Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབའ་པ་ཕུན་ཚོགས་དབང་རྒྱལ་སྐོར་ལ་བགྲོ་གླེང་གནང་བ།

Posted on 2014-04-122014-04-12 By ཁ་བརྡ་ 21 Comments on འབའ་པ་ཕུན་ཚོགས་དབང་རྒྱལ་སྐོར་ལ་བགྲོ་གླེང་གནང་བ།

གློག་བརྙན་།

མདོ་ཁམས་ཆུ་སྒང་རྒྱལ་ཡོངས་འོས་བསྡུའི་དངོས་གཞིའི་ལས་རིམ་འགོ་བཙུགས་པ།

Posted on 2014-04-112014-04-12 By ཁ་བརྡ་ 4 Comments on མདོ་ཁམས་ཆུ་སྒང་རྒྱལ་ཡོངས་འོས་བསྡུའི་དངོས་གཞིའི་ལས་རིམ་འགོ་བཙུགས་པ།

གནས་ཚུལ་གཏོང་མཁན། ཁྱུངཿསྨོན་ལམ།

༄༅།།ཕྱི་ལོ་༢༠༡༣ ཟླ་༧ ཚེས་༦ ནས་བཟུང་མདོ་ཁམས་ཆུ་སྒང་དབུས་འོས་བསྡུ་ཚོགས་ཆུང་སྐབས་༥ པས་འགན་ཁུར་གྱིས་ཆུ་སྒང་དབུས་རྒྱུན་སྐབས་༢༠ པའི་འོས་བསྡུའི་ལས་རིམ་ཁག་གཏན་འབེབས་དང་། ས་གནས་འོས་བསྡུ་ཚོགས་ཆུང་གསར་འཛུགས་སོགས་བྱས་ཏེ་༢༠༡༤ ཟླ་༢ ཚེས་༡༥ ཉིན་བཙན་བྱོལ་བོད་མི་གནས་ཡུལ་ས་གནས་ཡོངས་ནས་རྒྱལ་ཡོངས་སྔོན་འགྲོའི་འོས་བསྡུ་ལེགས་གྲུབ་ཀྱིས་༢༠༡༤ ཟླ་༣ ཚེས་༢༤ ཉིན་འོས་ཐོན་མང་རིམ་རྩེ་བཏོག་སྔོན་འགྲོའི་འོས་དམིགས་མི་གྲངས་༤༠ ཐམ་པའི་མིང་གཞུང་ཁྱབ་བསྒྲགས་བྱས་ཁོངས་ནས་དགོངས་ཞུ་དང་།

དེ་ལས་མང་བ་། “མདོ་ཁམས་ཆུ་སྒང་རྒྱལ་ཡོངས་འོས་བསྡུའི་དངོས་གཞིའི་ལས་རིམ་འགོ་བཙུགས་པ།” »

གསར་འགྱུར།

དགུ་བཅུ་གསུམ་གྱི་སློབ་བསྡུའི་གསལ་བསྒྲགས།

Posted on 2014-04-082014-04-08 By ཁ་བརྡ་ No Comments on དགུ་བཅུ་གསུམ་གྱི་སློབ་བསྡུའི་གསལ་བསྒྲགས།

བོད་ཀྱི་དགུ་བཅུ་གསུམ་ཚོགས་པ།
 

དགུ་བཅུ་གསུམ་གྱི་སློབ་བསྡུའི་གསལ་བསྒྲགས།

༄༅། །བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་གཙོ་བོར་གྱུར་པའི་ཚོགས་མི་རྣམས་ཀྱི་ཤེས་ཚད་གོང་མཐོར་གཏོང་རྒྱུར་དམིགས་ཏེ་དུས་ཡུན་ལོ་གཅིག་རིང་གི་གློག་ཀླད་ཤེས་བྱ་གཙོ་བོར་གྱུར་པའི་བོད་ཀྱི་སྐད་ཡིག་དང་། དབྱིན་ཇིའི་སྐད་ཡིག་གི་འཛིན་གྲྭ་ཞིག་ཚུགས་མུས་སུ་ཡོད་པ་ལྟར། འདི་ལོར་ཡང་སྐབས་བཅོ་ལྔ་པའི་སློབ་མ་གྲངས་ཉི་ཤུ་ཡིག་རྒྱུགས་ཀྱི་ལམ་ནས་གསར་བསྡུ་བྱ་རྒྱུ་ཡིན་ན། གོང་གསལ་སློབ་ཁོངས་སུ་འཛུལ་བློ་ཡོད་རིགས་ཀྱི་འདི་གའི་ཚོགས་མི་རྣམས་གཤམ་གསལ་ཆ་རྐྱེན་ཚང་བའི་ཐོག་སྙན་ཞུ་འབུལ་འཐུས་ཆོག་ཅིང་།

དེ་ལས་མང་བ་། “དགུ་བཅུ་གསུམ་གྱི་སློབ་བསྡུའི་གསལ་བསྒྲགས།” »

གསལ་བསྒྲགས།

འགྲུལ་སྐྱེལ་རླངས་འཁོར་མེ་འབར་བ།

Posted on 2014-04-072014-04-07 By ཁ་བརྡ་ No Comments on འགྲུལ་སྐྱེལ་རླངས་འཁོར་མེ་འབར་བ།

གནས་ཚུལ་གཏོང་མཁན། སྐྱོ་བྲག་དགའ་དབང་། བོད་ནང་གི་དྲ་བ་བཙན་པོའི་མགར་གྱི་དྲ་བར་གནས་ཚུལ་འདི་འདྲ་ཞིག་བཀོད་གདའ། དེ་རིང་ཕྱི་དྲོ་ཆུ་ཚོད་ལྔ་བའི་སྟེང་ཀན་སུའུ་ཞིང་ཆེན་ཀ་ཅི་ནས་གཙོས་གྲོང་ཁྱེར་དུ་ལོག་སའི་རྒྱལ་ལམ་213 སྟེང་དུ་མགྲོན་སྐྱེལ་རླངས་འཁོར་ཞིག་ལ་མེ་སྐྱོན་ཤོར་འདུག་པས། རྒྱ་ཆེ་བའི་སྐུ་མགྲོན་རྣམས་མགྲོན་སྐྱེལ་རླངས་འཁོར་ནང་དུ་འགྲོ་མཁན་ཡོད་ཚེ་སེམས་ཆུང་བྱ་དགོས་པའི་སྐུལ་བརྡ་དང་བཅས། རྒྱུས་ལོན་བྱས་པ་ལྟར་ན་ད་དུང་མེ་འབར་བའི་གནད་དོན་གསལ་ཞིབ་ཅིག་ཤེས་མེད་པས་ས་གནས་འགྲིམ་འགྲུལ་ཉེན་རྟོག་པས་བརྟག་དཔྱད་བྱེད་བཞིན་པའི་སྒང་རེད།

གསར་འགྱུར།

༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེས་ཕུན་དབང་ལ་ཐུགས་སྨོན་གནང་བ།

Posted on 2014-04-062014-04-06 By ཁ་བརྡ་ 63 Comments on ༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེས་ཕུན་དབང་ལ་ཐུགས་སྨོན་གནང་བ།

དེ་ལས་མང་བ་། “༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེས་ཕུན་དབང་ལ་ཐུགས་སྨོན་གནང་བ།” »

གསར་འགྱུར།

འཇུ་ཆེན་ལོ་རྒྱུས་པར་སྐྲུན་ལེགས་གྲུབ་ཀྱི་དགའ་སྟོན་འདུ་འཛོམས།

Posted on 2014-04-052014-04-05 By ཁ་བརྡ་ 37 Comments on འཇུ་ཆེན་ལོ་རྒྱུས་པར་སྐྲུན་ལེགས་གྲུབ་ཀྱི་དགའ་སྟོན་འདུ་འཛོམས།

གནས་ཚུལ་གཏོང་མཁན། ཁྱུང་སྨོན་ལམ།

unnamed-1༄༅། །བོད་རབ་གནས་ཤིང་རྟ་ལོའི་ཧོར་ཟླ་གཉིས་པའི་ཚེས་དྲུག ཕྱི་ལོ་༢༠༡༤ ཟླ་༤ ཚེས་༥ སྟེ་སྤེན་པ་སྣར་མ་འགྲུབ་སྦྱོར་ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་ཁོངས་སྦིར་ཅོན་ཏ་ར་འཇུ་ཆེན་ཚང་དུ་(དཔལ་ལྡན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་ཉེ་རབས་བོད་ཀྱི་བྱུང་བ་བརྗོད་པའི་གཏམ་ཚོགས་སྲིད་པའི་མེ་ལོང་) པར་སྐྲུན་ལེགས་གྲུབ་ཟིན་པའི་དགའ་སྟོན་གྱི་འདུ་འཛོམས་ཤིག་གནང་ཡོད་པ་རེད།

དེ་ལས་མང་བ་། “འཇུ་ཆེན་ལོ་རྒྱུས་པར་སྐྲུན་ལེགས་གྲུབ་ཀྱི་དགའ་སྟོན་འདུ་འཛོམས།” »

གསར་འགྱུར།

འཛམ་གླིང་ཆུང་ཆུང་ནང་གནམ་གྲུ་ཆེན་པོ་ཞིག་བརླགས་པ།

Posted on 2014-04-052014-04-05 By ཁ་བརྡ་ 18 Comments on འཛམ་གླིང་ཆུང་ཆུང་ནང་གནམ་གྲུ་ཆེན་པོ་ཞིག་བརླགས་པ།

ར་ས་ཕོ་ཉས་དཔར་བཅས།

IMG_7590-1འདས་མ་ཐག་པའི་ཟླ་བ་༣ པའི་ཚེས་༨ སྟེ་བོད་མི་རང་དབང་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་གཉིས་ཀྱི་སྔ་ལོགས་སུ། མ་ལེ་ཤའི་རྒྱལ་ས་ཀོ་ལ་ལམ་པུར་དང་རྒྱ་ནག་གི་རྒྱལ་ས་པེ་ཅིང་བར། རྒྱང་ཐག་སྤྱི་ལེ་ཐུང་གྲས་༤༣༩༩ སར་འཕུར་བསྐྱོད་བྱེད་མཁན་གྱི་MH༣༧༠ ཨང་རྟགས་ཅན་གྱི་གནམ་གྲུ་བརླགས་པའི་གནས་ཚུལ་འཐོན་ཡོད། MH༣༧༠ ཨང་རྟགས་ཅན་གྱི་གནམ་གྲུ་དེ་མ་ལེ་ཤ་ནས་འཕུར་ནས་ཆུ་ཚོད་གཅིག་མ་སོང་ཙམ་གྱི་མཚམས་བརླག་འགོ་ཚུགས་ཡོད་པ་དང་།

དེ་ལས་མང་བ་། “འཛམ་གླིང་ཆུང་ཆུང་ནང་གནམ་གྲུ་ཆེན་པོ་ཞིག་བརླགས་པ།” »

གསར་འགྱུར།

བོད་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་ཐའེ་ཝན་དུ་ཚུགས་པ།

Posted on 2014-04-032014-04-03 By ཁ་བརྡ་ 41 Comments on བོད་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་ཐའེ་ཝན་དུ་ཚུགས་པ།

གནས་ཚུལ་ཕྱོགས་བསྡུ་མཁན། རྫ་ཚེ་རིང་བཀྲ་ཤིས།

ཁར་རྩང་། སྤྱི་ལོ་༢༠༡༤ སྤྱི་ཟླ་༤ པའི་ཚེས་༢ ཉིན་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་བཞི་པ་དེ་རྒྱལ་ས་ཐའེ་པེ་ཐའེ་ཝན་ནང་བསྟན་གཞོན་ནུའི་ཚོགས་ཁང་དུ་འཚོགས།
དེ་ཡང་། ཐོག་མར་བགྲོ་གླེང་གི་མདོ་འཛིན་པ་ཞིབ་འཇུག་ཚོགས་པའི་འགན་འཛིན་རྒྱུན་ལས་སློབ་དཔོན་བསོད་ནམས་ཕུན་ཚོགས་ཀྱིས་ཚོགས་འདུ་དབུ་འཛུགས་ཀྱི་ཁྱབ་བསྒྲགས་གནང་རྗེས། ཞིབ་འཇུག་ཚོགས་པའི་གཙོ་འཛིན་གཞོན་པ་ལྷ་རམས་པ་ཧ་ཤིན་རིན་པོ་ཆེས་ཞིབ་འཇུག་ཚོགས་པའི་འཚམས་འདྲིའི་གསུང་བཤད་གནང་།

དེ་ལས་མང་བ་། “བོད་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་ཐའེ་ཝན་དུ་ཚུགས་པ།” »

གསར་འགྱུར།

ཁྱིམ་ཚང་གསུམ་གྱི་བོད་དོན་ཞུ་གཏུག་ལས་འགུལ།

Posted on 2014-04-032014-04-03 By ཁ་བརྡ་ 4 Comments on ཁྱིམ་ཚང་གསུམ་གྱི་བོད་དོན་ཞུ་གཏུག་ལས་འགུལ།

གནས་ཚུལ་གཏོང་མཁན། ཙ་ཡུས་ཕུན་ཚོགས།

unnamed-1ཕྱི་ལོ་༢༠༡༤ ལོའི་ཟླ་༤ ཚེས་༢ ཉིན་སུད་སིར་གནས་སྡོད་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་དང་། སྟག་ཚང་དཀོན་ཅོག བཀྲ་བསྟན་ཚང་པ་སངས་ནང་མི་གསུམ་གྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་མུ་མཐུད་སྤེལ་གྱིན་ཡོད་འདུག་ཅིང་། ཐེངས་འདི་ནི་ད་ལོའི་ལས་འགུལ་ཐེངས་བཞི་བ་དེ་ཡིན་འདུག
ཁྱིམ་ཚང་གསུམ་གྱི་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུགས་ལས་འགུལ་འདི་ནི་ཁྱིམ་ཚང་གསུམ་གྱི་ནང་མི་ཚོས་སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་ཚོགས་ལས་ཁུངས་མདུན་དང་།

དེ་ལས་མང་བ་། “ཁྱིམ་ཚང་གསུམ་གྱི་བོད་དོན་ཞུ་གཏུག་ལས་འགུལ།” »

གསར་འགྱུར།

མགོ་སྐྲ་བཞར་བའི་ལས་འགུལ།

Posted on 2014-04-022014-04-02 By ཁ་བརྡ་ 11 Comments on མགོ་སྐྲ་བཞར་བའི་ལས་འགུལ།

གནས་ཚུལ་མཁོ་གཏོང་བ། སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།

unnamed-4ཕྱི་ཟླ་༣ པའི་ཚེས་༣༡ ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སྤེལ་ལྗམ་རྒྱལ་ས་སྤར་སིལ་དུ་ཡོད་པའི་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་དང་ཡུ་རོབ་གྲོས་ཚོགས་བཅས་སུ་འཚམས་འདྲི་གཟིགས་སྐོར་ཡོང་བའི་གོ་སྐབས་དང་བསྟུན། སྤར་སིལ་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་སྤེལ་ལྗམ་བོད་རིགས་ཚོགས་པ་གཙོས།

དེ་ལས་མང་བ་། “མགོ་སྐྲ་བཞར་བའི་ལས་འགུལ།” »

གསར་འགྱུར།

རྒྱལ་དབང་ལྔ་པའི་རང་རྣམ་དབྱིན་འགྱུར་མ།

Posted on 2014-03-292014-03-29 By ཁ་བརྡ་ 27 Comments on རྒྱལ་དབང་ལྔ་པའི་རང་རྣམ་དབྱིན་འགྱུར་མ།

མཁོ་གཏོང་བ། ཁྲི་གཡུང་དྲུང་།

མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱི་༧གོང་ས་རྒྱལ་དབང་ལྔ་པའི་རང་རྣམ་དབྱིན་འགྱུར་མ་དཔར་སྐྲུན་ལེགས་འགྲུབ་བྱུང་ནས་སྒོ་འབྱེད་མཛད་སྒོ་ཚོགས་འཆར་ཡོད་པ།

The Great Fifth Dalai Lama and His Circle
Workshop and book launch at Wolfson College, Oxford

གོང་ས་ལྔ་པ་ཆེན་པོའི་རང་རྣམ་“ཟ་ཧོར་གྱི་བན་དེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་།” ཞེས་པ་དེ་དབྱིན་འགྱུར་དང་དཔར་བསྐྲུན་ལེགས་འགྲུབ་བྱུང་ནས་ཕྱི་ལོ་༢༠༡༤ ཟླ་༥ ཚེས་༢ ནས་༣ བར་དུ་སྒོ་འབྱེད་མཛད་སྒོ་དང་མཁས་དབང་བགྲོ་གླེང་ཞུ་འཆར་ཡོད་པ་རེད།

དེ་ལས་མང་བ་། “རྒྱལ་དབང་ལྔ་པའི་རང་རྣམ་དབྱིན་འགྱུར་མ།” »

གསལ་བསྒྲགས།

༼མདའ་དང་འཕང་༽པོད་གསུམ་པ་དཔར་སྐྲུན་ལེགས་འགྲུབ་བྱུང་ཡོད་པ།

Posted on 2014-03-282014-03-28 By ཁ་བརྡ་ 5 Comments on ༼མདའ་དང་འཕང་༽པོད་གསུམ་པ་དཔར་སྐྲུན་ལེགས་འགྲུབ་བྱུང་ཡོད་པ།

མཁོ་སྤྲོད་པ། ཁྲི་གཡུང་དྲུང་།

unnamedམཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱི་གསུང་རྩོམ་༼མདའ་དང་འཕང་༽པོད་གསུམ་པ་དཔར་སྐྲུན་ལེགས་འགྲུབ་བྱུང་ཡོད་པ།

Samten Karmay Arrow & Spindle vol; 3 is out

དེ་ཡང་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཆེན་མོ་མཁར་རྨེའུ་བསམ་གཏན་ལགས་ཀྱི་༼མདའ་དང་འཕང་༽པོ་ཏི་གསུམ་པ་ The Arrow and the Spindle, Studies in History, Myths, Rituals and Beliefs in Tibet,Vol.III.དེ་ཉེ་ཆར་ཕྱི་ལོ་༢༠༡༤ ལོའི་ལོ་སྟོད་ལ་བལ་ཡུལ་གྱི་རྒྱལ་སའི་དཔེ་སྐྲུན་ཁང་གྲགས་ཅན་ Mandala bookpoint Kathmandu,

དེ་ལས་མང་བ་། “༼མདའ་དང་འཕང་༽པོད་གསུམ་པ་དཔར་སྐྲུན་ལེགས་འགྲུབ་བྱུང་ཡོད་པ།” »

གསར་འགྱུར།

སློབ་མ་གསར་བསྡུའི་གསལ་བསྒྲགས།

Posted on 2014-03-262014-03-26 By ཁ་བརྡ་ 2 Comments on སློབ་མ་གསར་བསྡུའི་གསལ་བསྒྲགས།

མཚམས་སྦྱོར་བ། སངས་རྒྱས་དཀོན་མཆོག

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཆེད་སྦྱོང་བོད་ཡིག་རིག་གནས་རབ་འབྱམས་དང་ཆེད་སྦྱོང་རྒྱ་ཡིག་རིག་གནས་རབ་འབྱམས་གཉིས་ཀྱི་(BA Honours in Tibetan Language and Literature/BA Honours in Chinese Language and Literature)སློབ་མ་གསར་བསྡུའི་གསལ་བསྒྲགས།

མཱེ་སོར་གཙུག་ལག་སློབ་གཉེར་ཁང་གི་ངོས་འཛིན་ཡོད་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་ཆེད་སྦྱོང་རིག་རབ་འབྱམས་ནང་འཛུལ་ཞུགས་གནང་འདུན་ཡོད་པ་རྣམས་ཀྱི་ཆ་རྐྱེན་གཤམ་གསལ།

དེ་ལས་མང་བ་། “སློབ་མ་གསར་བསྡུའི་གསལ་བསྒྲགས།” »

གསལ་བསྒྲགས།

གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་པ།

Posted on 2014-03-262014-03-26 By ཁ་བརྡ་ 2 Comments on གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་དྲངས། རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན། ཕྱི་ལོ་༢༠༡༤ ཟླ་༣ ཚེས་༡༦ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་༧ ཙམ་ལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་རྩེ་ཁོག་སོ་ནག་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་དགོན་པའི་ཕྱི་རོལ་དུ་རང་ལོ་ ༢༧་་་༢༩ ཙམ་ཡིན་པའི་རྒྱལ་གཅེས་པ་འཇིགས་མེད་བསྟན་འཛིན་ལགས་དང་། བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༡༡།༤༠ ཙམ་ལ་ཨ་མདོ་རྔ་པ་དཔའ་བོའི་སྲང་ལམ་དུ་ཨ་མདོ་རྔ་པ་རྫོང་ཁོངས་ཀིརྟི་དགོན་གྱི་རང་ལོ་ ༢༣ ལ་སོན་པ་རྒྱལ་གཅེས་པ་བློ་བཟང་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་སྟབས། འཕྲོས་འདི་ནས་གཟིགས།http://bod.asia/2014/03/གདུང་སེམས་མཉམ་སྐྱེའི་-17/

གསར་འགྱུར།

ཡིད་སྐྱོ་བའི་གནས་ཚུལ།

Posted on 2014-03-252014-03-25 By ཁ་བརྡ་ 75 Comments on ཡིད་སྐྱོ་བའི་གནས་ཚུལ།

གནས་ཚུལ་གཏོང་མཁན། ཁྲི་གཡུང་དྲུང་།

unnamed

ཕྱི་ལོ་༢༠༡༤ ཟླ་༣ ཚེས་༡༩ ཉིན་༧སྨན་རིའི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ་ལགས་གློ་བུར་དུ་ཞིང་གཤེགས་ཀྱི་གནས་ཚུལ།

དགེ་བཤེས་བསྟན་འཛིན་ལྷུན་གྲུབ་ལགས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྐབས་བཅུ་བདུན་པའི་དགེ་བཤེས་བཅུ་གཉིས་ཡོད་པའི་ཨང་རིམ་གསུམ་པ་དེ་རེད། ཕྱི་ལོ་༢༠༡༤ཟླ་༣ ཚེས་༨ ཉིན་ཁོང་གི་དགེ་བཤེས་གཏོང་སྒོ་ཆེན་མོ་དང་སྔོན་འགྲོའི་གཞུང་བཤད་སོགས་གནང་ཡོད་པ་དང་།

དེ་ལས་མང་བ་། “ཡིད་སྐྱོ་བའི་གནས་ཚུལ།” »

གསར་འགྱུར།

རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ཀྱི་སྔ་ཕྱིའི་གནས་ཚུལ་མདོར་བསྡུས།

Posted on 2014-03-242014-03-24 By ཁ་བརྡ་ 14 Comments on རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ཀྱི་སྔ་ཕྱིའི་གནས་ཚུལ་མདོར་བསྡུས།

འཇམ་དབྱངས་སྦྱིན་པ།
————-
001-1ཉེ་ཆར་སྤྱི་ལོ་༢༠༡༤ ལོའི་ཟླ་༣ ཚེས་༡༩ ཉིན་རང་ཁྱིམ་དུ་སྐུ་གཤེགས་པའི་རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ཀྱི་སྔ་ཕྱིའི་གནས་ཚུལ་མདོར་བསྡུས།

རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ནི། མདོ་སྨད་རྨ་ཆུ་རྫོང་ཁྲོ་ཁོ་དབལ་བཎ་ཚང་གི་རྒྱུ་ཚ་སྡེ་བ་རུ་སྐྱེས་ཤིང་རང་ལོ་༤༢ ཡིན། སྤྱི་ལོ་༡༩༩༢ ལོར་རྒྱ་གར་ལ་ཡོང་སྟེ་སུ་ཇ་བོད་ཁྱིམ་སློབ་གྲྭར་ཞུགས། ལོ་ཤས་རྗེས་ཕྱིར་ཕ་ཡུལ་དུ་ལོག་སྟེ་འབྲོག་པའི་འཚོ་བ་བསྐྱལ།

དེ་ལས་མང་བ་། “རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ཀྱི་སྔ་ཕྱིའི་གནས་ཚུལ་མདོར་བསྡུས།” »

གསར་འགྱུར།

རེབ་གོང་སོ་ནག་རྔ་དཀར་སྡེ་བ་ནས་གྲྭ་འཇིགས་མེད་བསྟན་འཛིན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ།

Posted on 2014-03-232014-03-24 By ཁ་བརྡ་ 18 Comments on རེབ་གོང་སོ་ནག་རྔ་དཀར་སྡེ་བ་ནས་གྲྭ་འཇིགས་མེད་བསྟན་འཛིན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ།

mmexport1395577981529ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་འཇིགས་མེད་བསྟན་འཛིན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རེབ་གོང་སོ་ནག་དགོན་པའི་ཉེ་འགྲམ་དུ་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་འདུག ཁོང་ནི་རེབ་གོང་རྩེ་ཁོག་སོ་ནག་རྔ་དཀར་སྡེ་བ་རུ་ཕ་ལ་སྐྱབས་རྒྱའི་བུ་རུ་སྐྱེས་པ་དང་།

དེ་ལས་མང་བ་། “རེབ་གོང་སོ་ནག་རྔ་དཀར་སྡེ་བ་ནས་གྲྭ་འཇིགས་མེད་བསྟན་འཛིན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ།” »

གསར་འགྱུར།

ཆབ་སྲིད་བཙོན་པ་ཞིག་འདས་གྲོངས་གྱུར་པ།

Posted on 2014-03-222014-03-22 By ཁ་བརྡ་ 8 Comments on ཆབ་སྲིད་བཙོན་པ་ཞིག་འདས་གྲོངས་གྱུར་པ།

མཁོ་གཏོང་བ། བློ་བཟང་།

ཕྱི་ལོ་༢༠༡༤ ཟླ་༣ ཚེས་༢༢ ཉིན་བོད་ནས་གནས་ཚུལ་འབྱོར་དོན་ལྟར་ན། རྒྱ་གཞུང་གིས་ཕྱི་ལོ་༢༠༡༠ ལོའི་ཟླ་༥ བར་རྨ་ཆུ་དབལ་པན་ཡུལ་ཚོའི་ཞི་རྒོལ་གྱི་སྣེ་འཁྲིད་པ་ཡིན་པའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་སྒོ་ཤུལ་བློ་བཟང་ལགས། སྔར་ལོའི་ཧོར་ཟླ་༡༠ ཚེས་༢༧ ཉིན་བཙོན་ཁང་དུ་གཅར་རྡུང་མནར་གཅོད་བཏང་སྟེ་གསོན་པོའི་རེ་བ་མེད་པའི་གནས་སུ་བསླེབས་མཚམས་གློད་བཀྲོལ་བཏང་ཡོད་པ་ལྟར། ཕྱི་ཟླ་༣ ཚེས་༡༩ ཉིན་གྱི་མཚན་མོ་ཆུ་ཚོད་ ༡༢ ཙམ་ལ་ཁོང་འདས་གྲོངས་སུ་གྱུར་འདུག སྐབས་དེར་ཁོང་གི་ཉེ་འགྲམ་དུ་བུ་དང་བཟའ་ཟླ། དེ་བཞིན་སྤུན་ཆུང་ཤོས་བཅས་ཡོད་འདུག

དེ་ལས་མང་བ་། “ཆབ་སྲིད་བཙོན་པ་ཞིག་འདས་གྲོངས་གྱུར་པ།” »

གསར་འགྱུར།

ཉིན་མཐའ་མའི་གྲོས་ཚོགས་གསར་འགྱུར་གློག་བརྙན།

Posted on 2014-03-222014-03-22 By ཁ་བརྡ་ 23 Comments on ཉིན་མཐའ་མའི་གྲོས་ཚོགས་གསར་འགྱུར་གློག་བརྙན།

དེ་ལས་མང་བ་། “ཉིན་མཐའ་མའི་གྲོས་ཚོགས་གསར་འགྱུར་གློག་བརྙན།” »

གསར་འགྱུར།

ཐེ་ཝན་སློབ་མའི་ལས་འགུལ་ལ་ཛ་དྲག་རྒྱབ་སྐྱོར་འབོད་སྐུལ།

Posted on 2014-03-202014-03-20 By ཁ་བརྡ་ 7 Comments on ཐེ་ཝན་སློབ་མའི་ལས་འགུལ་ལ་ཛ་དྲག་རྒྱབ་སྐྱོར་འབོད་སྐུལ།

(ཡིག་བསྒྱུར་བ། ལྷ་སྡེ་གནམ་ལོ་ཡག)

ན་ནིང་གི་ཕྱི་ཟླ་ ༦ ནང་། གོ་མིན་ཏང་དང་དམངས་གཙོ་ཡར་ཐོན་ཚོགས་པས་གན་རྒྱ་བཞག་ནས་རྒྱ་གཞུང་བར་འཇོག་བྱར་བསྙད་པའི༼ཚོང་དོན་ཞབས་ཞུའི་གྲོས་མཐུན༽གྱི་དོན་ཚན་རེ་རེ་བཞིན་ཞིབ་འཇུག་བྱེད་དགོས་པ་བཟོས་ཡོད། འོན་ཀྱང་། ཉིན་ཤས་ཡར་སྔོན། གོ་མིན་ཏང་གིས་གན་རྒྱ་རྩིས་མེད་ཀྱི་ལམ་ནས༼ཚོང་དོན་ཞབས་ཞུའི་གྲོས་མཐུན༽ལ་བཙན་ཤེད་ཀྱིས་མིང་རྟགས་འགོད་པའི་སྦྱོར་བ་བརྩམ་པས། ཐེ་ཝན་རྒྱལ་ཡོངས་སུ་དངངས་འཚབ་ལངས།

དེ་ལས་མང་བ་། “ཐེ་ཝན་སློབ་མའི་ལས་འགུལ་ལ་ཛ་དྲག་རྒྱབ་སྐྱོར་འབོད་སྐུལ།” »

གསལ་བསྒྲགས།

Posts pagination

Previous 1 … 52 53 54 … 212 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (23)
  • ན་ཟུག (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme