Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་ཆེན་ཐའེ་ཝན་དུ་འཚོགས་གཏན་ཁེལ་བའི་གསལ་བརྡ།

Posted on 2013-02-012013-02-01 By ཁ་བརྡ་ 17 Comments on རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་ཆེན་ཐའེ་ཝན་དུ་འཚོགས་གཏན་ཁེལ་བའི་གསལ་བརྡ།

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ལྷོ་རྒྱ་བོད་གསུམ་གྱི་བགྲོ་གླེང་ཚོགས་འདུ་དེ་སྤྱི་ཟླ་གསུམ་པའི་ཚེས་སུམ་ཅུ་དང་སོ་གཅིག་སྟེ་ཉིན་གཉིས་ཀྱི་རིང་ཐའེ་ཝན་དུ་འཚོགས་རྒྱུ།

སྤྱིར་ད་ལྟའི་དུས་འདིར་ཕྱོགས་གཅིག་ནས་བོད་བརྒྱུད་ནང་བསྟན་འདི་དར་རྒྱས་ལེགས་པོ་ཡོད་པའི་དུས་རབས་ཤིག་ཏུ་ཡོད་ན་ཡང་།

དེ་ལས་མང་བ་། “རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་ཆེན་ཐའེ་ཝན་དུ་འཚོགས་གཏན་ཁེལ་བའི་གསལ་བརྡ།” »

གསལ་བསྒྲགས།

བདུད་རྩི་སྨན་སྒྲུབ་མདོར་བསྡུས། སྤྲུལ་འཁོར་སྐལ་བཟང་དོན་ལྡན།

Posted on 2013-02-01 By ཁ་བརྡ་ No Comments on བདུད་རྩི་སྨན་སྒྲུབ་མདོར་བསྡུས། སྤྲུལ་འཁོར་སྐལ་བཟང་དོན་ལྡན།

                ༄༅། །བདེ་ཆེན་འགྱུར་མེད་ཆོས་སྐུའི་ཕོ་བྲང་ནས། །གྲངས་མེད་གཟུགས་སྐུའི་རྣམ་པར་སྟོན་མཛད་པ། །རིགས་འདུས་བླ་མ་སྨན་རྒྱལ་དཀྱིལ་འཁོར་གྱི། །ཞི་དང་ཁྲོ་བོའི་ལྷ་ཚོགས་དགོངས་སུ་གསོལ། །བླ་མ་རིགས་འདུས་བདེ་གཤེགས་རྡོ་རྗེ་འཆང་། །རྟ་ཕག་ཡབ་ཡུམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ནས། །སྐུ་གསུང་ཐུགས་ཡོན་བྱིན་ཆེན་མ་ལུས་ཕོབས། །གནས་ཁང་འདི་ལ་གཟི་བརྗིད་བཀྲག་མདངས་བསྐྱེད།

དེ་ལས་མང་བ་། “བདུད་རྩི་སྨན་སྒྲུབ་མདོར་བསྡུས། སྤྲུལ་འཁོར་སྐལ་བཟང་དོན་ལྡན།” »

རྩོམ་རིག

བླ་མ་ལགས ངས་ཁྱེད་ལ་རྒྱང་མཇལ་ཞུ། མི་ཉག་དུང་བརྡ།

Posted on 2013-02-012013-02-01 By ཁ་བརྡ་ 3 Comments on བླ་མ་ལགས ངས་ཁྱེད་ལ་རྒྱང་མཇལ་ཞུ། མི་ཉག་དུང་བརྡ།
 ཨ་མྱེས་ཚོས་ཟེར་ན
གངས་རི་ལ་ཉི་མ་ནག་པོ་ཕོག་པའི་ལོ་ནག་དེར
ཁྱེད་རང་  སློག་པ་སྐྱ་བོ་དེ་གོན་ནས
མཁྱེན་བརྩེའི་རི་རབ་ཀྱིས་བརྒྱན་ནས
མངོན་ཤེས་ཐོགས་མེད་དུ་བོད་ནས
ཕྱིར་  བྱམས་པ་གླིང་ལ་ལོག་སོང་ཟེར
 

དེ་ལས་མང་བ་། “བླ་མ་ལགས ངས་ཁྱེད་ལ་རྒྱང་མཇལ་ཞུ། མི་ཉག་དུང་བརྡ།” »

རྩོམ་རིག

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཟབ་སྦྱོང་གསལ་བསྒྲགས།

Posted on 2013-02-012013-02-01 By ཁ་བརྡ་ 25 Comments on སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཟབ་སྦྱོང་གསལ་བསྒྲགས།

དེང་སྐབས་རྒྱ་བལ་འབྲུག་གསུམ་ཁུལ་དུ་ཡོད་པའི་བོད་ཀྱི་རིས་མེད་དགོན་སྡེ་ཁག་དང་། དེ་བཞིན་གཞུང་སྒེར་ཚོགས་པ་དང། རྩོམ་སྒྲིག་ཁང་མང་པོར་ཡིག་གཟུགས་རྙིང་པ་ཁག་གི་ནང་ཡོད་པའི་སྔར་ཡོད་ཡིག་ཆ་ཁག་ཡིག་གཟུགས་གསར་པར་བསྒྱུར་སྟངས་མི་ཤེས་པ་དང། ཡིག་གཟུགས་རྙིང་པའི་ནང་ཡོད་པ་དེ་དག་རྒྱལ་སྤྱིའི་གཅིག་གྱུར་བོད་ཡིག་གི་གོ་སར་སླེབས་ཐུབ་མེད་སྟབས་གློག་ཀླད་འདྲ་མིན་ནང་བེད་སྤྱོད་མེད་པ་དང་གཅིག་གྱུར་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་སེལ་ཐབས་དང་།

དེ་ལས་མང་བ་། “སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཟབ་སྦྱོང་གསལ་བསྒྲགས།” »

གསལ་བསྒྲགས།

ས་མཐའི་དྲན་གླུ

Posted on 2013-01-312013-01-31 By ཁ་བརྡ་ 19 Comments on ས་མཐའི་དྲན་གླུ

རྔ་བ་ཀུན་བཟང་སྒྲོལ་མ།

མཐོན་པོ་རྫ་རི་སྨུག་པས་བསྐོར།།
རྔ་ཆུ་དྭངས་མས་ཤག་སྒྲ་སྒྲགས།།
རྔ་ཕྲུག་བུ་མོ་ནུབ་ལ་གཡུགས།།
ཕ་ཡུལ་རྔ་ལྗོངས་ཕྱུག་མོ་དྲན།།

དེ་ལས་མང་བ་། “ས་མཐའི་དྲན་གླུ” »

རྩོམ་རིག

ད་ལྟའི་བོད་ཀྱི་གནས་སྟངས་དང་དེས་རྒྱ་དཀར་ནག་གཉིས་ལ་ཤུགས་རྐྱེན་ཅི་ཐེབས་སྐོར་ལ་མཁས་པའི་བགྲོ་གླེང་།

Posted on 2013-01-312013-01-31 By ཁ་བརྡ་ 1 Comment on ད་ལྟའི་བོད་ཀྱི་གནས་སྟངས་དང་དེས་རྒྱ་དཀར་ནག་གཉིས་ལ་ཤུགས་རྐྱེན་ཅི་ཐེབས་སྐོར་ལ་མཁས་པའི་བགྲོ་གླེང་།

གནས་ཚུལ་མཁོ་སྤྲོད་པ། དགེ་བཤེས་སྨོན་ལམ་མཐར་ཕྱིན།

ཕྱི་ལོ་༢༠༡༣ ཟླ་༡ ཚེས་༣༡ ཉིན་རྒྱབ་ཆུ་ཚོད་༢ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའིIndia International Centerཞེས་པའི་ཚོགས་ཁང་དང་པོའི་ནང་། གྷན་དྷི་ཞི་བདེ་དགེ་རྩས་གོ་སྒྲིག་འོག དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་དང་། བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག གཞན་ཡང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ། Mr. Lalit Mansingh,མཆོག་དང་།

དེ་ལས་མང་བ་། “ད་ལྟའི་བོད་ཀྱི་གནས་སྟངས་དང་དེས་རྒྱ་དཀར་ནག་གཉིས་ལ་ཤུགས་རྐྱེན་ཅི་ཐེབས་སྐོར་ལ་མཁས་པའི་བགྲོ་གླེང་།” »

བགྲོ་གླེང་།

གླུ་འཚོལ་བ།

Posted on 2013-01-31 By ཁ་བརྡ་ 12 Comments on གླུ་འཚོལ་བ།

ཨ་མདོའི་གླུ་དྲ་ཐོག་ན་འདུག་གམ། གླུ་ཡོད་ན་དྲ་ཐག་འདིར་འཇོག་རོགས་གནང་། གླུ་དེ་དག་ནི་རོལ་ཆ་མ་འདྲེས་པའི་བོད་ཀྱི་གླུ་ངོ་མ་དེ་ཡིན་དགོས། རྡུང་ལེན་མི་དགོས། དེ་འདྲ་ཡོད་པ་ཡིན་ན། ཐུགས་རྗེས་གཟིགས། དྲ་ཐག་དེ་དག་འདིར་འཇོག་རོགས་གནང་།

གསལ་བསྒྲགས།

དབུ་མ་རིག་པའི་ཚོགས་ཀྱི་གྲངས་ངེས་ལ་དཔྱད་པ།

Posted on 2013-01-312013-01-31 By ཁ་བརྡ་ 71 Comments on དབུ་མ་རིག་པའི་ཚོགས་ཀྱི་གྲངས་ངེས་ལ་དཔྱད་པ།

རྡོ་རྗེ་རྒྱལ་མཚན།

ཐོག་མར་གླེང་གཞི་དང་འབྲེལ་བའི་གཏམ།
དེ་ཡང་འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །བསྟན་པ་འདི་ལ་ཕན་སེམས་པ། །དགེ་སློང་ཀླུ་ཞེས་བྱ་བ་འབྱུང་། །རྨ་བྱ་ཞེས་བྱའི་རིགས་པ་སྒྲུབ། །ཁམས་དོན་བསྟན་བཅོས་དུ་མ་དང་། །དངོས་མེད་དོན་གྱི་དེ་ཉིད་རིག། །ལོ་ནི་དྲུག་བརྒྱ་འཚོ་བར་འགྱུར། །ལུས་འདི་བོར་བར་འགྱུར་ནས་ནི། །བདེ་བ་ཅན་དུ་འགྲོ་བར་འགྱུར། །དེ་ཡི་རྗེས་ཐོག་ཉིད་དུ་ནི། །སངས་རྒྱས་ཉིད་དུ་ངེས་པར་གྲོལ། །ཞེས་དང་། འཕགས་པ་སྤྲིན་ཆེན་པོའི་མདོ་དང་རྔ་བོ་ཆེའི་མདོ་ལ་སོགས་པ་རྣམས་ནས་ཀྱང་ལུང་གིས་ཟིན་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི།

དེ་ལས་མང་བ་། “དབུ་མ་རིག་པའི་ཚོགས་ཀྱི་གྲངས་ངེས་ལ་དཔྱད་པ།” »

དཔྱད་རྩོམ།

དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ་ལ་ན་མོ།

Posted on 2013-01-312013-01-31 By ཁ་བརྡ་ 19 Comments on དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ་ལ་ན་མོ།

ལོག་སྨྲ་ཚར་གཅོད།

གང་གི་སྐུ་ལ་ལྷམ་མེ་ལྷན་ནེ་ལྷང་ངེར་གསོལ་བའི་ཆོས་གོས་གསུམ།།
ལྷབ་ལྷུབ་འཆང་སྟེ་མུ་མེད་འགྲོ་ལ་དྲང་སྲོང་ཆེན་པོའི་སྣང་བ་སྦྱིན།།
དམར་སེར་ངུར་སྨྲིག་གོས་ཀྱིས་བགོས་པའི་གྲངས་མེད་འབུམ་ཕྲག་ཚོགས་ཀྱིས་བསྐོར།།
ཐུབ་པའི་གཙོ་འཁོར་གངས་རིའི་ལྗོངས་སུ་ལན་གཅིག་སླར་ཡང་བྱོན་དང་མཚུངས།།

དེ་ལས་མང་བ་། “དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ་ལ་ན་མོ།” »

རྩོམ་རིག

ཆོས་ལུགས་འདྲ་མིན་གྱི་སྨོན་ལམ་གསུང་འདོན་དང་། ཞི་བའི་གོམ་བགྲོད། ཆོས་ལུགས་དབུ་ཁྲིད་ཀྱི་གསུང་བཤད།

Posted on 2013-01-312013-01-31 By ཁ་བརྡ་ 2 Comments on ཆོས་ལུགས་འདྲ་མིན་གྱི་སྨོན་ལམ་གསུང་འདོན་དང་། ཞི་བའི་གོམ་བགྲོད། ཆོས་ལུགས་དབུ་ཁྲིད་ཀྱི་གསུང་བཤད།

མཁོ་སྤྲོད་པ། བློ་བཟང་ཆོས་གྲགས།

བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཆེན་མོའི་ཉིན་གཉིས་པ་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༡ ཉིན་སྨོན་ལམ་གསུང་འདོན་དང་། ཞི་བའི་གོམ་བགྲོད། ཆོས་ལུགས་དབུ་ཁྲིད་རྣམ་པས་གསུང་བཤད་གནང་བ་སོགས་མཛད་ཡོད་པ་རེད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མེས་པོ་དམ་པ་གྷན་དྷི་སྐུ་ཕུང་བཞུགས་ཡུལ་རཇ་ གྷར་ (Raj Ghat) དུ་བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་།

དེ་ལས་མང་བ་། “ཆོས་ལུགས་འདྲ་མིན་གྱི་སྨོན་ལམ་གསུང་འདོན་དང་། ཞི་བའི་གོམ་བགྲོད། ཆོས་ལུགས་དབུ་ཁྲིད་ཀྱི་གསུང་བཤད།” »

གསར་འགྱུར།

ཁ་བྱང་བོར་བའི་སྐད་ཆ་འགའ།

Posted on 2013-01-312013-01-31 By ཁ་བརྡ་ 2 Comments on ཁ་བྱང་བོར་བའི་སྐད་ཆ་འགའ།

རེབ་ཐོག་མདའ།

ཁ་སང་དེ་རིང་ང་རང་ཁོམ་ནས་ཡོད།།
ཁོམ་པས་སྒང་ལ་ལས་རྒྱུ་མེད་ནས་ཡོད།།
ཁ་བརྡ་གློད་སའི་གྲོགས་ཤིག་མ་སླེབས་ཐལ།
ཁ་བ་སྒྲོལ་མའི་ཁ་པར་མ་སླེབས་ཐལ།།

དེ་ལས་མང་བ་། “ཁ་བྱང་བོར་བའི་སྐད་ཆ་འགའ།” »

སྙན་ངག

ཉིན་དང་པོའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཆེན་མོ།

Posted on 2013-01-30 By ཁ་བརྡ་ 4 Comments on ཉིན་དང་པོའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཆེན་མོ།

མཁོ་སྤྲོད་པ། རྨེའུ་དཀོན་རྒྱམ། 

ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༠ རེས་གཟའ་ལྷག་པ་ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་འོག 《བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོ་》འགོ་འཛུགས་གནང་སོང་།

སྔ་དྲོའི་ཆུ་ཚོད་ ༡༢།༡༥ སྟེང་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་Talktora Stadium ཚོགས་ཁང་ནང་དུ། རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་དང་བྷེ་རྗེ་པེའི་ཚོགས་པའི་གཞུང་འབྲེལ་སྐུ་ཚབ་སྐུ་ཞབས་L.K.Advani མཆོག་དང་། རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འོག་མའི་འཐུས་མི་དང་ཀེང་རི་སིའི་(Priya Dutt) དང་། ཀང་རི་སིའི་ཆབ་སྲིད་མགོ་ཁྲིད་Dr. E. M Sudarsan Natchiappan  རྣམ་གཉིས་གཙོས། 

དེ་ལས་མང་བ་། “ཉིན་དང་པོའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཆེན་མོ།” »

གསར་འགྱུར།

བསམ་གཞིག་ཐེངས་གཅིག་གི་རྟོག་འགྱུ། ཚུལ་ཁྲིམས་ཟླ་བ།

Posted on 2013-01-30 By ཁ་བརྡ་ No Comments on བསམ་གཞིག་ཐེངས་གཅིག་གི་རྟོག་འགྱུ། ཚུལ་ཁྲིམས་ཟླ་བ།

གངས་རི་དཀར་པོའི་ཆགས་ཚུལ་བོར་ནས།།
གཙང་ཆབ་བཞུར་རྒྱུན་གླེང་དགོས་བཤད་སོང་།།
ཁྲ་ཡག་རྫ་ཡི་རྔམ་ལ་མ་བལྟས།།
འབྲོང་གཉའ་ཚ་བཟུང་བྱེད་པར་ཆས་སོང་།།

དེ་ལས་མང་བ་། “བསམ་གཞིག་ཐེངས་གཅིག་གི་རྟོག་འགྱུ། ཚུལ་ཁྲིམས་ཟླ་བ།” »

སྙན་ངག

མེ་ཏོག་ཟླ་མཛེས། སྐྱོ་བྲག་དགའ་དབང་།

Posted on 2013-01-30 By ཁ་བརྡ་ 3 Comments on མེ་ཏོག་ཟླ་མཛེས། སྐྱོ་བྲག་དགའ་དབང་།

རྗེ་ཕག་གྲུས་མཛད་པའི་དྭགས་པོའི་རྣམ་ཐར་གསོལ་འདེབས་སུ། མེ་ཏོག་ཟླ་མཛེས་པདྨའི་བླ་མ་ནི། །ཐུབ་པའི་སྤྱན་སྔར་ཟླ་འོད་གཞོན་ནུར་གྱུར། །གངས་རིའི་ཁྲོད་དུ་དགེ་སློང་འཚོ་བྱེད་དུ། །རྒྱལ་བས་ལུང་བསྟན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཟླ་འོད་གཞོན་ནུ་མེ་ཏོག་ཟླ་མཛེས་ཡིན་པར་གསུངས་ཤིང་། དེའི་རྗེས་སུ་ཕྱམ་གཅིག་ཏུ་གསུངས་པ་སྟེ། རྗེ་འགོས་ལོའི་དེབ་སྔོན་དུ། རྒྱལ་པོ་དཔའ་བས་བྱིན་ནི་སྟོན་པ་ཐུབ་པའི་དབང་པོ་ཉིད་ཡིན་པ་དང་།

དེ་ལས་མང་བ་། “མེ་ཏོག་ཟླ་མཛེས། སྐྱོ་བྲག་དགའ་དབང་།” »

རྩོམ་རིག

ཀ་རྩོམ་ཞིག

Posted on 2013-01-302013-01-30 By ཁ་བརྡ་ 65 Comments on ཀ་རྩོམ་ཞིག

ནུབ་ཕྱོགས་གངས་ཕྲུག་དང་མེ་ཏོག་དཀར་པོ།

ཀ་ར་ཀོ་རེ་བཤད་མཁན་སྤྲུལ་གོག་རྣམས། །
ཁ་ནས་ཞིམ་ཚད་ཟས་དང་གོས་ཆེན་དགའ། །
ག་རུ་བསྐྱོད་ཀྱང་རྒྱ་མོ་དབྱིན་མོ་འཁྲིད། །
ང་ནི་དེ་ཚོ་མཐོང་དུས་ཡིད་ཐང་ཆད། །

དེ་ལས་མང་བ་། “ཀ་རྩོམ་ཞིག” »

རྩོམ་རིག

བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོ།

Posted on 2013-01-302013-01-30 By ཁ་བརྡ་ 3 Comments on བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོ།

གནས་ཚུལ་མཁོ་གཏོང་བ། བློ་བཟང་ཆོས་གྲགས།

ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༠ རེས་གཟའ་ལྷག་པ་ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོ་དངོས་སུ་འགོ་འཛུགས་ཀྱིས་ཉིན་དང་པོར་མི་མང་འདུ་འཛོམས་ཐོག་རྒྱ་གར་གྱི་ཆབ་སྲིད་དབུ་ཁྲིད་དང་། གནད་ཡོད་མི་སྣ་རྣམས་ཀྱིས་གསུང་བཤད་གནང་ཡོད་པ་རེད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ཏལ་ཀ་ཏོ་ར་རྩེད་རའི་(Talkatora Stadium)ཚོགས་ཁང་ཆེན་མོའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༥༠༠༠ ལྷག་རིམ་བཞིན་འདུ་འཛོམས་ཐོག་རྒྱལ་ཁབ་མ་འདྲ་བ་ཁག་དྲུག་གི་ནང་པའི་དགེ་འདུན་པ་རྣམས་ནས་སྨོན་ལམ་གསུང་འདོན་གནང་།

དེ་ལས་མང་བ་། “བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོ།” »

གསར་འགྱུར།

བྷ་རོ་ཏྲ་ནས་རྒྱ་མོ་རྐང་དོ་མའི་ལྷམ་ཞིག་རྙེད་པ།

Posted on 2013-01-302013-01-30 By ཤར་ཕྱོགས་ཁུག་རྟ། 35 Comments on བྷ་རོ་ཏྲ་ནས་རྒྱ་མོ་རྐང་དོ་མའི་ལྷམ་ཞིག་རྙེད་པ།

ཤར་ཕྱོགས་ཁུག་རྟ།

༄༅།། ཏཱ་ལའི་རུ་ཚོགས་ཀྱིས་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་རྩིས་ཡོད་པ་རེད་ཅེས། རྒྱ་དམག་བོད་སར་འཛུལ་མགོ་བརྩམས་པ་ནས་བསྒྲགས་ཤིང། སྐད་ཆ་འདི་ཕལ་ཆེར་མི་ལོ་གསུམ་བཅུའི་རིང་རྒྱལ་སྤྱི་དང་རྒྱ་ནག་ནང་ཁུལ། དེ་བཞིན་བོད་ནང་བཅས་སུ་དངོས་ཤུགས་བརྒྱུད་གསུམ་ནས་བསྒྲགས་ཡོད་ཅིང། སྐབས་དེར་བོད་ཀྱི་དབུས་གཙང་ཁུལ་གྱི་དེ་སྔའི་བྲན་གཡོག་སྐོར་ཞིག་ལ་ཞེད་སྣང་ལངས་མྱོང་བའི་གཏམ་རྒྱུད་ཅིག་ཀྱང་ཐོས་མྱོང། ཡིན་ནའང། བོད་ཕྱི་ནང་གི་འབྲེལ་བ་བྱེད་བདེར་གྱུར་བའི་ལོ་ངོ་འདི་དག་གི་རིང།

དེ་ལས་མང་བ་། “བྷ་རོ་ཏྲ་ནས་རྒྱ་མོ་རྐང་དོ་མའི་ལྷམ་ཞིག་རྙེད་པ།” »

སྣ་ཚོགས།

ཅི་འདོད་བྱོས།

Posted on 2013-01-30 By ཁ་བརྡ་ 23 Comments on ཅི་འདོད་བྱོས།

མྱི་ལྟིག

མྱི་ཁ་ལྕགས་ཀྱི་སོག་ལེ་རྣོ་ན་རྣོ།།
ཁ་ཡག་གསེར་གྱི་སྒོ་མོ་རྒྱག་ན་རྒྱག།
རང་ལུས་ཀོ་ཐུམ་ཁུག་ལ་འཇུག་ན་འཇུག།
མགོ་རུས་མཆོད་རྫས་གྲལ་ལ་འཇོག་ན་འཇོག།
རང་ལ་རང་གི་དམ་བཅའ་ཙ་བོ་ཡོད།།

དེ་ལས་མང་བ་། “ཅི་འདོད་བྱོས།” »

སྙན་ངག

བཙོན་ནས་སྤྲིངས་བའི་བཀའ་དྲིན་ཞུ་ཡིག

Posted on 2013-01-30 By ཤར་ཕྱོགས་ཁུག་རྟ། 2 Comments on བཙོན་ནས་སྤྲིངས་བའི་བཀའ་དྲིན་ཞུ་ཡིག

གླིང་ཚ་ཚེ་བརྟན་རྡོ་རྗེ།
བཀུར་འོས་པའི་མདོ་སྨད་སུད་སུ་ས་གནས་རྒྱུན་ལས་རྣམ་པ་ལགས། གུས་པ་གླིང་ཚ་ཚེ་བརྟན་རྡོ་རྗེའམ། ས་ཡ་དྲུག་གི་བུ་ནས་ཆེད་ཞུ། ཁྱེད་ཅག་གི་ལྷག་བསམ་གཏོང་ཕོད་ཀྱི་ཕྱག་ཟུང་བརྐྱངས་ཏེ། རྒྱུས་མེད་རྒྱལ་ཁམས་དེ་ནས་རང་རིགས་བོད་ཀྱི་ལར་ཞེན་ཟབ་མོ་ཡིད་དུ་བརྟན་པོར་བཅངས་ནས། ཕྲན་གཙོ་བའི་ངེད་མ་སྨད་གསུམ་གྱི་ཞི་བའི་འཐབ་རྩོད་ཀྱི་ཆ་ཤས།

དེ་ལས་མང་བ་། “བཙོན་ནས་སྤྲིངས་བའི་བཀའ་དྲིན་ཞུ་ཡིག” »

སྣ་ཚོགས།

འཚེ་མེད་ཞི་བའི་གླུ། གླིང་ཚ་ཚེ་བརྟན་རྡོ་རྗེ།

Posted on 2013-01-30 By ཤར་ཕྱོགས་ཁུག་རྟ། 5 Comments on འཚེ་མེད་ཞི་བའི་གླུ། གླིང་ཚ་ཚེ་བརྟན་རྡོ་རྗེ།

འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར།༡༠/༡༢/༡༢ལ་ཕུལ།
“ཞི་བའི་མེ་ལྕེ”ང་ཡི་སྒྲོན་མེ་ཡིན།།
“ཞི་བའི་འབོད་ཚིག”ང་ཡི་སྐད་ངག་ཡིན།།
“ཞི་བའི་གོམ་བགྲོད”ང་ཡི་ལམ་ཕྲན་ཡིན།།
“ཞི་བའི་ངག་བཅད”ང་ཡི་བདེན་པ་ཡིན།།
བོད་མིའི་བདེན་པ་ང་ཡི་སྙིང་སྟོབས་ཡིན།།

དེ་ལས་མང་བ་། “འཚེ་མེད་ཞི་བའི་གླུ། གླིང་ཚ་ཚེ་བརྟན་རྡོ་རྗེ།” »

སྙན་ངག

Posts pagination

Previous 1 … 500 501 502 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme