Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྔ་འགྱུར་དབུ་འཛིན་དང་འབྲེལ་བའི་གསལ་བཤད་བཅུ་གཉིས་མ།

Posted on 2023-11-16 By ཁ་བརྡ་ No Comments on སྔ་འགྱུར་དབུ་འཛིན་དང་འབྲེལ་བའི་གསལ་བཤད་བཅུ་གཉིས་མ།

རྫ་ཚེ་རིང་བཀྲ་ཤིས།   ད་ལྟ་རང་དྲ་ལམ་ནས་རྗེ་རྫོང་སར་མཁྱེན་བརྩེ་དང་འབྲེལ་ཏེ་རྫ་ཚེ་སོགས་ཀྱི་ངན་ཇུས་གཏོར་བའི་གཏམ་ཞེས་པ་ཞིག་གཙུག་ལག་སྨྲ་སེང་ཞེས་པའི་མིང་ཐོག་ནས་བྲིས་པ་མཐོང་བས་གསལ་བཤད་ཕྲན་བུ་ཞིག་ཞུ་འདོད་བྱུང་། ལར་གསལ་བཤད་འགའ་ཞིག་ནི་རང་ངོས་ནས་འགན་ཁུར་སྟངས་ཤིག་ལས་ཕ་རོལ་པོས་ངོས་ལེན་དང་ཡིད་ཆེས་ཡོང་བ་ཁོ་ནའི་ཆེད་མིན་མོད། ད་ཐེངས་གི་གླེང་གཞི་འདི་ལ་དོ་སྣང་ཡོད་མཁན ཚོར་དོགས་སློང་དང་། དཔྱད་གཞིའི་ས་བོན་ཙམ་དུ་དམིགས་པ་ནི་ཡིན་ཆོག ། གཅིག །༽  ངས་སྔ་འགྱུར་རྙིང་མའི་དྲ་ཚོམས་སུ་སྔ་འགྱུར་རྙིང་མའི་ཁྲི་འཛིན་དང་འབྲེལ་བའི་བསམ་ཚུལ་དེ་མ་བཤད་སྔོན་ལ་བོད་གཞིས་བྱེས་ཀྱི་བླ་ཆེན་སུ་གཅིག་ལའང་ངའི་ངོས་ནས་དེའི་སྐོར་བསམ་ཚུལ་ཙམ་ཡང་བཤད་མེད། གཉིས། ༽   མཁྱེན་བརྩེ་རིན་པོ་ཆེའི་གསུང་ཕྱི་ལ་ཁྱབ་བཞིན་པ་དེ་ངས་ཞུས་པ་ཞིག་མིན་པར་མ་ཟད།…

དེ་ལས་མང་བ་། “སྔ་འགྱུར་དབུ་འཛིན་དང་འབྲེལ་བའི་གསལ་བཤད་བཅུ་གཉིས་མ།” »

དྲན་ཐོ།, བསམ་ཚུལ།

ཞི་བདེ་རྒྱ་མཚོའི་སྤྲིན་དབྱངས།

Posted on 2023-11-162023-11-16 By ཁ་བརྡ་ 1 Comment on ཞི་བདེ་རྒྱ་མཚོའི་སྤྲིན་དབྱངས།

རྫ་ཚེ་རིང་བཀྲིས། གསར་ཤོས། བླ་མ་ཕྱག་འཚལ་ལོ། ། ཞིང་དག་པ་རབ་འབྱམས་འོད་གསལ་གྱི་དྲ་བ། ། དབྱིངས་དག་མཉམ་རིག་སྟོང་ཆོས་ཉིད་ཀྱི་སྒྱུ་འཕྲུལ། ། དུས་སྙིགས་མའི་མགོན་པོ་ཨོ་རྒྱན་གྱི་ཞལ་ཚབ། ། མགོན་ཆོས་ཀྱི་རྒྱལ་པོ་འཇིགས་མེད་པ་མཁྱེན་ནོ། །   དཔལ་རང་བྱུང་པདྨའི་སྦས་གནས་ཀྱི་རྒྱལ་པོ། །…

དེ་ལས་མང་བ་། “ཞི་བདེ་རྒྱ་མཚོའི་སྤྲིན་དབྱངས།” »

བསམ་ཚུལ།, སྙན་ངག

སྤྱི་འཐུས་གྲོས་ཚོགས་འཐུས་མིའི་བཅའ་ཁྲིམས་འགན་འཁུར་ལ་དཔྱད་པའི་ཀ་བཤད།

Posted on 2023-11-14 By ཁ་བརྡ་ No Comments on སྤྱི་འཐུས་གྲོས་ཚོགས་འཐུས་མིའི་བཅའ་ཁྲིམས་འགན་འཁུར་ལ་དཔྱད་པའི་ཀ་བཤད།

གཞུང་པ་ཚེ་དབང་བསོད་ནམས། ཀ་ཁའི་འོག་ཏུ་བཙུགས་པའི་བཙན་བྱོལ་བོད་མིའི་གྲོས་ཚོགས། ཁ་བཤད་ཆུ་ཡིས་སྦོ་བ་གྲོས་ཚོགས་ལས་རིམ་གཟིགས་དང་། ག་དུས་གྲོས་ཚོགས་ཚོགས་ཀྱང་ནང་ཁུལ་ཚིག་རྩུབ་ཟུར་ཟ། ང་རྒྱལ་འགྲན་སེམས་འོག་གིས་སྤྱི་འཐུས་གྲོས་ཚོགས་འཐུས་མི།   ཅ་ཅོ་འར་འུར་མ་མང་ཁྲིམས་བཟོའི་འགན་འཁུར་བཞེས་དང་། ཆ་ལག་ཚང་བའི་མང་གཙོ་བཅའ་ཁྲིམས་འོག་ཏུ་སྲུང་དང་། ཇ་ཆང་དུད་རྩི་འདྲ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས། ཉོན་མོངས་ང་རྒྱལ་གཏམ་གྱིས་གྲོས་ཚོགས་ལས་རིམ་བཀག་སོང་།   ཏ་ལའི་བླ་མས་མཛད་འཕྲིན་བོད་ཀྱི་མང་གཙོ་བཙུགས་ཀྱང་། ཐ་མེ་ཐོམ་མེ་ཅན་གྱིས་གྲོས་ཚོགས་འཐུས་མི་རྣམས་ནས། ད་ཆ་བཙན་བྱོལ་མང་གཙོ་ཀ་བ་གཉིས་ལ་རྒྱུར་སོང་། ན་གཞོན་མི་རབས་གསར་པས་བཙན་བྱོལ་མང་གཙོ་སྐྱོབས་དང་།…

དེ་ལས་མང་བ་། “སྤྱི་འཐུས་གྲོས་ཚོགས་འཐུས་མིའི་བཅའ་ཁྲིམས་འགན་འཁུར་ལ་དཔྱད་པའི་ཀ་བཤད།” »

བསམ་ཚུལ།, སྙན་ངག

མི་རིགས་ཞིག་གི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབས་བྱ་རྒྱུའི་སྔོན་དུ་མི་རིགས་ལ་སྲུང་སྐྱོབས་བྱ་རྒྱུ་དེ་སྔོན་ཐོན་བྱ་དགོས།

Posted on 2023-11-13 By ཁ་བརྡ་ No Comments on མི་རིགས་ཞིག་གི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབས་བྱ་རྒྱུའི་སྔོན་དུ་མི་རིགས་ལ་སྲུང་སྐྱོབས་བྱ་རྒྱུ་དེ་སྔོན་ཐོན་བྱ་དགོས།

གཞུང་པ་ཚེ་དབང་བསོད་ནམས། ཕྱི་སྣོད་ཀྱིས་འཇིག་རྟེན་གྱི་ས་གཞི་འདི་ཆགས་པ་ནས་ནང་བཅུད་ཀྱི་སྲོག་ཆགས་འགྲོ་བ་མི་དང་། བདག་ཡོད་དང་བདག་མེད་དུད་འགྲོ་སེམས་ཅན། རི་དགས་གཅན་གཟན། བྱ་བྱེའུ་དང་འབུ་སྲིན་ལ་སོགས་འཇིག་རྟེན་གྱི་ས་གཞི་ལ་བསྟེན་པའི་སྲོག་ཆགས་གྲངས་ལས་འདས་པ་སྐྱེས་འཕེལ་བྱུང་བའི་ནང་ནས་སྨྲ་ཤེས་དོན་གོ་བ་མི་གི་སྤྱི་ཚོགས་ལའང་མི་རིགས་དང་། རིག་རུས། ཤ་མདོག་དང་། སྐད་ཡིག རིག་གཞུང་སོགས་ཁྱད་ཆོས་མ་འདྲ་བའི་མི་རིགས་གྲངས་མང་ཡོད་པ་ནས་མི་རིགས་སོ་སོར་འཇིག་རྟེན་བཀོད་པ་པོའི་སྦྱིན་པའི་མི་རིགས་སོ་སོར་དབང་བའི་ས་ཆ་དང་། མི་རིགས་སོ་སོའི་སྐད། སྐད་ཀྱི་སྒྲ་གདངས་ལ་བརྟེན་པའི་ཡིག་གེ་དང་། སྐད་ཡིག་བརྒྱུད་ནས་དར་བའི་ཆས་གོས་དང་། འགྲོ་སྡོད་སྤྱོད་གསུམ་ལ་བརྟེན་པའི་ཡ་རབས་བཟང་སྤྱོད་དང་། ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་རྒྱུར་ཆོས་དཀོན་མཆོག་གི་ལམ་སྟོ་་འོག་ནས་གཞན་ཕན་གྱི་བྱ་བ་སྒྲུབ་རྒྱུ་དང་རང་དོན་ཞོར་ལ་འགྲུབ་པ་སོགས་མི་རིགས་གསོན་གནས་ཐུབ་པ་ལ་མི་རིགས་དེའི་སྐད་དང་ཡིག་གེ་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་དགོས་པ་ནས་མི་རིགས་སྲུང་སྐྱོབས་ཀྱིས་ལས་འགུལ་དེ་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་ཀྱིས་ལས་འགུལ་གྱིས་སྔོན་དུ་ཕྱིན་ནས་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་དགོས་པ་ལས་མི་རིགས་དེ་ཤིང་ནགས་དཀྱིལ་ལ་བྱ་སྤུ་རི་ལ་ཐོར་བ་ནང་བཞིན་དུ་ཐོར་ནས་བསྡད་ནས་མི་རིགས་དེའི་མཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་ཟེར་བའི་ཁ་གཡང་ཆེན་པོའི་གཏམ་དེ་དུས་ནམ་ཡང་དོན་ལ་གནས་མི་ཐུབ་པ་དང་། ང་ཚོ་བོད་པ་ནི་ཐོག་མ་ཉིད་ནས་ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་མི་གི་སྤྱི་ཚོགས་ཧི་མ་ལ་ཡིས་གངས་རིའི་ཁྲོད་དུ་ཕ་སྤྲེའུ་བྱང་ཆུབ་སེམས་པ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དང་མ་བྲག་སྲིན་མོ་རྗེ་བཙུན་འཕགས་མ་སྒྲོལ་མའི་རྣམ་སྤྲུལ་གཉིས་འདུས་པ་ལས་འཕེལ་བའི་བོད་ཀྱི་མིའུ་གདུང་དྲུག་ལས་བོད་མི་ས་ཡ་དྲུག་འཕེལ་བ་ནས་ད་ལྟའི་དུས་སུ་བོད་མི་གཞིས་བྱེས་གཉིས་སུ་གནས་ཡོད་པ་འདི་ཡང་ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོ་ས་གནས་གཅིག་ཏུ་མཉམ་འདུས་མེད་པ་ལུང་པ་མང་པོའི་ནང་ཁ་ཐོར་ནས་གཞན་གྱིས་སྐད་ཡིག་དང་ལམ་ལུགས་སམ་གོམས་གཤིས་འོག་ཁྱིམ་ཚང་སྒེར་གྱི་འཚོ་བ་བསྐྱེལ་བཞིན་པ་དང་།…

དེ་ལས་མང་བ་། “མི་རིགས་ཞིག་གི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབས་བྱ་རྒྱུའི་སྔོན་དུ་མི་རིགས་ལ་སྲུང་སྐྱོབས་བྱ་རྒྱུ་དེ་སྔོན་ཐོན་བྱ་དགོས།” »

བསམ་ཚུལ།

སེམས་པ་འདི་ཧ་ཅང་འཁྱག་ཏོ་རེད།

Posted on 2023-11-13 By ཁ་བརྡ་ No Comments on སེམས་པ་འདི་ཧ་ཅང་འཁྱག་ཏོ་རེད།

ཁྲོ་གཏུམ།   ལས་དབང་གི་ཐོད་པ རུས་ཀོག་སྐྱི་བཏུམས་ཀྱི་ཐོད་པ ཐོད་པའི་ཁ་ཡིག་ཀློག་འདོད་ཡོད ཐོད་པའི་ཁ་ཡིག་མཐོང་འདོད་ཡོད   སེམས་པ་བཅུམ་དྲག་རྐྱེན མིག་ཟུང་ཞ་ར་རུ་གྱུར་དོན་ཅི དྲན་པའི་ཡ་ཆུང་ལ་བལ་རྒྱབ་རྐྱེན བསམ་གཞིག་གི་མདུན་ལམ་ནས་ཐང་ལ་རྒྱབ   ལམ་བུ་དེད་དེ་རི་ལམ་ལ་ཞུགས མ་མཐོང་ན་སྒང་ལ་འབུད་དགོས་བསམ སྒང་དེ་ནས་ཅི་ཞིག་མཐོང་ཡོང་བསམ…

དེ་ལས་མང་བ་། “སེམས་པ་འདི་ཧ་ཅང་འཁྱག་ཏོ་རེད།” »

སྙན་ངག

བཙན་བྱོལ་བོད་མིའི་དཀའ་སྡུག་གི་ནམ་ཟླ་ནས་ཡར་རྒྱས་ཀྱི་ཁ་ཕྱོགས་གླེང་བ།

Posted on 2023-11-13 By ཁ་བརྡ་ No Comments on བཙན་བྱོལ་བོད་མིའི་དཀའ་སྡུག་གི་ནམ་ཟླ་ནས་ཡར་རྒྱས་ཀྱི་ཁ་ཕྱོགས་གླེང་བ།

གཞུང་པ་ཚེ་དབང་བསོད་ནམས། རྒྱལ་ཁབ་དང་མི་རིགས་ལ་དཀའ་སྡུག་དང་དར་རྒུད་ཀྱིས་ལོ་རྒྱུས་སོགས་ལ་ཞིབ་ཏུ་དཔྱད་སྐབས་བོད་ས་མཐོ་འཛམ་གླིང་ས་ཡིས་ཡང་རྩེ་རུ་ཆགས་པའི་ཧི་མ་ལ་ཡིས་ཁྱག་རོམ་ཁྲོད་བོད་ཡུལ་གངས་རིའི་བསྐོར་བའི་གངས་ལྗོངས་ཆོས་སྲིད་གཉིས་ལྡན་གྱིས་ཞིང་ཁམས་ཕན་དང་བདེ་བ་མ་ལུས་པ་འབྱུང་བའི་གནས་ལྷ་ཡུལ་ས་ལ་འཕོས་འདྲའི་བོད་ཡུལ་དེ་སྤྱི་ལོ་ ༡༩༤༩ ནས་བོད་ཤར་ཕྱོགས་མདོ་ཁམས་སྨད་ནས་འགོ་བཙུགས་ནས་རྒྱ་ནག་ཀླ་ཀློའི་དམར་དཔུང་རྒྱང་བསྐྱོད་ཀྱིས་བསམ་སྦྱོར་ངན་པའི་དྲག་དཔུང་གིས་བོད་ནང་བཙན་འཛུལ་རྒྱ་བསྐྱེད་ཀྱིས་མཐར་སྤྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ཡིས་བཙན་འོག་ཏུ་ཚུད་ཀྱང་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧ སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་བོད་བསྟན་སྲིད་མི་རིགས་དང་བཅས་པའི་མགོན་དང་དཔུང་གཉེན་དམ་པར་རྒྱ་གར་འཕགས་པའི་ཡུལ་དུ་༧ ཞབས་སོར་བཀའ་དྲིན་བསྐྱངས་ནས་བོད་མི་བཙན་བྱོལ་བའི་དཀའ་ངལ་སེལ་སླད་གནས་ཡུལ་རྒྱ་གར་གཞུང་དང་ཕྱི་རྒྱལ་རོགས་ཚོགས་ཁག་ལ་རོགས་རམ་ཐབས་ཚོལ་གྱིས་བོད་ས་མཐོ་ས་ནས་འབྱོར་བའི་བོད་མི་རྣམས་རང་ཡུལ་ནས་ཉིན་མཚན་མེད་པར་གངས་རི་དང་། རྫ་རི། བྲག་རི། གཡའ་རི། ཆུ་རོང་སོགས་མི་མེད་ལུང་སྟོང་བརྒྱུད་ནས་ནང་མི་བུ་ཕྲུག་དང་། ཕ་མ།…

དེ་ལས་མང་བ་། “བཙན་བྱོལ་བོད་མིའི་དཀའ་སྡུག་གི་ནམ་ཟླ་ནས་ཡར་རྒྱས་ཀྱི་ཁ་ཕྱོགས་གླེང་བ།” »

བསམ་ཚུལ།

མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།

Posted on 2023-11-09 By ཁ་བརྡ་ No Comments on མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས། དེང་སྐབས་འཛམ་གླིང་ཤར་ནུབ་དང་ལྷོ་བྱང་ནང་ཡོད་པའི་རྒྱལ་ཁབ་མང་ཆེ་བ་མང་གཙོ་ ༼ Democracy ༽ ལམ་ལུགས་ནང་ཁ་ཕྱོགས་ནས་གཞུང་སྲིད་སྐྱོང་བའི་ལམ་ལུགས་མི་འདྲ་བ་དུ་མ་ཡོད་པའི་ནང་ནས་འདིར་དཔེ་མཚོན་ཙམ་དུ་ཞུས་ན་དར་ཁྱབ་ཆེ་བ་དེ་སྲིད་འཛིན་ལམ་ལུགས ༼ Presidential System ༽ དང་གྲོས་ཚོགས་ལམ་ལུགས་ ༼ Parliamentary System ༽…

དེ་ལས་མང་བ་། “མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།” »

ལྷུག་རྩོམ།

འཛམ་གླིང་ཉི་མའི་ཕྱག་རྟེན།

Posted on 2023-11-06 By ཁ་བརྡ་ 1 Comment on འཛམ་གླིང་ཉི་མའི་ཕྱག་རྟེན།

(༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དགུང་གྲངས་ ༨༤ ཕེབས་པར་ཕུལ།)   གཡུ་སྒང་དགེ་འདུན་ ༡༽བློ་བཟང་མཚན་དཔེ་དཀྱིལ་འཁོར་རྫོགས་པའི་སྐུ།། བསྟན་འཛིན་སྐྱེ་འགྲོར་ཚངས་དབྱངས་སྒྲོགས་པའི་གསུང་།། ཇི་སྙེད་ཆོས་ཀྱི་རྒྱལ་མཚན་བསྒྲེངས་པའི་ཐུགས།། ས་སྟེང་མཁས་པའི་གཙུག་རྒྱན་ཁྱེད་ལ་འདུད།།   ༢༽ལུགས་གཉིས་ཆུ་ཀླུང་ཆེན་པོའི་དེད་དཔོན་དེ།། གླིང་ཆེན་ཁྲིམས་དོན་མཁས་པའི་སྨྲ་སྒོ་དག ། འགག་པར་རྣམ་དཔྱོད་རིག་པའི་རལ་གྲི་ཅན།། འཛམ་གླིང་ཉི་མའི་ཕྱག་རྟེན་ཁྱེད་ཉིད་ལགས།།…

དེ་ལས་མང་བ་། “འཛམ་གླིང་ཉི་མའི་ཕྱག་རྟེན།” »

སྙན་ངག

རྟག་བརྟན་གཟུངས་བསྡུས་ཀྱི་ར་མདའ།

Posted on 2023-11-03 By ཁ་བརྡ་ No Comments on རྟག་བརྟན་གཟུངས་བསྡུས་ཀྱི་ར་མདའ།

བེ་རི་རིག་པའི་རྡོ་རྗེ།   ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༣ ཉིན། རང་རེའི་སོག་པོའི་གྲྭ་བ་མེ་ར་མགོན་པོ་ Myaraigombo ལགས་ཀྱིས་དུས་ཚོད་བཀོད་སྒྲིག་གནང་བ་བཞིན། སོག་པོའི་ཨ་མ་སྒྲོལ་དཀར་ Dolgor ལགས་ཀྱིས།…

དེ་ལས་མང་བ་། “རྟག་བརྟན་གཟུངས་བསྡུས་ཀྱི་ར་མདའ།” »

ངོ་སྤྲོད།, སྣ་ཚོགས།

ང་ཚོར་དགོས་པ་དེ་རང་ཡུལ་རང་བདག་དང་ཕ་ཡུལ་བུ་འཛིན་བྱ་རྒྱུ་དེ་ལས་ལྷག་པའི་དམིགས་ཡུལ་གང་ཡང་ཡོད་མ་རེད།

Posted on 2023-11-01 By ཁ་བརྡ་ No Comments on ང་ཚོར་དགོས་པ་དེ་རང་ཡུལ་རང་བདག་དང་ཕ་ཡུལ་བུ་འཛིན་བྱ་རྒྱུ་དེ་ལས་ལྷག་པའི་དམིགས་ཡུལ་གང་ཡང་ཡོད་མ་རེད།

གཞུང་པ་ཚེ་དབང་བསོད་ནམས། འཇིག་རྟེན་གྱི་ས་གཞིི་འདི་ཆགས་པ་ནས་༼ གདོན་མའི་སྤྱི་ཚོགས་ཀྱི་དུས་རབས་རྫོགས་ནས ༽ མི་གི་འགྲོ་བ་འཕེལ་བའི་བརྒྱུད་རིམ་ནང་རིམ་པས་བཟའ་ཚང་ཁྱིམ་འཚོ་ཟིན་ནས་བུ་ཕྲུག་གསོ་སྐྱོང་དང་ཁྱིམ་ཚང་གི་འཚོ་བའི་མདུན་ལམ་གཉེར་རྒྱུ་སོགས་སྐད་དང་ཤ་མདོག་གཅིག་པའི་མི་རིགས་རྣམས་མཉམ་འདུས་ཀྱིས་ལམ་ལུགས་གསར་གཏོད་འོག་ནས་མི་རིགས་སོ་སོར་དབང་བའི་ས་ཆ་དང་། ས་ཆ་དེའི་སྟེང་དུ་མི་རིགས་འཚོ་གནས་ཐུབ་པའི་ཞིང་འབྲོག་གི་འཚོ་བ་ས་ཞིང་འཕྲུ་སློག་གི་ཞིང་ལས་འབྲས་དང་འབྲུ་འདེབས་ལས་བྱེད་མཁན་ལ་ཞིང་པ་ཟེར་བའི་ཐ་སྙད་དེ་ཐོགས་པ་དང་། དུད་འགྲོ་སེམས་ཅན་གསོ་ཉར་བྱ་མཁན་ལ་འབྲོག་པ་ཟེར་བའི་ཐ་སྙད་དེ་རྟགས་ནས་ཞིང་འབྲོག་གཉིས་ཀྱིས་འཚོ་བའི་འོག་མི་རིགས་འཚོ་བཞིན་པ་ནས་མི་རིགས་སོ་སོར་ལྟ་རྟོགས་བྱེད་མཁན་འགོ་ཁྲིད་མི་མང་ནས་མི་རྒན་གྲས་འགོ་དཔོན་ལ་བསྐོས་ནས་འགོ་ཁྲིད་ཀྱི་ལམ་སྟོན་འོག་མི་མང་ནས་ལས་དོན་སྒྲུབ་དགོས་པའི་ལམ་ལུགས་གསར་གཏོད་དང་། མི་རིགས་མཉམ་འདུས་ཀྱིས་སྒྲིག་འཛུགས་དེ་ལ་སྡེ་འཚོ་ཟེར་བའི་མིང་དེ་རྟགས་པ་དང་། རིམ་པས་སྤྱི་ཚོགས་ཀྱི་འཕེལ་རིམ་དང་དུས་ཀྱི་འགྱུར་བའི་འོག་ནས་སྡེ་འཚོ་ཟེར་བའི་སྒྲིག་འཛུགས་དེ་ཡང་རྒྱལ་ཁབ་ཟེར་བའི་མིང་གི་ཐ་སྙད་དེ་རྟགས་ནས་འཛུགས་བསྐྲུན་གྱི་ལས་གཞི་བཟོ་ལས་དང་འཕྲུལ་ལས་འཐོན་བསྐྱེད་གསར་གཏོད་འོག་ནས་རྒྱལ་ནང་གི་དཔལ་འབྱོར་ལ་འགན་འཁུར་ནས་མི་མང་གི་སྐད་ཡིག་དང་ཤེས་ཡོན་རིག་གནས་སློབ་གསོ། མང་ཚོགས་ཀྱི་འཕྲོད་བསྟེན། འཁོར་ཡུག་སྲུང་སྐྱོབས་ཆེད་རི་ལུང་རྩ་ཚིག་སོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་མི་མང་གི་འཚོ་བ་བཅས་ལ་ཡར་རྒྱས་ཀྱི་རྣམ་པ་གསལ་དུ་ཕྱིན་ནས་རྒྱལ་ཁབ་ཕན་ཚུན་བར་ཚོང་འབྲེལ་ལམ་ལུགས་གསར་གཏོད་འོག་ནས་ཕྱི་དངོས་ནང་འདྲེན་དང་ནང་དངོས་ཕྱི་གཏོང་སོགས་རྒྱལ་ཁབ་ཕན་ཚུན་བར་ཚོང་ལས་རྒྱ་བསྐྱེད་འོག་ནས་གཞུང་དང་མི་མང་བཅས་ཀྱི་དཔལ་འབྱོར་ལ་ཚད་མཐོའི་ཡར་རྒྱས་ཡོད་ན་ཡང་དོན་དངོས་མི་ལ་དགོས་པ་དེ་ཞི་བདེ་ལྷིང་འཇགས་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་དེ་ཡིན་ན་ཡང་མི་གི་འདོད་པ་ལ་མཐའ་མེད་པ་ནས་ཆེ་ས་རྒྱལ་ཁབ་ཕན་ཚུན་བར་ས་མཚམས་ཀྱི་རྩོད་རྙོག་དང་། འབྲིང་ས་སྡེ་ཚོ་ཕན་ཚུན་བར་ཙ་ཟ་ཆུ་འཐུང་གི་རྩོད་རྙོག་དང་། ཆུང་ས་གྲོང་པ་ཁྱིམ་མཚེས་བར་ཁབ་སྐུད་སྤྲོད་ལེན་གྱི་རྩོད་རྙོག་སོགས་ཉོན་མོངས་པ་དང་མ་རིག་པའི་དབང་གི་མི་གི་སྤྱི་ཚོགས་འདི་གཅིག་གི་གཅིག་ལ་འཁོན་སེམས་དང་། ཕྲག་དོག ཐུབ་ཚོད་དང་།…

དེ་ལས་མང་བ་། “ང་ཚོར་དགོས་པ་དེ་རང་ཡུལ་རང་བདག་དང་ཕ་ཡུལ་བུ་འཛིན་བྱ་རྒྱུ་དེ་ལས་ལྷག་པའི་དམིགས་ཡུལ་གང་ཡང་ཡོད་མ་རེད།” »

བསམ་ཚུལ།

བཙན་བྱོལ་བོད་མིའི་ལས་དབང་ལ་དཔྱད་པའི་གཏམ།

Posted on 2023-10-30 By ཁ་བརྡ་ No Comments on བཙན་བྱོལ་བོད་མིའི་ལས་དབང་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས། སྤྱི་ལོ་ ༡༩༥༩ ལོར་བོད་ས་ཤོར་ནས་བོད་མི་ཁྲི་ཚོ་རྒྱད་ལྷག་ཙམ་ཞིག་༧ གོང་ས་མཆོག་གིས་༧ ཞབས་རྗེས་སུ་འབྲང་ནས་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་ནས་འཚོ་ཐབས་གནས་ཡུལ་ལུང་པའི་འཁོར་ལམ་བཟོ་བཅོས་ཆེད་ཧི་མ་ཅལ་མངའ་སྡེ་དང་། གང་ཏོག་འབྲས་ལྗོངས་ཁུལ་སོགས་རྒྱ་གར་གྱི་མཐའ་མཚམས་མངའ་སྡེ་ཁག་གི་ནང་གནས་སྐབས་འཚོ་རྟེན་ལམ་བཟོ་རྒྱུག་པ་དང་། ༧གོང་ས་མཆོོག་དང་ཁོང་གི་བཀའ་ཤག་ལྷན་རྒྱས་ནས་སྐབས་དེའི་རྒྱ་གར་གྱི་སྲིད་བློན་དམ་པ་པཎྜི་ཏ་ནེ་རུ་མཆོག་ལ་བོད་མི་བཙན་བྱོལ་བ་རྣམས་རང་ཡུལ་དུ་ཕྱིར་ལོག་མ་ཐུབ་བར་རྒྱ་གར་དུ་འཚོ་གནས་ཐུབ་པའི་རོགས་མགོན་སྙན་སེང་ཞུས་པ་བཞིན་བོད་མི་བཙན་བྱོལ་བ་ཚོའི་ཕྲལ་ཕུགས་ཀྱི་འཚོ་བའི་བསྐོར་དང་། ན་གཞོན་ཚོར་ཤེས་ཡོན་སློབ་གསོའི་བསྐོར། བོད་མི་རིགས་གསོན་གནས་ཐུབ་པའི་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་རྒྱུན་གནས་ཐུབ་པའི་བསྐོར་སོགས་ལ་རྒྱ་གར་གཞུང་ནས་མཐུན་སྦྱོར་ཚད་མཐོའི་རོགས་སྐྱོར་འོག་བོད་མིར་རན་པའི་བཟོ་གཞིས་ཁག་དང་། སོ་ནམ་གཞིས་ཆགས་ཁག ནང་བསྟན་མི་ཉམས་གོང་འཕེལ་ཆེད་ཆོས་སྒར་ཁག ཤེས་ཡོན་གྱི་གཏི་གནས་སློབ་གྲ་ཁག་དང་། དྭང་སློབ། རྒན་གསོ་ཁང་སོགས་གནས་ཡུལ་གཞུང་ནས་བོད་མི་ཚོར་འགྲོ་བ་མིའི་འདུ་ཤེས་དང་ལོ་ངོ་སྟོང་ཕྲག་མང་པོའི་ཆོས་དང་ཤེས་རིག་གི་འབྲེལ་ལམ་བཟང་པོ་སོགས་ལ་འགན་འཁུར་ནས་ཚད་མཐོའི་རོགས་རམ་མཐུན་བསྒྱུར་གནང་བ་ལ་བརྟེན་ནས་བཙན་བྱོལ་བོད་མིའི་འཚོ་བའི་གནས་སྟངས་དེ་ལོ་རེ་ནས་ལོ་རེ་བཞིན་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་གི་ཡོད་ན་ཡང་ང་ཚོའི་དམིགས་ཡུལ་ངོ་མ་རང་ཡུལ་རང་བདག་ཆེད་མི་ཡུལ་དུ་བཙན་བྱོལ་དུ་སླེབས་པ་ནས་དུས་ད་ལྟ་བར་ང་ཚོའི་བོད་དོན་བདེན་མཐའ་སེལ་ཐབས་ལ་འབད་བརྩོན་ཇི་ཙམ་བྱས་ཀྱང་ཕ་རོལ་དགྲ་བོའི་ངོས་ནས་བཟང་ཕྱོགས་ཀྱི་བརྡ་ལན་ཕར་བཞག་བོད་ཡུལ་རྒྱ་ཡུལ་ལ་རྒྱུར་རྒྱུ་དང་བོད་མི་རིགས་འདི་རྒྱ་མི་རིགས་ལ་རྒྱུར་རྒྱུའི་ཆབ་སྲིད་ནག་པོ་དངོས་སུ་འཛམ་གླིང་མི་མང་མདུན་དུ་ངོམས་བཞིན་པའི་སྐབས་འདིར་ང་ཚོ་རང་དབང་ལུང་པའི་ནང་དེ་སྔོན་༧གོང་ས་མཆོག་ནས་སྐུ་ཚེ་ཧྲིལ་པོ་སྐུ་ལས་སྐྱོན་པའི་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ཀ་བ་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་ཡོད་པའི་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་གྱིས་སྒྲིག་འཛུགས་དེ་དག་འཛམ་གླིང་མིི་མང་ལ་ངོམས་སུ་ཆོག་པ་ཡོད་པ་འདི་ཡང་སྤྱི་འཐུས་སྐབས་བཅུ་དྲུག་གི་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་…

དེ་ལས་མང་བ་། “བཙན་བྱོལ་བོད་མིའི་ལས་དབང་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལ་དཔྱད་པའི་གཏམ།

Posted on 2023-10-26 By ཁ་བརྡ་ No Comments on བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས། སྤྱི་ལོ་ ༡༩༥༩ ལོར་བོད་ས་ཤོར་ནས་༧ གོང་ས་མཆོག་གི་དབུ་ཁྲིད་འོག་ཁོང་གི་བཀའ་ཤག་ལྷན་རྒྱས་དང་ཞི་བའི་མི་མང་ཁྲི་ཚོ་བརྒྱད་ལྷག་ཙམ་བཅས་༧ གོང་ས་མཆོག་གི་ཕེབས་རྗེས་སུ་འབྲང་ནས་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་མ་ཐག་དྲུག་བཅུ་ཐམ་པའི་ལོར་༧ གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་འདི་བཙུགས་ནས་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་སྐབས་དང་པོའི་ལས་འཁུར་དམ་བཅའ་དེ་༼མ་ཎི་བཀའ་འབུམ་༽མདུན་དམ་འབུལ་ཞུས་ནས་དངོས་སུ་ལས་འཁུར་བླང་པ་ནས་བཟུང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནུས་པ་མ་ཐོན་བར་སྤྱི་འཐུས་སྐབས་བཅུ་པ་བར་སྤྱི་འཐུས་ཀྱི་ལས་འཁུར་དམ་བཅའ་དེ་༼མ་ཎི་བཀའ་འབུམ་༽མདུན་འབུལ་བཞིན་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ནས་སྤྱི་འཐུས་སྐབས་བཅུ་གཅིག་ནས་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་དེ་ཆེས་མཐོའི་ཁྲིམས་ཞིན་པ་ཆེ་བའི་མདུན་བཅའ་ཁྲིམས་ནང་གཏན་འབེབས་ཟིན་པའི་ཚིག་བརྗོད་ལྟར་དམ་བཅའ་འབུལ་བཞིན་པ་ནས་ད་ལྟའི་ཆ་ལ་སྤྱི་འཐུས་སྐབས་བཅུ་དྲུག་གི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཁྲིམས་འགལ་གྱི་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བ་དེའི་ཤུགས་རྐྱེན་འོག་ནས་ད་ལྟ་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ལས་མེད་པ་དང་། བཀའ་བློན་ཆ་ཚང་བསྐོ་མ་ཐུབ་པ་དང་། གལ་སྲིད་བསྐོ་ཐུབ་པའི་དབང་དུ་བཏང་ཡང་དམ་བཅའ་འབུལ་སའི་ཡུལ་མེད་པ་དང་། ཉེ་ལམ་སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་དག་འཇུག་བསྡུ་མ་ཐུབ་པའི་གནས་སྟངས་ངོ་ཚ་ཁ་སྐྱེངས་སོགས་ལ་བལྟ་སྐབས་ང་ཚོ་མི་མང་ནས་ཡིད་ཆེས་དང་རེ་བ་བཅོལ་སའི་ཨ་ཡོད་ནང་གི་ད་ཡོད་དང་སྒོ་ངའི་ནང་གི་སེར་རིལ། སྟོང་དཀྲུགས་བརྒྱ་འདེམས་བྱས་པའི་སྤྱི་འཐུས་ཚོའི་ཕྱག་ལས་གནང་སྟངས་ལ་ཞིག་ན་བཅའ་ཁྲིམས་བསྐྱར་བཅོས་ཀྱི་བརྒྱུད་ནས་མི་མང་གི་མངོན་འདོད་སྒྲུབ་ཐུབ་པའི་རེ་བ་ཅང་མ་མཐོང་བ་ནས་ད་ལམ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་གི་ཡོད། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་།…

དེ་ལས་མང་བ་། “བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

བཅའ་ཁྲིམས་བསྐྱར་བཅོས་དང་མི་མང་གིས་རེ་བ་ལ་དཔྱད་པའི་གཏམ།

Posted on 2023-10-262023-10-26 By ཁ་བརྡ་ No Comments on བཅའ་ཁྲིམས་བསྐྱར་བཅོས་དང་མི་མང་གིས་རེ་བ་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས། སྤྱི་འཐུས་སྐབས་བཅུ་བདུན་གྱིས་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་འཛུགས་རྒྱུའི་གྲོས་ཆོད་ལྟར་ཚོགས་ཆུང་གི་མི་འགྲོ་ཚོགས་གཙོ་སྦྲེལ་པོས་བསྐོ་བཞག་གཏན་འཁེལ་གནང་བའི་ནང་སྤྱི་འཐུས་ཁྲིམས་བཟོ་གྲོས་ཚོགས་ཀྱི་འཐུས་མི་ལས་སྒྲུབ་པའི་ཚོགས་ཆུང་བཙུགས་པ་ནས་བ་མོ་དེ་ཉལ་སྟངས་ལ་བལྟས་ན་བེའུ་རྐེ་ཀྱོག་ཞིག་ཡིན་པ་ཐག་ཆོད་ཟེར་བ་ལྟར་བཅའ་ཁྲིམས་བསྐྱར་བཅོས་ལ་མི་མང་གིས་རེ་བ་བཅོལ་བ་དེ་བར་སྣང་སྟོང་པ་ལ་ལག་མྱུལ་རྒྱབ་པ་ལྟབུ་ལས་རེ་འབྲས་འཐོན་རེ་ཅང་མ་མཐོང་བ་ནས་བཅའ་ཁྲིམས་ལ་བསྐྱར་བཅོས་དགོས་ཀྱི་ཡོད་ན་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་ནང་མང་གཙོའི་ཀ་བ་གསུམ་གྱི་སྐུ་ཚབ་ལས་སྒྲུབ་པའི་ཚོགས་ཆུང་འཛུགས་དགོས་པ་ནི། ༡ སྤྱི་འཐུས་གྲོས་ཚོགས་འཐུས་མིའི་སྐུ་ཚབ། ༢ འཛིན་སྐྱོང་བཀའ་ཤག་གི་སྐུ་ཚབ། ༣ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྐུ་ཚབ། ༤ ཁྲིམས་ལུགས་རིག་པའི་ཆེད་ལས་པ་བཅས་ལས་སྒྲུབ་པའི་ཚོགས་ཆུང་འཛུགས་དགོས་པ་དེ་མང་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་ཡིན་པ་དང་། སྤྱི་འཐུས་གྲོས་ཚོགས་འཐུས་མི་ལས་སྒྲུབ་པའི་ཚོགས་ཆུང་གི་ཕྱོགས་གཅིག་གི་གནས་སྟངས་ལས་ཕྱོགས་ཚང་མའི་གནས་སྟངས་རྟོགས་མ་ཐུབ་པ་ནས་ཁྲིམས་མཐུན་ལ་ནམ་ཡང་ཁས་ལེན་ཞུ་མི་ཐུབ་པ་དང་། སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མིའི་བཅའ་ཁྲིམས་བསྐྱར་བཅོས་གནང་རྒྱུ་ཡིན་ན་ཚོགས་ཆུང་ཟུར་དུ་བཙུགས་ནས་འགྲོ་སོང་གཏོང་མ་དགོས་པ་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅུ་གཅིག་ནང་གསལ་བའི་བཅའ་ཁྲིམས་བསྐྱར་བཅོས་དེ་གྲོས་ཚོགས་ཀྱི་ལས་རིམ་ནང་བསྐྱར་བཅོས་ཁྱེར་ནས་ཚིག་བརྗོད་རྙིང་པ་ལ་སྣོན་འཕྲི་སྤོར་གཅོག་གི་ལམ་ནས་མང་མོས་སམ་སྤྱི་མོས་གང་རུང་འོག་བསྐྱར་བཅོས་བྱེད་ཆོག་པ་དེ་ལ་༼ CHARTER Rectified ༽…

དེ་ལས་མང་བ་། “བཅའ་ཁྲིམས་བསྐྱར་བཅོས་དང་མི་མང་གིས་རེ་བ་ལ་དཔྱད་པའི་གཏམ།” »

གསར་འགྱུར།, བསམ་ཚུལ།

གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་སྐོར་ལ་དཔྱད་པའི་གཏམ།

Posted on 2023-10-19 By ཁ་བརྡ་ No Comments on གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།   རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནི་བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་། མི་རིགས་དང་བཅས་པ་སྲུང་སྐྱོབས་ཐུབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་འཁོད་པའི་བོད་དོན་བདེན་མཐའ་གསལ་ཐབས་ལ་ཕྱོགས་ཡོངས་ནས་འགན་འཁུར་ནས་བོད་མིའི་ངོ་བོ་འཛམ་གླིང་ཡོངས་ལ་སྟོན་ཐུབ་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་ནས་བླ་ན་མེད་པ་དེ་ཡིན་པ་དང་། གཞིས་ཆགས་སོ་སོའི་སྒྲིག་འཛུགས་ནང་ཕ་མེས་ནས་དར་པའི་བོད་མིའི་མཐུན་མོང་མ་ཡིན་པའི་སྐད་ཡིག་དང་། ནང་ཆོས། རིག་གཞུང་། སྒོམ་པའི་བཤིས་ལུགས་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཞུ་རྒྱུ་སོགས་བོད་མིའི་ངོ་བོ་ཟུར་དུ་འབུར་འཐོན་ཐུབ་པའི་ལས་འགུལ་འཆར་ཅན་སྤེལ་བཞིན་པ་དང་། ལོ་རབས་དགུ་བཅུའི་ནང་དབུས་བོད་མིའི་སྒྲིག་འཛུགས་ནས་བོད་མི་གཅིག་སྟོང་ཨ་རིར་གཞིས་སྤོ་གནང་བ་ནས་གཞིས་ཆགས་ཁག་ནང་གཞིས་མི་གཏན་སྡོད་བྱ་མཁན་ལོ་རེ་ནས་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་པ་དང་། ཉིན་སློབ་ནང་སློབ་ཕྲུག་ཉུང་དུ་འགྲོ་བཞིན་པ་དང་། གཞིས་ཆགས་ནང་ཞིང་ལས་བྱ་མཁན་དང་བ་ཕྱུགས་གསོ་སྐྱོང་བྱ་མཁན་སོགས་ལོ་རེ་ནས་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་པ་དང་། གཞིས་ཆགས་སོ་སོའི་ནང་ནས་ཕྱི་རྒྱལ་ལ་རང་མཚམས་འགྲོ་མཁན་ཚོའི་ས་ཁང་ཕྱིར་བསྡུ་གནང་ནས་གཞིས་ཆགས་ནང་ལྷག་པའི་ནང་མི་ཚོ་ལ་རང་ཐོབ་ས་ཞིང་ལས་མེད་སྟབས་ས་ཞིང་ཉུང་དུ་ཕྱིན་ནས་ས་ཞིང་འདེབས་ལས་ལ་དཀའ་ངལ་མང་བས་ས་ཞིང་གཞན་ལ་བོགས་གཏོང་བྱེད་བཞིན་པ་ནས་དེང་སྐབས་བོགས་མ་ལེན་མཁན་ཡང་མེད་པ་ནས་ཞིང་ས་མང་པོ་ས་སྟོང་ལ་བཞག་པ་ཡང་མཐོང་རྒྱུ་འདུག་ལ་ན་གཞོན་ཚོ་ཕྱི་རྒྱལ་ལ་འགྲོ་རྒྱུའི་བསམ་བློ་ལས་གཞིས་ཆགས་ནང་བསྡད་ནས་ཞིང་ལས་དང་བ་ཕྱུགས་གསོ་སྐྱོང་བྱ་རྒྱུའི་བསམ་བློ་ཞན་པ་དང་། གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་ཐུབ་པའི་ཆེད་ཁྱིམ་ཚང་ཆ་ཚང་ཕྱི་རྒྱལ་ལ་ཕྱིན་པའི་ས་ཁང་ཕྱིར་བསྡུ་མ་བྱས་རང་བྱས་ལས་དེ་མིན་ཁྱིམ་ཚང་གཅིག་ནས་ནང་མི་གཉིས་གསུམ་ཕྱི་རྒྱལ་ལ་འགྲོ་མཁན་ཚོའི་ས་ཁང་ཕྱིར་བསྡུ་མ་དགོས་པ་ཁྱིམ་ཚང་དེ་ག་རང་ལ་བཞག་ནས་ས་ཁང་གཉིས་ལ་བོགས་ཁྲལ་སྣེ་སེལ་ཞིག་གཏན་འབེབས་གནང་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་འབུལ་དགོས་པའི་ལམ་ལུགས་སམ་སྒྲིག་གཞི་བཟོ་ཐུབ་ན་ནང་མི་ཕྱི་རྒྱལ་ལ་འགྲོ་མཁན་ཚོའི་ས་ཞིང་གཞིས་སྡོད་ཁྱིམ་ཚང་རང་ལ་བདག་ཉར་ཆོག་པ་ནས་དེ་སྔོན་གཞིས་ཆགས་ནང་ཁྱིམ་ཚང་དེའི་འཛུགས་བསྐྲུན་ལས་གཞི་ལ་དོ་ཕོག་མི་འགྲོ་བ་དང་གཞིས་ཆགས་སྲ་བརྟན་དང་བརྒྱུན་གནས་ཐུབ་པའི་དགེ་ཚན་ཆེ་བ་ཡོང་རྒྱུ་དང་།…

དེ་ལས་མང་བ་། “གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་སྐོར་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

 གྲོས་ཚོགས་ཀྱི་ལས་རིམ་དེ་གཏམ་བཤད་འགྲན་བསྡུར་དང་ལས་རིམ་རྣམ་བཞག་ལ་དུས་ཚོད་བཏང་ན་འགྲིག་གི་ཨ་ཡོད།

Posted on 2023-10-19 By ཁ་བརྡ་ No Comments on  གྲོས་ཚོགས་ཀྱི་ལས་རིམ་དེ་གཏམ་བཤད་འགྲན་བསྡུར་དང་ལས་རིམ་རྣམ་བཞག་ལ་དུས་ཚོད་བཏང་ན་འགྲིག་གི་ཨ་ཡོད།

གཞུང་པ་ཚེ་དབང་བསོད་ནམས།   མང་གཙོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ལས་རིམ་ནང་དུས་ཚོད་ལ་འགན་འཁུར་ནས་འཐུས་མི་ཚོའི་གྲོས་ཚོགས་ནང་རང་ཉིད་ཀྱིས་གཏམ་བཤད་བྱ་རྒྱུའི་སྒོ་སྐབས་རྩ་ཆེར་རྩིས་ནས་སྔོན་ཚུད་ནས་ཡིག་ཐོག་ཏུ་བཀོད་ནས་སྒྲ་སྒྲིག་བྱེད་བཞིན་པ་དང་། རང་གི་བཤོད་རྒྱུའི་གནད་དོན་ཡིག་ཐོག་ལ་ཡོད་པ་དེ་དག་ལ་ངག་ཐོག་ནས་འབྲེལ་བཤད་རིང་ཙམ་རྒྱབ་ནས་གྲོས་ཚོགས་ཀྱི་འཐུས་མི་ཚོའི་གསལ་པོ་མཁྱེན་ཐུབ་པ་དང་འོས་འཕེན་མང་ཚོགས་ཀྱི་མངོན་འདོད་སྒྲུབ་དགོས་པ་ནི་མི་མང་གི་སྐུ་ཚབ་གྲོས་ཚོགས་འཐུས་མིའི་ཐུགས་འགན་ངོ་མ་དེ་ཡིན་པ་དང་། ང་ཚོའི་སྤྱི་འཐུས་གྲོས་ཚོགས་ནང་བགྲོ་གླེང་ག་འདྲ་ཞིག་གནང་གི་ཡོད་ཀྱང་གྲོས་ཚོགས་ཀྱི་ལས་རིམ་དང་མཐུན་པ་བཟང་སྤྱོད་དང་ཁ་མ་བྲལ་བ་ཞིག་དགོས་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ལམ་སྟོན་དང་མཐུན་པ་ཞིག་དགོས་པ་དང་། གལ་སྲིད་འཐུས་མི་ཞིག་ནས་གྲོས་ཚོགས་ཀྱི་ལས་རིམ་དང་མ་མཐུན་པ་བཟང་སྤྱོད་དང་ཁ་བྲལ་བའི་གཏམ་གླེང་གནང་གི་ཡོད་ན་ལམ་སེང་ཚོགས་གཙོའི་བཀག་དགོས་པ་དང་། ཚོགས་གཙོའི་མ་གཟིགས་པའམ་མ་གསན་པའི་སྐབས་སུ་གྲོས་ཚོགས་ཀྱི་འཐུས་མི་སུ་རུང་ནས་ལས་རིམ་རྣམ་བཞག་༼ Point of Order ༽ འདོན་ཆོག་པ་དང་། ལས་རིམ་རྣམ་བཞག་གི་ནང་དོན་ཡང་འགྲོ་བཞིན་པའི་ལས་རིམ་དང་འབྲེལ་བ་མེད་ལུགས་གསུང་དགོས་པ་ལས་ལས་རིམ་རྣམ་བཞག་ལ་སྒོ་སྐབས་བླང་ནས་རང་གི་བསམ་ཚུལ་གཏམ་བཤད་ལ་ནམ་ཡང་ཁ་ཕྱོགས་མི་ཉན་པ་དང་། གལ་སྲིད་འཐུས་མི་ཞིག་ནས་ལས་རིམ་རྣམ་བཞག་ལ་སྒོ་སྐབས་བླང་ནས་རང་གི་བསམ་ཚུལ་གླེང་གི་ཡོད་ཚེ་དེ་མ་ཐག་ཚོགས་གཙོའི་བཀག་དགོས་པ་དང་། འཐུས་མི་ཞིག་ནས་ལག་པ་ཡར་ཀྱང་ནས་ལས་རིམ་རྣམ་བཞག་ཟེར་སྐབས་ཚོགས་གཙོའི་གཏམ་བཤད་གནང་མཁན་གྱི་འཐུས་དེ་མར་བཞུགས་དུ་བཅུག་ནས་ལས་རིམ་རྣམ་བཞག་འདོན་མཁན་གྱི་འཐུས་མི་དེ་ལ་ལས་རིམ་ག་རེ་ཡིན་གསུང་དགོས་པ་དང་།…

དེ་ལས་མང་བ་། “ གྲོས་ཚོགས་ཀྱི་ལས་རིམ་དེ་གཏམ་བཤད་འགྲན་བསྡུར་དང་ལས་རིམ་རྣམ་བཞག་ལ་དུས་ཚོད་བཏང་ན་འགྲིག་གི་ཨ་ཡོད།” »

བསམ་ཚུལ།

སེམས་ཁོང་གི་ན་ཟུག་ཕྲ་མོ།

Posted on 2023-10-192023-10-19 By ཁ་བརྡ་ No Comments on སེམས་ཁོང་གི་ན་ཟུག་ཕྲ་མོ།

ཆབ་མདོ་ངག་ཕུན།   དེང་སྐབས་སྤྱི་ཚོགས་ཁྲ་ཁྲ་ཟིང་ཟིང་ནང་།། མི་ཡི་སེམས་ཀྱང་ཁྲ་ཁྲ་ཟིང་ཟིང་གྱུར།། ཡིད་བརྟན་མེད་པའི་སྤྱི་ཚོགས་འདི་ཉིད་ནང་།། སྡུག་རུས་བརྒྱབ་ནས་བསྡད་ན་མ་གཏོགས་ཅི།།   ད་ལྟའི་སྤྱི་ཚོགས་གནས་སྟངས་གསོན་པོ་འགའ།། སེམས་ཀྱི་གཏིང་ནས་ཕྱིར་རུ་བཏོན་པར་འདོད།། འགའ་ཤས་སེམས་ཀྱི་གཏིང་ལ་འཕོག་ཀྱང་སྲིད།། འགའ་ཤས་བསམ་ཞིག་གནང་དགོས་ཐུག་ཀྱང་སྲིད།།   རང་གིས་རང་ལ་ཡིད་ཆེས་མ་བྱས་པར།། གཞན་ལ་ཡིད་ཆེས་བྱེད་པར་ཡ་རེ་མཚར།། གཞན་གྱི་མགོ་སྐོར་འོག་ཏུ་ཚུད་ན་ཡང་།།…

དེ་ལས་མང་བ་། “སེམས་ཁོང་གི་ན་ཟུག་ཕྲ་མོ།” »

རྩོམ་རིག, སྙན་ངག

སྤྱི་ཚོགས་དྲ་རྒྱའི་དུས་རབས་ལ་དཔྱད་པའི་གཏམ།

Posted on 2023-10-16 By ཁ་བརྡ་ No Comments on སྤྱི་ཚོགས་དྲ་རྒྱའི་དུས་རབས་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས། དུས་རབས་ཉི་ཤུ་རྩ་གཅིག་འདི་དྲ་རྒྱའི་དུས་རབས་ ༼ Cyber Century ༽ ལ་མི་ཚོའི་ངོས་འཛིན་གྱིས་སྤྱི་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་ཆོས་སྲིད་ཀྱི་ལས་དོན་ཡོངས་རྫོགས་དྲ་རྒྱ་བརྒྱུད་ནས་བྱེད་བཞིན་པ་ནི་ཚན་རྩལ་རིག་པས་ང་ཚོ་འགྲོ་བ་མི་ལ་ལེགས་སྐྱེས་སུ་སྦྱིན་པ་ནས་ང་ཚོ་འགྲོ་བ་མི་ཚང་མ་དགའ་བ་དང་སྤྲོ་བ་ཚད་མེད་པའི་གནས་སུ་རྒྱུར་པ་ནི། ཤེས་བྱ་མཐའ་མེད་ནམ་མཁའ་སྟོང་པ་འདྲ། རིག་པ་མཐའ་མེད་རྒྱ་མཚོའི་གཏིང་མཐའ་འདྲ། ཟེར་བ་ལྟར། དྲ་རྒྱའི་དུས་རབས་ལ་རང་གི་འཚོ་བའི་མདུན་ལམ་བསྟེན་མ་ཐུ་པའི་མི་སྣ་ཁག་ནས་དྲ་རྒྱའི་དུས་རབས་དེ་བེད་སྤྱོད་ལོག་པར་བཏང་ནས་སྤྱི་ཚོགས་དཀྲུགས་ཐབས་ལ་འབད་བརྩོན་དང་འགན་འཁུར་ནས་སྒྲིག་འཛུགས་དང་མི་མང་བར་དཀྲུགས་ཐབས་དང་། ཆོལ་ཁ་དང་ལུང་ཚན་བར་དཀྲུགས་ཐབས་དང་། མཐུན་པ་དང་མ་མཐུན་བར་དཀྲུགས་ཐབས་དང་། རང་གི་འདོད་ཕྱོགས་དང་མ་མཐུན་ན་ཕ་ཕྱོགས་ཀྱི་མི་དེ་སྤྱི་ཚོགས་ནང་ནག་པོ་བཟོ་གང་ཐུབ་བྱས་ནས་དོན་དངོས་ཚན་རྩལ་རིག་པས་ང་ཚོར་ལེགས་སྐྱེས་སུ་སྦྱིན་པའི་དྲ་རྒྱའི་དུས་རབས་རྩ་ཆེན་དེ་བེད་སྤྱོད་ལོག་པར་བཏང་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ལའང་ཉེན་ཁ་མི་བཟོ་བའི་ངེས་པ་མེད་པ་ནས་ང་ཚོ་ཚང་མས་ཟབ་ཟབ་གནང་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་དོན་ཆེན་ཞིག་ཡིན་པ་དང་། དེང་སྐབས་སྤྱི་ཚོགས་ཀྱི་དྲ་ལམ་བརྒྱུད་ནས་འཛམ་གླིང་འདི་ཆུང་ཆུང་ཆགས་ནས་སྐར་ཆ་གཅིག་གི་ནང་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་ཐུབ་པ་དང་མཐོང་ཐུབ་པའི་ནུས་པ་ཡོད་པ་ནས་ང་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གནས་ཚུལ་བཟང་ངན་ཚང་མ་དྲ་ལམ་བརྒྱུད་ནས་ཡོང་བཞིན་པ་ནས་གནས་ཚུལ་ག་འདྲ་ཞིག་རང་ཉིད་ལ་འབྱོར་ཡང་ཞིབ་འཇུག་མཐའ་ནན་གནང་ནས་བདེན་རྫུན་གྱི་ངོས་འཛིན་གསལ་པོ་ཐུབ་དགོས་པ་ལས་རི་བོང་ཅལ་འདྲོགས་ནམ་ཡང་བྱེད་མི་ཉན་པ་ནི་དེང་སྐབས་རང་རེ་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་མང་གཙོ་དང་རང་དབང་ཁ་ལ་ཁྱེར་ནས་ཆོལ་ཁ་དང་ལུང་ཚན་གྱི་མིང་གི་འོག་ནས་ནང་ཁུལ་དཀྲུགས་ཐབས་བྱེད་མཁན་དགྲ་བོའི་སོ་མྱུལ་ཡང་ཡོང་མི་སྲིད་པ་མིན་པ་ནས་བློ་ལྡན་བོད་མི་ཚང་མས་དྲ་ལམ་གྱི་གནས་ཚུལ་ལ་ཞིབ་འཇུག་མ་གནང་བར་ཆ་འཇོག་དང་ཡིད་ཆེས་ནམ་ཡང་གནང་མི་ཉན་པ་དང་།…

དེ་ལས་མང་བ་། “སྤྱི་ཚོགས་དྲ་རྒྱའི་དུས་རབས་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

དྲིན་ཅན་གྱི་ཨ་ཕ་ལགས།

Posted on 2023-10-122023-10-12 By ཁ་བརྡ་ No Comments on དྲིན་ཅན་གྱི་ཨ་ཕ་ལགས།

ཆབ་མདོ་ངག་ཕུན། དྲིན་ཆེན་ཕ་མ་ལགས། ལོ་ཟླ་དེ་ཙམ་ཞིག་ཕྱིན་ནའང་། དྲིན་ཅན་གྱི་ཨ་ཕ་མཇལ་སྐལ་བྱུང་མ་སོང་། སྐབས་རེ་རང་ཉིད་གཅིག་པུ་བསྡད་དེ། འདས་ཟིན་ལོ་ཟླའི་སྐྱོ་གར་དེ་དག་དྲན་ཐེངས་རེ། དྲིན་ཅན་ཨ་ཕ་ཁྱེད་ཀྱི་རྣམ་འགྱུར། སེམས་ཁོངས་སུ་ཝ་ལེར་ཤར་འོང་། ངའི་བྲང་ཁོག་ཏུ་ན་ཟུག་བཏང་ཐེངས་རེ། ཁུག་ཀྱོག་ཏུ་མིག་ཆུ་གཏོང་བཞིན་སྡོད་རྒྱུ་ལས་ཅི།   དྲིན་ཅན་གྱི་ཨ་ཕ་ལགས། དེང་སྐབས་དྲིན་ཅན་གྱི་ཕ་ལོ་ཧ་ཅང་དྲན་གྱིན། ཕ་མ་དང་ཕ་ཡུལ་ཁ་བྲལ་དགོས། དེ་འདྲའི་ལས་དབང་བཙན་པ་ལ་ཨང་།…

དེ་ལས་མང་བ་། “དྲིན་ཅན་གྱི་ཨ་ཕ་ལགས།” »

རྩོམ་རིག, སྙན་ངག

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས།

Posted on 2023-10-12 By ཁ་བརྡ་ No Comments on བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས།

གཞུང་པ་ཚེ་དབང་བསོད་ནམས། སྤྱི་ལོ་ ༡༩༥༤ ལོར་༧ སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུར་རླབས་ཆེན་གྱི་དགོངས་པ་བཞེས་ནས་སྤྱི་ཚོགས་ལེགས་བཅོས་ལས་ཁུངས་ཆེད་འཛུགས་གནང་ནས་ལས་དོན་འགོ་འཛུགས་གནང་སྐབས་ཕྱི་ནང་གི་འགོག་རྐྱེན་འོག་ནས་རང་ཡུལ་དུ་དངོས་སུ་ལག་བསྟར་མ་ཐུབ་པ་ནས་སྤྱི་ལོ་༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་མ་ཐག་སྤྱི་ལོ་ ༡༩༦༠ ཐམ་པའི་ལོར་བོད་མི་མང་གི་སྐུ་ཚབ་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་འཐུས་མི་སྤྱི་འཐུས་མི་མང་ནས་གསར་བསྐོ་གནང་ནས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་མང་གཙོ་ལ་ཁ་ཕྱོགས་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱས་ནས་བཙན་བྱོལ་བོད་མིའི་མང་གཙོ་དབུ་རྙེས་ནས་སྐབས་དེ་དུས་བཙན་བྱོལ་དུ་འབྱོར་མ་ཐག་ལ་སོང་མི་མང་གི་འཐུས་མི་སྤྱི་འཐུས་རྣམས་ད་ལྟ་ནང་བཞིན་སྤྱི་འཐུས་ཀྱི་ལས་ཁུངས་ཟུར་དུ་མེད་པ་ནས་སྤྱི་འཐུས་རྣམས་ལྷན་ཁང་ཁག་ནང་ཆ་བགོས་བྱས་ནས་ལས་དོན་གནང་བཞིན་པ་དང་། རིམ་པས་སྤྱི་ཚོགས་ཀྱི་འཕེལ་རིམ་དང་དུས་ཀྱི་དགོས་མཁོ་ལ་འགན་འཁུར་ནས་ཡར་རྒྱས་དང་ཚགས་ཚུད་དུ་ཕྱིན་ནས་སྤྱི་ལོ་ ༡༩༩༠ ལོར་སྤྱི་འཐུས་ཀྱི་གྲངས་ཚད་སྤར་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་ཚོགས་ཆུང་བཙུགས་ནས་སྤྱི་ལོ་ ༡༩༩༡ ལོར་སྤྱི་འཐུས་སྐབས་བཅུ་གཅིག་གི་བར་འགལ་གྱི་ཁྲིམས་བཟོའི་འགན་འཁུར་བླང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་པ་དེ་དག་གཏན་འབེབས་གནང་ནས་༧ གོང་ས་མཆོག་གི་ཆོག་མཆན་ལོ་དེའི་ཟླ་བ་…

དེ་ལས་མང་བ་། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས།” »

བསམ་ཚུལ།, རྩོམ་རིག

སྤྱི་འཐུས་སྐབས་བཅུ་བདུན་གྱིས་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་ལ་དཔྱད་པའི་ཀ་བཤད།

Posted on 2023-10-09 By ཁ་བརྡ་ No Comments on སྤྱི་འཐུས་སྐབས་བཅུ་བདུན་གྱིས་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་ལ་དཔྱད་པའི་ཀ་བཤད།

གཞུང་པ་ཚེ་དབང་བསོད་ནམས།   ཀ་ར་ཀོ་རེ་བཤད་ནས་གྲོས་ཚོགས་འཇུག་སྐྱོང་མ་ཐུབ། ཁ་དམག་འགན་འཁུར་འོག་ཏུ་ནང་ཁུལ་རྩོད་གླེང་མང་བ། ག་ནས་བསམ་བློ་བཏང་ཀྱང་ཕྱོགས་གཏོགས་འགན་འཁུར་ཙམ་ལས། ང་ཚོའི་རེ་བ་ཇི་བཞིན་ཁྲིམས་བཟོའི་འགན་འཁུར་མ་ཐུབ།   ཅ་ཅོ་འར་འུར་མང་བའི་གྲོས་ཚོགས་ལས་རིམ་མཐོང་དུས། ཆ་ལུགས་འདི་འདྲའི་སྤྱོད་ངན་གྲོས་ཚོགས་ག་འདྲ་ཡིན་ནམ། ཇ་ནག་ཚ་མེད་འདྲ་བའི་སྤྱི་འཐུས་གྲོས་ཚོགས་ལས་རིམ། ཉི་མ་གང་ཁྱོལ་བྱས་ནས་གཞུང་གྲོན་འཕྲོ་ལྷག་འདྲ་སོང་།   ཏ་ལའི་བླ་མས་མཛད་རྗེས་བོད་ཀྱི་མང་གཙོ་བཙུགས་ཀྱང་། ཐ་དད་ཆོས་ལུགས་ཆོལ་ཁའི་སྐུ་ཚབ་འཐུས་མི་རྣམ་པས། ད་ལྟའི་གྲོས་ཚོགས་ལས་རིམ་དགྲ་དགའ་གཉེན་སྡུག་བཟོས་སོང་།…

དེ་ལས་མང་བ་། “སྤྱི་འཐུས་སྐབས་བཅུ་བདུན་གྱིས་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་ལ་དཔྱད་པའི་ཀ་བཤད།” »

བསམ་ཚུལ།, རྩོམ་རིག, སྙན་ངག

Posts pagination

Previous 1 … 9 10 11 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme