར་འགྱུར།

ནོར་གླིང་དུ་རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ཆེད་མཆོད་འབུལ་སྨོན་ལམ་འཚོགས་པ།

Posted on 2012-10-262012-10-26 By ཁ་བརྡ་ 1 Comment on ནོར་གླིང་དུ་རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ཆེད་མཆོད་འབུལ་སྨོན་ལམ་འཚོགས་པ།

ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་དེ་རིང་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་སྐེད་སྡེ་བ་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ལགས་ཀྱིས་བོད་རང་དབང་གི་ཆེད་དུ་ལུས་སྲོག་མེ་རུ་བསྒྲོན་པ་དེ་ཉིད་ཀྱིས་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཞིག་བཀོད་སྒྲིག་ཞུས་

དེ་ལས་མང་བ་། “ནོར་གླིང་དུ་རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ཆེད་མཆོད་འབུལ་སྨོན་ལམ་འཚོགས་པ།” »

གསར་འགྱུར།

མདོ་སྨད་ཨ་མཆོག་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ།

Posted on 2012-10-262012-10-26 By ཁ་བརྡ་ 8 Comments on མདོ་སྨད་ཨ་མཆོག་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ།

༼མདོ་སྨད་དབུས་རྒྱུན་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། དེ་རིང་སྟེ་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༢:༣༠ ཡས་མས་སུ་བོད་མདོ་སྨད་བསང་ཆུ་རྫོང་ཏུ་ཡུལ་ཚོ་བཅོ་ལྔ་ཡོད་པའི་ནང་གསེས་ཨ་མཆོག་ཡུལ་ཚོའི་ཁྲིམས་ཁང་གི་མདུན་དུ། རང་ལོ་ ༢༤ ཡས་མས་ཡིན་པའི་རྒྱལ་གཅེས་དཔའ་བོ་སོན་པ་ལྷ་མོ་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག

དེ་ལས་མང་བ་། “མདོ་སྨད་ཨ་མཆོག་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ།” »

གསར་འགྱུར།

བོད་ཀྱི་བུད་མེད་མི་རབས་གསར་པའི་ཁྲོད་ཀྱི་ལོ་ཚད་རིང་ཤོས་བཙོན་ཁང་ལ་བཞུགས་མྱོང་མཁན་ཞུམ་མེད་དཔའ་མོ་མཆོག

Posted on 2012-10-262012-10-26 By ཁ་བརྡ་ 11 Comments on བོད་ཀྱི་བུད་མེད་མི་རབས་གསར་པའི་ཁྲོད་ཀྱི་ལོ་ཚད་རིང་ཤོས་བཙོན་ཁང་ལ་བཞུགས་མྱོང་མཁན་ཞུམ་མེད་དཔའ་མོ་མཆོག

ངས་པོ་རྒྱལ་མཚན།

གྲ་བཞི་བཙོན་ཁང་ནང་བོད་རང་བཙན་གྱི་གླུ་གཞས་སྒྲ་འཇུགགནང་མཁན་གྱི་བཙུན་མ་བཅུ་བཞིའི་ནང་གི་ལོ་ཚད་མཐོ་ཤོས་གྲས་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་ཞུམ་མེད་དཔའ་མོ་ཕུན་ཚོགས་ཉི་སྒྲོལ་ལགས་ནི་འཕན་པོ་རིག་པའི་འབྱུང་གནས་སུ་སྐྱེད་ཆེད་བཀྲ་ཤིས་དབང་པོ་དང་སྐྱེད་མ་དཔལ་སྐྱིད་སྒྲོལ་མ་གཉིས་ཀྱི་བུ་མོར་སྤྱི་ལོ་ ༡༩༧༠ ལོར་སྐུ་འཁྲུངས། ཁོང་ལ་སྤུན་མཆེད་གཅེན་པོ་གཅིག་དང་། གཅེན་མོ་གཅིག གཅུང་པོ་གཅིག གཅུང་མོ་གཉིས་བཅས་ཡོད།

དེ་ལས་མང་བ་། “བོད་ཀྱི་བུད་མེད་མི་རབས་གསར་པའི་ཁྲོད་ཀྱི་ལོ་ཚད་རིང་ཤོས་བཙོན་ཁང་ལ་བཞུགས་མྱོང་མཁན་ཞུམ་མེད་དཔའ་མོ་མཆོག” »

ལོ་རྒྱུས།

ཡང་རང་ལུས་མེར་སྲེག་བཏང་འདུག

Posted on 2012-10-262012-10-26 By ཤར་ཕྱོགས་ཁུག་རྟ། 15 Comments on ཡང་རང་ལུས་མེར་སྲེག་བཏང་འདུག

༄༅།། རྩོམ་པ་པོ་ལྷ་ཆབ་སྦྱིན་པ་ལགས་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་སྤྱི་ཚེས༢༦ ཉིན་གྱི་ཉིན་གུང་ཆུ་ཚོད༢ སྐར༣༠ ཡས་མས་ཙམ་དུ་ཨ་མཆོག་ཡུལ་ཚོའི་དམག་ཁང་དང་ཁྲིམས་ཁང་གི་མདུན་ཐད་ནས་ཨ་མཆོག་སྐེད་སྡེ་བའི་ཕ་རྣམ་ཕྱུག་ཚེ་རིང་ལོ༤༩དང་མ་གཟུངས་འདུས་སྐྱིད་ལོ༥༠གཉིས་ཀྱི་བུ་རང་ལོ༢༤ སོན་པ་ལྷ་མོ་ཚེ་བརྟན་གྱིས་མེ་མཆོད་ཕུལ་འདུག ཁོང་གི་བཟའ་ཟླའི་མིང་ལ་ཚེ་རིང་ལྷ་མོ་དང་ལོ༢ སོན་པའི་བུ་མོ་སྙིང་མོ་སྐྱིད་བཅས་ཡོད།

གསར་འགྱུར།

ངས་བལྟས་ན་ཁྱོད་ལ་གཅིག་དགོས་འདུག

Posted on 2012-10-252012-10-25 By ཁ་བརྡ་ 57 Comments on ངས་བལྟས་ན་ཁྱོད་ལ་གཅིག་དགོས་འདུག

དོལ་སྨྱོན།
— སློབ་གླིང་གི་བུ་མོ་ཞིག་ལ་ཕུལ།

ངས་བལྟས་ན་ཁྱོད་ལ་གཅིག་དགོས་འདུག
དགོས་པས་མི་ཚད་ཕྱི་གྲབས་འདུག

ཕྱི་རོལ་ན་འབུས་པའི་རྩི་ཤིང་དང་ལྗང་བུ་དག་ལའང་།
དུས་དང་དུས་སུ་ཆར་ཆུ་དག་ངེས་པར་དུ་དགོས་ན།
ཁྱོད་་་ གཞོན་ནུ་ཤ་དར་ཁྲག་དར་ཞིག་ལ་སྨོས་ཅི་དགོས།

དེ་ལས་མང་བ་། “ངས་བལྟས་ན་ཁྱོད་ལ་གཅིག་དགོས་འདུག” »

སྙན་ངག

བླ་སྤྲུལ་མིན་ན་གཙོ་བོ་མིན།

Posted on 2012-10-252012-10-25 By ཁ་བརྡ་ 5 Comments on བླ་སྤྲུལ་མིན་ན་གཙོ་བོ་མིན།

རྔ་བ་བརྒྱད་གསུམ་གཅིག་དྲུག

དགེ་ལྡན་གཙུག་ལག་སློབ་གཉེར་ཁང་*གི་ཡིད་འོངས་ཁྱམས་རའི་མཐའ་འཁོབ་དུ།།
ཨ་གར་དང་ནི་ཙན་དན་སོགས་ཀྱི་དྲི་ཞིམ་མངར་མོའི་དུ་བསང་ལྡིང་།།
རྨ་བྱ་གཙོས་པའི་འཇོལ་མོའི་ཁྱུ་ཡིས་སྤྲོ་སེམས་ངོམ་བཞིན་གཤོག་རྩལ་འགྲན།།
བཅོས་མིན་དགའ་སེམས་གང་བའི་འཇོལ་མོར་ལྟ་བཞིན་ལྟ་བཞིན་འདི་ལྟར་དྲན།།

དེ་ལས་མང་བ་། “བླ་སྤྲུལ་མིན་ན་གཙོ་བོ་མིན།” »

སྙན་ངག

བདེན་པའི་མེ་ལྕེ་ཨོ་སི་ཏྲི་རི་ཡའི་ནང་འབྱོར་བ།

Posted on 2012-10-252012-10-25 By ཁ་བརྡ་ 1 Comment on བདེན་པའི་མེ་ལྕེ་ཨོ་སི་ཏྲི་རི་ཡའི་ནང་འབྱོར་བ།

གནས་ཚུམ་མཁོ་གཏོང་བཿ སྐྱ་མདའ།

ཡུ་རོབ་ནང་གི་བདེན་པའི་མེ་ལྕེ་སྐོར་བསྐྱོད། ཡོ་རོབ་ཀྱི་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་གྱིས་གཙོ་འགན་བཞེས་ཏེ། ཐོག་མར་སི་པན་ནང་ནས་སྐོར་བསྐྱོད་བྱས་ནས་ད་བར་ཟླ་ངོ་གཉིས་ལྷག་ཙམ་འགོར་གྱི་ཡོད། དེ་རིང་བར་ཡོ་རོབ་ཀྱི་རྒྱལ་ཁབ་ཉི་ཤུ་ཙམ་ནང་སྐོར་བསྐྱོད་གནང་ཡོད། འདི་ཟླའི་ཚེས་༢༣ ཉིན་དབུས་ཡུ་རོབ་ཀྱི་རྒྱལ་ཁབ་ཨི་སི་ཏྲི་རི་ཡའི་རྒྱལ་ས་ཝིན་ནང་འབྱོར། ཁུལ་དེའི་བོད་རིགས་མཐུན་ཚོགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་མཉམ་རུབ་ཐོག ཕེབས་བསུ་ཟབ་རྒྱས་ཞུས།

དེ་ལས་མང་བ་། “བདེན་པའི་མེ་ལྕེ་ཨོ་སི་ཏྲི་རི་ཡའི་ནང་འབྱོར་བ།” »

གསར་འགྱུར།

ལས་ཀྱིས་བསྐོས་པའི་སྐྱ་ཡ།

Posted on 2012-10-252012-10-25 By ཁ་བརྡ་ 6 Comments on ལས་ཀྱིས་བསྐོས་པའི་སྐྱ་ཡ།

སོག་མདའ།

རྡ་སའི་རི་གྲོང་ཆུང་ཆུང་དེ་ནས་ངེད་གཉིས་ཐུག་པའི་ཉིན་མོ་ལ།།
ཁྱེད་དང་ང་ལ་ལས་འཕྲོ་ཡོད་པའི་ལས་དབང་ངེད་གཉིས་མ་མཁྱེན་ཀྱང་།།
འཛིན་གྲྭའི་ཁང་མིག་གྲུ་བཞི་དེ་ནས་དགེ་སློབ་གྱུར་པའི་བར་གསེང་ནས།།
ཁྱེད་ཀྱི་ཡིད་སེམས་ང་ལ་ཤོར་བའི་སྙན་ངག་ཅིག་གི་མགོ་བརྗོད་བྲིས།།
དུས་བཞིའི་བར་ཐག་འཁྱུག་ཙམ་བཞུད་པའི་ལོ་ཟླའི་ཕྲེང་བའི་བརྒྱུད་རིམ་ནས།།
ངེད་གཉིས་དགེ་སློབ་འབྲེལ་བ་ཙམ་ལས་བརྩེ་བའི་འཚོ་བ་ཅི་ཡང་དབེན།།

དེ་ལས་མང་བ་། “ལས་ཀྱིས་བསྐོས་པའི་སྐྱ་ཡ།” »

རྩོམ་རིག

ཧོའུ་ཡིས་ཀན་ལྷོའི་འགོ་གཙོ་ལ་རྒྱ་སྒོར་ཁྲི་༢༠བྱ་དགའ་སྤྲད་འདུག

Posted on 2012-10-252012-10-25 By ཁ་བརྡ་ 3 Comments on ཧོའུ་ཡིས་ཀན་ལྷོའི་འགོ་གཙོ་ལ་རྒྱ་སྒོར་ཁྲི་༢༠བྱ་དགའ་སྤྲད་འདུག

ནམ་མཁའ།

ཧོའུ་ཅིན་ཐའོ་ཡིས་ལག་ཏུ་མེ་མདའ་བཟུང་སྟེ། ལོ་ངོ་བཅུ་ཡི་རིང་མི་རིགས་འཆམ་མཐུན་གྱི་ཁྱབ་བསྒྲགས་བྱས་ཡོད། མི་རིགས་འཆམ་མཐུན་བྱེད་འདོད་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་མི་རིགས་ལྔ་བཅུ་ང་གཉིས་ལ་ཡོད། དེའི་རྒྱུ་མཚན་ནི་མི་ཞིག་ཡིན་པའི་ཆ་ནས་འགྲིག་མཐུན་དང་ཞི་བདེ་ལ་མི་དགའ་བ་དཀོན་པོ་ཡིན་པའི་རྟགས་རེད། ཡིན་ཡང་འཆམ་མཐུན་བྱེད་པ་ལ་མི་རིགས་ཕན་ཚུན་དང་འགོ་ཁྲིད་ནང་ཁུལ་ཕན་ཚུན་ལ་ཡིད་ཆེས་ཡོད་དགོས་བ་འདི་རྩ་བ་རེད། འགོ་ཁྲིད་ནང་ཁུལ་ཡང་ཡིད་ཆེས་མེད་ཚེ་མི་དམངས་ཀྱིས་ཡིད་ཆེས་བྱེད་ས་དང་འཆམ་མཐུན་ཡོང་སའི་རྩ་བ་མེད་པར་གྱུར་ཡོད།

དེ་ལས་མང་བ་། “ཧོའུ་ཡིས་ཀན་ལྷོའི་འགོ་གཙོ་ལ་རྒྱ་སྒོར་ཁྲི་༢༠བྱ་དགའ་སྤྲད་འདུག” »

སྣ་ཚོགས།

ངས་ཁྱེད་ཚོར་མྱ་ངན་བྱེད་ཀྱིན་ཡོད།

Posted on 2012-10-242012-10-25 By ཁ་བརྡ་ 36 Comments on ངས་ཁྱེད་ཚོར་མྱ་ངན་བྱེད་ཀྱིན་ཡོད།

རེབ་ཐོག་མདའ།

དབུས་ཀྱི་ཕོ་བྲང་གི་བདག་པོ་བོར་ནས།།
ལོ་ཟླ་ནག་པོ་ཞིག་ག་ལེར་བགྲོད་དུས།།
ཨ་མདོ་ཁམས་པ་ཡི་ཕུ་ནུ་མིང་སྲིང་།།
སྐུ་ལུས་མར་མེ་ལ་ཡང་ཡང་སྒྲོན་གི།།

དེ་ལས་མང་བ་། “ངས་ཁྱེད་ཚོར་མྱ་ངན་བྱེད་ཀྱིན་ཡོད།” »

སྙན་ངག

སྐུ་གཤེགས་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་ཝར་ཎར་མཆོད་འབུལ་སྨོན་ལམ།

Posted on 2012-10-242012-10-24 By ཁ་བརྡ་ No Comments on སྐུ་གཤེགས་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་ཝར་ཎར་མཆོད་འབུལ་སྨོན་ལམ།

གནས་ཚུལ་མཁོ་གཏོང་བ། ཨ་རིག་དགེ་མཐོང་། དེ་རིང་སྤྱི་ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འཛིན་སྐྱོང་བསྟི་གནས་ཁང་ཝཪ་ཎ་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་དུ་གྲྭ་ཚང་ཁག་དྲུག་གི་འཐུས་ཚབ་དགེ་འདུན་པ་རེ་རྒྱུན་བཞུགས་ཡོད་པ་དེས། སྐུ་གཤེགས་རྡོ་རྗེ་རིན་ཆེན་གཙོས་བོད་ནང་དུ་མེ་བསྲེགས་བཏང་བའི་དཔའ་བོ་དཔའ་མོ་ཚོའི་ཆེད་དུ། ཝཪ་ཎའི་མཆོད་རྟེན་ཆེན་མོའི་མདུན་དུ་མར་མེ་དང་མཆོད་འབུལ་གནང་། ཞིབ་རྒྱས་གཤམ་གྱི་འབྲེལ་ཐག་འདིར་གཟིགས། སྐུ་གཤེགས་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་ཝར་ཎར་མཆོད་འབུལ་སྨོན་ལམ།

གསར་འགྱུར།

སྐུ་གཤེགས་དཔའ་བོ་དཔའ་མོར་སྙིང་ནས་འདུད།

Posted on 2012-10-242012-10-24 By ཁ་བརྡ་ 4 Comments on སྐུ་གཤེགས་དཔའ་བོ་དཔའ་མོར་སྙིང་ནས་འདུད།

གཞས་པ་ཕུལ་བྱུང་གི་གླུ་གཞས་གསར་བ་༼སྙིང་ནས་འདུད༽ལ་གསན་གཟིགས་ཞུ།

གླུ་གཞས།

དེ་རིང་གི་བླ་བྲང་ས་གནས་ཀྱི་པར་རིས་གསར་འགྱུར།

Posted on 2012-10-242012-10-24 By ཁ་བརྡ་ 1 Comment on དེ་རིང་གི་བླ་བྲང་ས་གནས་ཀྱི་པར་རིས་གསར་འགྱུར།

གནས་ཚུལ་མཁོ་གཏོང་བ། བསོད་ནམས།

བསྡོམས་པས་དེ་རིང་སྨོན་ལམ་གསུང་བར་ཕེབས་མཁན་བླ་བྲང་དགོན་པའི་དགེ་འདུན་པ་ཆིག་སྟོང་སུམ་བརྒྱ་ལྷག་ཡོད་འདུག

སྐུ་གཤེགས་རྡོ་རྗེ་རིན་ཆེན།

དེ་ལས་མང་བ་། “དེ་རིང་གི་བླ་བྲང་ས་གནས་ཀྱི་པར་རིས་གསར་འགྱུར།” »

གསར་འགྱུར།

ཉིན་མཚན་དེ་དག་དང་འདི་དག

Posted on 2012-10-24 By ཁ་བརྡ་ 3 Comments on ཉིན་མཚན་དེ་དག་དང་འདི་དག

གཅན་འོད་འབར།

སུ་ལ་ཡང་འབྲེལ་འདྲིས་མ་བྱས་པའི་ཉིན་མོ་དེ་དག
མིག་ཆུ་གཙང་བོར་བཞུད་པའི་དུས་ཡིན།
གང་གིས་ཀྱང་ཁ་ཡ་མ་བྱས་པའི་མཚན་མོ་དེ་དག
ཤུ་རིང་རླུང་དུ་བསྐྱོད་པའི་དུས་ཡིན།
ཤ་ཁྲག་རུས་གསུམ་འཁྱག་ལ་འབྱར་པའི་ཉིན་མོ།
སྐྱོ་བའི་གདུང་བ་དབྱངས་སུ་བཀུག་པའི་མཚན་མོ།

དེ་ལས་མང་བ་། “ཉིན་མཚན་དེ་དག་དང་འདི་དག” »

སྙན་ངག

རྒྱལ་གཅེས་དཔའ་བོ་རྡོ་རྗེ་རིན་ཆེན་གྱི་སྐུ་ཕུང་ཁྱིམ་དུ་གདན་ཞུའི་སྐབས་ཀྱི་གནས་ཚུལ། ༼པར༽

Posted on 2012-10-24 By ཁ་བརྡ་ 3 Comments on རྒྱལ་གཅེས་དཔའ་བོ་རྡོ་རྗེ་རིན་ཆེན་གྱི་སྐུ་ཕུང་ཁྱིམ་དུ་གདན་ཞུའི་སྐབས་ཀྱི་གནས་ཚུལ། ༼པར༽

གནས་ཚུལ་མཁོ་གཏོང་བཿ བསོད་ནམས།

དེ་ལས་མང་བ་། “རྒྱལ་གཅེས་དཔའ་བོ་རྡོ་རྗེ་རིན་ཆེན་གྱི་སྐུ་ཕུང་ཁྱིམ་དུ་གདན་ཞུའི་སྐབས་ཀྱི་གནས་ཚུལ། ༼པར༽” »

གསར་འགྱུར།

Posts pagination

Previous 1 … 542 543 544 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme