སྐྱོ་བྲག་དགའ་དབང་།
གཞན་ཕན་ནི། རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྲུངས། །ཞེས་བོད་དུ་དར་བའི་ནང་ཆོས་ཀྱི་བསྒྲུབ་བྱའི་སྙིང་པོར་གསུངས་ཤིང་། སྤྱི་ཚོགས་ཀྱི་ཁྲོད་ནའང་སེམས་ལ་སྤྲོ་བ་འཕེལ་བའི་གཏམ་ལས་ཤིག་ཡིན་མོད། དོན་དངོས་ལ་ཧ་ཅང་གི་ལག་བསྟར་དཀའ་བའི་བྱ་བཞག་ཅིག་རེད། གང་ཟག་ཚང་མ་བདག་བདེ་འབའ་ཞིག་འདོད་མཁན་ཡིན་པའི་ཕྱིར་ན། འགྲོ་བ་མིའི་ལྷན་སྐྱེས་ཀྱི་སེམས་སུ་ང་ལ་ཕན་གདགས་མཁན་ཞིག་རྙེད་ན་སྙམ་པ་ལས། ངས་ཕན་འདོགས་ས་ཞིག་རྙེད་ན་སྙམ་པ་ནི་ཕལ་ཆེར་མི་སྲིད་པ་ལྟ་བུ་ཡིན། གལ་ཏེ་ཕན་ཞིག་འདོགས་བསམས་ནའང་ཐོགས་དཀའ་བ་སྟེ། འཕྲལ་ཕུགས་ཀྱི་གནས་ཚུལ་ཤེས་པའི་རྣམ་དཔྱོད་མེད་ན་རང་གིས་ཕན་ཐབས་སུ་བསམ་པ་དེ་ཕན་གནོད་ཅིར་འགྱུར་ཆ་མི་འཚལ་བ་སྟེ། ཕ་མས་བརྩེ་བ་ཆེ་ཐག་ཆོད་ནས་ང་སློབ་གྲྭར་འགྲོ་མི་དགོས་པའི་ཆེད་དུ་ལོ་མང་རིང་གཞུང་ལ་ཉེས་ཆད་འཇལ་བ་རེད།
བོན་རྒྱ་བསྟན་འཛིན་རབ་རྒྱས།