Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

CCTV གསར་འགོད་པས་ཤར་ཕྱོགས་ཁུག་རྟར་བཅར་འདྲི་ཞུས་པ།

Posted on 2011-04-01 By དབང་ཕྱུག་ No Comments on CCTV གསར་འགོད་པས་ཤར་ཕྱོགས་ཁུག་རྟར་བཅར་འདྲི་ཞུས་པ།

རིན་པོ་ཆེ།

CCTV
ཁུངས་མེད་རུ་དཔུང་ཞེས་པ་ཞིག་ཅི་ལྟར་བཏགས་པ་ཡིན་ནམ།
ཤར།
དེ་ནི་དོན་དང་བྱེད་ལས་ཀྱི་ཆ་ནས་ཐོལ་གྱིས་བཏགས་པ་ཞིག་ཡིན། ངེས་པར་དུ་ཤེས་དགོས་པ་ཞིག་ལ་ཁུངས་མེད་རུ་དཔུང་ལ་རང་ཚོད་ཀྱི་ལྷག་བསམ་ཡོད་པ་རེད།
CCTV
ཁྱེད་ཚོར་སྲིད་དོན་ཚོགས་པ་མེད་པ་མ་ཟད། ཆབ་སྲིད་ཀྱི་ལྟ་གྲུབ་བཤད་ཡོང་སྐབས་དཀའ་ངལ་ཞིག་ཡོང་གི་མེད་དམ།
ཤར།
དེ་ཁྱེད་རྦད་དེ་ནོར་འདུག སྲིད་དོན་ཚོགས་པ་མེད་པ་བདེན་ཡང་། ཆབ་སྲིད་ཀྱི་ལྟ་གྲུབ་དང་སྲིད་བྱུས་ལངས་ཕྱོགས་བཤད་དུས་དཀའ་ངལ་ཡོང་གི་ཡོད་པ་མ་རེད། ཁྱེད་ཀྱི་རྣམ་རྟོག་ནི་ཏག་ཏག་ཁུངས་མེད་རུ་དཔུང་གིས་བཤད་བཞིན་པའི་སྲིད་བྱུས་ལངས་ཕྱོགས་དད་འདུན་གྱིས་ཁ་བསྒྱུར་གྱི་འདུག ཤུགས་ཆེན་པོས་ཁྱེར་གྱི་འདུག་ཅེས་བཤད་ཡོད་པ་དེ་དང་གཅིག་མཚུངས་རེད། དེ་ནི་བཙན་བྱོལ་སྒྲིག་འཛུགས་ཀྱི་མང་གཙོར་དོགས་པ་ཡོད་མཁན་ཚོ་དང་། ལྷག་པར་སྐུ་ཉིད་ཀྱི་གཞུང་ལ་འཕྲོད་ཐག་གཅོད་འཕྲོད་ས་རེད། ཡིན་ནའང་། གོང་གི་སྐད་ཆ་འདི་དོན་དངོས་ཀྱི་ཆ་ནས་རྫུན་མ་ཡིན་ཡང་། སྲིད་དོན་སྒྱུ་རྩལ་གྱི་སྐད་ཆའི་ཁྱབ་ཁོངས་ནས་ངས་ཕྱིར་བཏོན་མེད།

CCTV
ཁུངས་མེད་རུ་དཔུང་དང་ཏཱ་ལའི་རུ་ཚོགས་ཀྱི་མང་གཙོ་རྫུན་མའི་འབྲེལ་བ་ཅི་ལྟར་ལྟ་དགོས་སམ།

ཤར།
དེ་ཧ་ཅང་གསལ་བོར་བཤད་ཡོད། དེ་ནི་རྒྱ་ནག་ཙམ་ཏུ་མ་ཟད། ང་ཚོ་བོད་རིགས་ཚོས་ཀྱང་༧གོང་ས་མཆོག་མ་མཐོང་པའི་ངོས་ཤིག་ཡིན་པ་གསལ་བོ་རེད། བཙན་བྱོལ་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ་ནི་བྱིས་པ་ཞིག་ནར་སོན་པའི་བརྒྱུད་རིམ་དང་མཚུངས་ལ། ངས་ནན་བརྗོད་བྱེད་གཞི་ནི་བྱིས་པར་ཉོབ་སྣང་མེད་པའི་ཕའམ་མ་དེའི་ངང་རྒྱུད་དང་ཕུགས་བསམ། རེ་བ་བཅས་ཡིན། ལེགས་བཅོས་སྤྱི་ཚོགས་བཙུགས་པ་ནས་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་བྱེད་རྒྱུའི་བར་༧གོང་ས་མཆོག་གི་ཐུགས་ཐག་ཆོད་པས་འགྱུར་བ་བཏང་རིམ་ནི་ཞིབ་འཇུག་སྔོན་སོང་གིས་འཕྲལ་ཕུགས་རྒྱང་གསུམ་ལ་གཟིགས་པ་ཤ་སྟག་ཡིན། འོན་ཀྱང་ཁུངས་མེད་རུ་དཔུང་དང་ང་ཚོའི་ཡང་དག་པའི་མང་གཙོའི་བར་ལ་འབྲེལ་བ་ཅི་ཡང་མེད། དེ་ནི་རང་གིས་རང་ཉིད་མང་གཙོ་དོན་གཉེར་བར་བསྒྲགས་པ་ཚོས་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་ལ་དོན་དམ་གྱི་བསམ་འཆར་གང་ཡང་ད་བར་ཕུལ་ཐུབ་མེད། ཁོ་ཚོས་ད་བར་གནང་བ་དག་ནི་ཤོག་སྦགས་ལྟར་འཕྲལ་དུ་སྐད་ཆེན་པོ་འདྲ་ཞིག་གྲགས་རུང་། དེ་ནི་སྐར་ཆ་ཁ་ཤས་ནས་ས་རྡུལ་གྱི་ངོ་བོར་གྱུར་སོང་བ་དེ་རེད། ས་རྡུལ་འཕྱུར་ཡོང་སྐབས་མི་ཚང་མས་ལག་པ་གཡུག་ནས་ལམ་སེང་དེ་ལས་གཡོལ་ཐབས་དང་མི་འདོད་པའི་རྣམ་འགྱུར་སྟོན་པ་ཆོས་ཉིད་ཅིག་རེད།

CCTV
ཁྱེད་ཀྱིས་བཤད་བཞིན་པའི་ཁུངས་མེད་རུ་དཔུང་ཞེས་པ་ནི་དོན་དངོས་ཅི་ཞིག་ཡིན་ནམ།

ཤར།
དེ་ནི་ངས་གསལ་བོ་བཤད་ཡོད། ང་ཚོའི་མི་རིགས་འདི་དཀའ་དུས་སྡུག་དུས་ཚང་མའི་གནས་སྐབས་དང་། མདོར་ན་གུང་བྲན་ཏང་གིས་བཙན་ཟོས་བྱས་དུས་ནས་བོད་མི་རིགས་འདི་མི་རིགས་ཤིག་གི་རྣམ་པར་ས་ཆེན་པོར་གནས་འཆའ་རྒྱུར་བསམ་མནོ་དང་ཕྱག་ལས་གཉིས་ཀ་ཐོངས་དང་བྱེད་མཁན་ནི་༧གོང་ས་མཆོག་གཅིག་རང་གཅིག་ཡིན། རྒྱུ་མཚན་དེས་ཡིན་ནམ། ངས་གོ་ཐོས་སུ་མའོ་ཙེ་ཏུང་གིས་གསེར་ཉ་མེད་པའི་རྒྱ་མཚོ་ཅི་ལྟར་ཆེ་ཡང་དོན་སྙིང་མི་ལྡན་ཚུལ་བཤད་འདུག དོན་དམ་གྱི་ཆ་ནས་བཤད་ན་བོད་རིགས་མི་མང་སྐྱོབ་པའི་རླབས་ཆེན་གྱི་དབུ་ཁྲིད་༧གོང་ས་མཆོག་ཉག་ཅིག་ཡིན་པ་དང་། ཁོང་ཡོད་ན་བོད་མི་རིགས་ཀྱང་གནས་ངེས་པར་སྐབས་དེ་ཤེད་ནས་རྒྱ་ནག་གི་འགོ་ཁྲིད་ཚོས་ཀྱང་མི་འདོད་བཞིན་དུ་ཁས་ལེན་གནང་གི་ཡོད་པ་རེད། ཡིན་ནའང་། དུས་རབས་གསར་པའི་འགོ་ཁྲིད་ཚོས་ཁུངས་མེད་རུ་དཔུང་གི་བྱེད་ལས་ལྟར་རྫུན་སྒྲིག་དང་སྐུར་འདེབས་ཀྱི་ལས་ཁོ་ན་བསྟེན་བཞིན་པ་དེ་རེད། དེ་ནི་འགྲོ་བ་མིའི་ཆེ་མཐོང་དང་། བརྩི་བཀུར། བདེ་སྡུག་མཉམ་མྱོང་གི་ཁྱབ་ཁོངས་ལས་བརྒལ་སོང་བ་ཞིག་ཡིན་པས། གཞུང་འཛིན་སྟོང་ཕྲག་མང་པོའི་ཁྲོད་ནས་དབུ་ཁྲིད་ཀྱི་རྣམ་རིག་ཆེས་ཐབས་སྡུག་ཅིག་མ་རྙེད་པས་འཛམ་གླིང་རྒྱལ་ཚོགས་ནང་ནས་རང་བཞིན་གྱིས་ཟུར་དུ་ཐོན་པ་རེད། ཁུངས་མེད་རུ་དཔུང་གིས་ཀྱང་དེ་ལྟར་གཞི་མེད་ལ་དོགས་གཞི་དང་། མཁས་མཛངས་འཕྲུལ་གསུམ་གྱི་རྣམ་དཔྱོད་ཀྱིས་སྐྱོན་བརྗོད་བྱེད་པ་ལས་ལྡོག་སྟེ། སྐུར་འདེབས་རྐྱང་རྐྱང་བྱས་སྟབས། ཆབ་སྲིད་འཐབ་རྩོད་ཀྱི་ཁྱབ་ཁོངས་ནས་༼ ཁུངས་མེད་རུ་དཔུང་ ༽ཞེས་པ་འདི་ཏག་ཏག་མཛའ་ལ་འོས་པའི་མིང་ཞིག་ཡིན། ཡིན་ནའང་། བྱེད་ལས་འདི་དག་ཡོངས་ཁུངས་ཀྱི་གང་ཟག་ཁོ་རང་གི་ཤེས་བབ་དང་སྒེར་གཤིས་ལ་ངས་ཇུས་གཏོགས་བྱས་མེད། བོད་མི་རིགས་ལ་མཚོན་ན། ངས་ཇུས་གཏོགས་མ་བྱས་ས་དེ་ཀུན་པོའི་ངོ་བོ་དང་འབྲེལ་སྟབས་དམངས་ཁྲོད་ནས་རང་བཞིན་གྱིས་དྲི་བ་དང་དོགས་པ་བྱེད་ཀྱི་རེད།

CCTV
ཉེ་ཆར་གྱི་༧ཏཱ་ལའི་རྒས་གཡོལ་ནི་ཆབ་སྲིད་ཀྱི་འཁྲབ་སྟོན་ཞིག་ཡིན་པ་གསལ་བོ་རེད། དེས་བོད་མི་ཚོར་སེམས་འཚབ་ཅི་ལྟར་བསླངས་པ་རེད་དམ།

ཤར།
ཁྱེད་ཚོའི་དམར་པོའི་གཞུང་གིས་རྒས་གཡོལ་དེ་ཁ་ཞེ་གཉིས་མེད་ཡིན་མིན་ལ་ཁུངས་སྐྱེལ་དགོས་ཞེས་ཤོད་རྒྱུར་ངས་ཚོད་དཔག་ཐུབ་ཀི་འདུག་ལ། དེ་ནི་ཏག་ཏག་ལོ་སྔོན་མ་དག་གི་སྐབས་སུ་བྱུང་པའི་ཕྱེད་རང་བཙན་དང་རྣམ་པ་འགྱུར་པའི་རང་བཙན་ཟེར་བ་དག་གི་གྲས་སུ་བཙན་འདོགས་བྱེད་རྒྱུ་ནི་སྨྲས་མ་དགོས་པ་ཞིག་རེད། ང་རང་མྱི་ཆུང་ཆུང་སྒེར་གྱི་བསམ་ཚུལ་སྔ་མོ་ནས་ཞུས་པ་ལྟར། དོན་དངོས་པོའི་ཆ་ནས་བཤད་ན། ད་ཐེངས་ཀྱི་འགྱུར་གཏོང་དགོས་རིགས་ཁོང་གི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་ཁུར་མཚོན་པའི། དགའ་ལྡན་ཕོ་བྲང་གི་གཞུང་སའི་མིང་བྱང་ཚུན་ཆད་བཅས་པ་རེད། འདི་ནི་ཡིག་ཐོག་རང་བཞིན་གྱི་འགྱུར་བ་ཞིག་ཡིན་ན་མ་གཏོགས་དོན་དམ་མང་གཙོ་དབུ་བརྙེས་དུས་ནས་འགྱུར་བ་ཕྱིན་ཚར་བ་རེད།
ད་དུང་གསལ་བོ་རྟོགས་ཀྱི་མེད་པ་ཞིག་དང་བོད་མི་ཚོར་བློ་འཚབ་བསླངས་གཞི་ཞིག་ནི། ༧གོང་ས་མཆོག་གི་གསུང་འཕྲིན་ནང་དུས་ཚོད་སྨིན་པོར་ངོས་འཛིན་གནང་བ་དེ་དང་། ཁོང་གི་རླབས་ཆེན་དང་ལོ་རྒྱུས་ཡོད་པའི་མཚན་གནས་རྗེས་འབྲེལ་གཞུང་སྲིད་ནང་མཇུག་བསྡུ་རྒྱག་དགོས་གསུངས་པ་དག་རེད། ང་ཚོ་མི་རབས་གསར་བ་རེད་ལ། བཙན་འོག་གི་བོད་པ་ཚོ་ལས་དེང་རབས་ཀྱི་ཤེས་ཡོན་དང་རང་དབང་སོགས་གང་ས་ཅི་ཐད་ནས་ང་ཚོར་སློབ་རྒྱུའི་གོ་སྐབས་ཐོབ་ཡོད་པས། བོད་མི་རིགས་རང་གི་དགོས་མཁོ་དང་འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་ལམ་ལུགས་འཛུགས་བསྐྲུན་བྱེད་དགོས་ན། ༧གསུང་འཕྲིན་ནང་གི་འཁོད་དོན་ཡོངས་རྫོགས་ལག་བསྟར་བྱེད་དགོས་པར་རྦད་དེ་མཐོང་གི་མི་འདུག མཐོང་པའི་བློ་མིག་རྙེད་ཀྱི་མི་འདུག ད་བར་དེ་དག་གིས་གནོད་གཞི་ཞིག་རྒྱ་ནག་གིས་སྒྲོག་གི་ཡོད་ན་མ་གཏོགས་རྒྱལ་སྤྱིའི་ཁྱོན་ན་རྒྱུ་མཚན་ལྡན་པའི་ངོས་འཛིན་གནང་མཁན་གཅིག་ཀྱང་བྱུང་མེད། ཡིན་ནའང་། ང་ཚོ་མང་གཙོ་ཡིན་པས་ཐབས་ཤེས་མེད་པ་རེད། དོན་དག་འདི་ངས་ལྟོས་ན་བོད་མི་ཚོ་བློ་འཚབ་ལངས་བྱེད་དེ་རེད།

CCTV
གཞོན་ནུ་ལྷན་ཚོགས་ནི་དྲག་སྤྱོད་པ་ཡིན་པ་དང་། ད་བཀའ་བློན་ཁྲི་པ་ཟེར་པ་སླེབས་རྒྱུའི་བློ་བཟང་སེང་གེ་ཀྱང་དྲག་སྤྱོད་པ་ཞིག་རེད། ཏཱ་ལས་དངོས་གནས་ཆབ་སྲིད་ཀྱི་འགན་མ་བཞེས་ཚེ། མ་འོངས་པར་ཁ་བྲལ་པ་ཚོ་ལམ་ཁ་གང་དུ་བསྐྱོད་ཀྱི་ཡོད་དམ།

ཤར།
གཞོན་ནུ་ལྷན་ཚོགས་དང་བཀའ་ཁྲིའི་འོས་མི་དྲག་སྤྱོད་པ་ཡིན་ཚུལ་གསུངས་པ་ནི་དགོད་བྲོ་བ་ཞིག་རེད། དྲང་བདེན་དང་ཤེས་རབ། མཁས་མཛངས་ཀྱི་མི་ཚེ་བསྐྱལ་བའི་༧གོང་ས་༧ཏཱ་ལའི་བླ་མ་ལྟ་བུའི་སྐྱེས་ཆེན་རྣམས་འཛམ་གླིང་ཤར་ནུབ་གང་དུའང་བྱོན་མ་མྱོང་པའི་དབང་དུ་བཏང་ན། ང་ཚོ་དབང་པོ་ལྔ་ཚང་གི་འགྲོ་བ་མི་རྣམས་ཀྱིས་དྲག་པོའི་ལམ་ཁ་ནས་འཚོ་གནས་ཙམ་པོ་བ་ཞིག་དོན་དུ་མི་གཉེར་པའི་ངེས་པ་ཅི་ཡང་མེད་པ་རེད། ལར་ཞེན་དང་ཁོག་དཔུང་ཟེར་བའི་བོད་མི་རིགས་ཀྱི་མི་རབས་རིམ་བརྒྱུད་ཀྱི་སྙིང་སྟོབས་དེ་དག་ནི་རྦད་དེ་དངུལ་དངོས་ཀྱིས་ཉོ་ཐུབ་པའམ། ཚད་འབྱེད་ཐུབ་ས་ཞིག་རྩ་བ་ནས་མ་རེད། ང་སྒེར་ནས་བཤད་ཀྱང་། ངས་ང་རང་འུ་ཐུག་རྒྱུ་ཞིག་ཡོད་པ་རྟོགས་ཡོད་ལ། ཆེས་འུ་ཐུག་པའི་སེམས་ཚོར་དེས་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་མོག་མོག་པོར་སྒྲིབ་བཞག་པ་ཞིག་ཡོང་གི་འདུག རྒྱུ་མཚན་འདིས། ཅི་ཞིག་མ་ཐོབ་པར་རང་སྲོག་བཅད་པ་ཞེས་པའི་སྐད་ཆ་དེ་དག་ལ་ངས་གོ་བ་གཏིང་ཟབ་པོ་ལོན་ཐུབ་ཀྱི་འདུག མདོ་དོན་བོད་མི་རིགས་གནས་པ་ལ་སྙིང་པོ་མེད་པ་ཞིག་དང་། བོད་མི་རིགས་འདི་གཞན་གྱི་བྲན་གཡོག་ནས་ཐར་རྒྱུ་མེད་པའི་དུས་སྐབས་ཤིག་འབྱུང་རྒྱུ་ལས་འཇིགས་སོང་ན་ཡག་ཤོས་རེད། དེ་བས། བོད་མི་རིགས་ལ་བོད་མི་རིགས་མ་གཏོགས་ཅི་གང་ཡོད་པ་མ་རེད།

CCTV
འཆར་ཟླའི་ནང་ཁྱེད་ཚོ་ཁ་བྲལ་རུ་ཚོགས་ཚོགས་ཆེན་ཚོགས་ཀྱི་ཡོད་པ་རེད། དེས་ཅི་ཞིག་མཚོན་གྱི་ཡོད་དམ།

ཤར།
གོང་དུ་ཞུས་པ་ལྟར་དང་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པས་ཁ་བྲལ་ནི་ཅི་ཞིག་ཡིན་མིན་ཁྱེད་ཚོའི་དབུ་ཁྲིད་ཚོར་གསལ་བཤད་གནང་མྱོང་བ་ལྟར། སྐྱག་རྫུན་ལན་བརྒྱར་སྨྲས་ཏེ་བདེན་པར་རེ་བ་ནི་བསམ་ཚུལ་ཙམ་ཡིན་པས། སྐད་ཆ་རེ་བཟོ་ཐུབ་ན་མ་གཏོགས། རླབས་ཆེན་གྱི་སྐྱེས་བུ༧གོང་ས་མཆོག་གི་ཆབ་སྲིད་འགན་དབང་ཁུར་དུས་ཁ་བྲལ་མིན་པའི་འབབ་ས་ཡོད་ཚད་ཡིག་ཐོག་ནས་སྤྲད་ཚར་བ་རེད། ཡིན་ནའང་། ཚོགས་ཆེན་འདི་རྒྱ་ཆེའི་མི་མང་གི་རེད་ལ། ཁོང་ཚོས་༧གོང་ས་མཆོག་གི་གཉིས་ཕན་དགོངས་བཞེས་ལ་ཡ་ལན་མ་གནང་བའི་རྗེས་ཀྱི་བོད་མི་རིགས་ཀྱི་རྩ་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད། མི་མང་གིས་གང་ཞིག་གདམ་ག་བྱེད་མིན་གྱིས་ཚོགས་ཆེན་གྱིས་ཅི་ཞིག་མཚོན་ཐུབ་མིན་གསལ་བཤད་བྱེད་ཀྱི་རེད། ངས་བློ་འཚབ་བྱེད་གཞི་ཞིག་ནི། མི་མང་གིས་༧གོང་ས་མཆོག་ལྟ་བུའི་ངང་བརྒྱུད་དང་བཟོད་བསྲན། གཉིན་ཕན་བསྟེན་རྒྱུ་ཉུང་དུ་ཕྱིན་པ་ཡིན་ན། རྒྱ་ནག་གཞུང་གིས་དེ་ལ་འགན་ཁུར་ཅི་ལྟར་བྱེད་མིན་དེ་ཡིན།

བློ་གྲོས་བསྟན་འཛིན་རིན་པོ་ཆེས་ལྡི་ལི་གསར་བར་བསྒྲིགས།

བཅར་འདྲི།

Post navigation

Previous Post: སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་ཕུལ་བའི་གྲོས་འཆར་ཡི་གེ
Next Post: དབུ་མའི་ལམ་གྱི་རྒས་རྟགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme