གངས་དཀར་རྒྱལ་སྲས།
ཨ་རིའི་རྒྱང་བསྲིང་བརྙན་འཕྲིན་གྱིས་བོད་ཕྱི་ནང་ལ་ཕན་མི་ཉུང་བ་ཞིག་ཐོག་གི་ཡོད་མོད། དེ་ལས་ཀྱང་ལྷག་པའི་ཕན་ནུས་ཤིག་གི་བྱེད་ཐབས་ཡོད་པ་འདྲ། བརྙན་འཕྲིན་རྒྱང་བསྲིང་གི་ནང་ནས་ཕལ་ཆེ་བ་བོད་དོན་སྐོར་རྐྱང་རྐྱང་རེད་ལ་དེའང་བོད་ཕྱི་ནང་གི་མིས་མ་གཏོགས་ལོངས་སྤྱོད་ཀྱི་ཡུལ་དུ་འགྱུར་དཀའ། བོད་པ་དེ་ཚོའང་གྲོང་ཁྱེར་དང་རྫོང་ཞང་སོགས་ན་ཡོད་དགོས་ལ་དེ་མིན་དགོན་པ་ན་ཡོད་དགོས་པ་འདྲ།





