Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཁྲུངས་སྐར་དང་འབྲེལ་བའི་སྐད་ཆ་བསྐྱར་མ།

Posted on 2013-05-102013-05-10 By ཁ་བརྡ་ 27 Comments on འཁྲུངས་སྐར་དང་འབྲེལ་བའི་སྐད་ཆ་བསྐྱར་མ།

རྫ་ཚེ་རིང་བཀྲ་ཤིས།

འཁྲུངས་སྐར་བདེ་ལེགས།
དེ་རིང་ནི་ས་ག་ཟླ་བའི་ཚེ་གཅིག་སྟེ། འཁྲུངས་སྐར་གྱི་ཟླ་བ་དངོས་སུ་དབུ་ཚུགས་པ་རེད། ཉིན་གཉིས་ཀྱི་སྔོན་དེར་ཁོ་བོས་སྒེར་གྱི་ཟིན་བྲིས་ཚུད་པའི་དྲ་ལམ་ཁག་ཅིག་ཏུ་སྟོན་པའི་འཁྲུངས་སྐར་དང་འབྲེལ་བའི་འབོད་སྐུལ་རྩོམ་ཡིག་ཅིག་སྤེལ་ཞིང་། དེ་མ་ཐག་ཕྱི་ནང་གི་གྲོགས་པོ་ཧ་ཅང་མང་པོ་ཞིག་གིས་དོ་སྣང་གི་རྣམ་འགྱུར་ཤུགས་ཆེན་བསྟན། ད་དུང་གནད་ཡོད་ཀྱི་ལས་རིགས་སོ་སོའི་མི་མང་པོ་ཞིག་གིས་འདིའི་ཐོག་ལ་ལས་ཀ་བྱེད་མགོ་ཚུགས་ཤིང་།

དེ་ལས་མང་བ་། “འཁྲུངས་སྐར་དང་འབྲེལ་བའི་སྐད་ཆ་བསྐྱར་མ།” »

དཔྱད་རྩོམ།

གནམ་ལ་ཐིམ་པའི་གླུ།

Posted on 2013-05-102013-05-10 By ཁ་བརྡ་ No Comments on གནམ་ལ་ཐིམ་པའི་གླུ།

བསོད་ནམས་ནོར་བུ།

གནམ་སྔོན་མོ་གཡུ་ཡི་མར་ཤོད་ན།།
ས་སེར་པོ་གསེར་གྱི་སྒལ་སྟེང་དུ།།
སྤྲིན་དཀར་པོ་མཆོང་བའི་ཁ་ཐུག་ནས།།
ངག་དམར་པོས་གླུ་ཆུང་ཟ་ཟིར་འཐེན།།

དེ་ལས་མང་བ་། “གནམ་ལ་ཐིམ་པའི་གླུ།” »

སྙན་ངག

མཐོ་རིས་ཀྱི་སྐྱེད་ཚལ༼འབྲུག༽

Posted on 2013-05-102013-05-10 By ཁ་བརྡ་ 19 Comments on མཐོ་རིས་ཀྱི་སྐྱེད་ཚལ༼འབྲུག༽

བཀྲིས་ཆོས་སྒྲོན།

མགོ་ལྕོག་ལྡེམ་རྣམས་སོར་མོ་བྲེས་ཏེ་ཕན་ཚུན་འཁྱུད་པའི་གར་དག་ལ།།
འདབ་གཤོག་ཅན་དག་ངོ་ཚས་གདུང་སྟེ་གྲེ་འགྱུར་གླུ་དབྱངས་ཟོལ་གྱིས་སྒྲོག།
ས་འཛིན་བསྣོལ་བའི་རྐང་བའི་བར་དག་ལྷུང་ལྷུང་འབབས་པའི་བཞིན་བཟང་མ།།
མཆོད་པའི་ཆོ་ག་ཝུ་བ་འདྲེན་བཞིན་སེམས་ཀྱི་གདུང་བ་མཚོན་སླད་རྒྱུག།

དེ་ལས་མང་བ་། “མཐོ་རིས་ཀྱི་སྐྱེད་ཚལ༼འབྲུག༽” »

སྙན་ངག

ཁོང་ཁྲོ།

Posted on 2013-05-092013-05-09 By ཁ་བརྡ་ 9 Comments on ཁོང་ཁྲོ།

བཀྲ་ཤིས་དོན་འགྲུབ།

བྲན་བདག་ཡིན་པའི་འདུ་ཤེས་བཙན་པ་དང་།།
མི་ལ་འཕྲུལ་ཆས་བཞིན་དུ་བཀོལ་འདོད་པའི།།
གཉའ་གནོན་ཅན་ཚོའི་མགོ་རུས་འཇོམས་བྱེད་པའི།།
མའོ་ཙེ་ཏུང་ཞེས་པའི་འདྲེ་དེར་བསྟོད།།

དེ་ལས་མང་བ་། “ཁོང་ཁྲོ།” »

རྩོམ་རིག

ཕག་མོ་དོན་འགྲུབ་ལགས་ཀྱི་འཆི་ཁའི་ཁ་ཆེམས་དང་མེར་སྲེག་གནང་མཁན་ཚོའི་མངོན་འདོད་ངོ་མ།

Posted on 2013-05-092013-05-09 By ཁ་བརྡ་ 13 Comments on ཕག་མོ་དོན་འགྲུབ་ལགས་ཀྱི་འཆི་ཁའི་ཁ་ཆེམས་དང་མེར་སྲེག་གནང་མཁན་ཚོའི་མངོན་འདོད་ངོ་མ།

སྤྲུལ་སྐུ་དབང་ཆེན།

ཁ་ཆེམས་ལས་འདི་ལྟར་“ ད་བར་བོད་ཀྱི་ས་ཆ་ག་ས་གང་དུ་བོད་མི་རིཊ་ཀྱི་རང་དབང་གི་ཆེད་དུ་མི་བརྒྱ་མ་ཟིན་ཙམ་གྱིས་རང་ལུས་མེར་བསྲེཊ་བཏང་སོང་བ་ནི། ངོ་མ་བོད་མི་རིཊ་ཀྱི་དཔའ་བོ་ངོ་མ་རེད། བོད་ལ་རང་དབང་དང་རང་བཙན་མ་ཐོབ་ན་བོད་མི་རིཊ་ཀྱི་རིག་གནས་དང་གོམ་སྲོལ་ལ་སོཊ་པ་རྒྱ་མིས་རྩ་མེད་གཏོང་རྒྱུ་རེད། ད་ལོ་ང་ཚོ་བ་ཡན་རྫོང་གི་བོད་རིཊ་འདུས་སྡོད་ས་ཁུལ་ལ་བོད་ཡིག་སྤྱངས་མི་ཆོག་ཟེར་ནས་སྲིད་གཞུང་གིས་བོད་ཡིག་སློབ་ཁྲིད་བྱེད་དུ་མ་བཅུག

དེ་ལས་མང་བ་། “ཕག་མོ་དོན་འགྲུབ་ལགས་ཀྱི་འཆི་ཁའི་ཁ་ཆེམས་དང་མེར་སྲེག་གནང་མཁན་ཚོའི་མངོན་འདོད་ངོ་མ།” »

སྣ་ཚོགས།

སངས་རྒྱས་འཁྲུངས་ཚེས།

Posted on 2013-05-092013-05-09 By ཁ་བརྡ་ 25 Comments on སངས་རྒྱས་འཁྲུངས་ཚེས།

སྐྱོ་བྲག་དགའ་དབང་།

སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་འདི་རུ་ཐོག་མར་མཚན་དཔེའི་དཀྱིལ་འཁོར་གསལ་བའི་དུས་མཆོད་འཕགས་ཡུལ་དུ་སྔོན་ནས་ཡོད་ཅིང་། དེང་གི་དུས་སུ་གནམ་བདག་ཆོས་ལུགས་པ་ཚོའི་བྱ་སྲོལ་ལྟར་ང་ཚོས་ཀྱང་སྟོན་པའི་འཁྲུངས་སྐར་ཤིས་ཤོག་ཕན་ཚུན་འབུལ་བའི་ལམ་ལུགས་བཟུང་ནའང་དགེ་ཕན་ཡོད་པ་སྨོས་མ་དགོས།

དེ་ལས་མང་བ་། “སངས་རྒྱས་འཁྲུངས་ཚེས།” »

དཔྱད་རྩོམ།

ཆར་བས་བྲན་པའི་སེམས།

Posted on 2013-05-092013-05-09 By ཁ་བརྡ་ 5 Comments on ཆར་བས་བྲན་པའི་སེམས།

གཅན་འོད་འབར།

༡
ཆར་བ་དྲག་ཏུ་འབབ་ཀྱིན་འདུག་ན་ཡང་ཁོས་དེ་ལ་སྣང་དོགས་ཙམ་ཡང་མི་བྱེད་པར་དྲག་ཆར་ཁྲོད་དུ་ཀེ་རེར་ལངས་འདུག ཤག་ཤག་འབབ་པའི་ཆར་བས་ཁོའི་ལུས་ཀྱི་ལྭ་བ་དག་རློན་རྐྱང་བཟོས་ཀྱང་ཁོར་འཁྱག་སྣང་གི་ཚོར་བ་ཕྲ་མོ་ཙམ་ཡང་མེད་པར་འགྲེང་པ་ནི་ཅིའི་ཕྱིར་ཡིན་ནམ། ཆ་ཡོད་ཆ་མེད་ཀྱི་ལམ་འགྲོ་བ་དག་གིས་ཁོའི་ཕྱོགས་སུ་སྟོན་པའི་ཧང་སངས་ཤིང་ཡ་མཚན་བའི་རྣམ་འགྱུར་དེ་དག་གིས་ཁོང་ལ་གསང་བའི་གནད་དོན་ཅི་ཞིག་འགྲེལ་གྱིན་པའི་རྒྱུ་རྐྱེན་ཤེས་དཀའ་ན་ཡང་།

དེ་ལས་མང་བ་། “ཆར་བས་བྲན་པའི་སེམས།” »

རྩོམ་རིག

སེམས་ཀྱི་དབུགས་ཤིག་འཕུད་པ།

Posted on 2013-05-092013-05-09 By ཁ་བརྡ་ 7 Comments on སེམས་ཀྱི་དབུགས་ཤིག་འཕུད་པ།

གླིང་ཚ་ཚེ་བརྟན་རྡོ་རྗེ།

སེམས་ནས་རྙེད་པའི་རིགས་ལམ་ཕྲ་མོ།།
མི་ཡིས་བཞག་ཕའི་དྲན་ཤིང་ལྕི་མོ།།
རྩ་ལ་འཐིམ་པའི་སྲེད་པ་ཞིག་གིས།།
གར་འགྲོ་གར་གནས་རྗེས་འདེད་གཏོང་གི །

དེ་ལས་མང་བ་། “སེམས་ཀྱི་དབུགས་ཤིག་འཕུད་པ།” »

སྙན་ངག

བདག་མེད་རྟོཊ་པས་ཆོག་ན་ཚོཊ་བསཊ་སྒྲིབ་སྦྱོང་ལོཊ་སུ་མི་དགོས་ཚུལ།

Posted on 2013-05-092013-05-09 By ཁ་བརྡ་ 7 Comments on བདག་མེད་རྟོཊ་པས་ཆོག་ན་ཚོཊ་བསཊ་སྒྲིབ་སྦྱོང་ལོཊ་སུ་མི་དགོས་ཚུལ།

ཧི་མ་ལ་ཡའི་འཕྲུལ་སྨྱུག

འཁྲུལ་པའི་རྩ་བ་བདག་འཛིན་ཡིན་པ་བདེན་ན། དེའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་གཅིག་པུས་ཆོག་གི ལོགས་སུ་ཚོགས་བསགས་སྒྲིབ་སྦྱོང་ཞེས་པ་དེ་ཚོ་དགོས་དོན་ཅི་ཡོད། ༼ཅེས་པའི་ལོག་རྟོག་དེ་ཡང་འདི་ལྟར་དུ་གསལ་རིགས་ཏེ། གོས་ཀྱི་དྲི་མ་དག་ཡས་ཀྱི་རྩ་བ་ཆུ་ཡིན་པ་བདེན་ན། དེའི་གཉེན་པོ་ཆུ་གཅིག་པུས་ཆོག་གི ལོགས་སུ་དག་རྫས་དང་ལག་པའི་རྩོལ་བ་དེ་ཚོ་དགོས་དོན་ཅི་ཡོད་དེ་མེད་དགོས་པར་གྱུར་ལ། ངེད་ཀྱི་ལུགས་ལ་ནི།

དེ་ལས་མང་བ་། “བདག་མེད་རྟོཊ་པས་ཆོག་ན་ཚོཊ་བསཊ་སྒྲིབ་སྦྱོང་ལོཊ་སུ་མི་དགོས་ཚུལ།” »

རྩོམ་རིག

སངས་རྒྱས་ཀྱི་འཁྲུངས་སྐར་ཉིན་ཐའེ་ཝན་བོད་བརྒྱུད་དྲ་བརྙན་གཏོང་མགོ་ཚུགས་རྒྱུ།

Posted on 2013-05-092013-05-09 By ཁ་བརྡ་ 6 Comments on སངས་རྒྱས་ཀྱི་འཁྲུངས་སྐར་ཉིན་ཐའེ་ཝན་བོད་བརྒྱུད་དྲ་བརྙན་གཏོང་མགོ་ཚུགས་རྒྱུ།

གནས་ཚུལ་མཁོ་སྤྲོད་པ། རྫ་ཚེ་རིང་བཀྲ་ཤིས།

གཏམ་བཟང་ཞིག་ལ། ཟླ་འདིའི་སངས་རྒྱས་ཐུགས་རྗེ་ཅན་གྱི་འཁྲུངས་སྐར་དུས་ཆེན་ཉིན་ཐའེ་ཝན་རྒྱལ་ས་ཐའེ་པེའི་ཐའེ་ཝན་སློབ་ཆེན་གྱི་ཚོགས་ཁང་དུ། ཐའེ་ཝན་བོད་བརྒྱུད་དྲན་བརྙན་དངོས་སུ་གཏོང་མགོ་ཚུགས་རྒྱུ་རེད། དེ་ཡང་ངས་ཁར་རྩང་རང་ཉིད་སྒེར་གྱི་ཟིན་བྲིས་སུ་ཞུས་པ་ལྟར་སངས་རྒྱས་ཀྱི་འཁྲུངས་སྐར་སྲུང་བརྩི་བྱེད་པ་ནི་ཧ་ཅང་གལ་ཆེན་ཡིན་པ་དང་། སྲུང་བརྩི་བྱེད་སྟངས་ནི་རྣམ་པ་སྣ་ཚོགས་རེད།

དེ་ལས་མང་བ་། “སངས་རྒྱས་ཀྱི་འཁྲུངས་སྐར་ཉིན་ཐའེ་ཝན་བོད་བརྒྱུད་དྲ་བརྙན་གཏོང་མགོ་ཚུགས་རྒྱུ།” »

གསར་འགྱུར།

སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོའི་ལེའུ་བདུན་པ་ལ་འགྱུར་བཅོས་ཅུང་ཟད།

Posted on 2013-05-082013-05-10 By ཁ་བརྡ་ 94 Comments on སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོའི་ལེའུ་བདུན་པ་ལ་འགྱུར་བཅོས་ཅུང་ཟད།

ལ་དྭགས་བློ་བཟང་འཇམ་དཔལ་གྱིས།

འཇིག་རྟེན་ན་ཡོངས་གྲགས་ཆེ་བ། སངས་རྒྱས་སྤྱོད་པ་ཞེས་བྱ་བ་འདི་བསྟན་པ་སྔ་དར་འཇིག་རྟེན་མིག་ཅན་དག་གིས་བསྒྱུར་མེད་ཅིང་། ཕྱི་དར་གྱི་ཕྱིས་སུ་ས་དབང་བཟང་པོ་དང་། བློ་གྲོས་རྒྱལ་པོ་གཉིས་ཀྱིས་བསྒྱུར་པ་དེ་ཉིད་བསྟན་འགྱུར་ན་བཞུགས་པ་སྐལ་བ་བཟང་བར་སེམས། སློབ་དཔོན་རྟ་དབྱངས་ཀྱི་སྙན་དངགས། སངས་རྒྱས་ཀྱི་སྤྱོད་པ་དང་། མཛེས་དགའ་བོའི་སྙན་དངགས། ཤཱ་རཱིའི་བུའི་རབ་བྱེད་གསུམ་ཡོད་ཀྱང་། ཕྱི་མ་དེ་ཆ་ཚང་མེད་པ་ཞིག་ཡོད་ཅེས་པ་བཀླགས་ཀྱང་། ག་ན་དང་ཇི་ཙམ་ཡོད་པ་ད་བར་གོ་རྟོགས་མ་བྱུང་།

དེ་ལས་མང་བ་། “སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོའི་ལེའུ་བདུན་པ་ལ་འགྱུར་བཅོས་ཅུང་ཟད།” »

འགྱུར་རྩོམ།

བློ་བཟང་སེང་གེ་ཆབ་སྲིད་པ་ལྐུགས་པ་ཞིག་རེད། མ་རེད།

Posted on 2013-05-082013-05-08 By ཁ་བརྡ་ 31 Comments on བློ་བཟང་སེང་གེ་ཆབ་སྲིད་པ་ལྐུགས་པ་ཞིག་རེད། མ་རེད།

བསྟན་འཛིན་བཀྲ་ཤིས།

ལོ་འདིའི་ཁང་པ་དཀར་པོའི་གསར་འགོད་པའི་སྐྱིད་སྡུག་དགུང་ཚོགས་ཀྱི་སྐབས་སུ་སྲིད་འཛིན་ཨོ་བྷ་མས་འདི་ལྟར་བརྗོད། “ཉི་མ་འདི་དག་གི་རིང་ལ་༼ཁོང་གི་སྲིད་འཛིན་ཟུར་པ་ཡིན་པའི་དུས་ལ་ཆ་བཞག་ནས་༽ངས་མེ་ལོང་ལ་བལྟས་སྐབས། ང་ནི་དེ་སྔོན་གྱི་ཁ་ཆེའི་སྤྱི་ཚོགས་རིང་ལུགས་པའི་ན་གཞོན་དར་མ་ཞིག་བྱས་མྱོང་བ་དེ་མིན་པ་གཞི་ནས་ཤེས་བྱུང་།” ཞེས་བཤད་པ་རེད།

དེ་ལས་མང་བ་། “བློ་བཟང་སེང་གེ་ཆབ་སྲིད་པ་ལྐུགས་པ་ཞིག་རེད། མ་རེད།” »

རྩོམ་རིག

ཨ་རིར་གནས་བཞུགས་སྨན་པ་དཀོན་མཆོག་ཚེ་བརྟན་ལགས་སུ་རྒྱང་འདྲི་བྱས་པ།

Posted on 2013-05-082013-05-09 By ཡེ་ཤེས་ 5 Comments on ཨ་རིར་གནས་བཞུགས་སྨན་པ་དཀོན་མཆོག་ཚེ་བརྟན་ལགས་སུ་རྒྱང་འདྲི་བྱས་པ།

དྲི་བ་འདོན་མཁན་ཀླུ་སྨྱོན།

དྲི་བ་དང་པོ།
ཐོག་མར་ཁྱེད་ཀྱིས་རང་ཉིད་ཀྱི་སྐྱེས་ཡུལ་དང་ཆུང་དུས་གཞི་རིམ་སློབ་སྦྱོང་བྱེད་ས་ངོ་སྤྲོད་ཅིག་གནང་རོགས།
དྲི་ལན།
ང་རང་སྐྱེས་ས་དེ་མདོ་སྨད་རེབ་གོང་རེད། ཆུང་དུས་ཕ་ཡུལ་གྱི་གྲོང་སྡེའི་སློབ་ཆུང་དང་། དེ་ནས་རེབ་གོང་རྫོང་མི་རིགས་སློབ་འབྲིང་ལ་ཞུགས་པ་རེད། སློབ་འབྲིང་གི་རྗེས་ལ་རྨ་ལྷོ་ཁུལ་གྱི་དགེ་ཐོན་སློབ་གླིང་ནས་སློབ་སྦྱོང་བྱས་པ་དང་། དེའི་རྗེས་ལ་ནུབ་བྱང་དགེ་འོས་སློབ་ཆེན་འགྲིམས་པ་རེད།

དེ་ལས་མང་བ་། “ཨ་རིར་གནས་བཞུགས་སྨན་པ་དཀོན་མཆོག་ཚེ་བརྟན་ལགས་སུ་རྒྱང་འདྲི་བྱས་པ།” »

བཅར་འདྲི།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཐེངས་གཉིས་པ།

Posted on 2013-05-082013-05-08 By ཁ་བརྡ་ 4 Comments on བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཐེངས་གཉིས་པ།

གནས་ཚུལ་མཁོ་གཏོང་བ། སྤྱི་འཐུས་ཤར་གླིང་ཟླ་སྒྲོན།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཐེངས་གཉིས་པ་དེ་བཞིན་སྒང་ཏོག་ནས་འགོ་འཛུགས་ཀྱིས་སི་ཀིམ་མངའ་སྡེའི་ཆབ་སྲིད་དབུ་ཁྲིད་དང་གཞུང་ཞབས་ཁག་མཇལ་འཕྲད་ཞུས་པ།

བོད་དུ་རང་ལུས་མེར་སྲེག་གི་ལས་འགུལ་བསྟུད་མར་འགྲོ་བཞིན་པའི་ཛ་དྲག་གི་གནས་ཚུལ་ལ་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་ཞུ་གཏུག་ལས་འགུལ་སྤེལ་བ་ལྟར་

དེ་ལས་མང་བ་། “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཐེངས་གཉིས་པ།” »

གསར་འགྱུར།

དགོང་ཁའི་མཚམས་སྤྲིན་དང་ཁེར་བཤད།

Posted on 2013-05-082013-05-08 By ཁ་བརྡ་ No Comments on དགོང་ཁའི་མཚམས་སྤྲིན་དང་ཁེར་བཤད།

རུ་བ་ཆུ་བཟང་།

ཉི་ཟེར་གྱི་འགྲུལ་བཞུད་ལ་བར་མཚམས་ཅི་ཡང་མེད་པར་ནུབ་རིའི་ཕྱོགས་སུ་ག་ལེར་ཕེབས་སྐབས། རྒྱང་རིང་རྒྱང་རིང་ཡུལ་གྱི་མེ་སྟག་གི་ཕྱི་མིག་དང་འདྲ་བའི་རྒྱང་ལྟ་སྟེ། མཐའ་ཡངས་བའི་ནམ་མཁའི་ངོས་ཀྱི་སྤྲིན་ཕུང་དག་ནི་བུ་མོ་སུ་ཞིག་མཁུར་ཚོས་དམར་པོ་བཞིན་འཇིག་རྟེན་འདིའི་མཛེས་སྡུག་ཏུ་སྨིན་ཐེངས་རེ་རེ་། རང་དབང་མེད་པར་ཚོར་བ་སྐྱེན་པོ་ཞིག་གི་བསམ་གཞིགས་ཀྱིས་འདི་ལྟར་ཁྲིད་འགྲོ

ཁྱེད་ཀྱི་མཛེས་སྡུག་དེ་སང་ཉིན་གྱི་ཞོགས་པ་བསུ་བའི་སྐྱ་རེངས་ཀྱི་སྔ་ལྟས་ཡིན་ནམ།

དེ་ལས་མང་བ་། “དགོང་ཁའི་མཚམས་སྤྲིན་དང་ཁེར་བཤད།” »

རྩོམ་རིག

རླུང་བུ་བསིལ་བསིལ་ལྡང་ནས་གདོང་ལ་བབ།

Posted on 2013-05-082013-05-08 By ཁ་བརྡ་ 1 Comment on རླུང་བུ་བསིལ་བསིལ་ལྡང་ནས་གདོང་ལ་བབ།

ཁ་བའི་འབྲོག་མོ།

སེམས་ཀྱི་རི་མོ་དུང་དཀར་གཡས་འཁྱིལ་ཞིག།
འདྲིས་པའི་སེམས་པ་ཁ་དོག་དམར་པོར་བླུད།།
ཡིད་འོང་འཛུམ་ཆུང་སེམས་ཀྱི་དབུས་ནས་བཞད།།
དྲི་མེད་དྭངས་གཙང་ལྡན་པའི་མཛའ་གཅུགས་རྙེད།།

དེ་ལས་མང་བ་། “རླུང་བུ་བསིལ་བསིལ་ལྡང་ནས་གདོང་ལ་བབ།” »

སྙན་ངག

ཤེས་པ་སྒྲུབ་བྱེད་ཀྱི་རིགས་པ། ༼ལེགས་བཤད་ཀྱི་ཟིན་བྲིས།༽

Posted on 2013-05-082013-05-08 By ཁ་བརྡ་ 41 Comments on ཤེས་པ་སྒྲུབ་བྱེད་ཀྱི་རིགས་པ། ༼ལེགས་བཤད་ཀྱི་ཟིན་བྲིས།༽

སྐལ་བཟང་ལེགས་བཤད།

ཡོད་དམ་མེད་ཅེས་པ་དེ་སྒྲུབ་བྱེད་ཀྱི་ཚད་མ་ཡོད་མེད་ཀྱི་སྟེང་ནས་བཤད། ཡོད་པའི་རིགས་ལ་སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་བའི་རིགས་གཅིག་དང་། འགྱུར་བ་མི་འགྲོ་བའི་རིགས་གཅིག་སྟེ་གཉིས་ཡོད། འགྱུར་བ་འགྲོ་བའི་རིགས་ལའང་ཚད་གཞལ་རྒྱུ་ཡོད་པའི་གཟུགས་ཅན་གྱི་རིགས་གཅིག་དང་། མྱོང་ཙམ་གྱི་བདག་ཉིད་གྱི་ཤེས་པ་ཟེར་བའི་རིགས་གཅིག་དང་། དེ་གཉིས་གང་རུང་དུ་མི་གཏོགས་པ་དཔེར་ན། དུས་ལྟ་བུ་ལྡན་མིན་འདུ་བྱེད་ཀྱི་རིགས་བཅས་གསུམ་ཡོད་པ་རེད།

དེ་ལས་མང་བ་། “ཤེས་པ་སྒྲུབ་བྱེད་ཀྱི་རིགས་པ། ༼ལེགས་བཤད་ཀྱི་ཟིན་བྲིས།༽” »

དཔྱད་རྩོམ།

དུང་སེམས་ཀྱི་རླབས་སྒྲ།

Posted on 2013-05-082013-05-08 By ཁ་བརྡ་ No Comments on དུང་སེམས་ཀྱི་རླབས་སྒྲ།

ཚུལ་ཁྲིམས་ཟླ་བ།

རི་སྐྱེས་སྤང་རྒྱན་གྱི་མེ་ཏོག།
དཔྱིད་ཀའི་རྩྭ་ཐང་ལ་བཞད་དུས།།
འདབ་དྲུག་བུང་བ་ཡི་གླུ་སྒྲ།།
འདབ་མའི་བར་གསེང་ན་སིམ་སོང་།།

དེ་ལས་མང་བ་། “དུང་སེམས་ཀྱི་རླབས་སྒྲ།” »

སྙན་ངག

ཤ་སྦྲང་། གཅེས་ཉར་སྲོག་ཆགས་སུ་ཉར་མཁན་གྱི་བུ་མོ། ༼ཚན་པ་ལྔ་བ༽

Posted on 2013-05-082013-05-08 By ཁ་བརྡ་ 14 Comments on ཤ་སྦྲང་། གཅེས་ཉར་སྲོག་ཆགས་སུ་ཉར་མཁན་གྱི་བུ་མོ། ༼ཚན་པ་ལྔ་བ༽

ཁེར་རྐྱང་གི་རྣམ་ཤེས།

སྦྲང་ཕྲུག་གཅིག་བུ་དེར་བསྐྱུར་ན་མི་འགྲིགས་པས་ངས་མགྱོགས་པོ་ཙག་སྒྲ་སྒམ་ཆུང་བསྒྲུགས་ནས་སྨན་ཁང་ལ་རྒྱུགས་ཕྱིན། ང་རི་གཤམ་ལ་སླེབས་པ་དང་ཐོག་མར་མཐོང་བ་ནི་སྨན་ཁང་གི་སྒོ་གཡས་གཡོན་ལ་ང་འཚོལ་བཞིན་ཡོད་པའི་སྨན་ཞབས་མགོ་གཙོ་རེད། ང་ཧ་ཅང་དུབ་ལ་དབུགས་ཧལ་ནས་སྐད་ཆ་བཤད་མ་ཐུབ། འོན་ཀྱང་ངས་རིའི་ཕྱོགས་ལ་ཛ་དྲག་ངང་མཛུབ་བརྡ་བྱས། སྡོད་བྱ་ཚར་ནས་སྨན་ཁང་ནས་དོན་འགྲོ་མཁན་གྱི་སྨན་པ་ཀྲུང་ཕྱིར་དོན་ཡོང་ནས་ཅི་ཞིག་བྱུང་སོང་ཟེར།

དེ་ལས་མང་བ་། “ཤ་སྦྲང་། གཅེས་ཉར་སྲོག་ཆགས་སུ་ཉར་མཁན་གྱི་བུ་མོ། ༼ཚན་པ་ལྔ་བ༽” »

འགྱུར་རྩོམ།

ཕྱི་རོལ་པ་ལ་ཐར་པ་མེད་ཟེར་བ་ནི་སྒེར་ཐར་པ་སྒེར་གཅོད་དུ་མངོན་ཚུལ།

Posted on 2013-05-082013-05-08 By ཁ་བརྡ་ 6 Comments on ཕྱི་རོལ་པ་ལ་ཐར་པ་མེད་ཟེར་བ་ནི་སྒེར་ཐར་པ་སྒེར་གཅོད་དུ་མངོན་ཚུལ།

ཧི་མ་ལ་ཡའི་འཕྲུལ་སྨྱུག

བདེན་བཞིའི་འཇུག་ལྡོག་དངོས་སྟོབས་ཀྱི་རིགས་པས་འགྲུབ་པ་བདེན་ན། གསུམ་ལ་སྐྱབས་སུ་མ་སོང་བའི་མུ་སྟེགས་པ་ལ་ཐར་ལམ་མེད་པའི་རྒྱུ་མཚན་མི་འདུག་སྟེ། ཁོ་ཚོས་ཀྱང་རིགས་པའི་ལམ་ནས་སྲིད་རྩེའི་དངོས་གཉེན་རྒྱུད་ལ་བསྐྱེད་ཆོག་པའི་ཕྱིར། དངོས་པོ་སྟོབས་ཞུགས་ལ་སྟོན་པ་དང་བསྟན་པའི་ཆ་རྐྱེན་རྩིས་མི་བཏུབ་པའི་ཕྱིར། དེས་ན་ཆོས་འདི་པ་ལས་ཕྱི་རོལ་ཏུ་གྱུར་པའི་མི་ལ། ཐར་པའི་སྐལ་པ་མེད་ཅེས་ཟེར་བ་ནི། སྒེར་གཅོད་ཀྱི་རང་གཤིས་ཕྱི་རུ་མངོན་པ་ཙམ་དུ་ཟད།

དེ་ལས་མང་བ་། “ཕྱི་རོལ་པ་ལ་ཐར་པ་མེད་ཟེར་བ་ནི་སྒེར་ཐར་པ་སྒེར་གཅོད་དུ་མངོན་ཚུལ།” »

རྩོམ་རིག

Posts pagination

Previous 1 … 461 462 463 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme