Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་དང་ལྷིང་འཇགས་ཀྱི་གྲུབ་འབྲས།

Posted on 2013-08-20 By ཁ་བརྡ་ 11 Comments on སྲིད་སྐྱོང་དང་ལྷིང་འཇགས་ཀྱི་གྲུབ་འབྲས།

ལོག་སྨྲ་ཚར་གཅོད།

སྐུ་ངོ་བློ་སེང་མཆོག་སྲིད་སྐྱོང་གི་ལས་འགན་བཞེས་ནས་ལོ་ངོ་གཉིས་ཙམ་འགྲོ་བཞིན་ཡོད་ཀྱང་བོད་དོན་ཐོག་ཆེ་མཐོང་ལྡན་པ་དང་དོན་ཕན་ལྡན་པའི་ལས་དོན་ཆེ་བ་སྣེ་གཅིག་སྤེལ་ཐུབ་མེད་པ་ཚང་མས་མཐོང་ཆོས་སུ་གྱུར་ཡོད། ཁོང་གིས་ལོ་གཉིས་ནང་གནང་བའི་ལས་དོན་གཙོ་བོ་ནི་གཞུང་ཞབས་ཚོ་དང་མཉམ་དུ་ཚོགས་འཚོགས་ཡ་དང་སྨོན་ལམ་རྒྱག་རྒྱུ་དེ་རེད། དེ་སྔོན་ཡིན་ན་མཆོད་འབུལ་གང་དགོས་ཆོས་སྡེ་ཁག་ལ་སྤྲད་ནས་གཞུང་ཞབས་རྣམས་ཀྱིས་

དེ་ལས་མང་བ་། “སྲིད་སྐྱོང་དང་ལྷིང་འཇགས་ཀྱི་གྲུབ་འབྲས།” »

སྣ་ཚོགས།

ང་རང་ཡང་ལུང་ཟིན་གྱི་སྐྱེས་བུ་ཞིག་རེད་འདུག

Posted on 2013-08-20 By ཁ་བརྡ་ 8 Comments on ང་རང་ཡང་ལུང་ཟིན་གྱི་སྐྱེས་བུ་ཞིག་རེད་འདུག

གྲིབ་གཟུགས།

ངའི་མིང་ནི་ཚད་མའི་སྐྱེས་བུ་རྣམས་ཀྱིས་མཛད་པའི་བཀའ་མདོ་རྒྱུད་བསྟན་བཅོས་ཙམ་གྱིས་མ་ཚད་འདོན་ཆོག་ཁག་ནང་དུའང་མི་ལྟ་བསམས་ནའང་ནར་ནར་དུ་ཐོན་གྱི་འདུག དེ་དག་གི་མཚན་གཞི་ཙམ་འཇོག་ན། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན།།འགྱུར་བ་མེད་པའི་ཆོས་ཉིད་དོ།། ཞེས་དང་། འགྱུར་མེད་དོན་དམ་བདེན་པའི་རང་བཞིན་ནི།། ཞེས་དང་། དངོས་པོའི་ཆོས་ཉིད་ལ་ནི་ནམ་ཡང་འགྱུར་བ་མེད་དོ།། ཞེས་དང་། འགྱུར་མེད་སྐུ་མདོག་གངས་ལ་ཉི་ཤར་འདྲ།།

དེ་ལས་མང་བ་། “ང་རང་ཡང་ལུང་ཟིན་གྱི་སྐྱེས་བུ་ཞིག་རེད་འདུག” »

སྣ་ཚོགས།

སྐྱ་སེར་སུ་ཡིན་ཀྱང་སྒོམ་རྒྱག་རྒྱུ་ཧ་ཅང་གི་གལ་ཆེན་རེད།

Posted on 2013-08-20 By ཁ་བརྡ་ 25 Comments on སྐྱ་སེར་སུ་ཡིན་ཀྱང་སྒོམ་རྒྱག་རྒྱུ་ཧ་ཅང་གི་གལ་ཆེན་རེད།

རྟ་བདུན་དབང་བོ།

སྒོམ་གྱི་ཕན་ཡོན་བཤད་པའི་ལེའུ་དང་བོ། སྐྱ་སེར་སུ་ཡིན་ཀྱང་སྒོམ་རྒྱག་རྒྱུ་ཧ་ཅང་གི་གལ་ཆེན་རེད། སྒོམ་བྱེད་ན་གནས་སྐབས་དང་མཐར་ཐུག་གཉིས་ལ་ཕན་ཐོགས་པ་རེད། གནས་སྐབས་སེམས་ལ་ཞི་བདེ་ཐོབ་རྒྱུ་དང་། དེ་ཐོབ་ན་གཟུགས་པོ་བདེ་ཐང་ཡོང་རྒྱུ་སོགས་དགོས་པ་མང་བོ་ཡོད། སེམས་འཁྲུགས་ན་རང་ཉིད་སྐྱིད་པོ་མེད་པར་མ་ཟད་དེ་ལ་བརྟེན་ནས་ནད་ཀྱི་རིགས་དུ་མར་སློང་ངེས་ཡིན།

དེ་ལས་མང་བ་། “སྐྱ་སེར་སུ་ཡིན་ཀྱང་སྒོམ་རྒྱག་རྒྱུ་ཧ་ཅང་གི་གལ་ཆེན་རེད།” »

སྣ་ཚོགས།

བོད་ཀྱི་དམངས་ཁྲོད་རྩེད་མོ་ཐེ་ཁེ་ངོ་སྤྲོད།

Posted on 2013-08-18 By ཁ་བརྡ་ 19 Comments on བོད་ཀྱི་དམངས་ཁྲོད་རྩེད་མོ་ཐེ་ཁེ་ངོ་སྤྲོད།

ལུང་རྟོགས།

0བོད་ཀྱི་དམངས་ཁྲོད་རྩེད་མོ་འདིའི་མིང་ལ་ཐེ་ཁེ་ཟེར་ཞིང་། ནོར་དང་ར་ལུག་སོགས་ཀྱི་ལག་པའི་ཚིགས་མཚམས་ནས་བྱུང་བ་ཞིག་རེད། ཐེ་ཁེའི་ཁ་གྲངས་ནི་བརྒྱ་ལ་སོགས་པ་ཇི་ཙམ་ཡོད་ཀྱང་ཆོག ཐེ་ཁེ་མང་ཆེ་བ་ར་ལུག་གི་ཡིན་དགོས་ཤིང་། དེའི་ནང་ན་ཐེ་དཔོན་ཞེས་ནོར་གྱི་ཐེ་ཁེ་གཅིག་དགོས་པ་ཡིན། ད་དུང་ཐེ་ཁེ་དེ་དག་ལ་ཚོན་འདྲ་མིན་གཏོང་མཁན་ཡང་ཡོད།

དེ་ལས་མང་བ་། “བོད་ཀྱི་དམངས་ཁྲོད་རྩེད་མོ་ཐེ་ཁེ་ངོ་སྤྲོད།” »

སྣ་ཚོགས།

བརྩེ་བའི་ཨ་ཕ་དང་ཨ་མ།

Posted on 2013-08-18 By ཁ་བརྡ་ 2 Comments on བརྩེ་བའི་ཨ་ཕ་དང་ཨ་མ།

ཟླ་བ་ཆོས་གྲགས།

དཔྱིད་ཟླ་དང་པོ་ཡི་མགོ་ཚུགས་ཏེ། སྤང་ཐང་སྔོ་ལྗང་ཞིག་གི་ཐོག་ཏུ་སྙིང་ནས་བརྩེ་བའི་ཕ་མ་རྒས་འཁོགས་གཉིས་པོས་མིག་ཟུང་བུ་ངའི་ཕྱོགས་སུ་གཟིགས་པ་མཐོང་སོང་། ཁྱེད་གཉིས་ཀྱི་སྐྲ་ལོ་ཡི་རང་མདངས་ཤོར་ཏེ་རྣ་མཚམས་སུ་སྐྱ་སེང་ངེ་ཉུང་ཉུང་ལས་མེད་པ་མཐོང་དུས། དམར་ཆུང་སྙིང་གི་འཕར་རྩས། བུ་ཆུང་ཁྱོད་ས་མཐའ་རུ་དོན་མེད་ཀྱི་མི་ཚེ་མ་རྫོགས། རང་ཡུལ་ཕ་མའི་འགྲམ་དུ་ལོག་ཤོག་ལབ་ཀྱི། ཁྱེད་གཉིས་ཀྱིས་བསྐྱངས་པའི་བརྩེ་སེམས་དང་ལྷག་བསམ་དེ།

དེ་ལས་མང་བ་། “བརྩེ་བའི་ཨ་ཕ་དང་ཨ་མ།” »

སྣ་ཚོགས།

ཤེས་རབ་སྙིང་པོའི་དྲི་བ་ཞིག

Posted on 2013-08-17 By ཁ་བརྡ་ 63 Comments on ཤེས་རབ་སྙིང་པོའི་དྲི་བ་ཞིག

དབྱངས་ཅན་འབངས། རྒྱུན་ལྡན་ལྟར་ཁ་སང་ཕྱི་དྲོ་ཡང་འབྲས་སྤུངས་ཚོགས་ཆེན་དུ་གྲྭ་མང་ལྷན་བོད་བསྟན་སྲིད་ཀྱི་རིམ་གྲོར་འཕགས་བསྟོད་དང་མ་ཎི། ཤེས་རབ་སྙིང་པོ་བཅས་གསོག་སྒྲུབ་ལ་བཅར་སྐབས། ཤེར་སྙིང་ནང་གི་ “སྟོང་པ་ཉིད་གཟུགས་སོ།།” ཞེས་པ་དང་། “སྟོང་པ་ཉིད་ལ་གཟུགས་མེད།” ཅེས་པ་གཉིས་དོན་ལ་མི་འགལ་བའི་གོ་བ་ཞིག་འཚོལ་དགོས་འདུག་སྙམ། བྱས་ཙང་དྲི་བ་འདི་དེ་རིང་དཔྱོད་ལྡན་དྲ་གྲོགས་ཚོར་ཕུལ་བ་ལགས།

སྣ་ཚོགས།

ཡོ་རོབ་ཏུ་གླིང་ཏུ་འབྲོག་པའི་འབྲི་གཡག་ཉོས་པ།

Posted on 2013-08-16 By ཁ་བརྡ་ 91 Comments on ཡོ་རོབ་ཏུ་གླིང་ཏུ་འབྲོག་པའི་འབྲི་གཡག་ཉོས་པ།

སོག་མདའ།

ཕ་ཡུལ་བཞག་ནས་མི་ཡུལ་གྱར་བའི་མི་ཞིག་ལ་མཚོན་ན། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་ཕ་མ་སྤུན་མཆེད་སོགས་རིང་ནས་གྱེས་པས་ང་ལ་མཚོན་ན། སློབ་སྦྱོང་དང་ལས་ཀ་སྣ་མང་པོ་ཞིག་གི་གཡས་སྐོར་གཡོན་སྐོར་ཀྱི་་མི་ལོ་བཅུ་གསུམ་ལྷག་གི་མི་ཚེ་འདི་ལྟར་རྫོགས་ཞིང་། སྤྱི་ལོ་༢༠༡༡ལོར་སི་ལོ་བི་ནི་ཡ་ནས་ཡིན་པས་བཟའ་ཟླ་དབང་མོ་ལགས་དང་གཉེན་སྒྲིག་བྱས་ནས་ད་ལྟ་སི་ལོ་བི་ནའི་རྒྱལ་སའི་འགྲམ་གྱི་གྲོང་བརྡལ་ཆུང་ཆུང་ལྟ་ན་སྡུག་པ་རྒྱབ་རི་རི་བོ་དང་རི་བོ་ནགས་ཀྱིས་བསྐོར་བ།

དེ་ལས་མང་བ་། “ཡོ་རོབ་ཏུ་གླིང་ཏུ་འབྲོག་པའི་འབྲི་གཡག་ཉོས་པ།” »

སྣ་ཚོགས།

སྐྱབས་ཆེ་དགོན་པ།

Posted on 2013-08-14 By ཁ་བརྡ་ 4 Comments on སྐྱབས་ཆེ་དགོན་པ།

མི་གསོན་པོ།

སྐྱབས་ཆེ་དགོན་པ་ནི་ཕྱིའི་ཆ་རྐྱེན་རྟེན་གསུམ་གཙུག་ལག་དང་། ནང་གི་ཉམས་བཞེས་བཤད་སྒྲུབ་སོགས་གང་གིས་ཆ་ནས་སྡེ་དགེ་ཕྱི་འབྲོག་ཁུལ་གྱི་དགོན་པ་ཡོངས་ནས་ཨང་དང་པོའི་གྲས་སུ་བརྩི་ཆོག ལོ་ཤས་གོང་དུ་བོད་ཀྱི་དུས་བབ་ལས་གནས་ཚུལ་ཐོན་པ་ལྟར་དགོན་པ་འདིས་རྒྱལ་གཅེས་ཆོས་ཟེར་བའི་ལས་འགུལ་ལ་ཁས་ལེན་མ་བྱས་པས་དུས་ཡུན་རིང་པོ་དགོན་པ་སྟོང་པ་ཆགས་ནས་བླ་སྤྲུལ་རྣམས་རི་བྱོལ་དུ་འགྲོ་དགོས་པའང་བྱུང་ཡོད། དགོན་པ་འདིའི་ད་ཡོད་ཀྱི་མཆོག་སྤྲུལ་རྣམ་པ་གསུམ་ནི་སྤྱི་ཚོགས་ཀྱི་གནས་བབ་དང་།

དེ་ལས་མང་བ་། “སྐྱབས་ཆེ་དགོན་པ།” »

སྣ་ཚོགས།

ངོ་དེབ་ལས་ཉེན་ཁ་ཞིག

Posted on 2013-08-14 By ཁ་བརྡ་ 1 Comment on ངོ་དེབ་ལས་ཉེན་ཁ་ཞིག

ཐེ་བོ་སངས་རྒྱས།

སྤྱིར་དོ་ཞག་དྲ་ཐོག་ནས་གནས་ཚུལ་འདྲ་མིན་ལྷགས་ཀྱི་ཡོད་པས་དེ་ལ་སྤྱི་སྒེར་གཉིས་ཀས་སྣང་མེད་བྱ་སར་མི་འགྲོ། ཨ་རིའི་ཧ་ཝར་ཌི་སློབ་གྲྭ་ཆེན་མོའི་Harvard University སློབ་མ་མཱར་ཁི་རྫུག་ཁེར་བྷེར་ Mark Zuckerberg གྱིས་དང་ཐོག་སློབ་གྲོགས་ཕན་ཚུན་བར་ངོ་ཤེས་གྲོགས་སྒྲིག་གི་འབྲེལ་བ་བྱེད་སར་དམིགས་ཏེ། ཕྱི་ལོ་2004ལོར་གསར་གཏོད་བྱས་པའི་ངོ་དེབ་Facebook ལ་མཚོན་ན།

དེ་ལས་མང་བ་། “ངོ་དེབ་ལས་ཉེན་ཁ་ཞིག” »

སྣ་ཚོགས།

གཅེས་ཕྲུག་ཆུང་ཆུང་།༼བྱིས་གླུ།༽

Posted on 2013-08-12 By ཁ་བརྡ་ 2 Comments on གཅེས་ཕྲུག་ཆུང་ཆུང་།༼བྱིས་གླུ།༽

བློ་གྲོས་རབ་བརྟན།
—–རང་གི་བུ་ཕྲུག་བསྟན་འཛིན་ནོར་རྒྱས་ལ་ཆེད་དུ་བྲིས།

ཆུང་ཆུང་། ཆུང་ཆུང་། ཆུང་ཆུང་།
ཆུང་ཆུང་གི་སྙིང་གི་གཅེས་ཕྲུག གཅེས་ཕྲུག་ཆུང་ཆུང་།
ཟླ་དྲུག་ལོན་པའི་ཆུང་ཆུང་།
ཆུང་ཆུང་ཆེན་པོ་ཆགས་དགོས། གཅེས་ཕྲུག་ཡག་པོ་འཚར་དགོས།

དེ་ལས་མང་བ་། “གཅེས་ཕྲུག་ཆུང་ཆུང་།༼བྱིས་གླུ།༽” »

གླུ་གཞས།

མིག་གཏད་ས་རོགས་ལོ་ཁྱེད་རེད།༼ཨ་མདོའི་ལ་གཞས།༽

Posted on 2013-08-11 By འདྲེ་རིག་ལྡན 1 Comment on མིག་གཏད་ས་རོགས་ལོ་ཁྱེད་རེད།༼ཨ་མདོའི་ལ་གཞས།༽

ཡོང་ཁུངས། དམངས་ཁྲོད།

ཆུ་གཙང་བོའི་རླབས་ཕྲེང་བར་ན།།
ཉ་གསེར་ལོའི་འཁྱུག་འགྲོས་མང་གི།
ངའི་བརྒྱ་ཚོགས་ཉ་མོའི་ནང་གི།
མིག་གཏད་ས་གསེར་མིག་ཁྱེད་རེད།།

དེ་ལས་མང་བ་། “མིག་གཏད་ས་རོགས་ལོ་ཁྱེད་རེད།༼ཨ་མདོའི་ལ་གཞས།༽” »

གླུ་གཞས།

བསྟན་པ་ཉམས་པའི་རྒྱུ་རྐྱེན།

Posted on 2013-08-09 By ཁ་བརྡ་ 194 Comments on བསྟན་པ་ཉམས་པའི་རྒྱུ་རྐྱེན།

མཐོ་སྒང་གི་འབོད་སྒྲ

ད་སྐབས་ནི་དཔལ་འབྱོར་གྱི་དུས་རབས་ཤིག་ཡིན་སྟབས། སྐྱེ་བོ་ཕལ་མོ་ཆེ་སྒོར་མོས་དབང་བསྒྱུར་བྱས་ཏེ་ཡོད་ཚད་སྒོར་མོས་ཐག་གཅོད་བྱེད་བཞིན་ཡོད། དེར་བརྟེན་སྤྲུལ་སྐུ་ངོས་འཛིན་གནང་མཁན་གྱི་བླ་ཆེན་རྣམ་པ་ཡང་སྒོར་མོ་ལ་དགའ་ཞེན་ཡོད་པ་ནི་སྤྱི་ཚོགས་ཀྱིས་ཕུལ་བའི་ཁ་ཕྱོགས་ཤིག་རེད། འོན་ཏང་དཔལ་འབྱོར་སྒྲུབ་ལུགས་ཀྱི་ལམ་ཁ་མང་པོ་ཡོད་པས་སྟོན་པ་བཀའ་དྲིན་ཅན་གྱིས་

དེ་ལས་མང་བ་། “བསྟན་པ་ཉམས་པའི་རྒྱུ་རྐྱེན།” »

སྣ་ཚོགས།

མངལ་གྱི་ཕྲུ་གུ་ཟ་བའི་དེང་རབས་ཨ་མ།

Posted on 2013-08-052013-08-05 By ཁ་བརྡ་ 9 Comments on མངལ་གྱི་ཕྲུ་གུ་ཟ་བའི་དེང་རབས་ཨ་མ།

ཨ་དམར་པོ།

མདོ་དབུས་མཐོ་སྒང་གི་ས་ན་སྔོན་ཆད་སྡེ་བ་དང་ཚོ་བའི་བར། ཆོལ་ཁ་དང་ཆོས་རྒྱུད་བར། ཁྱིམ་ཚང་དང་ཁྱིམ་ཚང་བར། ཐ་ན་མི་སྒེར་དང་མི་སྒེར་བར་ནས་ས་རྩོད་ཆུ་རྩོད་དང་། དོམ་ཆགས་བུ་ལོན་རྩོད་པ། ཁྱིམ་ཆུང་མ་དང་། རྒྱུ་ནོམ་པ་རྩོད་པ་སོགས་ལས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བྱུང་སྟེ་གཡུལ་སའི་ཁྲག་རྒྱུན་རྒྱ་མཚོར་འདྲེས་དང་འདྲེས་མྱོང་ཡོད།

དེ་ལས་མང་བ་། “མངལ་གྱི་ཕྲུ་གུ་ཟ་བའི་དེང་རབས་ཨ་མ།” »

སྣ་ཚོགས།

རྡོག་རྩ་གཅིག་སྒྲིལ། ༼གཞས་གསར༽

Posted on 2013-08-032013-08-03 By ཁ་བརྡ་ 4 Comments on རྡོག་རྩ་གཅིག་སྒྲིལ། ༼གཞས་གསར༽

གཞས་གཏོང་མཁན། བློ་བཟང་ཟླ་བ་སོགས།

གླུ་གཞས།

གཞུང་གི་འཐུས་ཤོར་དང་གསར་འབྱོར་ཚོའི་དཀའ་ངལ།

Posted on 2013-08-032013-08-03 By ཁ་བརྡ་ 111 Comments on གཞུང་གི་འཐུས་ཤོར་དང་གསར་འབྱོར་ཚོའི་དཀའ་ངལ།

གངས་དཀར་རྒྱལ་སྲས།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འདས་པའི་མི་ལོ་ལྔ་བཅུའི་རིང་ལ་ཕྱིར་མིག་ཅིག་བལྟས་ཚེ། གཞིས་ཆགས་ཁག་དང་ཕྱི་རྒྱལ་དོན་གཅོད་ཁང་ཁག ད་དུང་སློབ་གྲྭ་ཁག་སོགས་ནི་དགའ་སྤྲོ་སྐྱེ་འོས་པ་ཞིག་ཡོད་མོད། སྤྱི་ཚོགས་འདི་ལ་རྒྱུས་ལོན་དང་མཉམ་འཇོག་ཞིབ་ཏུ་བྱས་ཚེ། གཞུང་དང་དམངས་ལ་བར་ཐག་རིང་བའི་གནས་བབ་ཅིག་དང་། གཞུང་ཞབས་པ་མང་པོ་ཞིག་གིས་རྐང་བ་ཉིས་འཛུགས་བྱས་ཡོད་པའི་གནས་སྟངས་ཤིག

དེ་ལས་མང་བ་། “གཞུང་གི་འཐུས་ཤོར་དང་གསར་འབྱོར་ཚོའི་དཀའ་ངལ།” »

སྣ་ཚོགས།

རྒྱ་ནག་གི་གད་སྙིགས་ཁྲོད་ཀྱི་བོད།༼སྔོན་མའི་འཕྲོས༽

Posted on 2013-08-032013-08-03 By ཁ་བརྡ་ 8 Comments on རྒྱ་ནག་གི་གད་སྙིགས་ཁྲོད་ཀྱི་བོད།༼སྔོན་མའི་འཕྲོས༽

ནམ་མཁའ།

ལྔ་བ། རྨ་ལྷོ་དགུ་ཆུའི་འགྲམ་གྱི་འཇིགས་སྣང་།

པེ་ཅིན་དུ་ཡོད་པའི་བོད་རིགས་ངའི་གྲོགས་པོ་བུ་དེས་ངོ་སྤྲོད་བྱེད་སའི་བུ་མོ་དེ་གུས་མོའི་སྣེ་ཤན་བུ་མོའི་ངོ་ཤེས་རྙིང་པ་ཞིག་ཡིན་པ་འདྲ། ངའི་སྣེ་ཤེན་བུ་མོས་གུས་མོར་རྨ་ལྷོའི་བུ་མོར་ངོ་སྤྲོད་ཐུང་ངུ་ཞིག་བྱེད་ཞོར་བུ་མོ་དེའི་ལས་གནས་སོགས་ཀྱང་ངོ་སྤྲོད་བྱས་སོང་བས། བུ་མོ་དེ་ཡང་འབྲིང་རིམ་སློབ་གྲྭའི་བོད་ཡིག་དགེ་རྒན་ཞིག་ཡིན་པ་ཤེས་སོང་། ང་ཚོ་གསུམ་གྱི་ལས་རིགས་གཅིག་པ་ཡིན་སྟབས་གུས་མོའི་སེམས་ནང་སྐྱིད་པོ་འདྲ་ཞིག་བྱུང་།

དེ་ལས་མང་བ་། “རྒྱ་ནག་གི་གད་སྙིགས་ཁྲོད་ཀྱི་བོད།༼སྔོན་མའི་འཕྲོས༽” »

སྣ་ཚོགས།

བོད་ཀྱི་གྷན་རྡེ་ཆུང་ཆུང་གང་ན་ཡོད།

Posted on 2013-08-032013-08-03 By ཁ་བརྡ་ 24 Comments on བོད་ཀྱི་གྷན་རྡེ་ཆུང་ཆུང་གང་ན་ཡོད།

ཁྲི་རལ་པ་ཅན།།

སྤྱི་ལོ་༢༠༡༢ ལོར་འཛམ་གླིང་དཀྱིལ་ཤར་གྱི་ཡུལ་ཨི་ཟི་རལ་ནང་གནས་སྡོད། ན་གཞོན་རྩོམ་པ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་བབ་ཞི་འཇམ་དང་བོད་མི་རིགས་ལ་མིང་དོན་མཚུངས་བའི་རང་སྐྱོང་གནས་བབ་ཅིག་ཡོང་རྒྱུ། ༧གོང་ས་སྐྱབས་མགོན་ཆེན་པོ་བོད་ནང་ཆིབས་བསྒྱུར་བཅས་སུ་དམིགས་ཏེ། ལོ་དེའི་གསུམ་བཅུའི་དུས་དྲན་ནས་བཟུང་རང་གི་བཟའ་ཟླ་བུ་ཕྲུག་དང་བཅས་པར་ཁྲིམས་ཐོག་ནས་ཁ་བྲལ་གྱིས།

དེ་ལས་མང་བ་། “བོད་ཀྱི་གྷན་རྡེ་ཆུང་ཆུང་གང་ན་ཡོད།” »

སྣ་ཚོགས།

དྲིལ་ལྕེ།

Posted on 2013-08-032013-08-03 By ཁ་བརྡ་ No Comments on དྲིལ་ལྕེ།

དྲིལ་ལྕེ།

ད་ནི་ཚོགས་ཆེན་འདུ་ཁང་ནང་། གསོལ་འདེབས་དང་སྨོན་ལམ་སྐྱོར་དུས། རང་ཉིད་གྲྭ་ཕྲུག་ཚོའི་དཀྱིལ་དུ་ལྷག་མེད་ལ། རང་ཉིད་ཀྱི་མགོ་བོ་ཡང་གྲྭ་བ་གཞན་ཚོ་དང་འདྲ་བར་ཕྱི་དགྱེ་ནང་སྒུར་གྱིས་མིག་བཙུམ་བཙུམ་ངང་། ཁ་ནས་ཞལ་འདོན་ཆུ་བོ་རྒྱུགས་རྒྱུགས་ལྟར་ཐོན་ཡོང་། དེ་མིན། འབོལ་གདན་མཐུག་པོ་དེ་ཡང་རྐུབ་ལ་ཧ་ཅང་བདེ་སྣང་ཞིག་ཡོད་པ་མ་ཟད།

དེ་ལས་མང་བ་། “དྲིལ་ལྕེ།” »

སྣ་ཚོགས།

ཝུད་ཆད་ཌེ། weChat

Posted on 2013-08-022013-08-02 By ཁ་བརྡ་ 30 Comments on ཝུད་ཆད་ཌེ། weChat

གོང་དཀར་ངག་རྣམ།

དེ་རིང་གྲོགས་པོ་ཁ་ཤས་དང་མཉམ་དུ་ད་ལྟ་ཤར་ནུབ་ཀྱི་ཡུལ་གྲུ་ཚང་མས་ཨ་གསར་ངང་སྤྱོད་བཞིན་པའི་weChatཞེས་པ་འདིར་བོད་སྐད་དུ་ཅི་ཞིག་འབོད་དགོས་མིན་གྱི་བསམ་ཚུལ་བྱུང་། མཁྱེན་གསལ་བཞིན་ཐ་སྙད་འདི་ནི་དབྱིན་ཇི་མགོ་སེར་བ་འགས་བཏགས་པའི་མིང་ཞིག་ཡིན་པར་སྙམ། དྲ་གྲོགས་ཚོས་ཐོག་མར་བོད་ནས་ཉེ་ཆར་གཏན་འབེབས་གནང་བའི་འཕྲིན་ཕྲན་ཞེས་པ་ཞིག་བསྟན་པ་དང་དེ་ལ་བསམ་བློ་གཏོང་དགོས་རྒྱུའི་བསམ་ཚུལ་བཏོན་པ་དེར་གཞི་བྱས་ཏེ་སྐད་ཆ་རེ་གཉིས་བཤད་ན།

དེ་ལས་མང་བ་། “ཝུད་ཆད་ཌེ། weChat” »

སྣ་ཚོགས།

ཡ་ང་བའི་བོད། ༼གླུ་ཚིག༽

Posted on 2013-08-022013-08-02 By ཁ་བརྡ་ 1 Comment on ཡ་ང་བའི་བོད། ༼གླུ་ཚིག༽

ཐེ་བོ་སངས་རྒྱས།

རང་དབང་ཞི་བདེར་སྨོན་པའི་སྤུན་ཟླ་ཚོས།།
བཙན་གནོན་འོག་ནས་མགོ་བོ་མ་སྒུར་བར།།
བརྒྱ་ཕྲག་ཕོ་མོས་བདེན་དོན་ཀིར་བཏབ་སྟེ།།
རང་ཉིད་གསོན་སྲེག་མི་བྱེད་ཀ་མེད་ཐུག །

དེ་ལས་མང་བ་། “ཡ་ང་བའི་བོད། ༼གླུ་ཚིག༽” »

གླུ་གཞས།

Posts pagination

Previous 1 … 47 48 49 … 146 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (22)
  • ན་ཟུག (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme