Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

EVERYTHING ཟེར་བའི་འཚོལ་བཤེར་མཉེན་ཆས་བོད་སྒྱུར་མ།

Posted on 2021-01-242021-01-24 By ཁ་བརྡ 6 Comments on EVERYTHING ཟེར་བའི་འཚོལ་བཤེར་མཉེན་ཆས་བོད་སྒྱུར་མ།

བསོད་ནམས་ཟླ་བས།

མཉེན་ཆས་འདི་ཅི་ཞིག་རེད།

EVERYTHING ཟེར་བའི་མཉེན་ཆས་འདི་ནི་སོ་སའི་གློག་ཀླད་ནང་ངོས་ཀྱི་ཡིག་ཆ་ཡོད་ཚད་འཚོལ་བཤེར་བྱེད་ཐུབ་པའི་མཉེན་ཆས་ཆུང་ཆུང་ཞིག་སྟེ་ནུས་པ་ཆེ་ཆེར་ལྡན་པ་ཞིག་ཡིན། གལ་ཏེ་ཁྱེད་ཀྱི་མཉེན་ཆས་འདི་སོ་སོའི་གློག་ཀླད་དུ་ཐེངས་གཅིག་བེད་སྤྱོད་བྱས་རྗེས། མཉེན་ཆས་འདི་ཁྱེད་ཀྱི་གློག་ཀླད་ནང་ཡོད་པའི་གཞུང་ལས་མཉེན་ཆས་ (MS Word) ལྟར་མེད་དུ་མི་རུང་བའི་སྟབས་བདེའི་མཉེན་ཆས་ཤིག་ཏུ་འགྱུར་ངེས་རེད།

མཉེན་ཆས་འདི་ཆེ་ཆུང་ 2MB ཙམ་ལས་མེད། གློག་ཀླད་ནང་བཅུག་ཚེ་གློག་ཀླད་འགོར་པོ་ཆགས་པ་སོགས་ཀྱི་གནད་དོན་ཡོང་མི་སྲིད། མཉེན་ཆས་དེ་ལོན་སའི་དྲ་ཚིགས་ནི་ www.voidtools.com ཡིན། ད་ལྟའི་ཆར་སྐར་ཁུང་གི་གློག་ཀླད་ནང་མ་གཏོགས་སྒྲིག་འཇུག་བྱེད་མི་ཐུབ། མ་འོངས་པར་ Mac དང་ Linux སོགས་ཀྱི་ཆེད་དུ་བཟོ་ཐུབ་ན་ཤིན་ཏུ་ལེགས་དྲན།

གུས་པས་མཉེན་ཆས་འདི་ལོ་ཤས་སྔོན་ནས་བེད་སྤྱོད་བྱས་མྱོང་། ཕྱིས་སུ་ལས་རོགས་གཅིག་པ་མང་པོས་ངོ་སྤྲོད་བྱས་ནས་ཁོང་རྣམ་པ་ཚོ་ལ་ཡང་མཉེན་ཆས་འདི་བེད་སྤྱོད་ཆེན་པོ་བྱུང་བཞིན་ཡོད་པ་མཐོང་བྱུང། མཉེན་ཆས་དེ་སོ་སོའི་གློག་ཀླད་ནང་ཡོད་ན་ཡིག་ཆ་སོགས་འཚོལ་བཤེར་བྱེད་རྒྱུར་ཧ་ཅང་མགྱོགས་པོ་དང་སྤྱོད་སྒོ་བདེ་པོ་འདུག

སྤྱིར་སོ་སོའི་གློག་ཀླད་ནང་གི་ཡིག་ཆ་ཡོངས་རྫོགས་ནས་སྩལ་འཚོལ་བྱེད་ཐུབ་རྒྱུ་ཡོད་ཁར། ཕྱི་ལོག་ནས་མཐེབ་སྡེར་དང་གསོག་སྡེར་ཅི་འདྲ་ཞིག་གློག་ཀླད་ལ་མཐུད་མ་ཐག་དེའི་ནང་ངོས་ཀྱི་ཡིག་ཆ་ཡང་འཚོལ་བཤེར་ཐུབ་རྒྱུ་འདུག

མཉེན་ཆས་འདིའི་དགེ་མཚན་ཆེ་ཤོས་ནི། འཚོལ་དགོས་པའི་ཡིག་ཆ་ཞིག་གི་མིང་བྲིས་མ་ཐག་སྐར་ཆ་གཅིག་གཉིས་ཤིག་གི་ནང་དུ་གློག་ཀླད་ཀྱི་ཁུངས་ཡོད་ཚད་ནས་རང་ལ་དགོས་པའི་ཡིག་ཆ་དེ་རྙེད་ཐུབ་ཀྱི་འདུག གལ་ཏེ་ཡིག་ཆའི་མིང་གཅིག་པ་བྱས་པ་དེ་འདྲ་གཉིས་གསུམ་རེ་ཡོད་ཚེ། ཡིག་ཆ་དེ་དག་སོ་སོའི་ཐོག་མར་བཟོས་པའི་ཚེས་གྲངས་དང་། བར་དུ་འགྱུར་བ་བཏང་བའི་དུས། ཉེ་དུས་ཁ་ཕྱེ་པའི་དུས་ཚོད་སོགས་བལྟ་བསྡུར་བྱེད་སའང་འདུག དེས་ཡིག་ཆ་གསར་ཤོས་དང་རང་ལ་དགོས་ངེས་ཀྱི་ཡིག་ཆ་དེ་གང་ཡིན་ནོར་འཛོལ་མི་ཡོང་བའི་ཁྱད་པར་འདུག

ལས་དང་པོ་བ་ཚོས། མཉེན་ཆས་ཆུང་ཆུང་འདི་ཐད་ཀར་བེད་སྤྱོད་བཏང་ན་འགྲིག གལ་ཏེ་མཉེན་ཆས་དེའི་ནུས་པ་ཆ་ཚང་བེད་སྤྱོད་ཤེས་འདོད་ན། མཉེན་ཆས་འདིའི་དྲ་ཚིགས་ཨ་མའི་ནང་ལྟ་ཀློག་འདྲ་བྱེད་ཐུབ་ན་ཧ་ཅང་ཡག་པོ་འདུག ཤེས་བྱ་མང་དག་འདུག

མཉེན་ཆས་ཀྱི་རྣམ་པ།

མཉེན་ཆས་འདི་བོད་སྒྱུར་བྱེད་དགོས་དོན།

མཉེན་ཆས་འདིའི་ལེགས་ཆ་གོང་དུ་བཤད་ཟིན། འོན་ཀྱང་དེའི་སྐྱོན་ཆ་ནི་བོད་ཡིག་བཀོད་དེ་འཚོལ་བཤེར་བྱེད་དགོས་ན། བོད་ཡིག་ཧ་ཅང་ཆུང་ཆུང་ཞིག་ཏུ་གྱུར་ནས་མི་གསལ་བ་ཆགས་ཀྱི་འདུག དེར་བརྟེན་མཉེན་ཆས་དེའི་ཐོག་བོད་ཡིག་བཏགས་སྐབས་ཡིག་གཟུགས་ཏག་ཏག་སླེབས་ཐུབ་ཐབས་ཚོད་ལྟ་འདྲ་མིན་བྱས་ཤིང་། དེ་ནས་བསམ་བློ་ཡང་བསྐྱར་ཞིག་གཏོང་སྐབས་མཉེན་ཆས་དེའི་སྡེ་ཚན་དང་། གནོན་ས་སོགས་ཡོད་དོ་ཅོག་བོད་ཡིག་ནང་སྒྱུར་ཐུབ་ན། བོད་པ་ཚང་མར་ཕན་ཐོག་ཡོང་ངེས་རེད་སྙམ་ནས། མཉེན་ཆས་ལེགས་པོ་འདི་བོད་སྒྱུར་བྱེད་རྒྱུའི་ཆོད་སེམས་བཙུགས་པ་ཡིན།

མཉེན་ཆས་དེ་བཟོ་མཁན་ནི་སྐུ་ཞབས་ David Carpenter ཡིན་པ་དང། ལོ་སྔོན་མར་གློག་འཕྲིན་ཐོག་ཁོང་དང་འབྲེལ་བ་བྱས་ནས། མཉེན་ཆས་འདི་ཉིད་གུས་པས་དྭངས་བླང་ཐོག་བོད་སྒྱུར་བྱེད་རྒྱུའི་སྐོར་བཤད་ཡིན། མཉེན་ཆས་བདག་པོས་ཀྱང་ཕྱོགས་ཡོངས་ནས་དགོས་མཁོའི་ཡིག་ཆ་དང་གསལ་བཤད་དང་སྒྱུར་སྟངས་སོགས་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་བྱུང་། དེ་ནས་རང་གི་དུས་ཚོད་སྟོང་པའི་ནང་མཉེན་ཆས་འདི་བོད་སྒྲུར་བྱས་པ་ཡིན།

དེ་རིང་གནམ་གཤིས་གྲང་ངར་ཆེ་ཙམ་དང་། དགུན་ཆར་ཡང་ཏོག་ཙམ་བབས་ཀྱི་འདུག།།འོན་ཀྱང་གུས་པར་མཚོན་ན་ནི་ཉི་མ་བཟང་པོ་ཞིག་རེད། མཉེན་ཆས་ཡག་པོ་དེ་རིང་བོད་སྒྱུར་ཆ་ཚང་བསྒྲུབས་ཐུབ་སོང་། མཉེན་ཆས་འདིས་བོད་གྲོགས་ཡོངས་ལ་ལོ་གསར་པའི་ལེགས་སྐྱེས་ཚུལ་དུ་ཕུལ་བ་ཡིན་པས། ཁྱེད་རྣམས་ལ་ཕན་ཐོག་ཡོང་བའི་རེ་བ་ཡོད།

ངའི་ཡུ་ཊུབ་དྲ་གནས་ www.YouTube.com/hisonamawa ནང་བརྙན་གྱི་ལམ་ནས་མཉེན་ཆས་སྒྲིག་འཇུག་བྱེད་སྟངས་དང་། དམིགས་བསལ་གྱི་བེད་སྤྱོད་གཏོང་སྟངས་ཁག་ཁ་ཤས་ངོ་སྤྲོད་བྱེད་ཡོད་པས་ཤེས་བདེ་པོ་ཡོང་ངེས་དྲན།

མཉེན་ཆས་ཕབ་ལེན།
ཡིག་ཆ་ཕབ་ལེན།

EVERTHING མཉེན་ཆས་སྒྲིག་འཇུག་བྱེད་སྟངས།
མཉེན་ཆས་ཕབ་ལེན་ཟིན་པ་དང། ཡིག་ཁུག་ནང་མཁོ་ངེས་ཀྱི་ཡིག་ཆ་ལྔ་ཡོད།

ཕབ་ལེན་བྱས་པའི་ཡིག་ཆ་རྣམས།

དང་པོ།
མཉེན་ཆས་འདི་ཐད་ཀར་གློག་ཀླད་ནང་སྒྲིག་འཇུག་བྱེད།
Everything-1.4.1.1004.x64-Setup.exe

མཉེན་ཆས་ཁ་ཕྱེ་ནས། Tools > Option > General ངོས་སུ་ “Store settings and data in %APPDATA%\Everything” དེ་མ་འདེམབས། དེ་ནས་ Apply , OK ཟེར་གནོན་དགོས།

དེ་ནས་ FILE > EXIT གནོན་ནས་མཉེན་ཆས་ཁ་རྒྱོབ།

གཉིས་པ།
ཕབ་ལེན་བྱས་པའི་ཡིག་ཆའི་ཁོངས་སུ་ Everything.ini དང་ Everything.lng གཉིས་བཤུས་ཏེ། C:\ProgramFile\ Everything\ གི་ཡིག་ཁུག་ནང་བཅུག་དགོས། Replace བྱེད་རྒྱུ་ཡིན་ནམ་ཞེས་དྲིས་ན། “Replace the file in destination” ལ་གནོན་དགོས།

དེ་ནས་ Everything མཉེན་ཆས་དེ་ཁ་ཕྱེ་ན། Tools > Option > General > Language ལས་བོད་ཡིག་འདེམས་དགོས། དེ་རྗེས་ Apply དང་ OK ཟེར་གནོན་མ་ཐག་མཉེན་ཆས་ཀྱི་སྒྲོམ་རྣམས་བོད་ཡིག་ཏུ་འཆར།

 

 

གསུམ་པ།
མཉེན་ཆས་ཀྱི་སྡེ་ཚན་རྣམས་བོད་ཡིག་འཆར་ཟིན་ཀྱང་ཡིག་གཟུགས་ཆུང་ཆུང་ཆགས་ཡོད་པ་མཐོང་ཐུབ། བོད་ཡིག་ཡིག་གཟུགས་རྣམས་ཏག་ཏག་ཡོང་རྒྱུར། ཕབ་ལེན་བྱས་པའི་ཡིག་ཆའི་ནང་ Windows Font Changer.exe དེ་ཁ་ཕྱེ་དགོས། མཉེན་ཆས་ཆུང་ཆུང་དེས་སྐར་ཁུང་ངོས་ཀྱི་བོད་ཡིག་ཡིག་གཟུགས་རྣམས་ཆེ་ཆུང་རན་པོ་བཟོ་ཐུབ།

བྱེད་ལུགས་ནི། མཉེན་ཆས་དེ་ཁ་ཕྱེ་རྗེས་ IconFont དང་ MenuFont གཉིས་ཀའི་ཡིག་གཟུགས་དེ་ Monlam UniOuchan1 ཐོག་འཇོག་དགོས། དེ་རྗེས་ Apply ཐོག་གནོན། འགྱུར་བ་འཐེབས་རྒྱུར་སྐར་ཁུངས་ Log Off ཐེངས་གཅིག་ཆགས་སྲིད།

སྐར་ཁུང་ངོས་སུ་བོད་ཡིག་ཡིག་གཟུགས་ཏག་ཏག་འཆར་ཆེད། རྒྱས་པ་ཤེས་འདོད་ན། འདིར་གཟིགས།

དེ་ལྟར་བྱས་རྗེས་ད་བཟོད་མཉེན་ཆས་དེ་བོད་ཡིག་ཐོག་སྤྱོད་རྒྱུར་དཀའ་ངལ་གང་ཡང་མེད།

ངོ་སྤྲོད།

Post navigation

Previous Post: མེ་ཏོག་དེ་ལ་ལྟ་འདོད།
Next Post: ཨ་མ།

Comments (6) on “EVERYTHING ཟེར་བའི་འཚོལ་བཤེར་མཉེན་ཆས་བོད་སྒྱུར་མ།”

  1. བསམ་ཤེས། says:
    2021-01-24 at 4:23 pm

    ཤིན་དུ་ལེགས་སོ། ཐུགས་རྗེ་ཆེ་བསོད་ནམས་ལགས།

    ཚེ་རིང་།

  2. གཞུང་པ་ཚེ་དབང་བསོད་ནམས says:
    2021-01-24 at 8:23 pm

    ཤེས་བྱ་མཐའ་མེད་ནམ་མཁའ་སྟོང་པ་འདྲ་།
    རིག་པ་མཐའ་མེད་རྒྱ་མཚོའི་གཏིང་དང་འདྲ་།
    བཀའ་དྲིན་ཆེ་ཐུགས་རྗེ་ཆེ་ཤིན་ཏུ་ལེགས་།

  3. སྐལ་བཟང says:
    2021-01-25 at 12:57 pm

    བཀའ་དྲིིན་ཆེ

  4. ཇོ་སྲས་ཚང་། says:
    2021-01-26 at 11:02 am

    བོད་སྐད་ཀྱི་ལམ་ནས་གློག་ཀླད་ཤེས་བྱའི་སྐོར་ངོ་སྤྲོད་གནང་བར་བཀྲིན་ཆེ་ཞུ། མུ་མཐུད་ནས་དེ་ལྟར་གནང་ན་ཕན་ཐོགས་ཆེན་པོ་འདུག

  5. ལ་དྭགས་འཇམ་དཔལ།། says:
    2021-01-27 at 5:52 am

    ་གནང་བར་བཀྲིན། ཞེས་པར་བོད་པ་སྤྱིར་ཕན་་སེམས་ཡོད་ན། གནང་བར་ཞེས་པར། མཛད། ཅེས་དང་།
    བཀྲིན། ཞེས་པར་། སྡུས་ཡིག་མ་ཤེས་པ་དག་གིས་ཚིག་གསར་ཡིན་པ་གོ་བ་འདུག
    ང་དབུས་གཙང་དུ་ཡོད་དུས་སུ། དཔེ་ཆའི་དགེ་རྒན་དམ་པ་དེས་སྡུས་ཡིག་ནི་དག་ཡིག་གི་དགྲ་ཡིན། ཞེས་གསུངས་པ། བོད་ལྟར་ན། ༨༩་པས་ཡིད་ལ་བཀའ་དྲིན་བཅས་དྲན་ནོ།

  6. ལ་དྭགས་འཇམ་དཔལ།། says:
    2021-01-27 at 6:05 am

    ་ཐེངས་གཅིག་བེད་སྤྱོད། འདིར་ཚིག་གཉིས་ལ་དྭོགས་གཅོད་དགོས༏

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme