Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནང་ཆེན་བཀྲ་ཤིས་ཚང་ལ་ཆག་སྒོ་བྱུང་སོང་།

Posted on 2012-09-252012-09-25 By ཁ་བརྡ་ 23 Comments on ནང་ཆེན་བཀྲ་ཤིས་ཚང་ལ་ཆག་སྒོ་བྱུང་སོང་།

ནང་ཆེན་ནས་གྲོགས་པོ་ཞིག་གིས་ཁ་བརྡའི་ཐོག་ལ་འགོད་རོགས་ཞེས་གསུངས་ནས་མཆན་ཞབས་བཅས་བསྐུར་བ་ཇིབཞིན་རྫ་ཚེ་རིང་བཀྲ་ཤིས་ནས་མཚམས་སྦྱོར་བྱས།

ནང་ཆེན་བཀྲ་ཤིས་ནི་ཧ་ལམ་ཕོ་ལོ47ལ་སོན་པའི་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་གི་ཚོང་པ་ཡག་པོའི་གྲས་ཀྱི་གཅིག་ཡིན་པ་རེད། ཁོ་ནི་བོད་ཀྱི་རིག་གནས་དང་ཆོས་ལུགས་སྐད་དང་ཡི་གེ་ལ་དགའ་ཞིང་བློ་དཀར་མཁན་ཞིག་ཡིན་པས། ལོ་ངོ་བཅུ་ལྷག་གི་ཡར་སྔོན་ནས་བཟུང་། ཁོས་རང་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་གི་འདུ་ཤེས་ཉམས་བཞིན་པའི་སྐྱེ་རྒུ་གྲོང་བརྡལ་དུ། ཆོས་ལུགས་གྲུབ་མཐའ་དང་སེར་སྐྱ་རིས་མེད་ཀྱིས་བགྲོ་གླེང་བྱེད་པར་མཐུན་རྐྱེན་མང་པོ་སྦྱར་ཏེ་སྣང་ཚུལ་དེ་ལྡོག་པའི་ཐབས་ལམ་གང་བཟང་དང་བྱེད་ཕྱོགས་གང་ཡག་འཚོལ་བའི་ལས་ལ་བརྩོན་མཁན་ཞིག་ཡིན་པར་མ་ཟད། ད་དུང་ས་དེ་གའི་ཉམ་ཆུང་དབུལ་པོ་ལ་འཚོ་བའི་ཁ་གསབ་ཀྱི་དངུལ་དངོས་དང་། སློབ་མ་དང་སློབ་གཉེར་མཁན་ལ་སློབ་སྦྱོང་གི་མཐུན་རྐྱེན་ཡང་མང་པོ་སྦྱར་དང་སྦྱོར་གིན་ཡོད་མཁན་ཞིག་ཡིན་པ་རེད།

དེ་ལས་མང་བ་། “ནང་ཆེན་བཀྲ་ཤིས་ཚང་ལ་ཆག་སྒོ་བྱུང་སོང་།” »

གསར་འགྱུར།

༼ས་བྱི་ཁྲག་བྲིས་དམར་པོ༽ཞེས་པའི་དེབ་ཡོངས་ཁྱབ་འགྲེམས་སྤེལ།

Posted on 2012-09-242012-09-24 By ཁ་བརྡ་ 6 Comments on ༼ས་བྱི་ཁྲག་བྲིས་དམར་པོ༽ཞེས་པའི་དེབ་ཡོངས་ཁྱབ་འགྲེམས་སྤེལ།

གཞིས་བཞུགས་རྩོམ་པ་པོ་གངས་མིང་བས་ཆེད་བྲིས་༼ས་བྱི་ཁྲག་བྲིས་དམར་པོ༽ཞེས་པ་བཙན་བྱོལ་སྤྱི་ཚོགས་ནང་ཡོངས་ཁྱབ་དཔར་འགྲེམས་ཆེད་བསྐུར་འབྱོར་བྱུང་འདུག་པ་དཔར་སྐྲུན་གྲུབ་སྟེ། དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་ཕྱི་དྲོ་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་ནས་ཡོངས་ཀྱབ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་འདུག ༼ས་བྱི་ཁྲག་བྲིས་དམར་པོ༽ཞེས་པའི་དེབ་ནང་གཙོ་བོ། ཕྱི་ལོ་ ༢༠༠༨ ནས་ ༢༠༠༩ བར་གྱི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས། རྩོམ་པ་པོ་གངས་མིང་པ་ཁོང་གིས་དངོས་སུ་མཐོང་བ་དང་ཐོས་པ། ས་གནས་ཁག་ཅིག་ལ་ཆེད་ཕེབས་ཀྱིས་གནས་སྟངས་ལ་ཞིབ་འཇུག་དང་། སྐབས་དེར་རྨས་སྐྱོན་ཕོག་སྟེ་སྨན་ཁང་ནང་སྡོད་མཁན་ཁག་ཅིག་ལ་བཅར་འདྲི་ཞུས་པ་སོགས། སྒྲོ་འདོགས་དང་འཁྱོག་བརྗོད་མེད་པའི་ཐོག་ནས་གནས་ཚུལ་རྣམས་ཟིན་བྲིས་བརྒྱབ་པ་ཞིག་ཡིན་འདུག འདི་འབྲེལ་གསར་གནས་རྒྱས་པ་སྦྲེལ་ཐག་འདི་ནས་གཟིགས་གནང་རོགས།

གསར་འགྱུར།

པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་གསར་འདེམས་བྱུང་བ།

Posted on 2012-09-232012-09-24 By ཁ་བརྡ་ 29 Comments on པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་གསར་འདེམས་བྱུང་བ།

པེན་ཕྱི་སྡོར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཉིན་གཉིས་རིང་ཚོགས་ཆེན་ཐེངས་བཞི་པ་དང་འབྲེལ་བའི་བགྲོ་གླེང་དང་། ཁ་སང་ཕྱི་ཚེས་ ༢༣ ཉིན་ཚོགས་ཞུགས་ཚོགས་མི་ཚོའི་ངོས་ནས་ཚོགས་པའི་འཛིན་སྐྱོང་དང་། སྔར་གྱི་གྲོས་ཆོད་དང་ལག་བསྟར་གྲུབ་འབྲས་ཐད་བསྐྱར་ཞིབ། སྒྲིག་གཞིར་བསྐྱར་བཅོས

དེ་ལས་མང་བ་། “པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་གསར་འདེམས་བྱུང་བ།” »

གསར་འགྱུར།

མིའི་སེམས་ཕམ་དུ་མི་འཇུག་པ་དེ་གལ་ཆེན་པོ་ཡིན།

Posted on 2012-09-232012-09-23 By ཤར་ཕྱོགས་ཁུག་རྟ། 24 Comments on མིའི་སེམས་ཕམ་དུ་མི་འཇུག་པ་དེ་གལ་ཆེན་པོ་ཡིན།

༧གོང་ས་མཆོག

མིའི་འཕེན་པ་ཞེས་པ་འདི་གནད་ཆེན་པོ་ཡིན་ཅིང། མིའི་སེམས་ཕམ་དུ་མི་འཇུག་པ་དེ་གལ་ཆེན་པོ་ཡིན། མིའི་སེམས་ཕམ་ན་འཕེན་པ་ཐུང་དུ་འགྲོ་བའི་ཉེན་ཁ་ཡོད། འཕེན་པ་ཐུང་དུ་ཕྱིན་ན། དཔེར་ན། ང་ཐེ་བས་སྤྱིར་མི་སུ་ཞིག་ཡིན་རུང་སོ་སོར་རང་དབང་མེད་ཀྱང་འཕེན་པའི་ཤུགས་ཀྱི་ཁྱད་ཅིག་ཡོད། འཕེན་པ་ལ་ཕྱོགས་གཞན་ནས་བཤད་ན་སེམས་ཤུགས་ཟེར་བ་དེ་ཡིན། མི་རྒས་པོའམ། ནད་པར་སྨན་པ་སོགས་ཀྱིས་ཞིབ་འཇུག་སྐབས་ད་ལྟ་རང་འཆི་རྒྱུ་ལས་མེད་ཟེར་མཁན་ཁོ་མ་ཤི་བར་ཡུན་རིང་དུ་སྡོད་མཁན་ཡོང་གི་འདུག་པ་དང། འགའ་ཤས་ན་ཚ་ཆུང་ངུ་ལས་མེད་ནའང་ལམ་སེང་ཤི་བ་དེ་ཚོ་སེམས་ཤུགས་ཆེ་ཆུང་གི་ཁྱད་ཡིན།

དེ་ལས་མང་བ་། “མིའི་སེམས་ཕམ་དུ་མི་འཇུག་པ་དེ་གལ་ཆེན་པོ་ཡིན།” »

གསར་འགྱུར།

སྤེལ་ལྗམ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་མཇུག་སྒྲིལ་བ།

Posted on 2012-09-21 By ཁ་བརྡ་ 3 Comments on སྤེལ་ལྗམ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་མཇུག་སྒྲིལ་བ།

གནས་ཚུལ་མཁོ་གཏོང་བ། སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།

ཁ་སང་ཚེས་༢༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེ་སྤེལ་ལྗམ་རྒྱལ་ས་སྦར་སིལ་གྱི་ཡོ་རོབ་མཉམ་འབྲེལ་ལྷན་ཁང་མདུན་ཐང་དང་ཡོ་རོབ་མཉམ་འབྲེལ་གྲོས་ཚོགས་མདུན་ཐང་གཉིས་སུ་སྤེལ་ཡོད་ལ། ཉིན་དེའི་ཞོགས་པ་ཆུ་ཚོད་༡༠ པའི་སྟེང་བོད་མི་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་༢༠༠ ལྷག་ཡོ་རོབ་མཉམ་འབྲེལ་ལྷན་ཁང་གི་ལས་ཁུངས་ཨ་མའི་མདུན་ཐང་དུ་འདུ་འཛོམས་བྱུང་མཚམས་ལས་འགུལ་མགོ་འཛུགས་གནང་ཡོད་པ་དང་།

དེ་ལས་མང་བ་། “སྤེལ་ལྗམ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་མཇུག་སྒྲིལ་བ།” »

གསར་འགྱུར།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་བཞི་པ།

Posted on 2012-09-21 By ཤར་ཕྱོགས་ཁུག་རྟ། 13 Comments on པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་བཞི་པ།

མཁོ་འདོན་པ། གསར་འགོད་པ་རྡོ་རྗེ་ཆེ་རིང།

ཕྱི་ལོ་ཟླ་ཚེས། ༢༠༡༢.༩. ༢༡ – ༢༣

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་བདེ་ལྡན་གཙུག་ལག་ཁང་དུ།

ཉིན་དང་པོར།

ཕྱི་ཚེས་༢༡ཉིན་གྱི་ཞོགས་པའི་༡༠:༠༠ སྟེང་ཚོགས་ཞུགས་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་ཅིང་། ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་བཞིན་སྐུ་མགྲོན་གཙོ་བོ་རོང་ཆེན་བསྟན་པའི་སྒྲོན་མེ། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་སྣང་གསལ་སྒྲོན་མེ་ཞལ་འབྱེད་དང་། བོད་མི་རིགས་དང་བསྟན་སྲིད་ཆེད་སྐུ་སྲོག་བློས་བཏང་གནང་བ་རྣམ་པ་དང་ཁྲིམས་ཆད་མནར་གཅོད་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་ངག་བཅད་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས་ཤིང་ཚོགས་ཆེན་དངོས་སུ་དབུ་འཛུགས་བསྐྱངས།

དེ་ལས་མང་བ་། “པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་བཞི་པ།” »

གསར་འགྱུར།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་བཞི་པ།

Posted on 2012-09-20 By ཁ་བརྡ་ 33 Comments on པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་བཞི་པ།

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ། ༢༠༡༢.༩. ༢༡ – ༢༣ བར།

ཚོགས་ཆེན་འདི་སྐབས་བཞི་བའི་རྒྱུན་ལས་གསར་འདེམས་དང་བསྟུན་ནས་བོད་ཀྱི་གནད་དོན་དང་འབྲེལ་བའི་བརྗོད་གཞི་འགའ་རེའི་ཐོག་ལ་བགྲོ་གླེང་གི་ཚོགས་འདུ་ཞིག་ཡིན། དེ་བས་ཚོགས་མི་གསར་རྙིང་ཚང་མ་ཚོགས་ཞུགས་བྱེད་རྒྱུ་གལ་ཆེན་པོ་ཡིན། ཚོགས་མི་ཞིག་ལ་མཚོན་ན་ཚོགས་ཆེན་ལ་ཞུགས་རྒྱུ་འདི་རང་གི་འོས་འགན་གཙོ་བོ་ཞིག་ཀྱང་ཡིན། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་འགར་མགྲོན་ཤོག་བཏང་བ་བཞིན་ཚོགས་འདུའི་མཛད་སྒོར་དུས་ལྟར་འབྱོར་ཐུབ་པའི་རེ་བ་ཡོད། གཞན་ཡང་ཚོགས་འདུར་ཟུར་ཞུགས་གནང་མཁན་ཡོད་ན་ཡང་དགའ་བསུ་ཞུ། དྲི་བ་འདོན་པའི་ཐོབ་ཐང་ཡང་ཐོབ།

དེ་ལས་མང་བ་། “པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་བཞི་པ།” »

གསལ་བསྒྲགས།

སྦེལ་ལྗམ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཉིན་གཉིས་པ།

Posted on 2012-09-192012-09-19 By ཁ་བརྡ་ 2 Comments on སྦེལ་ལྗམ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཉིན་གཉིས་པ།

གནས་ཚུལ་མཁོ་གཏོང་བ་ས་དཀར་བཀྲ་ཤིས།

ཁ་སང་ཚེས་༡༨ ཉིན་སྦེལ་ལྗམ་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་བ་དང་བོད་མི་འདུས་སྡོད་མང་ཤོས་ཡིན་པའི་གྲོང་ཁྱེར་ཨན་ཀྲོབ་ནང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཡོད་འདུག་ལ། ཉིན་དེའི་ཆུ་ཚོད་༤ པའི་སྟེང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་༢༠༠ ཙམ་Bolivarplaats ཡི་ཐང་ཆེན་སྟེང་འདུ་འཛོམས་བྱུང་མཚམས་ཚང་མ་གོམ་བགྲོད་ཀྱིས་Groenplaatཡི་ཐང་ཆེན་བར་ཏུ་ཆུ་ཚོད་གཅིག་རིང་སྐད་འབོད་གནང་སྟེ་བསྐྱོད་ཡོད་པ་དང་། ལམ་བར་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བའི་དྲིལ་བསྒྲགས་ཡིག་ཆ་མང་པོ་བཀྲམས་པར་མི་མང་གིས་དོ་སྣང་ཤུགས་ཆེར་གནང་ཡོད་འདུག་ལ། Groenplaatཡི་ཐང་ཆེན་དུ་འབྱོར་རྗེས་བོད་རང་དབང་ཆེད་རང་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་ཚོ་ལ་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས་བ་དང་།

དེ་ལས་མང་བ་། “སྦེལ་ལྗམ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཉིན་གཉིས་པ།” »

གསར་འགྱུར།

སྦེལ་ལྗམ་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད།

Posted on 2012-09-182012-09-18 By ཁ་བརྡ་ 4 Comments on སྦེལ་ལྗམ་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད།

གསར་འགྱུར་མཁོ་གཏོང་བ། སྦེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།

ཕྱི་ཟླ་༩ པའི་ཚེས་༡༧ ཉིན་གྱི་ཞོགས་པ་ཆུ་ཚོད་༡༡ སྟེང་སྦེལ་ལྗམ་རྒྱལ་ས་སྦར་སིལ་གྱི་ཡུ་རོབ་གྲོས་ཚོགས་མདུན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་བསུ་ལེན་གྱི་མཛད་སྒོ་བསྐྱངས་བ་དང་། མཛད་སྒོའི་ཐོག་མར་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་(Mr. Thomas Mann, the President of Tibet Intergroup, European Parliament)ལགས་ནས་སྣང་གསལ་མར་མེ་ཞལ་འབྱེད་གནང་བ་དང་། དེའི་རྗེས་སྐུ་ཞབས་ཐོ་མ་སི་མན་དང་དང་ཡུ་རོབ་གྲོས་ཚོགས་འཐུས་མི་ཊོ་ནན་ཀེའུ་ལན(TunneKelan)། སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་བཅས་ནས་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་གྱི་ཕྱག་ནས་བདེན་པའི་མེ་ལྕེ་བསུ་ལེན་གནང་བ་དང་། སྐུ་ཞབས་ཐོ་མ་སི་མན་དང་ཡུ་རོབ་གྲོས་ཚོགས་འཐུས་མི་ཊོ་ནན་ཀེའུ་ལན་གཉིས་ནས་བདེན་པའི་མེ་ལྕེ་ལས་འགུལ་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བསྐྱོན་རྗེས།

དེ་ལས་མང་བ་། “སྦེལ་ལྗམ་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད།” »

གསར་འགྱུར།

གཡག་རྒོད་དྲ་ཚིགས་ཀྱི་ལོ་གཅིག་གི་སྙན་ཐོ་དང་མདུན་སྐྱོད་ཀྱི་འཆར་གཞི།

Posted on 2012-09-17 By ཁ་བརྡ་ 8 Comments on གཡག་རྒོད་དྲ་ཚིགས་ཀྱི་ལོ་གཅིག་གི་སྙན་ཐོ་དང་མདུན་སྐྱོད་ཀྱི་འཆར་གཞི།

རྔ་བ་མཁས་གྲུབ།

གཡག་རྒོད་ནི་ཉིས་སྟོང་བཅུ་གཅིག་ལོའི་སྤྱི་ཟླ་བདུན་པའི་ཚེས་དྲུག་ཉིན་ཨ་མདོ་རྔ་བའི་མཁས་གྲུབ་དང་ཁོང་གི་བཟའ་ཟླ་ཇོས་ལེས་གཉིས་ཀྱིས་ཁ་ན་ཊའི་ནང་དུ་བོད་ཀྱི་བྱིས་པའི་སློབ་གསོ་རྒྱུན་འཛིན་དང་དར་སྤེལ་ལ་དམིགས་ཏེ་གསར་འཛུགས་བྱས་པ་དང་ཆབ་གཅིག་གཡག་རྒོད་དྲ་ཚིགས་དབུ་འབྱེད་མཛད། གཡག་རྒོད་ནི་བོད་ཀྱི་བྱིས་པའི་སློབ་གསོ་རྒྱུན་འཛིན་དང་གོང་སྤེལ་གྱི་བྱ་བཞག་གཙོ་གཉེར་བྱེད་པའི་དང་བླངས་སྲི་ཞུའི་ལས་ཁུངས་ཆུང་ཆུང་ཞིག་ཡིན།

དེ་ལས་མང་བ་། “གཡག་རྒོད་དྲ་ཚིགས་ཀྱི་ལོ་གཅིག་གི་སྙན་ཐོ་དང་མདུན་སྐྱོད་ཀྱི་འཆར་གཞི།” »

གསར་འགྱུར།

ཁ་བརྡའི་མཆན་སྒོ་ཕྱེས་ཡོད།

Posted on 2012-09-172012-09-18 By ཁ་བརྡ་ 53 Comments on ཁ་བརྡའི་མཆན་སྒོ་ཕྱེས་ཡོད།

འདས་པའི་ཉིན་ ༡༠ རིང་ཁ་བརྡའི་མཆན་ཡོངས་རྫོགས་ལ་ལྟ་རྟོག་དང་བཅས་དག་མཆན་སྤྲད་པ་རེད།   དེ་རིང་སླར་ཡང་ཁ་བརྡར་མཆན་འགོད་པ་རྣམས་ཀྱི་མཆན་ཐོག་མ་དེ་ལ་དག་མཆན་ཐོབ་རྗེས། མཆན་ཕྱི་མ་རྣམས་དག་མཆན་ལ་སྒུག་མི་དགོས་པར་ཤར་འགྲོ་བ་དེ་བཟོས་ཡོད།  འོན་ཀྱང་གཤམ་གསལ་གྱི་ཚིག་འདི་དག་ལ་མཆན་བུ་བ་ཚང་མས་ཐུགས་སྣང་གནང་རོགས།   གལ་སྲིད་སྔར་བཞིན་སྐྱེ་བོ་སྒེར་ལ་གཞི་མེད་སྐྱོན་བརྗོད་དང་།  བོད་མི་རིགས་ཀྱི་སེམས་ལ་དོ་ཕོག་གཏོང་བའི་གླེང་མོལ་རིགས་སྤེལ་ཚེ།  མཆན་བུ་དེ་རྣམས་འགོག་པ་ཙམ་མ་ཡིན་པར།  མཆན་ཡོད་དོ་ཅོག་དག་མཆན་ལ་སྒུག་དགོས་པའི་ལམ་ཁ་བསྟེན་ངེས་ཡིན།

  1. ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།

    དེ་ལས་མང་བ་། “ཁ་བརྡའི་མཆན་སྒོ་ཕྱེས་ཡོད།” »

གསལ་བསྒྲགས།

ཞི་བའི་འཐབ་རྩོད་པའི་གཟེངས་རྟགས་གནང་བ།

Posted on 2012-09-172012-09-17 By ཤར་ཕྱོགས་ཁུག་རྟ། 36 Comments on ཞི་བའི་འཐབ་རྩོད་པའི་གཟེངས་རྟགས་གནང་བ།

དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙི་ཞུ་སྐབས་དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ཞི་བའི་འཐབ་རྩོད་པ་ཞེས་པའི་གཟེངས་རྟགས་ཤིག་གནང་ཡོད།

དེ་ལས་མང་བ་། “ཞི་བའི་འཐབ་རྩོད་པའི་གཟེངས་རྟགས་གནང་བ།” »

གསར་འགྱུར།

དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙི་གཟབ་རྒྱས་ཞུས་པ།

Posted on 2012-09-172012-09-17 By ཤར་ཕྱོགས་ཁུག་རྟ། 8 Comments on དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙི་གཟབ་རྒྱས་ཞུས་པ།

ངྷ་རམ་ས་ལའི་དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བཞུཊ་སྒར་ངྷ་སའི་དྲན་གསོའི་དཔའ་བོའི་རྡོ་རིང་མདུན་ཐང་དུ་དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙི་ཞུས་ཡོད་ཅིང་།

དེ་ལས་མང་བ་། “དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙི་གཟབ་རྒྱས་ཞུས་པ།” »

གསར་འགྱུར།

ཞི་ཅིན་ཕིང་གང་དུ་ཡོད།

Posted on 2012-09-14 By ཁ་བརྡ་ 9 Comments on ཞི་ཅིན་ཕིང་གང་དུ་ཡོད།

འབའ་པ་ཡེ་ཤེས་ཀྱིས་བསྒྱུར། ༼དྷ་ས།༽

གཤམ་གསལ་འདི་ནི་སྦི་སྦི་སིའི་དྲ་རྒྱའི་ཁོངས་ནས་ཨེ་ཤེཡའི་དཔྱད་གླེང་ཚན་པ་ནང་འདོན་སྤེལ་བྱེད་པའི་ཞི་ཅིན་ཕིང་གང་དུ་ཡོད་མེད་སྐོར་གྱི་དཔྱད་གཏམ་ཞིག་རེད། ཁ་སང་ཞི་ཅིན་ཕིང་རྒྱ་ནག་གི་དམག་སྤྱི་ཟུར་པ་འདས་གྲོངས་ཕྱིན་པའི་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་མཛད་སྒོར་ཞུགས་ཡོད་སྐོར་གནས་ཚུལ་ཐོན་ཡོད་ཀྱང་ད་དུང་མང་ཚོགས་ཀྱི་མདུན་དུ་སྔ་ལྟར་མཐོང་རྒྱུ་མེད་པ་དང༌། ཁོང་མི་རིང་བར་རྒྱ་ནག་གི་སྲིད་འཛིན་གསར་པ་ཆགས་རྒྱུ་ཡིན་པར་བརྟེན། ད་ཆ་ཞི་ཅིན་ཕིང་འཚོལ་་མཁན་ནི་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། སྒྱུར་བ་པོས།

དེ་ལས་མང་བ་། “ཞི་ཅིན་ཕིང་གང་དུ་ཡོད།” »

གསར་འགྱུར།

སྙུག་མིང་དང་འབྲེལ་བའི་གསལ་བཤད།

Posted on 2012-09-12 By ཁ་བརྡ་ 12 Comments on སྙུག་མིང་དང་འབྲེལ་བའི་གསལ་བཤད།

སྐལ་བཟང་ཉི་མ།

སྤྱི་ལོ་༢༠༠༥ཙམ་ནས་ངས་རང་ཉིད་ཀྱི་སྙུག་མིང་དུ་གཡུ་དྲུག་དཀར་ཞེས་བཏགས་པ་དང་། དེ་ནས་བཟུང་དུས་དེབ་དང་ཚགས་ཤོག དྲ་ཚིགས་བཅས་སུ་རྩོམ་སྤེལ་སྐབས་ཕལ་ཆེར་སྙུག་མིང་འདི་བེད་སྤྱོད་བྱས་པ་ཡིན། འོན་ཀྱང་སྤྱི་ལོ་༢༠༠༩ཙམ་ནས་མི་གཞན་ཞིག་གིས་མིང་འདི་བེད་སྤྱོད་ཀྱིས་ཐོག་མར་བོད་ཀྱི་དུས་བབ་དྲ་ཚིགས་སུ་རྩོམ་པ་པོའི་མཐུན་ཚོགས་སྐོར་གྱི་གསར་འགྱུར་ཞིག་གི་ཞབས་མཆན་དུ་བདག་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་རྒན་ལྷ་མོ་སྐྱབས་ལགས་སུ་གང་བྱུང་མང་བྱུང་ལབ་པ་དང་།

དེ་ལས་མང་བ་། “སྙུག་མིང་དང་འབྲེལ་བའི་གསལ་བཤད།” »

གསལ་བསྒྲགས།

"དབུ་མའི་ལམ་གྱི་ཉིན་མོའི་"མཛད་རིམ།

Posted on 2012-09-12 By ཤར་ཕྱོགས་ཁུག་རྟ། No Comments on "དབུ་མའི་ལམ་གྱི་ཉིན་མོའི་"མཛད་རིམ།

༄༅། ། ཕྱི་ལོ ༡༩༩༧ ཟླ ༩ ཚེས ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་” ༧གོང་ས་སྐྱབས་མགོན་ཆེན་པོས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་གཟིགས་ཏེ་དུས་ནས་དུས་སུ་ཐག་གཅོད་མཛད་གནང་ཡོང་བ་དང། ༧གོང་ས་སྐྱབས་མགོན་ཆེན་པོས་ཐག་གཅོད་གང་གནང་ལ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་བྱུང་བ་དང་གཅིག་གྱུར་བརྩི་རྒྱུ་ཡིན“་པའི་སྤྱི་མོས་གྲོས་ཆོད་བཞག་པ་བཞིན། ༡༩༩༨ ལོའི་གསུམ་དུས་གསུང་འཕྲིན་ནང་༧གོང་ས་ཆེན་པོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འགྱུར་མེད་

དེ་ལས་མང་བ་། “"དབུ་མའི་ལམ་གྱི་ཉིན་མོའི་"མཛད་རིམ།” »

གསལ་བསྒྲགས།

“དབུ་མའི་ལམ་གྱི་ཉིན་མོའི་”མཛད་རིམ།

Posted on 2012-09-122012-09-12 By ཤར་ཕྱོགས་ཁུག་རྟ། 2 Comments on “དབུ་མའི་ལམ་གྱི་ཉིན་མོའི་”མཛད་རིམ།

༄༅། ། ཕྱི་ལོ ༡༩༩༧ ཟླ ༩ ཚེས ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་” ༧གོང་ས་སྐྱབས་མགོན་ཆེན་པོས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་གཟིགས་ཏེ་དུས་ནས་དུས་སུ་ཐག་གཅོད་མཛད་གནང་ཡོང་བ་དང། ༧གོང་ས་སྐྱབས་མགོན་ཆེན་པོས་ཐག་གཅོད་གང་གནང་ལ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་བྱུང་བ་དང་གཅིག་གྱུར་བརྩི་རྒྱུ་ཡིན“་པའི་སྤྱི་མོས་གྲོས་ཆོད་བཞག་པ་བཞིན། ༡༩༩༨ ལོའི་གསུམ་དུས་གསུང་འཕྲིན་ནང་༧གོང་ས་ཆེན་པོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འགྱུར་མེད་

དེ་ལས་མང་བ་། ““དབུ་མའི་ལམ་གྱི་ཉིན་མོའི་”མཛད་རིམ།” »

གསལ་བསྒྲགས།

ལམ་དབུ་མར་རྒྱལ་ཁབ་ ༥༠ དང་གྲོས་ཚོཊ་ ༣༠ ལྷག་གི་རྒྱབ་སྐྱོར་ཡོད་ཟེར།

Posted on 2012-09-12 By ཤར་ཕྱོགས་ཁུག་རྟ། 2 Comments on ལམ་དབུ་མར་རྒྱལ་ཁབ་ ༥༠ དང་གྲོས་ཚོཊ་ ༣༠ ལྷག་གི་རྒྱབ་སྐྱོར་ཡོད་ཟེར།

དབུས་བོད་ཀྱི་བུད་མེད་ལྷན་ཚོཊ་ཀྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་ལྷན་ཚོཊ་བསྐྱར་འཛུཊ་བྱས་ཏེ་ཁྱོན་མི་ལོ་ ༢༨ འཁོར་བའི་དུས་དྲན་དང་བསྟུན་ཏེ། ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་དགོང་དྲོའོ་ཆུ་ཚོད་ ༥།༣༠ སྟེང་བཞུཊ་སྒར་ངྷ་ས་ཉིན་སློབ་ཚོཊ་ཁང་དུ། ༼དབུ་མའི་ལམ་གྱི་འདས་མ་ད་གསུམ། ༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོཊ་འདུ་ཞིག་ཚོཊ་ཡོད་ཅིང་། བགྲོ་གླེང་ཐོག་བཀའ་ཟུར་དང་སྤྱི་འཐུས་ཐུབ་བསྟན་ལུང་རིཊ་ལཊ་ཀྱིས་དབུ་མའི་ལམ་གྱི་གྲུབ་འབྲས་དང་། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལཊ་ཀྱིས་དབུ་མའི་ལམ་གྱི་མདུན་ལམ། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལཊ་ཀྱིས་དབུ་མའི་ལམ་གྱི་འཕེལ་རིམ་བཅས་ཀྱི་ཐོག་གཏམ་བཤད་གནང་ཡོད། རྒྱས་པ་བོད་ཀྱི་དུས་བབ་དྲ་བ་བརྒྱུད་ནས་གཟིགས་རོགས་གནང།…

དེ་ལས་མང་བ་། “ལམ་དབུ་མར་རྒྱལ་ཁབ་ ༥༠ དང་གྲོས་ཚོཊ་ ༣༠ ལྷག་གི་རྒྱབ་སྐྱོར་ཡོད་ཟེར།” »

གསར་འགྱུར།

༧གོང་ས་མཆོག་གིས་ལ་དྭགས་སུ་བསྩལ་བའི་བཀའ་སློབ།

Posted on 2012-09-112012-09-11 By ཁ་བརྡ་ 39 Comments on ༧གོང་ས་མཆོག་གིས་ལ་དྭགས་སུ་བསྩལ་བའི་བཀའ་སློབ།

བཀའ་སློབ་མཁོ་འདོན་པ། ཚེ་དབང་ཕུན་ཚོགས། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༨ ཚེས་ ༣ ཉིན་༧གོང་ས་མཆོག་གིས་ལ་དྭགས་སུ་བསྩལ་བའི་བཀའ་སློབ་འདིར་གསན་གཟིགས་གནང་རོགས།

གློག་བརྙན་།

༧གོང་ས་མཆོག་གིས་ཨི་ཊ་ལིར་བསྩལ་བའི་བཀའ་སློབ།

Posted on 2012-09-112012-09-11 By ཁ་བརྡ་ 22 Comments on ༧གོང་ས་མཆོག་གིས་ཨི་ཊ་ལིར་བསྩལ་བའི་བཀའ་སློབ།

བཀའ་སློབ་མཁོ་འདོན་པ། ཚེ་དབང་ཕུན་ཚོགས། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༦ ཚེས་ ༢༨ ཉིན་༧གོང་ས་མཆོག་གིས་ཨི་ཊ་ལིར་བོད་གཞུང་གི་སྐོར་ལས་འཕྲོས་ཏེ་བཀའ་སློབ་བསྩལ་བ་འདིར་གསན་གཟིགས་གནང་རོགས།

གློག་བརྙན་།

Posts pagination

Previous 1 … 95 96 97 … 212 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (28)
  • ན་ཟུག (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme