བརྒྱུད་སྤྲོད་པ། ཨེ་མ་ཧོ།
བླ་རུང་ནས་ཐོན་པའི་གནས་ཚུལ་ལྟར་ན། སྤྱི་ཟླ་8 ཚེས་12 ལ་སི་ཁྲོན་དང་མཚོ་སྔོན་ཀན་ལྷོ་སྟེ་ཞིང་ཆེན་གསུམ་གྱི་མངའ་ཁུངས་ཀྱི་རྫོང་ཁག་བཞི་བཅུ་ལྷག་གི་སྡེ་དཔོན་དང་གཟུ་བ། ཤེས་ཆེན་བསམ་བཟང་གི་མི་གྲངས་བརྒྱ་ལ་ཉེ་བ་ཞིག་གསེར་རྟའི་འབྲོག་ཁུལ་དུ་བསམ་སྤྱོད་ཡར་སྐུལ་གྱི་ཚོགས་འདུ་བསྡུས་པ་རེད།
དེ་ཡང་རྟེན་འབྲེལ་གྱི་ཐོག་མར་བཀྲ་ཤིས་ལམ་ཡག་གི་བདེན་ཚིག་འགྲུབ་པའི་སྨོན་འདུན་ཁྲོད་གཏམ་བཤད་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ཤིང་།
དེ་ལས་མང་བ་། “བསམ་སྤྱོད་ཡར་སྐུལ་གྱི་ཚོགས་འདུ་བསྡུས་པའི་གསར་གནས།” »


བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྦེལ་ཀོབ་འཚོ་བྱེད་ཁང་གསར་སྨན་ཁང་གི་འགན་འཛིན་ཟུར་པ་ལྷག་པ་ཚེ་རིང་ལ་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་ཉེས་འཛུགས་ཁག་ཅིག་བྱུང་ཡོད་པར། བཀའ་ཤག་ནས་ཞིབ་འཇུག་ཚོགས་ཆུང་ཟུར་འཛུགས་བརྒྱུད་ཐག་གཅོད་བཅད་ཁྲ་བསྩལ་དོན། འགན་འཛིན་ཟུར་པ་ལྷག་པ་ཚེ་རིང་ནས་གློག་ཆས་ཉོ་སྒྲུབ་སོགས་ཀྱི་ཐོག་ནས་སྤྱི་གུན་བཏང་བ་

འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཁམས་ཚ་བ་མཛོ་སྒང་རྫོང་སྟོང་འབར་ཡུལ་ཚོའི་གེ་བ་གྲོང་ཚོ་རུ། རྒྱ་ནག་གཞུང་གིས་རྒྱལ་མོ་དངུལ་ཆུའི་ཉེ་འགྲམ་དུ་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ལ་ངོ་རྒོལ་བྱེད་མཁན། བོད་མི་བློ་བཟང་ཡེ་ཤེས་ལགས་ལྷ་སའི་ཆུ་ཤུལ་བཙོན་ཁང་ནང་འདས་གྲོངས་སུ་གྱུར་འདུག