Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྕམ་སྐུ་ནེན་སི། པེ་ལོ་སི།

Posted on 2022-08-132022-08-13 By ཁ་བརྡ No Comments on ལྕམ་སྐུ་ནེན་སི། པེ་ལོ་སི།

པདྨ་ཚེ་དབང་ཤཱསྟྲི

དེང་སང་ཡུལ་གྲུ་མང་པོས།།

ཞི་ཇིན་པིང་ལ་འཇིགས་ཏེ།།

ཁ་གཏད་གཅོག་རྒྱུ་ཕར་ཞག །

ཁ་བསྒྲགས་མི་ཕོད་སྐབས་འདིར།།

དེ་ལས་མང་བ་། “ལྕམ་སྐུ་ནེན་སི། པེ་ལོ་སི།” »

གསར་འགྱུར།

མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་སྲིད་གཞུང་།

Posted on 2022-07-272022-07-27 By དགེ་རབ་ 1 Comment on མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་སྲིད་གཞུང་།

པདྨ་ཚེ་དབང་ཤཱསྟྲི།

པ་ཀིས་ཐན་གྱི་སྲིད་བློན་ཟུར་པ་ཚེ་འདས། བེ་ནེ་ཛིར་ བྷུ་ཊོས་”མང་གཙོའི་ལམ་ལུགས་དེ་གས་ཆག་སླ་མོའམ་སྙི་མོ་ཞིག་རེད།” ཅེས་གསུངས་པ་བཞིན། སྤྱིར་འཛམ་གླིང་འདིའི་ནང་མང་གཙོ་དང་། རྒྱལ་པོའི་རིང་ལུགས། དམར་ཤོག་གི་ལམ་ལུགས། མི་གཅིག་དབང་འཛིན། ཉུང་སྡེའི་སྲིད་གཞུང་། སྒེར་སྤྱོད་ལམ་ལུགས་སོགས་ཆབ་སྲིད་སྐྱོང་བའི་ལམ་ལུགས་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་། ང་ཚོས་རང་ཉིད་སྒྲིག་འཛུགས་བྱེད་སྟངས་དང་། སྟོབས་ཆེ་བ་དང་ཉམས་དམའ་བ་གཉིས་ཀར་སྨྲ་བརྗོད་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་འདྲ་མཉམ་དུ་ཡོད་པ། དེ་བཞིན་ཡུལ་མི་མང་བ་དེ་བློ་རྩེ་གཅིག་མཐུན་ཡོང་ཐབས་སུ་བསྐྲུན་པའི་མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་སྲིད་གཞུང་ཞེས་འགྲེལ་བརྗོད་བྱེད་པའི་མང་གཙོའི་ལམ་ལུགས་འདི་ཆ་ལག་ཚང་བའི་སྐྱོན་མེད་ཡང་དག་པ་ཞིག་མ་ཡིན་ནའང་། ལམ་ལུགས་གཞན་ལ་ལྟོས་ཏེ་རིན་ཐང་ཅན་ཞིག་རེད་ལ། ཡང་གལ་ཏེ་ཡུལ་དེ་དང་དེའི་མང་ཚོགས་ལ་མང་གཙོའི་ལེགས་བྱང་དང་། གོ་རྟོགས་ཡག་པོ་མེད་ན་མང་གཙོ་དེ་གས་ཆག་སླ་མོ་ཞིག་ཀྱང་རེད།

དེ་ལས་མང་བ་། “མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་སྲིད་གཞུང་།” »

གསར་འགྱུར།

གཟའ་མཇུག་སློབ་གྲྭར་ཡིག་ཚད་ཀྱི་ཡུལ་དངོས།

Posted on 2022-04-052022-04-06 By ཁ་བརྡ No Comments on གཟའ་མཇུག་སློབ་གྲྭར་ཡིག་ཚད་ཀྱི་ཡུལ་དངོས།

ཁྲོ་གཏུམ།

ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢ ཉིན།  འདི་ག་ཨོ་གླིང་གནས་མཁར་གསར་གཟའ་མཇུག་སློབ་གྲྭའི་དངོས་གཞི་དང་རྨང་གཞི་འཛིན་གྲྭ་གཉིས་སུ་དམིགས་བསལ་ཡིག་རྒྱུགས་ཤིག་བཏང་ཞིང་། 

དེ་ཡང་ཕྱི་ལོ་ ༢༠༢༢ ལོའི་NSW མངའ་སྡེ་ཡི་རིག་གཞུང་སྣ་ཚོགས་ཁྱབ་ཁོངས་སུ། མངའ་སྡེ་བློན་ཆེན་བྱ་དགའ་ཞེས་པ་ཞིག་ལོ་ལྟར་གནང་སྲོལ་ཡོད་པ་བཞིན། ད་ལོའི་གནས་མཁར་གསར་གཟའ་མཇུག་སློབ་གྲྭའི་འཛིན་གྲྭ་གཉིས་སུ་བྱ་དགའི་ཆ་རྐྱེན་ལྟར། དམིགས་བསལ་ཡིག་རྒྱུགས་སྐབས་སུ། ས་གནས་ཤེས་རིག་ལས་ཁུངས་ཀྱི་རིག་གཞུང་སྣ་ཚོགས་ཀྱི་འགན་ཁུར་མི་སྣ་ལྕམ་སྐུ་Kara Matheson མཆོག་ཆེད་ཕེབས་ཀྱིས་གཟིགས་ཞིབ་གནང་བ་མ་ཟད། ཡིག་རྒྱུགས་སུ་ཞུགས་མཁན་རྣམས་མཉམ་དུ་འདྲ་དཔར་བསྐྱོན་གནང་སོང་། 

དེ་ལས་མང་བ་། “གཟའ་མཇུག་སློབ་གྲྭར་ཡིག་ཚད་ཀྱི་ཡུལ་དངོས།” »

གསར་འགྱུར།

བཀྲ་ཕུན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་འདུག

Posted on 2022-04-04 By ཁ་བརྡ No Comments on བཀྲ་ཕུན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལ། ཕྱི་ ༣ ཚེས་ ༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ལྔ་པ་ཡས་མས་སུ་རང་ལོ་ ༨༡ ཡིན་པའི་བཀྲ་ཕུན་ལགས་ཀྱིས་རྔ་པ་ཀིརྟི་དགོན་པར་ལྟ་རྟོག་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་མདུན་དུ་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་རྗེས་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག་ལ། རྗེས་སུ་སྐུ་གྲོངས་ཡོད་འདུག འདས་པའི་ལོ་མང་རིང་ཕྱི་ཟླ་གསུམ་པ་ནམ་ཡིན་ལ་རྒྱ་གཞུང་གིས་རྔ་པ་མི་མང་ལ་རྒྱུན་ལྡན་ལས་ལྷག་པའི་དམ་བསྒྲགས་དང་སུན་གཙེར། འདྲི་གཅོད་དང་བཀག་འགོག་སོགས་ཀྱིས་དཀའ་ངལ་རབ་དང་རིམ་པ་བཟོས་པ་ལྟར་འདི་ལོ་ཡང་ཕྱི་ཟླ་གསུམ་པའི་ནང་དམིགས་བསལ་དམ་བསྒྲགས་ཆེན་པོ་བྱས་ཡོད་འདུག་ལ།  བོད་ནང་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་བོད་མི་ཆེས་མང་པོ་ཞིག་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བསྐྱལ་དང་སྐྱེལ་བཞིན་པའི་གནས་བབ་དེ་གསལ་འདོན་བྱས་པ་ཡིན་པའི་འགྲེལ་ཀྱང་བརྗོད་གནང་།

དེ་ལས་མང་བ་། “བཀྲ་ཕུན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་འདུག” »

གསར་འགྱུར།

དོལ་པོའི་སྲོལ་རྒྱུན་འཚོ་བ་ལ་དེང་རབས་འཚོ་བས་ཤུགས་རྐྱེན་ཐེབས་ཚུལ།

Posted on 2022-03-082022-03-08 By ཁ་བརྡ 1 Comment on དོལ་པོའི་སྲོལ་རྒྱུན་འཚོ་བ་ལ་དེང་རབས་འཚོ་བས་ཤུགས་རྐྱེན་ཐེབས་ཚུལ།

རྩོམ་པ་པོ།  ཀུན་བཟང་ལྷ་མོ། 

༄༅།། གཡས་གཡོན་གང་སར་རིམ་བཞིན་འགྱུར་འགྲོ་དུས་རང་ཉིད་ཁྱིམ་གྱི་ཀ་བ་ལྟར་གནས་ཐབས་མེད་ལ། གལ་ཏེ་གནས་པ་ཞིག་ཡིན་ཚེ་ཕྱིས་སུ་ཁྲོན་པའི་ནང་གི་སྦལ་པ་བཞིན་ཆགས་ངེས།   དེ་ལྟར་ང་ཚོའི་ཕ་ཡུལ་གངས་ལྗོངས་དོལ་པོ་ཡང་འཛམ་གླིང་སྤྱི་དང་ལྷན་དུ་གོམ་པ་སྤོ་རྒྱུ་ནི་ཀུན་གྱི་མཉམ་དུ་མ་འོངས་པ་གཅིག་ཏུ་བསླེབ་པའི་ཐབས་ཤེས་སྤུས་དག་ཅིག་ཡིན་པ་མ་ཟད་འུ་ཚོ་ནམ་ཡང་རྒྱབ་ལ་ལྷག་མི་སྲིད།   འོན་ཀྱང་གོ་ལ་སྤྱི་དང་མཉམ་དུ་ཡར་ལ་སྐྱོད་དུས་ཁོར་ཡུག་ལ་བརྡབ་གསིག   ཆོས་དང་རིག་གཞུང་ལ་སྣང་མེད་སོགས་བྱས་ཚེ་གཏན་ནས་འགྲིག་གི་མེད་པ་ཡོངས་ཀྱིས་ཤེས་དགོས

དེ་ཡང་འུ་ཚོའི་སྐྱེས་ཡུལ་གངས་ཅན་དོལ་པོ་ནི་གོ་ལའི་ཡང་ཐོག་ཏུ་ཆགས་ནའང་འཚོ་བ་རོལ་སྟངས།     ཆོས་དང་རིག་གཞུང།    ལུགས་སྲོལ་རྣམས་ནི་ཀུན་དང་མ་འདྲ་བའི་ངོ་མཚར་ཁྱད་དུ་འཕགས་པ་ཞིག་ཡོད།

དེ་ལས་མང་བ་། “དོལ་པོའི་སྲོལ་རྒྱུན་འཚོ་བ་ལ་དེང་རབས་འཚོ་བས་ཤུགས་རྐྱེན་ཐེབས་ཚུལ།” »

གསར་འགྱུར།

“…ས་ར་སྭ་ཏཱི་ཡིན་པས་དབྱངས་ཅན་དུ་བསྒྱུར་དུ་མི་རུང་ངོ༌།།” མཁས་འཇུག་ལས་འགྱུར་གྱི་སྐོར་ཚན་བཤུས།

Posted on 2022-02-182022-02-18 By དགེ་རབ་ No Comments on “…ས་ར་སྭ་ཏཱི་ཡིན་པས་དབྱངས་ཅན་དུ་བསྒྱུར་དུ་མི་རུང་ངོ༌།།” མཁས་འཇུག་ལས་འགྱུར་གྱི་སྐོར་ཚན་བཤུས།

བོད་ཀྱི་སྐད་ལ་མི་ཤེས་པ། །

ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། །

འགའ་ཞིག་འགྱུར་གྱི་བྱེ་བྲག་དང༌། །

ཡུལ་སྐད་དག་གིས་བསྒྲིབས་པ་ཡོད། །

དེ་ལས་མང་བ་། ““…ས་ར་སྭ་ཏཱི་ཡིན་པས་དབྱངས་ཅན་དུ་བསྒྱུར་དུ་མི་རུང་ངོ༌།།” མཁས་འཇུག་ལས་འགྱུར་གྱི་སྐོར་ཚན་བཤུས།” »

གསར་འགྱུར།

དགེ་རྒན་བླ་མ་སྐྱབས་ཀྱིས་འབྱོངས་པ་སྟེར་ར།

Posted on 2022-02-13 By ཁ་བརྡ 2 Comments on དགེ་རྒན་བླ་མ་སྐྱབས་ཀྱིས་འབྱོངས་པ་སྟེར་ར།

རེབ་གོང་རིག་འཛིན། 

ངས་ངོ་དེབ་བེད་སྤྱོད་བྱས་ནས་རིང་པོ་འགོར་མེད། ཁ་སང་ངས་ངོ་དེབ་ནས་དགེ་རྒན་བླ་མ་སྐྱབས་ཀྱི་པར་ཞིག་མཐོང་སོང་། ད་ནི་ཁོང་རྒས་འདུག དེ་དུས་ཀྱི་ཁོང་ནི་སོང་ན་ཉམས་ཆེ་བ། བསྡད་ན་བརྗིད་ཆེ་བའི་གསར་རྒོད་ཅིག་རེད། ང་ཚོ་དེ་དུས་ན་གཞོན་རེད། ཡིད་སྨོན་འདྲ་ཞིག་འཆོར་གི་ཡོད། ཨོ། དེ་ནི་སྤྱི་ལོ་ 1983 ནས་ 1989 བར་རེད།དེ་དུས་ཀྱི་དགེ་རྒན་ཚོས་སློབ་མ་ཚོ་གཅུན་སྟངས་ནི་དེང་སང་དང་རྦད་དེ་ལོགས་ཀ་རེད། སློབ་སྦྱོང་མ་བྱས་ན་འབྱོངས་པ་སྟེར་གི་རེད། དེ་ནི་དགེ་རྒན་མང་ཆེ་བའི་རྒྱུན་ལྡན་གྱི་བྱེད་སྟངས་ཤིག་རེད། དེ་ནི་དགེ་རྒན་ཚོའི་ཤ་ཚ་ཞིག་ཀྱང་རེད་ཅེས་བརྗོད་ཆོག སྐབས་དེར་མཚོན་ན། ཕ་མ་ཚོས་ཀྱང་། འགྲོ་འདུག་སྤྱོད་གསུམ་དང་སློབ་སྦྱོང་དང་བཅས་པ་དགེ་རྒན་ལ་བཅོལ་ནས་འབྱོངས་པ་སྟེར་རོགས་ཞེས་དབང་ཆ་ཚང་མ་དགེ་རྒན་ལ་འབུལ། དགེ་རྒན་ཚོས་འབྱོངས་པ་སྟེར་བའི་རྒྱུ་མཚན་གཅིག་འདི་རེད། འབྱོངས་པ་སྟེར་སྟངས་རྣམ་པ་སྣ་ཚོགས་རེད། སློབ་སྦྱོང་མ་བྱས་ན་འབྱོངས་པ་སྟེར་བ་ནི་དགེ་རྒན་ཕལ་ཆེ་བའི་བྱེད་སྟངས་ཤིག་རེད།

དེ་ལས་མང་བ་། “དགེ་རྒན་བླ་མ་སྐྱབས་ཀྱིས་འབྱོངས་པ་སྟེར་ར།” »

གསར་འགྱུར།, དྲན་ཐོ།

རྒྱ་གར་གློག་བརྙན་(Shaheed) སྟེ་དཔའ་བོའམ། རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་ཞེས་པའི་གཞས་ཤིག

Posted on 2022-02-122022-02-12 By ཁ་བརྡ 1 Comment on རྒྱ་གར་གློག་བརྙན་(Shaheed) སྟེ་དཔའ་བོའམ། རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་ཞེས་པའི་གཞས་ཤིག

ཨཱ་ཨཱ་ཨ་ཨཱ།

ཝེ་ང་ཡི་ལུང་པའི་མི་མང་ཚོ།

འབོད་སྒྲ་སྐད་ཤུགས་ཆེ་ཙམ་སྒྲོགས།

འདི་ང་ཚོའི་ཤིས་པའི་ཉི་མ་རེད།

མདོག་གསུམ་ཅན་གྱི་རྒྱལ་དར་གནམ་ལ་འཆོར།

དེ་ལས་མང་བ་། “རྒྱ་གར་གློག་བརྙན་(Shaheed) སྟེ་དཔའ་བོའམ། རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་ཞེས་པའི་གཞས་ཤིག” »

གསར་འགྱུར།

“འགྱུར་བརྒྱ་རྩ་བརྒྱད་”ཀྱི་དཔེ་དེབ་གསར་པ་དབུ་འབྱེད་ཀྱི་མཛད་སྒོ་ལ་སྐུ་ཉིད་མཉམ་ཞུགས་གནང་རོགས།

Posted on 2022-02-042022-02-06 By ཁ་བརྡ No Comments on “འགྱུར་བརྒྱ་རྩ་བརྒྱད་”ཀྱི་དཔེ་དེབ་གསར་པ་དབུ་འབྱེད་ཀྱི་མཛད་སྒོ་ལ་སྐུ་ཉིད་མཉམ་ཞུགས་གནང་རོགས།

ལམ་ལ། On the Road
ཇག་ ཁེ་རོ་ཨག་གིས་བརྩམས། By Jack Kerouac
དགེ་འདུན་རབ་གསལ་ལགས་ཀྱིས་བསྒྱུར། Translated by Gedun Rabsal

རེས་གཟའ་སྤེན་པ། སྤྱི་ཟླ་གཉིས་པའི་ཚེས་ ༥། ཨ་རིའི་ཤར་ཕྱོགས་ཀྱི་ཞོགས་པའི་ཆུ་ཚོད་ ༩:༣༠
(ཡུ་རོབ་དཀྱིལ་མའི་ཆུ་ཚོད་ ༡༥:༣༠ དང་། རྒྱ་གར་གྱི་ཆུ་ཚོད་ ༡༩:༠༠། ལྷ་སའི་ཆུ་ཚོད་ ༢༢:༣༠)
མཛད་སྒོ་འདི་ནི་དྲ་ཐོག་ནས་ Zoom བརྒྱུད་དེ་སྤེལ་རྒྱུ།
མཛད་སྒོ་འདི་ནི་བོད་སྐད་དུ་སྤེལ་གྱིན་ཡོད།
འབྲེལ་ཐག་འདི་བརྒྱུད་ནས་ཐོ་འགོད་གནང་རོགས།

https://us02web.zoom.us/meeting/register/tZAsce6hqDMpE9w8he89Swkh56quXmlNEOH2?fbclid=IwAR1gc_hN4wvYkar4dfm1dNgjsJi4D72r_tNh_PB9sCabq8Nl9BnfFDY7CRc

ཡང་ན་གཏམ་བཤད་གནང་བའི་སྐབས་སུ་ཐད་ཀར་གཤམ་གྱི་སྦྲེལ་ཐག་བརྒྱུད་མཉམ་ཞུགས་གནང་རོགས།
འབྲེལ་ཐག https://tinyurl.com/2p8cjsfb Meeting ID: 841 6796 8398 / Passcode: 108

དེ་ལས་མང་བ་། ““འགྱུར་བརྒྱ་རྩ་བརྒྱད་”ཀྱི་དཔེ་དེབ་གསར་པ་དབུ་འབྱེད་ཀྱི་མཛད་སྒོ་ལ་སྐུ་ཉིད་མཉམ་ཞུགས་གནང་རོགས།” »

གསལ་བསྒྲགས།

བྱིས་སྒྲུང་བཅུ་གཉིས་བོད་བསྒྱུར་གྱིས་འགྲེམ་སྤེལ་བྱེད་འཆར།(འོས་སྦྱོར།)

Posted on 2021-12-312021-12-31 By ཁ་བརྡ 11 Comments on བྱིས་སྒྲུང་བཅུ་གཉིས་བོད་བསྒྱུར་གྱིས་འགྲེམ་སྤེལ་བྱེད་འཆར།(འོས་སྦྱོར།)

མཁྱེན་ལྡན་མ་ཉི་མ་མཚོ་ལགས་ཀྱིས་འདས་པའི་ལོ་གསུམ་ཙམ་ནང་བྱིས་སྒྲུང་དེབ་ ༣༢ བོད་སྐད་དུ་བསྒྱུར་གནང་ཡོད་པ་དང་། ད་ཐེངས་ཀྱང་བོད་ཀྱི་བྱིས་པ་རྣམས་ཀློག་སྤྲོ་ལ་རྒྱུན་ཤེས་ཕུན་སུམ་ཚོགས་པའི་བྱིས་སྒྲུང་བཅུ་གཉིས་བོད་བསྒྱུར་གྱིས་འགྲེམ་སྤེལ་བྱེད་འཆར་འདུག གཞོན་ནུ་རྣམས་ཀྱི་ཤེས་བྱའི་སྐྱེད་ཚལ་དུ་གྱ་ནོམ་པའི་ལེགས་སྐྱེས་འདི་ལྟ་བུ་ཞིག་ཕུལ་རྒྱུ་ལས་སླ་བོ་ཞིག་གང་ནས་ཡིན།

ཉི་མ་མཚོ་ལགས་ཀྱིས་བོད་བསྒྱུར་གནང་བའི་བྱིས་སྒྲུང་གི་དཔེ་ཚོགས་འདི་ནི་བརྩམས་སྒྲུང་གི་མི་སྣ་གཙོ་བོས་རྒྱལ་ཁམས་རིག་པས་སྐོར་བའི་གཏམ་རྒྱུད་ཅིག་ཡིན།

དེ་ལས་མང་བ་། “བྱིས་སྒྲུང་བཅུ་གཉིས་བོད་བསྒྱུར་གྱིས་འགྲེམ་སྤེལ་བྱེད་འཆར།(འོས་སྦྱོར།)” »

གསལ་བསྒྲགས།

ང་ཚོ་སད་རན།

Posted on 2021-12-302021-12-30 By ཡེ་ཤེས་ No Comments on ང་ཚོ་སད་རན།

ཀླུ་སྨྱོན་ཧེ་རུ་ཀ གཅིག དུ་ཞགས་ཀྱིས་དཀྲིས་པའི་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཀྲུའི་ནུབ་བྱང་གི་ཕྱོགས་སུ་རི་མཐོན་པོ་ཞིག་ཡོད་པའི་མིང་ལ་གླང་རུ་ལུང་བསྟན་ཟེར། རི་དེའི་རྩེ་མོར་འཛེགས་ན་དེར་ལྡིང་ཁང་ཆུང་ཆུང་ཞིག་ཡོད་པ་དང་། དེ་ནས་བྱང་ཕྱོགས་སུ་རྒྱང་བལྟ་བྱེད་རྒྱུར་དགའ་བའི་རྡོ་རྗེ་ལ་མཚོན་ན། བྱང་ཕྱོགས་ཀྱི་ཧི་མ་ལ་ཡའི་གངས་རིའི་ཕྲེང་བ་ཕྱི་བརྩེགས་ནང་བརྩེགས་དེ་ཚོ་ནི་གནའ་བོའི་གཏུམ་འབྲུག་ཏུ་གྲགས་པའི་སྲོག་ཆགས་ཆེན་པོ་དེ་ཚོའི་སྒལ་ཚིགས་ཀྱི་སྟེང་དུ་སྐྱེས་པའི་ཁྲབ་རིས་དེ་ཚོ་ཡང་འདྲ་ཙམ་ཡོད། རི་རྩེ་འདིར་དབྱར་དགུན་མེད་པར་རླངས་འཁོར་བསྐོར་ནས་ཡོང་མཁན་དང་སྦག་སྦག་ལ་ཞོན་ནས་ཡོང་མཁན་རྒྱུན་ཆད་མེད་ཅིང་། ཉེན་མཆོངས་པ་ལ་ལ་རི་གཤམ་ནས་རི་རྩེ་བར་དུ་གོམ་བགྲོད་ཀྱིས་བསླེབས་པ་ཡང་ཉུང་ཉུང་མིན། རི་འདིའི་སྐེད་ཙམ་ཞིག་ལ་བལ་བོའི་དམག་སྒར་ཞིག་ཡོད་པས། རླངས་འཁོར་དང་སྦག་སྦག་གི་རིགས་རི་རྩེར་འགྲོ་མཁན་ཚོར་ཞིབ་བཤེར་བྱེད་པ་དང་། དེ་ནི་འགྲོ་ལུགས་ཙམ་ཞིག་མ་གཏོགས་འགག་སྒོ་དེ་ནས་མི་ཐར་བའི་དཀའ་ངལ་དེ་ཙམ་ཞིག་མེད། རྡོ་རྗེ་ལ་རླངས་འཁོར་དང་སྦག་སྦག་གང་ཡང་མེད་པས། ནམ་རྒྱུན་རི་རྩེ་འདིར་ཡོང་འདོད་སྐྱེས་ཚེ་ངོ་ཤེས་གྲོགས་པོ་རེར་ཞུ་བ་འཐེན་ནས། དེ་ཚོའི་རླངས་འཁོར་གྱི་ནང་ངམ་སྦག་སྦག་གི་འཕོང་ལ་ཞོན་ནས་འདིར་ཡོང་གི་ཡོད། རི་རྩེ་འདིར་བསླེབས་ན་མཁའ་དབུགས་དྭངས་ཤིང་སྣང་བ་སྐྱིད་པས།…

དེ་ལས་མང་བ་། “ང་ཚོ་སད་རན།” »

གསར་འགྱུར།, བརྩམས་སྒྲུང་།

འབུམ་ཚོགས་ཀྱི་དཔེ་དེབ་གསར་ཐོན་ངོ་སྤྲོད་གསལ་བསྒྲགས།

Posted on 2021-11-082021-11-15 By ཁ་བརྡ No Comments on འབུམ་ཚོགས་ཀྱི་དཔེ་དེབ་གསར་ཐོན་ངོ་སྤྲོད་གསལ་བསྒྲགས།

བོད་པ་བྱེད་སྟངས་སློབ་པ།  རྒྱ་ནག་གི་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་མི་རིགས་ངོས་འཛིན་གྱི་གྲུབ་སྟངས།

ཤ་མོ་ཐར་ནས་དཔེ་དེབ་འདི་ངོ་སྤྲོད་གནང་རྒྱུ།

གཟའ་ཉི་མ།  སྤྱི་ཟླ་ ༡༡ ཚེས་ ༡༤ སྔ་དྲོ་ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད་༡༠ ནས་ ༡༡།༣༠ ལ་ བཟོམ་(Zoom)བརྒྱུད་ལམ་ནས།

འབུམ་ཚོགས་ཀྱི་ཚོགས་མི་མཁས་མ་ཤ་མོ་ཐར་ལགས་ནས་ Miaoyan Yang གི་བརྩམས་ཆོས་སྟེ་ “བོད་པ་བྱེད་སྟངས་སློབ་པ་”ཞེས་པའི་དེབ་དེས་ཀྲུང་གོ་རྒྱལ་ཁབ་མཐོ་རིམ་སློབ་གསོ་མ་ལག་ཁྲོད་ཀྱི་

དེ་ལས་མང་བ་། “འབུམ་ཚོགས་ཀྱི་དཔེ་དེབ་གསར་ཐོན་ངོ་སྤྲོད་གསལ་བསྒྲགས།” »

གསལ་བསྒྲགས།

ཕྱི་ལོ་ ༡༩༣༥ ནས་ ༢༠༢༡ བར་གྱི་ས་དབང་ཆེན་མོ་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་སྐུ་ཚེ་ལོ་རྒྱུས་ཀྱི་གལ་ཆེའི་སྐུ་པར་བདམས་བཀོད།འོས་སྦྱོར་བ། ཐུབ་བསྟན་ལགས།

Posted on 2021-11-062021-11-06 By ཁ་བརྡ 4 Comments on ཕྱི་ལོ་ ༡༩༣༥ ནས་ ༢༠༢༡ བར་གྱི་ས་དབང་ཆེན་མོ་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་སྐུ་ཚེ་ལོ་རྒྱུས་ཀྱི་གལ་ཆེའི་སྐུ་པར་བདམས་བཀོད།འོས་སྦྱོར་བ། ཐུབ་བསྟན་ལགས།
གློག་བརྙན་།

ས་དབང་ཆེན་མོ་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༣ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩིའི་བརྙན་འཕྲིན། འོས་སྦྱོར་བ། ཐུབ་བསྟན་ལགས།

Posted on 2021-11-062021-11-06 By ཁ་བརྡ No Comments on ས་དབང་ཆེན་མོ་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༣ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩིའི་བརྙན་འཕྲིན། འོས་སྦྱོར་བ། ཐུབ་བསྟན་ལགས།
གློག་བརྙན་།

བོད་ནང་གི་གནས་ཚུལ་གསར་པ་ཞིག

Posted on 2021-10-22 By ཁ་བརྡ No Comments on བོད་ནང་གི་གནས་ཚུལ་གསར་པ་ཞིག

འོས་སྦྱོར་བ། ཀ་ཉག་ཚེ་རིང་།

བོད་ནང་གི་གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་བར། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ཤར་ཙམ་ལ་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཆོས་འཕེལ། རང་ལོ་ ༣༤ ཡིན་པ་ཁོང་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་ཀྱང་།  ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་འདི་ནས་ཤེས་རྟོགས་མ་ཐུབ། ཡང་ཁོང་དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་ལྷ་ས་ནས་དང་། ཕྱི་ལོ་

དེ་ལས་མང་བ་། “བོད་ནང་གི་གནས་ཚུལ་གསར་པ་ཞིག” »

གསར་འགྱུར།

སེམས་གཏམ་དམར་པོ།

Posted on 2021-09-25 By ཁ་བརྡ 3 Comments on སེམས་གཏམ་དམར་པོ།

དགེ་བཤེས་བློ་བཟང་དཔལ་ལྡན་གྱིས་ཨོ་གླིང་ནས།

རི་རབ་ལྷུན་པོ་རླུང་གིས་སྤུར་མི་སྲིད།།
རྒྱ་མཚོ་ཆེན་པོ་མེ་ཡིས་ཚིག་མི་སྲིད།།
ཆོལ་གསུམ་བོད་མིའི་དམ་ཚིག་འཐོར་མི་སྲིད།།
བདེན་དོན་རྩོད་པའི་དཔུང་སྡེ་འཐོར་མི་སྲིད།།
ཅེས་རང་སེམས་གསོ་བའི་ཚིགས་སུ་བཅད་པ་གཅིག་གིས་མདུན་བསུས་ཏེ། འདིར་རང་གི་སྙིང་གཏམ་མདོར་བསྡུས་ཤིག་བཤད་པར་འདོད་དེ། དེ་ཡང་སྤྱི་ལོ་དུས་རབས་སྔོན་མའི་དུས་དཀྱིལ་ཙམ་ནས་རང་ས་ཡོངས་རྫོགས་དགྲ་ལག་ཏུ་ཤོར་ཞིང་། མི་རིགས་དང་རྒྱལ་ཁབ་ཀྱི་བདག་དབང་གཏན་དུ་ཡལ་ཏེ། གཞན་ཡུལ་མི་གྱར་ཐབས་མེད་ཀྱི་གནས་སྟངས་འདི་བྱུང་བ་ཡིན་ལ། འདས་པའི་ལོ་ངོ་ཇི་སྙེད་ཀྱི་

དེ་ལས་མང་བ་། “སེམས་གཏམ་དམར་པོ།” »

གསར་འགྱུར།

ཟླ་བའི་མཛེས་སྡུག་ལས་བཏུས་པའི་སྙན་ངག

Posted on 2021-09-232021-09-25 By ཡེ་ཤེས་ No Comments on ཟླ་བའི་མཛེས་སྡུག་ལས་བཏུས་པའི་སྙན་ངག

ཀླུ་སྨྱོན། དབྱར་གསུམ་ཆར་བའི་ཀློང་གི་གློག་ཞགས་ཀྱིས།།རི་བོའི་མགུལ་བ་དཀྲིས་ཏེ་རྒྱང་ལ་ཡལ།།སྤྲིན་པ་ནག་པོ་ཞིག་གི་གྲུ་ཟུར་ནས།།མཛེས་སྡུག་ཟླ་བའི་ཞལ་རས་དལ་བུར་མངོན།། སྙན་ངག་མཁན་པོ་སྟོང་གི་སྨྱུག་རྩེ་རུ།།ཁྱོད་ཉིད་གཅིག་བུ་སྣག་ཚའི་དྲི་ཞིམ་འཐུལ།།ཤོག་དཀར་གཅལ་དུ་བཀྲམ་པའི་སྒང་གཤོང་ན།།ཁྱེད་ཉིད་ཁོ་ན་ཚིག་རྒྱན་ཕུན་སུམ་ཚོགས།།

གསར་འགྱུར།

རྒྱ་ནག་གིས་རྩ་རྫོགས་བྱེད་ལ་ཉེ་བའི་བོད།

Posted on 2021-08-24 By ཁ་བརྡ No Comments on རྒྱ་ནག་གིས་རྩ་རྫོགས་བྱེད་ལ་ཉེ་བའི་བོད།

སྡིགས་པ་ར་ཛ།

༡ བོད་ཀྱི་ས་ཁུལ་དུ་མི་བསད་ཁྲག་གི་འཁོར་ལོ་བསྐོར་ཏེ་ཞི་བའི་བཅིངས་གྲོལ་མིང་བཏགས་པ།

ད་ལོ་སྟེ་༢༠༢༡་ལོ་བོད་ཞི་བས་བཅིངས་གྲོལ་བཏང་སྟེ་ལོ་བདུན་ཅུ་འཁོར་བའི་མཛད་སྒོ་འཚོགས་བཞིན་པའི་རྣམ་པ་མཐོང་བ་དང་། དེ་ལ་ཚོར་སྣང་མ་བདེ་བ་ཞིག་གིས་བཟི་སྟེ་ཉིན་ཤས་རིང་བསམ་བློ་བཏང་བ་ཡིན། ཞི་བས་བཅིངས་གྲོལ་བཏང་བ་ཞེས་པ་དེ་བོད་པ་གཏན་ནས་མ་བསད་པར་དབང་དུ་བསྡུས་པ་ལ་གོ་ཡང་། དེ་ནི་དངོས་ཡོད་གནས་ཚུལ་ཞིག་ག་ལ་ཡིན། ༡༩༥༩་ལོར་བཙན་བྱོལ་ལ་ཡོང་བའི་ལམ་བར་དང་རྒྱ་གར་དུ་ས་མ་འཕྲོད་ནས་ཤི་བ་རྣམས་རོབ་རྩིས་བྱས་པ་ཡིན་ན་༨༧༠༠༠་ཁྲི་བརྒྱད་དང་བདུན་སྟོང་ཤི་འདུག འདི་ཡང་རྒྱ་ནག་བཙན་ཤེད་ཀྱིས་རང་ས་འཕྲོག་སྟེ། གཞན་ཡུལ་དུ་ཕུད་བཞག་པ་ལ་བརྟེན་ནས་བྱུང་བ་རེད། ༡༩༩༤་ལོར་ཨ་རིའི་གསར་ཁང་ཞིག་ཏུ་བཀོད་པ་ལྟར་ན་མདོ་དབུས་ཁམས་གསུམ་ཀུན་ཏུ་རྒྱ་དམག་གིས་བསད་པ་རྣམས་སྡོམ་༡༢༠༠༠༠༠་བྱེ་བ་གཅིག་དང་འབུམ་གཉིས་ལྷག་བསད་འདུག དེ་ལ་ཞི་བའི་བཅིངས་གྲོལ་ཟེར་བ་རེད་དམ།

དེ་ལས་མང་བ་། “རྒྱ་ནག་གིས་རྩ་རྫོགས་བྱེད་ལ་ཉེ་བའི་བོད།” »

གསར་འགྱུར།

རྒྱ་ནག་གཞུང་གིས་རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་ལགས་འཛིན་བཟུང་བྱས་པ།

Posted on 2021-08-052021-08-05 By ཁ་བརྡ No Comments on རྒྱ་ནག་གཞུང་གིས་རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་ལགས་འཛིན་བཟུང་བྱས་པ།

ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༣ ཉིན་བོད་ནས་གནས་ཚུལ་འབྱོར་བར། ཟླ་སྔོན་མའི་ཚེས་༢༠ ཡས་མས་ཤིག་རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ། རང་ལོ་ ༤༥ ཙམ་ཡིན་པ་ཁོང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ལྟ་མུ་མཐུད་བཀག་ཉར་བྱས་ཡོད་ཅིང་དོན་དག་ཅིའི་ཕྱིར་འཛིན་བཟུང་བྱས་པ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་ཐུབ། དགེ་

དེ་ལས་མང་བ་། “རྒྱ་ནག་གཞུང་གིས་རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་ལགས་འཛིན་བཟུང་བྱས་པ།” »

གསར་འགྱུར།

འབུམ་ཚོགས་ཀྱི་དཔེ་དེབ་གསར་ཐོན་ངོ་སྤྲོད་དང་པོའི་གསལ་བསྒྲགས།

Posted on 2021-07-262021-08-01 By ཁ་བརྡ No Comments on འབུམ་ཚོགས་ཀྱི་དཔེ་དེབ་གསར་ཐོན་ངོ་སྤྲོད་དང་པོའི་གསལ་བསྒྲགས།

ཟླ་འདིའི་ཟླ་སྟོད་ལ།  ང་ཚོས་བོད་པ་འབུམ་རམས་པའི་སློབ་མ་དང་མཁས་པ་སྐོར་ཞིག་གིས་གྲུབ་པའི་འབུམ་ཚོགས་ཞེས་པའི་ཚོགས་པ་དེའི་ལས་གཞི་འགའ་ཁྱབ་བསྒྲགས་བྱས་པ་ཡིན།  འདིར་གསལ་བཤད་བྱེད་དགོས་པ་ཞིག་ལ།  ལས་གཞི་དེ་དག་ནི་ལ་རྩེ་ཡི་འཆར་འགོད་བྱས་པ་ཞིག་མིན་པར།  འབུམ་རམས་པ་ཁོང་ཚོས་འབུམ་རམས་པ་སློབ་སྦྱོང་སྐབས་ཀྱི་ཤེས་རྟོགས་དང་ཉམས་མྱོང་བཅས་ཡུལ་ཕྱོགས་ཀྱི་དོ་སྣང་ཅན་རྣམས་ལ་སྤེལ་ཆེད་དུ་འཆར་འགོད་གནང་བ་ཞིག་ཡིན།  ལ་རྩེ་ཡིས་ལས་གཞི་འདི་དག་ལ་དོ་དམ་དང་རམ་འདེགས་ཀྱི་ཞབས་ཞུ་ཞུ་རྒྱུ་བྱུང་བ་ནི་ང་ཚོས་སྐལ་བཟང་དུ་སྒོམ་བཞིན་ཡོད།  ཟླ་བདུན་པའི་ཟླ་དཀྱིལ་ལ་འབུམ་ཚོགས་ཀྱི་གཏམ་བཤད་ཕྲེང་བ་དང་པོ་སྤེལ་བའི་རྗེས་མཐུད་ནས་ད་ལྟ་འབུམ་ཚོགས་ཀྱི་དཔེ་དེབ་གསར་ཐོན་ངོ་སྤྲོད་ཐེངས་དང་པོ་ཁྱབ་བསྒྲགས་བྱེད་ཀྱི་ཡོད།  དཔེ་དེབ་གསར་ཐོན་ངོ་སྤྲོད་ཐེངས་དང་པོ་འདི་སྔར་འཆར་ལྟར་ན་ཟླ་འདིའི་ཚེས་ཉེར་བཞིའི་ཉིན་རིག་འབྱུང་དོན་གྲུབ་བཀྲ་ཤིས་ནས་གནང་རྒྱུ་ཡིན་ཡང་།  དེ་ལ་གཤམ་གསལ་ལྟར་འགྱུར་བ་གཏོང་དགོས་བྱུང་།  

དེ་ལས་མང་བ་། “འབུམ་ཚོགས་ཀྱི་དཔེ་དེབ་གསར་ཐོན་ངོ་སྤྲོད་དང་པོའི་གསལ་བསྒྲགས།” »

གསལ་བསྒྲགས།, ངོ་སྤྲོད།

Posts pagination

Previous 1 2 3 … 212 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (61)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme