(རྟོཊ་བཟོ།) འཕྲིན་འདིའི་ཡིག་འབྲི་བ་ནི་རྐ་འབྲོང་ཕྲུག་གོ
བདག་གི་སྙིང་ནས་བརྩེ་བའི་ཁ་བ་ཅན་གྱི་ཕུ་ནུ་མིང་སྲིང་རྣམ་པ།
ད་ཐེངས་བདག་གི་འཇིག་རྟེན་ལ་ལྷུང་བའི་སྐྱོ་གར་གྱི་འདབ་མ་དེས་ཁྱེད་ཅག་གི་དྲན་འཛིན་ངོས་སུ་འང་ཞུ་བར་དཀའ་བའི་སྐྱོ་གདུང་གི་ཁ་བ་མཐུག་པོ་ཞིག་བཞག་པ་ཕྲན་གྱིས་ཤེས་ཡོད། དེ་ནི་ཁྱེད་ཅག་གིས་ང་དང་ཁུ་བྱུག་ལ་བཅངས་པའི་བརྩེ་དུང་གི་ཟབ་ཚད་དང་གཟི་བརྗིད་ལྡན་པའི་མི་རིགས་ཞིག་གིས་རྩུབ་དྲགས་པའི་ལོ་རྒྱུས་ཀྱི་ཀུ་རེའི་ཁྲོད་ནས་རང་ཉིད་ཀྱི་རིན་ཐང་སླར་རྙེད་བྱུང་བའི་ཏན་རྟགས་ཞིག་ཀྱང་ཡིན་པར་འདོད་པས་དེ་ནི་དགའ་སྐྱོ་ཟུང་གིས་བཏེགས་པའི་ཆང་ཕོར་གང་དང་གཉིས་སུ་མ་མཆིས།
——རྫ་ཚེ་རིང་བཀྲ་ཤིས།
——ཧམ་ཐུག
ཕ་རྒན་ལགས། འོད་སྣང་གིས་གྲུབ་པའི་འཇིག་རྟེན་ཐོག ཁྱོད་ཀྱི་རུས་རྐང་གིས། ང་ལ་ངའི་གཟུགས་ཤིག་བྲིས་ཡོད། འོན་ཀྱང་། ངས་དེ་རིང་ཁྱོད་ཀྱི་བྱད་གཟུགས་མིག་ཆུས་འབྲི་བ་ལས། ང་ལ་ཅི་ཡང་མེད། ངའི་མི་ཚེའི་ཐོག་མ་དེ་ནས། འཛུམ་མདངས་མེད་པའི་ཁྱོད་ཀྱི་ངོ་གདོང་ལ་བྲོས་སོང་བའི་ཉི་མ། དེ་རིང་འུ་གཉིས་ཀྱི་མགོ་ཐོག་ན་ཡང་བསྐྱར་དམར་ཀོ་རེ་ཤར་ཡོད། འདི་ནི་ཞེན་ཆགས་ཤིག་གིས་ཡིན་ནམ། ལས་དབང་ཞིག་གིས་ཡིན།
སྐུ་བདེ་བོ་ཡིན་ནམ། དེ་རིང་འདིར་ནམ་རྒྱུན་བཞིན་ཁྱེད་རང་སྐྱིད་པོ་ཡིན་ནམ་ཅེས་པའི་ཚིག་འདིའི་འཚམས་འདྲི་བྱས་ཐུབ་མ་སོང་། ད་ཐེངས་ཚིག་འདི་ཡིད་ལ་འཆར་ན་ཡང་ངའི་སོར་རྩེ་ནས་རི་མོ་འདི་ལེགས་པོ་ཞིག་ཐོན་དཀའ་བར་འདུག
མཛའ་བརྩེའི་ཕྱི་ཐག་རིང་ཞིང་། གནས་ལུགས་ཀྱི་དོན་པོ་འཚོལ་དཔྱོད་ལ་དུངས་བའི་སློབ་གྲོགས་ལགས། ད་ལྟ་ང་གློག་འོད་མེད་པའི་བལ་ཡུལ་གྱི་རྒྱལ་སའི་ཀྱག་ཀྱོག་གི་ལམ་བུ་གང་མང་བརྒྱུད་མཐར་རང་གི་སྡོད་གནས་སུ་སླེབས་ཐུབ་ཙམ་བྱུང་། འོན་ཀྱང་ངའི་སྦྱིན་བདག་དང་ཆོས་གྲོགས་ཚོ་རྒྱལ་ས་ཁྲང་མེན་དུ་སྤྲོ་འཁྱམས་ལ་ཕྱིན་པས་ངས་མེ་ཏོག་གི་དྲི་བསུང་འཐུལ་བཞིན་པའི་ར་སྐོར་ཆུང་ཆུང་དེ་ནས་ཅུང་ཙམ་ངང་སྒུག་བྱས་ནའང་། 