Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞི་དུལ་གྱི་སྙན་ངག་པ་ཐུབ་བསྟན་དར།

Posted on 2014-05-272014-05-27 By ཁ་བརྡ་ 4 Comments on ཞི་དུལ་གྱི་སྙན་ངག་པ་ཐུབ་བསྟན་དར།

རྨོ་བུ། ཨ་རི།

unnamed-2

གཅིག

དཔྱིད་ཟླ་འབྲིང་པོའི་གླིང་ཕྲན་རཱོ་ཌི་ (Rhode island) ནི་སྐྱེས་སྟོབས་ཀྱི་དཔལ་འབར་སའི་ཡུལ་གྲུ་ཞིག་སྟེ། རྒྱ་ལྕང་གི་ལོ་མ་དང་ཁམ་བུའི་མེ་ཏོག་གིས་བྲིས་པའི་དཔྱིད་ངོགས་སུ། བྱིའུ་ཆུང་གི་གསུང་སྙན་དང་རྐང་འཐུང་གི་དྲི་ངད་ཀྱིས་ཁྱབ་ལ། གསར་དུ་འབུས་ཤིང་བཞད་ལ་ཕྱོགས་ཀྱིན་པའི་སྨྱུག་གསར་ཚོགས་ཀྱི་འཚང་ཁས་ནོར་འཛིན་མའི་གཤིན་ཚད་ཡོངས་སུ་ངོམས།

དེ་ལས་མང་བ་། “ཞི་དུལ་གྱི་སྙན་ངག་པ་ཐུབ་བསྟན་དར།” »

སྣ་ཚོགས།

འདི་འདྲ་ཞིག་མ་བཤད་ཐབས་མེད་རེད་འདུག

Posted on 2014-05-212014-05-21 By འཚོ་བྱེད་བུ 5 Comments on འདི་འདྲ་ཞིག་མ་བཤད་ཐབས་མེད་རེད་འདུག

རྩོམ་པ་པོ། དེད་དཔོན།

བོད་ཀྱི་རོང་འབྲོག་ལུང་ཁུག་གི་མི་རྣམས་ནི་འཕྲོད་བསྟེན་གྱི་རྒྱུན་ཤེས་སམ་བཟའ་བཏུང་དང་བྱ་སྤྱོད་ཇི་ལྟར་དགོས་ཚུལ་ཏེ་ལུས་ཁམས་བདེ་ཐང་གི་ཐབས་ལམ་ལ་ཤིན་ཏུ་རྨོངས་ཤིང་། ཟས་དང་སྤྱོད་ལམ་ལེགས་པར་བསྟེན་ཏེ་ནད་རིགས་སྔོན་འགོག་དང༌། ནད་རིགས་གང་ཞིག་ཡིན་ཡང་ཐོག་མར་ནད་ཀྱི་བབ་ལ་བལྟས་ཏེ་ཟས་སྤྱོད་ཕན་པར་བསྟེན་པ་དང་གནོད་པ་སྤང་བ་སོགས་ཆེས་མ་མཐའི་ཆ་རྐྱེན་རྒྱུན་ཤེས་ཙམ་པོ་བ་དེ་དག་ཤེས་མཁན་དཀོན་ཞིང་། ཤེས་པ་དག་གིས་ལག་བསྟར་བྱེད་མཁན་ཆེས་ཉུང་བས་ན་གཞོན་ལོ་ཉུང་རྣམས་ནད་འདྲ་མིན་གྱིས་རྐྱེན་པས་དུས་མིན་འཆི་ལམ་དུ་འགྲོ་བ་དང་། རྒན་འཁོགས་དག་ཚེ་རིང་པོར་མི་ཐུབ་པའི་གནས་སྟངས་ཡོང་བཞིན་ཡོད།

དེ་ལས་མང་བ་། “འདི་འདྲ་ཞིག་མ་བཤད་ཐབས་མེད་རེད་འདུག” »

སྣ་ཚོགས།

བུད་མེད་དང་འབྲེལ་བའི་གནད་དོན་འགའ་གླེང་བ།

Posted on 2014-05-162014-05-16 By འཚོ་བྱེད་བུ 17 Comments on བུད་མེད་དང་འབྲེལ་བའི་གནད་དོན་འགའ་གླེང་བ།

བདེ་པོ་འཚོ།

སྤྱིར་བཏང་གི་ཆ་ནས་བཤད་ན། བུད་མེད་ཀྱི་ཐོབ་ཐང་ཞེས་པ་ནི་སྤྱི་ཚོགས་གང་ས་ནས་གླེང་བཞིན་པའི་བརྗོད་གཞི་ཆེན་པོ་ཞིག་ཡིན་ལ། འདིའི་ཐད་ལ་ལྟ་ཚུལ་དང་འདོད་ཚུལ་མ་འདྲ་བ་སྣ་ཚོགས་ཤིག་ཡོང་གི་ཡོད། དེ་ནི་ཡོང་ཆོག་པ་ཞིག་དང་ཡོང་ངེས་པ་ཞིག་ཀྱང་རེད། ལྟ་རྒྱ་དང་མཐོང་རྒྱ་ཆུང་བའི་ཕྲན་ལྟ་བུ་ཞིག་ལ་མཚོན་ན་བརྗོད་གཞི་ཆེན་པོ་འདི་ལྟ་བུ་ཞིག་གླེང་འོས་པ་དང་གླེང་ཐུབ་པ་ཞིག་མིན་ཡང་རང་ཉིད་དུས་རབས་གསར་པའི་བོད་ཀྱི་བུ་མོ་ཞིག་ཡིན་དུས། རང་གི་བསམ་བློའི་མེ་ལོང་ངོར་གང་ཤར་བ་ངོས་སུ་ཕྱིར་འདོན་ཐུབ་དགོས་པ་ཡང་གནད་འགག་ཅིག་རེད་སྙམ་སྟེ། དེ་རིང་འདི་ནས་རང་གི་བསམ་ཚུལ་ཉུང་ཉུང་ཞིག་བཤད་ན་འདོད།

དེ་ལས་མང་བ་། “བུད་མེད་དང་འབྲེལ་བའི་གནད་དོན་འགའ་གླེང་བ།” »

སྣ་ཚོགས།

ཨོ་བྷ་མ་ཤེས་རབ་ཀྱི་དོ་བདག་ལས་ཀེ་རིམ་རྩེད་མཁན་ཞིག་ཏུ་ཆགས་སྟངས།

Posted on 2014-05-162014-05-16 By ཁ་བརྡ་ 23 Comments on ཨོ་བྷ་མ་ཤེས་རབ་ཀྱི་དོ་བདག་ལས་ཀེ་རིམ་རྩེད་མཁན་ཞིག་ཏུ་ཆགས་སྟངས།

ཨ་ནུ་ཐང་བསོད་ནམས།

ཨོ་བྷ་མ་སྲིད་འཛིན་ལ་དང་པོ་ལངས་སྐབས་ཁོང་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཚེ། ཁོས་ཨ་རིའི་དམག་མཚམས་བཞག་ཅིང་། དམག་འཁྲུག་གི་འགྲོ་གྲོན་དེ་དག་ཨ་རིའི་མི་མང་གི་འཚོ་བར་བཏང་ཏེ་དཔལ་འབྱོར་ཉམས་གསོ་བྱེད་རྒྱུ་ཁས་ལེན་བྱས་རྐྱེན། ཁོང་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད། སྲིད་འཛིན་ཐོབ་དགོས་དོན་ཡང་ཨེ་རག་དང་ཨབ་རྒན་གྱི་དམག་འཁྲུག་ནང་ཨ་དམག་གིས་ལས་སླ་བོར་རྒྱལ་ཁ་མ་ཐོབ་ཅིང་། རྒྱལ་ཁའི་གྲུབ་འབྲས་སྒུག་བྱེད་ཡུན་རིང་དྲགས་པ་མ་ཟད། ཨ་མི་མང་པོས་དམག་འཁྲུག་ལས་རྒྱལ་ཁ་མེད་པ་ཚོར་ནས་ཨ་ཐང་ཆད་པའི་སྟེང་། གཉིས་སྟོང་བརྒྱད་ལོར་ཨ་རི་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད།

དེ་ལས་མང་བ་། “ཨོ་བྷ་མ་ཤེས་རབ་ཀྱི་དོ་བདག་ལས་ཀེ་རིམ་རྩེད་མཁན་ཞིག་ཏུ་ཆགས་སྟངས།” »

སྣ་ཚོགས།

བུད་མེད་ཀྱི་བདེ་ཐང་ནི་མི་རིགས་ཀྱི་བདེ་ཐང་ཡིན།

Posted on 2014-05-152014-05-15 By ཁ་བརྡ་ 21 Comments on བུད་མེད་ཀྱི་བདེ་ཐང་ནི་མི་རིགས་ཀྱི་བདེ་ཐང་ཡིན།

གོ་པལ་པུར་སློབ་ཟུར་བདེ་པོ་འཚོས།

དེ་རིང་ཕྱི་དྲོའི་གནམ་གཤིས་གློ་བུར་དུ་འགྱུར་སོང་། འབྲུག་སྐད་གྲགས་པ་དང་རླུང་དམར་གཡུག་པས་ལམ་ཡང་རབ་རུབ་ཞིག་ལས་མཐོང་དཀའ། ངས་ཆར་གདུགས་ཤིག་ལག་པ་གཡས་པས་བཟུང་ཞིང་ལག་ཁུག་ཅིག་དཔུང་པར་དཔྱངས་ནས་གླ་ སྐྱེལ་རླངས་འཁོར་ལ་འདུག་དགོས་བསམ་ཡང་མི་མང་དྲགས་པས། འཚང་ཁ་ཤིག་ཤིག་གིས་སྤྱི་སྤྱོད་རླངས་འཁོར་དུ་མི་འགྲོ་ག་མེད་བྱུང་། རླངས་འཁོར་ནང་མི་གྲངས་ནི་རྐུབ་སྟེགས་ཀྱི་གྲངས་ལས་བརྒལ་བར་བརྟེན་ཡར་ལངས་ནས་འགྲོ་དགོས་བྱུང་།

དེ་ལས་མང་བ་། “བུད་མེད་ཀྱི་བདེ་ཐང་ནི་མི་རིགས་ཀྱི་བདེ་ཐང་ཡིན།” »

སྣ་ཚོགས།

སྙིང་ལ་ཕོག་པའི་མདའ་མོ།

Posted on 2014-05-142014-05-14 By ཁ་བརྡ་ 1 Comment on སྙིང་ལ་ཕོག་པའི་མདའ་མོ།

ཁྲི་རལ་པ་ཅན།

ནམ་རྒྱུན་རྒྱ་མཚོའི་རྦ་རླབས་ལྟར་འཕྱོ་བ་མི་ཚོགས་ཀྱི་ཁྲོད་དུ། ཅི་ཞིག་མཐོང་འདོད་ཀྱི་བསམ་པས་ཕར་ཚུར་ལ་མིག་ཟུང་རིག་རིག་ཏུ་བལྟས་ཏེ། མི་མང་པོས་རྡོག་བརྫིས་འོག་ཤོར་གྲབས་ཡང་ཡང་བྱས་མྱོང་ལ། ལམ་འགྲམ་གཡས་གཡོན་ནས་སོ་བ་བཞིན་དུ་ནན་བསྲུང་བྱས་བྱས་པའི་མཐར། ཧ་ཅང་མཐོང་འདོད་ཆེ་བའི་ཁྱེད་མཐོང་ཐེངས་རེར། མེ་ཏོག་མཛེས་པོའི་རྩི་བཅུད་ལ་ཆགས་པའི་སྦྲང་མ་ལྟར། ཁྱེད་ཀྱི་ངོ་གདོང་དང་རྒྱབ་གཟུགས་ལ་ཤོར་བའི་མིག་ཞགས་དེས། ཧད་དེ་ལུས་པའི་བེམ་པོ་ང་ལ།གཞན་གྱིས་འཕྱ་དགོད་ཀྱི་རྔམ་པ་ཐོབ་པའང་ཉུང་ཉུང་མིན།

དེ་ལས་མང་བ་། “སྙིང་ལ་ཕོག་པའི་མདའ་མོ།” »

སྣ་ཚོགས།

དགའ་སྟོན་ཚོགས་འཁོར།

Posted on 2014-05-132014-05-13 By ཁ་བརྡ་ 2 Comments on དགའ་སྟོན་ཚོགས་འཁོར།

སྐྱོ་བྲག་དགའ་དབང་།

དགའ་སྟོན་ཚོགས་འཁོར་བཞུགས་སོ། །

ན་མོ་གུ་རུ། ཉམས་རྟོགས་མཁའ་ལས་བྱིན་རློབས་གྲུ་ཆར་གྱིས། །གདུལ་བྱའི་ལོ་ཐོག་ཀུན་ནས་སྨིན་མཛད་པ། །བཀའ་བརྒྱུད་བླ་མ་གྲུབ་ཐོབ་རྒྱ་མཚོོའི་རྡུལ། །སྙིང་དབུས་གེ་སར་འཛུམ་པའི་དཔྱིད་དུ་ལེན། །འགྲོ་བའི་མགོན་པོ་ཏི་ཤྲི་རས་པ་ལ། །བརྟེན་པའི་བླ་སྒྲུབ་ཚོགས་འཁོར་ཡིད་བཞིན་ནོར། །བླ་མཆེད་དམ་ཚིག་གཙང་མའི་དགའ་སྟོན་དུ། །ཇི་ལྟར་བླངས་པའི་བྱུང་བ་འདི་ན་གསལ། །
བླ་མཆེད་རྣམ་པའི་བཀའ་ལུང་ལ་བརྟེན་ནས་འགྲོ་མགོན་ཏི་ཤྲི་རས་པའི་མགུར་གྱི་ཊཱིཀ་སྙིང་པོ་གསལ་བ་ཡོངས་སུ་གྲུབ་པ་ན།

དེ་ལས་མང་བ་། “དགའ་སྟོན་ཚོགས་འཁོར།” »

སྣ་ཚོགས།

བྱམས་བརྩེ་ཡི་ཐོག་མ།

Posted on 2014-05-112014-05-11 By ཁ་བརྡ་ 5 Comments on བྱམས་བརྩེ་ཡི་ཐོག་མ།

ནམ་མཁའ།

jamzeའགྲོ་བ་མིའི་རིགས་གཙོ་བྱས་བའི་འཛམ་གླིང་འདིའི་སྒང་གི་སྲོག་ཆགས་འོ་འཐུང་མང་པོ་ཞིག་དང་། དེ་མ་ཡིན་པའི་གཞན་རྟེན་སྲོག་ཆགས་མང་པོ་ཞིག་ལ་བྱམས་བརྩེ་ཐོག་མ་སྦྱིན་མཁན་དེ་རང་གི་ཨ་མ་ཡིན་ངེས། ཡིན་ན་ཡང་དེང་སང་འཛམ་གླིང་ཤར་ནུབ་ཀུན་ཏུ་མ་བུའི་བར་གྱི་བརྩེ་བ་དེ་ཡང་མོག་མོག་ཞིག་ཏུ་གྱུར་ནས་སྤྱི་ཚོགས་ནང་དཀའ་ངལ་རིམ་པ་མང་པོ་ཞིག་སླེབས་ཡོད།

ང་ཚོས་འདིར་ཐོག་མར་དུད་འགྲོའི་རིགས་ཀྱི་ཨ་མས་རང་གི་ཕྲུག་གུ་ཚོར་བྱམས་བརྩེ་གནང་སྟངས་ནས་འགོ་འཛུགས་བྱེད་ཆོག

དེ་ལས་མང་བ་། “བྱམས་བརྩེ་ཡི་ཐོག་མ།” »

སྣ་ཚོགས།

པར་བཏབ་སྙན་ངག

Posted on 2014-05-072014-05-08 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 21 Comments on པར་བཏབ་སྙན་ངག

འཇིགས་མེད་ནུབ་པ།

Monks
༡)
འཁོར་བ་རྒྱབ་ལ་བཞག་ཡོད།།
དགོན་པ་མདུན་ལ་བླངས་ཡོད།།

དེ་ལས་མང་བ་། “པར་བཏབ་སྙན་ངག” »

པར།, སྙན་ངག

༧རྒྱལ་བ་རིན་པོ་ཆེ་དང་བློ་བཟང་སེང་གེ་གཉིས་ལ་ཨ་མདོ་ནས་ལ་གཞས་ཤིག་བསྐུར་འདུག

Posted on 2014-05-042014-05-05 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 17 Comments on ༧རྒྱལ་བ་རིན་པོ་ཆེ་དང་བློ་བཟང་སེང་གེ་གཉིས་ལ་ཨ་མདོ་ནས་ལ་གཞས་ཤིག་བསྐུར་འདུག

འབྲེལ་ཐག འདི་རུ་བསྣུན་ནས་ཉོན།

གཞས་ཚིག

༡)
ཨ་རོ། ཡ་ལ་ཡ་ལ་དགོ ངའི་རོགས་དགའ་ལོ་ལོ་རིས་དགོ

ཨ་མདོ་ཡུལ་གྱི་དད་ལྡན་མཇལ་བ་ཚོ།།
སྟོད་ཕྱོགས་རྒྱ་གར་ཡུལ་ལ་འགྲོ་གིན་ན།།
༼ངས༽རྒྱལ་དབང་བསྟན་འཛིན་ཚང་ལ་སྐད་ཅིག་བསྐུར།།
བོད་རྒྱལ་བློ་བཟང་སེངྒེར་འཕྲིན་ཞིག་བསྐུར།།
གདོང་དམར་བོད་ཀྱི་སྡུག་བསྔལ་ལྕི་གི་ཤོད།།

དེ་ལས་མང་བ་། “༧རྒྱལ་བ་རིན་པོ་ཆེ་དང་བློ་བཟང་སེང་གེ་གཉིས་ལ་ཨ་མདོ་ནས་ལ་གཞས་ཤིག་བསྐུར་འདུག” »

གསར་འགྱུར།, སྣ་ཚོགས།

རྗེས་དྲན་གླིང་དུ་འཚམས་འདྲིའི་སྐད་ཆ་ཐུང་ཐུང་ཞིག

Posted on 2014-05-042014-05-04 By ཁ་བརྡ་ No Comments on རྗེས་དྲན་གླིང་དུ་འཚམས་འདྲིའི་སྐད་ཆ་ཐུང་ཐུང་ཞིག

ཨེ་མ་ཧོ།

ལས་སྨོན་རྟེན་འབྲེལ་བཟང་པོའི་བླ་སློབ་ཆོས་མཆེད་དད་གུས་ཅན་དང་དེང་དུས་འབྲེལ་བའི་དྲ་གྲོགས་ཡོངས་ལ་འཚམས་འདྲི་གུས་ཕྱག་བཅས་ཞུ་འབྲས།

ཞུ་འདོད་དང་ཡིད་སྨོན་དངོས་དེ་སློབ་ཆེན་རྣམ་པ་དང་མཁས་བཙུན་བཟང་པོའི་མཁན་སྤྲུལ་རྣམ་པའི་བདག་རྐྱེན་ལས་༧སྐྱབས་རྗེ་དམ་པ་བྱ་བྲལ་རིན་པོ་ཆེའི་གདན་ས་ལུ་མདོའི་ཆོས་སྒར་ཆེན་མོ་སྔར་བཞིན་ལུང་རྟོགས་བཤད་སྒྲུབ་ཕྲིན་ལས་དར་ཞིང་རྒྱས་པར་མཇལ་བས་དགའ་སྤྲོ་བླ་ལྷག་ཏུ་བརྟས།

དེ་ལས་མང་བ་། “རྗེས་དྲན་གླིང་དུ་འཚམས་འདྲིའི་སྐད་ཆ་ཐུང་ཐུང་ཞིག” »

སྣ་ཚོགས།

སངས་རྒྱས་ཀྱི་ཐག་ཉེར་བཅར་བའི་མི།

Posted on 2014-05-022014-05-02 By ཁ་བརྡ་ 4 Comments on སངས་རྒྱས་ཀྱི་ཐག་ཉེར་བཅར་བའི་མི།

རྫ་ཚེ་རིང་བཀྲ་ཤིས།
 

༼ལོ་ངོ་བཅུ་བདུན་རྗེས་ཀྱི་ཁར་རྩང་།༽

ཁར་རྩང་ཁར་ཉིན་སྤྱིར་བཏང་བཤད་ན། རང་ཉིད་ལུས་སེམས་ངལ་དུབ་ཀྱིས་མནོན་པའི་དུས་ཚོད་ཅིག་ཡིན། རྒྱལ་ས་ལྡི་ལིའི་དྲོད་ཚད་ཏུའུ་བཞི་བཅུ་ཞེ་གཉིས་ལ་སླེབས་པའི་ཚད་གདུགས་ནི་དེ་བས་ཀྱང་ཧ་ཅང་མ་གོམ་པ་ཞིག་རེད། འོན་ཀྱང་། སྐྱོ་གདུང་དང་ངལ་དུབ་ཀྱི་ཁྲོད་དུའམ། ལས་བྲེལ་དང་རྣམ་གཡེངས་ཀྱི་གསེབ་ནས་སམ། ངལ་གསོ་དང་བག་ཡངས་ཀྱི་ཀློང་གང་ནས་ཀྱང་ཕྲིན་ཕྲན་ནི་ང་དང་ཆེས་ཉེ་ས་ཞིག་ན་ཡོད། འདིས་ངའི་འཚོ་བ་དང་ལས་དོན་གྱི་མི་ཚེའི་ཁྲོད་དུ་ཆ་ཤས་ཧ་ཅང་མང་པོ་ལེན་བཞིན་ཡོད།

དེ་ལས་མང་བ་། “སངས་རྒྱས་ཀྱི་ཐག་ཉེར་བཅར་བའི་མི།” »

སྣ་ཚོགས།

ཀན་ལྷོའི་མཛའ་གླུ

Posted on 2014-05-022014-05-02 By ཁ་བརྡ་ 13 Comments on ཀན་ལྷོའི་མཛའ་གླུ

འོས་སྦྱོར་བ། ལྡོང་སྲས།

unnamedཀན་ལྷོའི་མཛའ་གླུ་ཞེས་པའི་གློག་བརྙན་འདིའི་སྐྱེས་མ་འཁྲབ་སྟོན་པ་གཙོ་བོ་ནི་བདེ་སྐྱིད་ལགས་(དཀྱིལ་གྱི་བོད་ལྭ་གྱོན་པའི་བུ་མོ་དེ་)རེད་ལ། ཁོ་མོ་ནི་དེང་གི་རྒྱ་ནག་རྒྱལ་ཡོངས་སུ་འཁྲབ་སྟོན་པ་ཡག་ཤོས་ཀྱི་རྟགས་མའམ། ༼ལུག་མྱེ་མེ་ཏོག་རྟགས་མ༽ཞེས་པ་དེ་ཐོབ་མཁན་གྱི་བོད་རིགས་དང་པོ་དེ་ཆགས་ཡོད་ཅིང་། རྟགས་མ་དེ་བཞིན་ཉིན་ཁ་ཤས་ཀྱི་ཡར་སྔོན་རེག་པ་ཞིག་རེད།

ཁོ་མོ་ནི་མདོ་སྨད་ཟུང་ཆུའི་ས་མ་འབྲོག་གི་ཁྱིམ་ཚང་ཕལ་བ་ཞིག་ནས་སྐྱེས་ཤིང་།

དེ་ལས་མང་བ་། “ཀན་ལྷོའི་མཛའ་གླུ” »

སྣ་ཚོགས།

ཤེས་རིག་ལས་ཁུངས་ཀྱི་གསལ་བསྒྲགས་རྐང་ཆག་མ།

Posted on 2014-04-242014-04-24 By ཁ་བརྡ་ 43 Comments on ཤེས་རིག་ལས་ཁུངས་ཀྱི་གསལ་བསྒྲགས་རྐང་ཆག་མ།

འཇམ་དབྱངས་དཀར་པོ།

གཤམ་གསལ་གྱི་ཡིག་ཕྲེང་འདི་བཙན་བྱོལ་བོད་མིའི་དབུས་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་“དབྱར་ཀའི་ཚན་རིག་སློབ་ཁྲིད་ལས་འཆར་གྱི་གསལ་བསྒྲགས་”ལས་དོན་ཚན་གཅིག་རེད། འདིའི་ནང་ན་ཡིག་ནོར་དང་བརྗོད་པ་མི་བདེ་བ། སྦྲགས་སྐད་ཅི་ཙམ་འདུག སྤྱི་ལོ་༡༩༥༩ ནས་ད་བར་བཙན་བྱོལ་ནང་གི་མིའུ་ཆེ་མ་ཆུང་གསུམ་ཀུན་གྱིས་ཁ་ཡར་གྲག་ན་རྒྱ་ནག་གིས་བོད་ཀྱི་རིག་གཞུང་རྩ་གཏོར་བཏང་སོང་ཟེར། ཁ་མར་གྲག་ན་ཡང་རྒྱ་ནག་གིས་བོད་ཀྱི་རིག་གཞུང་རྩ་གཏོར་བཏང་སོང་ཟེར།

དེ་ལས་མང་བ་། “ཤེས་རིག་ལས་ཁུངས་ཀྱི་གསལ་བསྒྲགས་རྐང་ཆག་མ།” »

སྣ་ཚོགས།

མཁས་དབང་ཟམ་གདོང་རིན་པོ་ཆེའི་བཀའ་ཆོས་ཀྱི་མཇུག་སྡོམ་གསུང་བཤད།

Posted on 2014-04-232014-04-23 By ཁ་བརྡ་ 13 Comments on མཁས་དབང་ཟམ་གདོང་རིན་པོ་ཆེའི་བཀའ་ཆོས་ཀྱི་མཇུག་སྡོམ་གསུང་བཤད།

གློག་བརྙན་།, སྣ་ཚོགས།

རི་ངོགས་གཏམ་རྒྱུད་དང་ཀློག་པ་པོའི་འཕྲིན།

Posted on 2014-04-192014-04-19 By ཁ་བརྡ་ 1 Comment on རི་ངོགས་གཏམ་རྒྱུད་དང་ཀློག་པ་པོའི་འཕྲིན།

རྨོག་རུ་བསྟན་པ།

རི་ངོགས་གཏམ་རྒྱུད་ཅེས་པའི་དེབ་ཅིག་འདོན་འཆར་ལ་ལོ་གཉིས་གསུམ་གོང་ནས་འཆར་གཞི་ཡོད་ནའང་། དེབ་ཀྱི་བརྗོད་བྱའི་མགོ་གང་ནས་འཛུགས་རྒྱུ་སོགས་ཀྱི་ཐད་བསམ་བློ་ངེས་ཅན་ཞིག་གཏོང་དགོས་པ་དང་། དངོས་བྱུང་གི་ལོ་རྒྱུས་དང་འབྲེལ་བའི་དེབ་ཀྱི་བརྗོད་བྱ་རེ་ཟུང་ཡུལ་དུས་སྐབས་དོན་དང་འགྲིག་མིན་སོགས་ཀྱིས་ཅུང་ཙམ་ཕྱིར་འགྱངས་བྱེད་དགོས་ཆགས་ཡོད། རི་ངོགས་གཏམ་རྒྱུད་ཀྱི་བརྗོད་དོན་གཙོ་བོ་ནི་རང་ཉིད་རྒྱ་གར་ལ་བཙན་བྱོལ་དུ་ཡོང་བའི་སྐབས་དོན་དང་འབྲེལ། རང་ཉིད་དང་འབྲེལ་ཡོད་ཀྱི་ཁོར་ཡུག་དང་། སྤྱི་ཚོགས། མི་སྣ་སོགས་བརྒྱུད་པའི་དངོས་བྱུང་གཏམ་རྒྱུད་ཀྱི་སྙིང་པོ་ཞིབ་ཚགས་སུ་འགོད་རྒྱུ་དེ་ཡིན།

དེ་ལས་མང་བ་། “རི་ངོགས་གཏམ་རྒྱུད་དང་ཀློག་པ་པོའི་འཕྲིན།” »

སྣ་ཚོགས།

མིག་རྒྱངས་རིང་པོའི་ཆོས་ཀྱི་ཉམས་ལེན།

Posted on 2014-04-19 By ཁ་བརྡ་ No Comments on མིག་རྒྱངས་རིང་པོའི་ཆོས་ཀྱི་ཉམས་ལེན།

བྱམས་བརྩེ།

དེ་རིང་འཕྲད་སྲིད་པའི་རྙོག་གྲ་ཆུང་ཆུང་ལ་འཇིགས་ནས་སང་ཉིན་ང་ཚོ་ལ་ཡོང་སྲིད་པའི་ཆག་སྒོ་དག་ཅི་ནས་ཀྱང་འཇོག་མི་རུང་བའི་གཏན་ཚིགས་འདི་བཀོད་དེ། བདག་གི་འདས་ཟིནཔའི་མཐོང་ཐོས་མྱོང་གསུམ་དག་གཞི་ལ་བཞག་ནས། བཀླགས་ཟིན་པའི་དཔེ་དེབ་འགའ་ཤས་ལས་ཁུངས་དྲངས་ཏེ། བཤད་འདོད་པའི་སེམས་གཏམ་འགའ་འདིར་འགོད་རྒྱུ་ཡིན།

དེ་ལས་མང་བ་། “མིག་རྒྱངས་རིང་པོའི་ཆོས་ཀྱི་ཉམས་ལེན།” »

སྣ་ཚོགས།

ཆང་འཐུང་བ་ཉུང་དུ་ཐོངས།

Posted on 2014-04-172014-04-17 By ཁ་བརྡ་ 4 Comments on ཆང་འཐུང་བ་ཉུང་དུ་ཐོངས།

སྐྱོ་བྲག་དགའ་དབང་།

གློ་བ་ནང་དུ་ཆུ་ཤོར་བ་ལྟ་བུའི་འཇམ་ལུ་བྱེད་ཅིང་ལྷག་ཏུ་ཞོགས་དགོང་དང་ཟུར་ཉལ་སྐབས་ན་ཤུགས་ཆེར་ལུ་བ་ཞིག་ན་ནས་ཟླ་བ་གཉིས་ཡས་མས་སོང་ནའང་དྲག་སྐྱེད་མ་བྱུང་བས། གློ་ནད་ཚབས་ཆེན་ཞིག་ཡོད་ནའང་ཅི་ཤེས་སྙམ་ནས། འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་ཡོད་པའི་སྨན་ཁང་མ་ཎི་པལ་བྱ་བ། མངའ་སྡེ་འདིའི་སྨན་ཁང་ཡག་ཤོས་དེ་ཡིན་མིན་ཅི་ཤེས་ཏེ། ཆེ་ཤོས་དེ་ཡིན་ངེས་པ་ཞིག་ཡོད་པ་དེར་སོང་སྟེ། སྤྱི་ལོ་༢༠༡༤ ཟླ་༣ ཚེས་༢༦ ཉིན་ཁྲག་དང་གཅིན་པ་གློག་པར་སོགས་ཀྱི་རྒྱུད་ནས་མགོ་ལུས་ཡོངས་ལ་བརྟགས་དཔྱད་བགྱིས་པའི་ཤོག་ཛར་དག །

དེ་ལས་མང་བ་། “ཆང་འཐུང་བ་ཉུང་དུ་ཐོངས།” »

སྣ་ཚོགས།

རོགས་སྐྱོར་དང་ལེན་བྱེད་པ་དེས་ཁྱེད་རང་ནུས་མེད་ཅིག་ཏུ་མཚོན་མི་ནུས།

Posted on 2014-04-172014-04-17 By ཁ་བརྡ་ No Comments on རོགས་སྐྱོར་དང་ལེན་བྱེད་པ་དེས་ཁྱེད་རང་ནུས་མེད་ཅིག་ཏུ་མཚོན་མི་ནུས།

ཚེ་རིང་།

ནུབ་ཕྱོགས་ཀྱི་མཁས་པ་དང་དཔོན་པོ་ཕྱུག་བདག་སོགས་ལ་ཐུན་མོང་མ་ཡིན་པའི་རང་གཤིས་ཡག་པོ་ཞིག་ཡོད་པ་ནི་ཁེངས་དྲག་དང་ཆེ་ཚུགས་མེད་པ་འདི་རེད། འདི་ནི་གནས་སྐབས་ཀྱི་གནས་བབས་མི་འདྲ་ནའང་ཚང་མ་འགྲོ་བ་མིའི་རིགས་སུ་མཚུངས་པའི་རྒྱུ་མཚན་གྱིས་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་ལ་བརྩི་བཀུར་གྱི་འདུ་ཤེས་ལས་བྱུང་བ་ཞིག་ཡིན་ལ། མདོར་དེད་ནས་བཤད་ན་འདི་ནི་དམངས་གཙོའི་ལྟ་གྲུབ་ཀྱིས་བསྐྲུན་པའི་བག་ཆགས་བཟང་བོ་ཞིག་དང་མི་དམངས་ལ་ཧ་ཅང་གི་ཡིད་འགུལ་སྟེར་བའི་ཀུན་སྤྱོད་ཅིག་ཀྱང་རེད།

དེ་ལས་མང་བ་། “རོགས་སྐྱོར་དང་ལེན་བྱེད་པ་དེས་ཁྱེད་རང་ནུས་མེད་ཅིག་ཏུ་མཚོན་མི་ནུས།” »

སྣ་ཚོགས།

གཅུང་པོའི་ལམ་སྟོན།

Posted on 2014-04-122014-04-12 By ཁ་བརྡ་ 16 Comments on གཅུང་པོའི་ལམ་སྟོན།

སྐྱོ་བྲག་དགའ་དབང་།

གྲོགས་པོ། ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་གྱི་ཚོགས་པ་ལས་བྱུང་བ་མ་གཏོགས་གང་འདོད་ཀྱི་རང་དབང་ཅན་ཞིག་མིན་པས་ན། སྤྱོད་འཇུག་ལས། ཉེས་པ་ཇི་སྙེད་ཐམས་ཅད་དང་། །སྡིག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་རྐྱེན་གྱི་སྟོབས་ལས་བྱུང་། །རང་དབང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ཡོད།
འགྲོ་བ་མི་རྣམས་ཀྱི་འདུན་ལམ་ཡང་སྔོན་ལས་འཕྲལ་རྐྱེན་གྱིས་ཁ་ཕྱོགས་སྒྱུར་བ་མངོན་གསལ་ཡིན་པས་ན། ལས་ལ་གང་བསྐོས་མ་གཏོགས། སྣང་བར་གང་དྲན་མི་འདུག །ཅེས་ཡོངས་སུ་གྲགས་པ་རེད།

དེ་ལས་མང་བ་། “གཅུང་པོའི་ལམ་སྟོན།” »

སྣ་ཚོགས།

Posts pagination

Previous 1 … 37 38 39 … 146 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (21)
  • ན་ཟུག (7)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme