བཀུར་འོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་གི་དྲུང་དུ་
ཞུ་གསོལ།
ངེད་ཅག་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཡོངས་ནི་ད་ལྟ་རྒྱ་ནག་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་འོག་སྡུག་བསྔལ་ཚད་མེད་མྱོང་བཞིན་ པའི་བོད་ཡུལ་ལུང་པ་རུ་སྐྱེས་ཤིང་འཚར་ལོངས་བྱུང་བ་དང་། ད་ལྟ་རྒྱ་གར་ལུང་པར་བཙན་བྱོལ་དུ་གནས་བ་ཤ་སྟག་ཡིན་ལ། དུས་དེ་རིང་ངེད་ཅག་གི་ཕ་ཡུལ་བོད་དུ་རྒྱ་ནག་གི་བཙན་གནོན་དང་འཁྱོག་བཅོས་ཀྱི་ སྲིད་ཁྲིམས་འོག་ཏུ་ངེད་ཅག་གི་ཕ་མ་སྤུན་མཆེད་དང་ཕུ་ནུ་མིང་སྲིང་ཚོས་ཉིན་མཚན་ དབྱེར་མེད་དུ་སྡུག་གི་ཁུར་བོ་མ་འཁྱོག་པར་ཐ་ན་འགྲོ་བ་མི་ཞིག་གིས་ཆེས་གཅེས་ ཤིང་བདག་ཏུ་འཛིན་པའི་ལུས་དང་སྲོག་ཀྱང་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་ རྒོལ་བྱས་དང་བྱེད་བཞིན་པ་ནི་འཛམ་གླིང་ས་དཀར་པོའི་ཐོག་གི་མིག་ཐོགས་ཡོངས་ ཀྱིས་གཟིགས་གསལ་ལ།



ཕྱི་ཚེས་ ༣ ་ཉིན་ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ནོར་གླིང་ཉེ་འགྲམ་འཆི་མེད་དགའ་ཚལ་གླིང་དུ། བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་གཙོས་ནོར་གླིང་ས་གནས་སེར་སྐྱ་མི་མང་རྣམས་འདུ་འཛོམས་ཐོག རྒྱལ་གཅེས་དཔའ་བོ་གཉིས་ཀྱི་ཆེད་དུ་སྨོན་ལམ་མཆོད་འབུལ་རྒྱས་པ་ཞིག་ཚོགས་ཡོད། དེ་ཡང་ཕྱི་ཚེས་ ༢ ཉིན་བོད་ནང་ཕྱི་དྲོའི་ཆུ་ཚོད་ ༣།༤༠ ཡས་མས་སུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་འདས་གྲོངས་སོང་བ་མདོ་སྨད་བླ་བྲང་བཀྲིས་འཁྱིལ་བསམ་ཆུ་རྫོང་འབོ་ར་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་གཟུངས་འདུས་སྐྱབས་དང་།



དེ་ཡང་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༡ ཚེས་ ༢༩ སྟེ་རེས་གཟའ་ཕུར་བའི་བོད་ནང་གི་