Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རབ་ཀྱི་ནམ་མཁར་ཕྱོགས་པ།

Posted on 2009-12-112009-12-14 By བེ་རི་འཇིགས་མེད 18 Comments on ཤེས་རབ་ཀྱི་ནམ་མཁར་ཕྱོགས་པ།

བེ་རི་འཇིགས་མེད། ཐུགས་བསྐྱེད་རླུང་གིས་བསྐུལ་བའི་འུར་གྱིས་མི་མངོན་གནམ་གྱི་མཐོངས་ན་ལྡིང།། གནམ་གྱི་དགུ་ཚིགས་ཚལ་བར་གཤགས་ཏེ་ཟླ་བའི་གོ་ལའི་འཇིངས་ན་རྩེན།། བྱམས་བརྩེ་དཀྱིལ་འཁོར་ཟླུམ་པོའི་གུར་དུ་དཀར་གསལ་འོད་རིས་འཁྱིལ་བའི་ཀློང་།། གཞན་ཕན་སྤྱན་གྱི་དོན་ཡོད་ཞགས་པས་གོ་ལའི་ཁྱོན་འདི་འཆིངས་བཞིན་འགྱིང་།། འཚེ་མེད་ཐབས་འཕྲུལ་འཐོར་རླུང་འཚུབ་མས་སྤྲིན་དང་སྨུག་པ་དབྱིངས་ནས་དབྲལ།། ཞི་བདེའི་འོད་ཀྱི་ཞུན་ཐིགས་བསིལ་མས་གོ་ལ་ཟླུམ་པོའི་མེ་དྲོད་བཅིལ།། འདྲ་མཉམ་གཉིས་ཕན་རླབས་ཆེན་མཛད་པས་རེ་དོགས་མུན་པའི་གྲོང་ཁྱེར་འཇོམས།། ལེགས་ཉེས་འབྱེད་པའི་ཤེས་རབ་རླབས་ལྡན་མུ་མེད་རྒྱ་མཚོ་མཁའ་ལ་འཕྱུར།། སུ་དང་གང་གི་བསམ་པའི་ར་བར་བཙན་གྱིས་བརྫངས་ཀྱང་མི་ཤོངས་པའི།། བྱམས་བརྩེ་མཁྱེན་རབ་འཇུག་པའི་ཁོ་ལག་གསེར་གྱི་ལྷུན་པོའི་གཏོས་ལྟར་མཐོ།། གཞན་ཕན་མཛད་བཟང་འཕྲིན་ལས་བཟང་པོ་མི་མངོན་གནམ་གྱི་མཐོངས་ལྟར་ཡངས།། བླ་ན་མེད་པའི་ཡ་མཚན་འབུམ་ལྡན་སྐྱེས་ཆེན་ཁྱོད་ཉིད་ནམ་ཡང་དྲན།། དེ་རིང་བཀྲ་ཤིས་ལྷ་ཉིན་དཀར་མོ་གོ་ལའི་ཁྱོན་ལ་འཆར་བའི་དུས། སྨྲ་བ་ངག་ལ་སྒོ་ལྕགས་ཐེབས་པའི་གཞིས་བཞུགས་བོད་རིགས་འབུམ་ཕྲག་བརྒྱའི།།…

དེ་ལས་མང་བ་། “ཤེས་རབ་ཀྱི་ནམ་མཁར་ཕྱོགས་པ།” »

གསར་འགྱུར།

དམ་དྲག་འོག་གི་བལ་ཡུལ་བོད་མིའི་དུས་ཆེན།

Posted on 2009-12-11 By ཀླུ་ 5 Comments on དམ་དྲག་འོག་གི་བལ་ཡུལ་བོད་མིའི་དུས་ཆེན།

༸གོང་ས་མཆོག་གིས་ཞི་བདེ་གཟེངས་རྟགས་བཞེས་བའི་དུས་ཆེན་ཉིན་བལ་ཡུལ་གཞུང་གིས་སྔ་ས་ནས་བོད་མི་འདུས་སྡོད་ས་གནས་ཁག་དང་། སློབ་གྲ། དགོན་པ། སྣེ་ལེན་ཁང་བཅས་སུ་ཉེན་རྟོག་པ་དང་དམག་མི་མང་པོ་དཀྲམས་ནས་བོད་མི་ཚོའི་འགྲོ་བསྐྱོད་ལ་བཀག་བསྡོམས་བྱས་ནས་ཉིན་གང་ལ་སྲུང་ནས་དམ་དྲག་བྱས་མིན་ལ་མ་བལྟོས་བར་བོད་མི་སྟོང་ཕྲག་བརྒལ་བ་མཉམ་དུ་འཛོམས་ནས་གཞུང་འབྲེལ་དུས་ཆེན་སྲུང་བརྩི་བྱས་ཐོག་བོད་མི་དང་ཧི་མ་ལའི་མི་རིགས་མཉམ་འབྲེལ་ཐོག་བལ་ཡུལ་གྱི་ཚགས་པར་ཐོག་༸གོང་ས་མཆོག་ལ་འདི་ལྟར་མཚམས་འཕྲིན་འབུལ་བའི་ལམ་ནས་དུས་ཆེན་སྲུང་བརྩི་བྱས་ཡོད།

གསར་འགྱུར།

ངའི་སྙན་ངག་གི་ཀློག་པ་པོ་རེ་ཟུང་ལ།

Posted on 2009-12-082009-12-08 By ཡེ་ཤེས་ 8 Comments on ངའི་སྙན་ངག་གི་ཀློག་པ་པོ་རེ་ཟུང་ལ།

ཀླུ་སྨྱོན། ངས་མི་ལོ་ཉི་ཤུར་སྙིང་དབུས་སུ་སྦྲུམ་པའི་སྙན་ངག་གི་ཁྱེའུ་དཀར་པོ་འདི། ཁྱེད་ཚོའི་འབག་བཙོག་གི་ལག་པར་ངས་གཏན་ནས་འཇོག་ན་མི་འདོད་ཀི ཆེས་དྭངས་གཙང་གི་ནམ་མཁའི་ཀློང་ན་ཕྱོགས་མེད་དུ་རྒྱུ་བའི་སྙན་ངག་གི་གླག་རྒོད་དར་མ་འདི། ཁྱེད་ཚོས་རྒྱ་ཡན་དུ་དབྱུགས་པའི་ཕྲག་དོག་གི་ཞགས་སྣེར་འཁོན་དུ་འཇུག་ན་མི་འདོད་ཀི ངས་རང་གི་ཟུངས་ཁྲག་ཐིགས་པ་རེ་རེས་སྐྱེད་སྲིང་བྱས་པའི་སྙན་ངག་གི་རྒྱ་སེ་མེ་ཏོག་འདི། ཁྱེད་ཅག་གི་གདུག་རྩུབ་ཅན་གྱི་སད་དང་སེར་བར་འཁྱེར་དུ་འཇུག་ན་མི་འདོད་ཀི རྩྭ་ལྗང་གི་རྦ་རླབས་གཅིག་རྗེས་གཉིས་མཐུད་དུ་འོངས་པའི་སྙན་ངག་གི་སྤང་ལྗོངས་ཡངས་པོ་འདིར། ཁྱེད་ཅག་གི་ཁྱད་གསོད་ཀྱི་སྟོན་རླུང་དྲག་པོ་གཡུག་གི་འཇུག་ན་མི་འདོད་ཀི ངས་རང་གི་ཆེས་བླ་མེད་ཀྱི་བརྩེ་དུང་གིས་བླུས་པའི་སྙན་ངག་གི་མཛེས་སྡུག་དགའ་མ་འདིར། ཁྱེད་ཅག་གི་ཆགས་སེམས་དྲག་པོས་མྱོས་པའི་མིག་ཟུང་གིས་བལྟ་རུ་འཇུག་ན་མི་འདོད་ཀི སྒྱུ་རྩལ་དང་བྱིན་རླབས་ཀྱི་དྲོད་ཁོལ་ཉམས་པ་མེད་པའི་སྙན་ངག་གི་ཁྱིམ་གཞིས་ཆུང་ཆུང་འདིར། ཕྱོགས་ངེས་མེད་ནས་འོངས་པའི་འཁྱམ་པོ་ཁྱོད་ཚོ་འདུག་གི་འཇུག་ན་མི་འདོད་ཀི ངས་མིག་ཆུ་དང་མིག་ཆུ་བསྲེས་ནས་བྲིས་པའི་སྙན་ངག་གི་ལྡེབས་རིས་རིང་མོ་འདིར། ཁྱེད་ཅག་གི་མཐོང་ཆུང་གི་སྣག་ཚ་ནག་པོས་འདྲུད་དུ་འཇུག་ན་མི་འདོད་ཀི…

དེ་ལས་མང་བ་། “ངའི་སྙན་ངག་གི་ཀློག་པ་པོ་རེ་ཟུང་ལ།” »

གསར་འགྱུར།

ཞིབ་འཇུག་གི་རོགས་རམ་གསལ་བསྒྲགས།

Posted on 2009-12-08 By དགེ་རབ་ 6 Comments on ཞིབ་འཇུག་གི་རོགས་རམ་གསལ་བསྒྲགས།

ཞིབ་འཇུག་གི་རོགས་རམ་གསལ་བསྒྲགས།

ཀུན་ཕན་ཐེབས་རྩེ་ཚོགས་པས་དགའ་བོས་ངང་༢༠༡༠་ནས་༢༠༡༡ལོའི་བར་གྱི་ཞིབ་འཇུག་གི་རོགས་ རམ་བྱ་དགའ་གསལ་བསྒྲ་གས་བྱེད་རྒྱུ་ཡིན། བྱ་དགའ་འདིའི་དམིགས་ཡུལ་ནི་ཆེད་ལས་བ་དང་།མཁས་པ་དང་སྒྱུ་རྩལ་པ་རྣམས་ལ་རྒྱབ་ སྐྱོར་བྱེད་ནས་སྤྱི་ཚོགས་ཚན་རིན་དང་། སྒྱུ་རྩལ་རིག་གནས་དང་ཚན་རིན་བཅས་རིག་གནས་ཁག་ནས་མུ་མཐུད་ད་ུཤེས་བྱ་ཐོབ་པའི་ ཆེད་དུ་ཡིན། ལས་གཞི་འདིས་ཀྲོང་གོའི་བོད་ཁུལ་དུ་སྤེལ་བཞིན་པའི་དེང་རབས་ཅན་དུ་འགྱུར་བའི་ རྒྱུད་རིམ་ནང་གི་རྙོག་འཛིངས་སོགས་རྒྱུས་ཡོད་བྱེད་པར་ཕན་པའི་ཞིབ་འཇུག་གི་ བྱེད་སྒོ་ལ་རྒྱབ་སྐྱོར་བྱེད་ནས་མཐའ་མིའི་གྲུབ་འབྲས་སུ་རྒྱུན་གནས་ཐུབ་པ་དང་ ས་གནས་ཀྱི་རིག་གནས་དང་འབྲེལ་ཡོད་ཀྱི་འཕེལ་རྒྱས་ཀྱི་མ་དཔེ་རྣམས་ངོས་འཛིན་ བྱེད་པར་ཡིན།

ང་ཚོས་ལོ་རེར་རིང་ན་ཟླ་བ་༡༢་ལ་རྒྱ་ནག་ནང་དང་རྒྱལ་སྤྱི་ཡང་ན་ གཉིས་འཛོམ་གྱི་ཞིབ་འཇུག་རོགས་རམ་གྱི་བྱ་དགའ་འབུལ་གྱི་ཡོད། ཞིབ་འཇུག་བྱ་དགའ་འདིས་ཞིབ་འཇུག་སྐབས་ཀྱི་འགྲིམ་འགྲུལ་དང་། སྨན་བཅོས་གྱོང་སྐྱིན་དང་ཉེན་བྱོལ་གྱོང་སྐྱིན། ཞིབ་འཇུག་གིྱ་བྱེད་སྒོ་དང་འབྲེལ་ཡོད་ཀྱི་འགྲོ་སོང་། གཞན་ཡང་འཚོ་བའི་ཕོགས་སྣོན་སོགས་ཀྱི་འགྲོ་སོང་གཏོང་ཆེད་ཡིན།༼ཆེད་ལས་འཕེལ་ རྒྱས་ཀྱི་གོ་སྐབས་ལ་ཞུགས་རྒྱུ་དེ་ཀུན་ཕན་ཐེབས་རྩ་ཚོགས་པའི་ཆོག་འཆན་ཐོབ་ རྗེས་ད་གཟོད་རྒྱབ་སྐྱོར་བྱེད་རྒྱུ་རེད༽

དེ་ལས་མང་བ་། “ཞིབ་འཇུག་གི་རོགས་རམ་གསལ་བསྒྲགས།” »

གསར་འགྱུར།

སྟོང་ཉིད་རྟོགས་སྟངས་གཞན་ཞིག

Posted on 2009-12-06 By ཡེ་ཤེས་ 9 Comments on སྟོང་ཉིད་རྟོགས་སྟངས་གཞན་ཞིག

ཀླུ་སྨྱོན། ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །ནམ་མཁའི་ལམ་ལ་རབ་གནས་པ། །འཇམ་དཔལ་མཚན་བརྗོད་ལས། འོད་གསལ། གཉུག་མ། ཀ་དག ཆོས་དབྱིངས། འདི་དག་ནི་དོན་གཅིག་མིང་གི་རྣམ་གྲངས་ཤིག་རེད་ལ། འདི་དག་ནི་མཐར་ཐུག་གི་གནས་མལ་ཞིག་ཀྱང་རེད། འོད་གསལ་དེའི་ཆེད་དུ། འཁོར་བ་ཐོག་མ་མེད་པ་ནས། མུན་ནག་ལ་སྐྲག་ཞོར་དང་འདར་ཞོར། རང་ལུས་ཡིན་ཡང་མེ་རུ་སྒྲོན་འདོད་ཀྱི་དཔའ་སྤོབས་ཤིག་བཙལ་བ་རེད། ཡང་སྙིང་ཞིག་གམ།…

དེ་ལས་མང་བ་། “སྟོང་ཉིད་རྟོགས་སྟངས་གཞན་ཞིག” »

གསར་འགྱུར།

ཞི་བདེའི་དེད་དཔོན་དང་ཁོང་གི་དམག་དཔུང་།

Posted on 2009-12-06 By ཀླུ་ 17 Comments on ཞི་བདེའི་དེད་དཔོན་དང་ཁོང་གི་དམག་དཔུང་།

us-army-paratroopers-in-iraqམི་ནག་ཚང་ལུང་རིགས

ཕྱི་ཚེས་ ༡༠ ཉིན་སྲིད་འཛིན་ཨོ་བྷ་མས་ཨོ་སུ་ལོ་ནས་ལོ་འདིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་རྒྱུ་རེད། འདི་ནི་ཁོང་གིས་ཨབ་གྷན་དུ་ཨ་རིའི་དམག་མི་ ༣༠༠༠༠ འཕར་སྣོན་བྱ་རྒྱུའི་གསལ་བསྒྲགས་བྱས་པའི་ཉིན་དགུའི་རྗེས་ལ་འཁེལ་ཡོད།
ལོ་འདིར་སྲིད་འཛིན་ཨོ་བྷ་མར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་འདུག་ཅེས་ཐོག་མར་གོ་མ་ཐག ང་ལ་རང་བཞིན་གྱིས་མི་བདེ་བ་ཞིག་ཆགས་སོང་། ཉིན་བཞིའི་སྔོན་ལ་ཁོང་གིས་དམག་རྒྱག་རྒྱུའི་གསལ་བསྒྲགས་བྱས་པ་དང་། ཉིན་ལྔའི་རྗེས་ལ་ཁོང་ནོར་ཝེ་ལ་ཕྱིན་ཏེ་ཞི་བདེའི་གཟེངས་རྟགས་བཞེས་རྒྱུ་ཡིན་པ་འདི་བསམ་ན་ལྷག་པར་དུ་མི་བདེ་བ་ཞིག་རེད།
སྲིད་འཛིན་ཨོ་བྷ་མའི་གསལ་བསྒྲགས་ཀྱི་རྗེས་སུ་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དག་གིས་ཀྱང་བསྐྱར་དུ་རང་རང་ས་ནས་དམག་མི་གྲ་སྒྲིག་བྱེད་ཀྱིན་ཡོད་ལ། ད་ལྟའི་ཆར་རྒྱལ་ཁབ་ ༢༥ ཡིས་ཨབ་གྷན་ནང་དུ་དམག་མི་འཕར་སྣོན་བྱ་རྒྱུའི་ཁས་ལེན་བྱས་འདུག དེར་བརྟེན་མི་འགྱངས་པར་ནུབ་ཕྱོགས་ཀྱི་དམག་མི་ཆིག་འབུམ་བཞི་ཁྲི་ལྷག་ཅིག་གནའ་བོའི་དར་ལམ་ལ་འབབ་རྒྱུ་རེད།

དེ་ལས་མང་བ་། “ཞི་བདེའི་དེད་དཔོན་དང་ཁོང་གི་དམག་དཔུང་།” »

གསར་འགྱུར།

ཞལ་འདེབས་སློང་གི་འདུག་ཟེར།

Posted on 2009-12-02 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 28 Comments on ཞལ་འདེབས་སློང་གི་འདུག་ཟེར།

བོད། ལྷ་ྐླུ་གཉན་གསུམ།

ང་ཚོ་བོད་པ་དག་གིས་ཕྱི་རྒྱལ་གྱི་མི་ཞིག་དང་ངོ་ཤེས་ཆགས་པ་ནས་བཟུང་དེ། དམིགས་ཡུལ་ཡང་དེ་མཚུངས་ཀྱི་བཟང་བོ་ཞིག་མེད་པར་འདུག་པའི་ཚོར་བ་དེ་ནི་ང་རང་ལ་སྔ་ས་ནས་སྐྱེ་མྱོང་ཡོད་ཀྱང་། དེའི་བསྐོར་ལ་གང་ཡང་བཤད་འདོད་མེད་པར་བཞག་པ་ཡིན། འོན་ཀྱང་། དེ་རིང་འདི་ནས་མ་གླེང་ཐབས་མེད་ཀྱི་གནས་ཚུལ་ཞིག་ནི་འདི་འདྲ་རེད། འོག་གི་སྐད་ཆ་འདི་དག་ནི་ང་རང་གི་ངོ་ཤེས་པའི་ཕྱི་རྒྱལ་བ་གྲོགས་མོ་ཞིག་གི་སྐད་ཆ་དངོས་ཡིན།

ངས་ཁོ་མོ་འདི་ལྟར་དྲིས་པ་ཡིན། ཁྱེད་རང་གི་གྲྭ་བ་དེ་ཇི་ལྟར་ངོ་ཤེས་པ་ཡིན།

ཁོ་མོས་ང་རང་ལ་བཤད་རྒྱུར།

དེ་ལས་མང་བ་། “ཞལ་འདེབས་སློང་གི་འདུག་ཟེར།” »

གསར་འགྱུར།

༡༩༢༡ ལོའི་ཇོ་མོ་གླང་མའི་རི་འཛེགས་ནང་གི་བོད་མི་ཞིག།

Posted on 2009-12-02 By dhatsenpa 6 Comments on ༡༩༢༡ ལོའི་ཇོ་མོ་གླང་མའི་རི་འཛེགས་ནང་གི་བོད་མི་ཞིག།

 ཚེ་བརྟན་དབང་འདུས་ (Chheten Wangdi ) ནི་༡༩༢༡ ལོའི་ཇོ་མོ་གླང་མའི་རི་འཛེགས་ཚོ་ཁག་གི་མགོ་གཙོ་དང་སྐད་སྒྱུར་བ་ཡིན། ཁོང་ནི་བོད་མི་ཡིན་ཞིང་དེ་སྔོན་བོད་དམག་གི་མགོ་ཁྲིད་ཡང་གནང་མྱོང་བ་མ་ཟད་འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་ཨི་ཇིབ་ནང་ཡོད་པའི་རྒྱ་གར་གྱི་དམག་ལའང་འབྲེལ་་བ་ཡོད།I.  ༡༩༢༡ ལོའི་རི་འཛེགས་ནང་མེ་ཇོར་མོར་སི་ཧེ་ཌེི་ཁོ་ནས་བོད་སྐད་ཅུང་ཟད་བཤད་ཤེས།་པ་མ་གཏོགས་གཞན་པ་ཚོས་བོད་སྐད་མི་ཤེས།ཁོང་ཚོར་བོད་མི་རྣམས་ལ་རྒྱུས་ལོན་དང་་ཕན་ཚུན་བར་སྐད་ཆ་བཤད་པའི་ཆེད་སྐད་སྒྱུར་ཞིག་དགོས་གལ་ཆེན་པོ་ཡིན། སྐད་སྒྱུར་བ་ནི་འབྲས་ལྗོངས་སྒང་ཐོག་ནས་ཡིན་པའི་ཀ་ཟི་རྒྱལ་མཚན་གཡོན་དང་བོད་མི་ཚེ་བརྟན་དབང་འདུས་གཡས། ཚེ་བརྟན་དབང་འདུས་ཀྱིས་རྒྱ་གར་དང་མཉམ་ཨི་ཇིབ་ནང་དམག་རྒྱབ་ཡོད་པ་དང་། ཐེངས་འདིའི་རི་འཛེགས་ནང་འགན་ཁུར་གྱི་ཕྱག་ལས་གནང་། པར་པ།…

དེ་ལས་མང་བ་། “༡༩༢༡ ལོའི་ཇོ་མོ་གླང་མའི་རི་འཛེགས་ནང་གི་བོད་མི་ཞིག།” »

གསར་འགྱུར།

ངའི་ཆུང་འདྲིས་རོགས་ལོ་མི་རིག་གི

Posted on 2009-11-29 By dhatsenpa 25 Comments on ངའི་ཆུང་འདྲིས་རོགས་ལོ་མི་རིག་གི

རྒྱང་བཀྱེད་ལས་རྒྱ་ཁོག་རིག་གི་ར།། གོས་འབྲུག་ཚང་རི་མོ་མི་རིག་གི། གོས་འབྲུག་ཚང་རི་མོ་མ་རིག་ན།། རྒྱང་བཀྱེད་ལས་རྒྱ་ཁོག་རིག་གས་ཆེད།། ཁྱ་ཁྱུག་གེ་སྡེ་ཟིག་རིག་གི་ར།། ངའི་ཆུང་དུས་རོགས་ལོ་མི་རིག་གི། ངའི་ཆུང་དུས་རོགས་ལོ་མ་རིག་ན།། ཁྱ་ཁྱུག་གེ་སྡེ་ཟིག་རིག་གས་ཆེད།། འདི་ཨ་མདོའི་ལ་གཞས་ཞིག་རེད། ཡིག་སྐད་ལྟར་བྲིས་ན་བྲོ་བ་མི་འདུག་པ་མ་ཟད་སྐད་གཞན་པ་ཞིག་ཡིན་པ་ལྟ་བུའི་ཚོར་སྣང་སྟེར། གཞན་ཨམ་སྐད་ལ་རྒྱུས་ལོན་ཆེད་འདི་ལྟར་བྲིས། རྒྱ་ཁོག རྒྱ་ནང་ངམ་རྒྱ་གྲོང་། རིག་གི་ར མཐོང་ནའང་།…

དེ་ལས་མང་བ་། “ངའི་ཆུང་འདྲིས་རོགས་ལོ་མི་རིག་གི” »

གསར་འགྱུར།

ང་ལ་རྩོམ་ཡིག་རེའི་རྒྱབ་སྐྱོར་གནང་རོགས།

Posted on 2009-11-29 By ཀླུ་ No Comments on ང་ལ་རྩོམ་ཡིག་རེའི་རྒྱབ་སྐྱོར་གནང་རོགས།

ང་ལ་རྩོམ་ཡིག་རེའི་རྒྱབ་སྐྱོར་གནང་རོགས། དྲ་གྲོགས་ཚོ། དུས་ཡུན་གང་འཚམ་ཞིག་རིང་ཁྱེད་ཅག་དང་ལྷན་དུ་དྲ་ཐོག་ནས་མཉམ་འགྲོ་མཉམ་འདུག་བྱེད་མ་ཐུབ་པར་འདི་ལྟར་དྲ་བའི་ཕྱི་རོལ་ནས་མི་ཁོམ་པའི་ལས་དོན་ཙག་ཙིག་གི་གསེང་དུ་ལྷུང་སྟེ་ད་དུང་ཡང་དེ་ལས་མ་ཐར་བར་ལྷག་ཡོད་པས་ཐོག་མར་ཁོ་བོའི་སྐད་ཆའི་ཚོམས་ཀྱི་སྐུ་མགྲོན་དུ་ཕེབས་མི་ཚོར་མགྲོན་བསུའི་སྣེ་ལེན་གང་ཡང་ཞུ་མ་ཐུབ་པར་དགོངས་དག་ཞུ་བ་དང་ཆབས་ཅིག དེ་རིང་འདིར་འཁྱུག་ཙམ་རིང་དྲ་ཐོག་ཏུ་ཡོང་དོན་ནི་འཆར་ཟླའི་ཚེས་༡༠ཉིན་ཏེ་༸གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་དུས་ཆེན་ཉིན་གྲྭ་རྐྱང་ཞིག་གི་སེམས་པ་མཚོན་བྱེད་དམ། བོད་ཀྱི་སྙན་ངག་གི་ཞབས་འདེགས་སུ་དམིགས་ཏེ་སྙན་ངག་ཁོ་ནའི་ཚགས་པར་ཞིག་དཔར་སྐྲུན་བྱེད་རྩིས་ཡོད་པས་མཁྱེན་ཡངས་དྲ་གྲོགས་རྣམ་པས་ཁོ་བོར་དེ་འབྲེལ་གྱི་རྩོམ་ཡིག་རེ་བསྐུར་གནང་ཡོང་བའི་འབོད་སྐུལ་ཞུ། ཚགས་པར་གྱི་མིང་དང་འདོན་ཡུན་སོགས་ད་དུང་གཏན་འཁེལ་ཞིག་མེད་པས་འདིར་འགོད་ཐབས་མ་བྱུང་ལ། རྗེས་ཕྱོགས་གཏན་འཁེལ་བྱུང་མཚམས་ཁྱེད་དྲ་གྲོགས་ཚོར་སྙན་སྒྲོན་ཞུ་ངེས་ཡིན།རྩོམ་བསྐུར་ཡུལ། ཁོ་བའི་གློག་འཕྲིན་ཁ་བྱང་། shitsangwa@yahoo.comའབྲེལ་ཡུལ་ཁ་པར་ཨང་གྲངས། ༩༩༤༥༥༣༧༥༣༣

གསལ་བསྒྲགས།

དོ་དགོང་གི་ཚོར་བ་འདི།

Posted on 2009-11-282009-11-29 By ཡེ་ཤེས་ 13 Comments on དོ་དགོང་གི་ཚོར་བ་འདི།

moon01a
ཀླུ་སྨྱོན།
དོ་དགོང་གི་ཚོར་བ་འདི།

ཆ་རྒྱུས་མེད་པའི་གྲོང་ཁྱེར་ཆེན་པོ་ཞིག་གི་དཀྱིལ་ནས་ལས་ཀ་འཚོལ་བ་དང་འདྲ།

དོ་དགོང་གི་ཚོར་བ་འདི།

བག་གསར་ཞིག་གི་ཁྱོ་ཀ་རླངས་འཁོར་བརྡབ་སྐྱོན་གྱི་ཆག་སྒོར་འཕྲད་པ་དང་འདྲ།

དོ་དགོང་གི་ཚོར་བ་འདི།

རྒྱ་མཚོ་ཆེན་པོ་ཞིག་གི་དཀྱིལ་ནས་གླིང་ཕྲན་ཞིག་འཚོལ་བ་དང་འདྲ།

དོ་དགོང་གི་ཚོར་བ་འདི།

གཞས་པ་གྲགས་ཅན་ཞིག་གི་མགྲིན་པ་འགག་པ་དང་འདྲ།

དེ་ལས་མང་བ་། “དོ་དགོང་གི་ཚོར་བ་འདི།” »

གསར་འགྱུར།

འདི་འདྲ་ཞིག་ང་ཚོས་ཅིས་ཀྱང་བྱ་དགོས་པ་འདྲ།

Posted on 2009-11-25 By ཀླུ་ 3 Comments on འདི་འདྲ་ཞིག་ང་ཚོས་ཅིས་ཀྱང་བྱ་དགོས་པ་འདྲ།

hh-daའདི་འདྲ་ཞིག་ང་ཚོས་ཅིས་ཀྱང་བྱ་དགོས་པ་འདྲ།འཛམ་གླིང་གི་ཡུལ་ཕྱོགས་གང་ས་ན་གནས་འཆའ་བཞིན་བཞུགས་པའི་བོད་རིགས་གཙོས་འཛམ་གླིང་གི་དད་ལྡན་མི་སྣ་ཚོའི་སྙན་ཅོག་རིང་མོའི་དྲུང་དུ། ཨོ་མ་རེད། གསེར་གྱི་སྙན་ཅོག་གསལ་བོ་གང་དེའི་དྲུང་དུ། (དེང་སང་སྟོན་བཤད་ཨ་ཧ་མ་ཞིག་འབྲི་བཞིན་ཡོད་པས་སྐད་ཆ་བཤད་བཤད་ཚང་མར་ཨ་མཚར་འདྲེས་འགྲོ་གིན་འདུག སྤོ་ལངས་མི་ཉན་གོ)

ངས་འདིར་བོད་མི་སྤྱི་དང་འཛམ་གླིང་ཡུལ་གྲུ་ཀུན་དུ་གནས་པའི་དད་ལྡན་སྐྱེས་འགྲོ་ཡོངས་ལ་དྲན་སྐུལ་ཞུ་རྒྱུ་ཞིག་ལ།

དེ་རིང་ནས་ཁ་ཕྱིར་འཁོར་ཏེ་ཡར་བརྩིས་པའི་མོ་ལོ་ཉི་ཤུའི་ཡར་སྔོན་ཞིག་ལ།

དེ་ལས་མང་བ་། “འདི་འདྲ་ཞིག་ང་ཚོས་ཅིས་ཀྱང་བྱ་དགོས་པ་འདྲ།” »

གསལ་བསྒྲགས།

འཛམ་གླིང་གི་དམར་མཆོད་ཆེ་ཤོས།

Posted on 2009-11-252009-11-25 By ཀླུ་ 50 Comments on འཛམ་གླིང་གི་དམར་མཆོད་ཆེ་ཤོས།
འཛམ་གླིང་གི་དམར་མཆོད་ཆེན་མོ།
འཛམ་གླིང་གི་དམར་མཆོད་ཆེན་མོ།

ཉེ་སྔོན་ནས་རྒྱལ་སྤྱིའི་རྒྱལ་ནང་གི་སེམས་ཅན་སྲོག་ཆགས་སྲུང་སྐྱོབ་ཚོགས་པ་དང་འབྲེལ་ཡོད་སྡེ་ཁག་མི་སྒེར་བཅས་བ་ནས་ངོ་རྒོལ་དང་སྐྱོན་བརྗོད་ཅི་ཙམ་བྱས་མིན་ལ་མ་ལྟོས་པར་ཧིན་རྡུའི་ལྷ་མོ་རྒ་རྡེ་མཱའེ་ཞེས་པའི་ལྷ་ཁང་ཡོད་སའི་བལ་ཡུལ་མཐའ་མཚམས་བྷ་ར་ཞེས་བའི་ས་གནས་སུ་རྒྱ་གར་དང་བལ་ཡུལ་གཉིས་གྱི་ཧིན་རྡུའི་ཆོས་པ་སྟོང་ཚོ་མང་པོ་འཛོམས་ནས་མ་ཧེ་སོགས་སེམས་ཅན་འབུམ་གསུམ་ཙམ་གྱི་སྐེ་བཅད་ཏེ་ལོ་ལྔ་རེ་མཚམས་སུ་སྤེལ་སྲོལ་ཡོད་པའི་དམར་མཆོད་ཆེན་མོ་སྤྱི་ཚེས་ ༢༤་ཉིན་ནས་གཏོང་འགོ་བཙུགས་ཡོད་ལ་དེ་ནི་འཛམ་གླིང་སྟེང་གི་དམར་མཆོད་ཆེ་ཤོས་ཡིན་པ་རེད་འདུག

དེ་ལས་མང་བ་། “འཛམ་གླིང་གི་དམར་མཆོད་ཆེ་ཤོས།” »

གསར་འགྱུར།

དུས་དྲན། བགྲོ་གླེང་། ཟིན་ཐོ། 《བོད་ཀྱི་དུས་བབ་དྲ་ངོས་ནས་བཤུས།》

Posted on 2009-11-252009-11-25 By དབང་ཕྱུག་ 56 Comments on དུས་དྲན། བགྲོ་གླེང་། ཟིན་ཐོ། 《བོད་ཀྱི་དུས་བབ་དྲ་ངོས་ནས་བཤུས།》

sa-ra
《ས་རཱ་མཐོ་སློབ་ཀྱིས་གོ་སྒྲིག་བྱས་པའི་ལྔ་བཅུའི་དུས་དྲན་དང་འབྲེལ་བའི་མཁས་པའི་བགྲོ་གླེང་སྐབས་ཀྱི་དོན་གནད་རགས་བཀོད།》

ས་རཱ་མཐོ་སློབ་ནི་བཙན་བྱོལ་སྤྱི་ཚོགས་ནང་འདིར། ལས་བྱེད་དང་དགེ་རྒན་མང་པོ་བསྐྱེད་བསྲིང་དང་། རིག་གནས་རབ་འབྱམས་པ་དང་། མཐོ་རིམ་རིག་གནས་རབ་འབྱམས་པ་བཅས་བསྐྱེད་བསྲིང་གནང་ཡུལ་གཞི་རྒྱ་ཆེ་ཤོས་ལྟ་བུ་ཆགས་ཡོད། འདི་ནས་བསྐྱེད་བསྲིང་གནང་བ་དེ་དག་གིས་བཙན་བྱོལ་བོད་ཀྱི་སློབ་གྲྭ་ཁག་དང་། རིག་གཞུང་གི་བསྟི་གནས་མང་པོ་ཞིག་ན་ལས་དོན་སྒྲུབ་བཞིན་ཡོད་ཅིང། འདས་པའི་ལོ་ངོ་བཅུ་ལྷག་གི་གྲུབ་འབྲས་དེར་སྤྱི་ཚོགས་ནང་གདེང་འཇོག་ཚད་མཐོ་བྱེད་བཞིན་པ་ཞིག་རེད། ཉིན་ཤས་སྔོན་ཏེ། འདི་ཟླའི་ཚེས་ 17 ནས་ཚེས་ 21 ཉིན་ལྔའི་རིང་《ལྔ་བཅུའི་དུས་དྲན་དང་འབྲེལ་བའི་མཁས་པའི་བགྲོ་གླེང》ཞིག་གོ་སྒྲིག་གིས་མཁས་པ་དང་ཉམས་ཞིབ་པ། དགེ་རྒན་དང་རྩོམ་སྒྲིག་གི་ཕྱག་ལས་གནང་མཁན་བཅུ་དགུ་ཆེད་ཞུས་དང་འབྲེལ། ཚད་མ་རིག་པའི་བྱུང་རིམ་དང་དེའི་དགེ་མཚན། མི་རབས་གསར་པས་ནང་ཆོས་རྒྱུན་འཛིན་གྱི་ཐབས་ལམ་སོགས་ཀྱིས་མཚོན་པའི་ནང་ཆོས་རིག་གཞུང་རྒྱུན་འཛིན་ཐབས་ལམ་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་འཕེལ་རིམ་དང། དེ་སློབ་གཉེར་དང་ཉམས་ཞིབ་ཀྱི་དགོས་དོན། བོད་ཀྱི་བརྡ་སྤྲོད་རིག་གནས་རྒྱུན་འཛིན་དང་། ད་ཡོད་བརྡ་སྤྲོད་རིག་གནས་ལ་སྣོན་འཕྲི་དགོས་མིན་གྱི་གནད་དོན། དེ་བཞིན་གནའ་རབས་དང་དེང་རབས་ཀྱི་རྩོམ་རིག་དར་སྤེལ་བྱ་ཐབས་བཅས་ལ་བགྲོ་གླེང་དང་། ཕྱོགས་མཚུངས་ས་རཱ་མཐོ་སློབ་ཀྱིས་གསར་འཛུགས་ཞུ་འཆར་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་ཚན་སྐོར་ལའང་དམིགས་བསལ་བགྲོ་གླེང་གནང་ཡོད་ཅིང། མཁས་པ་དང་ཉམས་ཞིབ་པ་དག་གིས་རང་ཉིད་ཀྱི་ལྟ་ཚུལ་གླེང་བའི་དཔྱད་རྩོམ་རེ་སྤེལ་ཡོད་པ་དག་ནི། ས་རཱ་མཐོ་སློབ་ཀྱིས་རིང་མིན་ཕྱོགས་བསྒྲིགས་དཔར་འགྲེམས་གནང་ཉེར་ཡོད་འདུག་ཅིང། འདིར། མཁས་པ་དང་ཉམས་ཞིབ་པ་ཚོས་བགྲོ་གླེང་གསུང་བཤད་སྐབས་གང་རྩལ་འདོན་གནང་བའི་དོན་གནད་ལས་གལ་གནད་དུ་མཐོང་བ་ཁག་ཕྱོགས་བསྡུས་ཀྱིས་བཀོད་ཡོད།

དེ་ལས་མང་བ་། “དུས་དྲན། བགྲོ་གླེང་། ཟིན་ཐོ། 《བོད་ཀྱི་དུས་བབ་དྲ་ངོས་ནས་བཤུས།》” »

གསར་འགྱུར།

གྲོས་ཚོགས་ཀྱི་བརྙན་བསྡུས།

Posted on 2009-11-242009-11-24 By ཀླུ་ 87 Comments on གྲོས་ཚོགས་ཀྱི་བརྙན་བསྡུས།

གྲོས་ཚོགས་སྐོར་གྱི་བརྙན་བསྡུས་འདིར་གཟིགས་རྗེས་ཉིད་ལ་ཚོར་སྣང་ག་རེ་འདུག།

གློག་བརྙན་།

སྙན་ངག་ལ་སྡང་བ་ཚོར་སྙན་ངག་ངོ་སྤྲོད་ཚན་པ་གཉིས

Posted on 2009-11-24 By dhatsenpa 18 Comments on སྙན་ངག་ལ་སྡང་བ་ཚོར་སྙན་ངག་ངོ་སྤྲོད་ཚན་པ་གཉིས

༡ སྙན་ངག སྙན་ངག ངའི་ཡ་ཁོག་ན་ལྷོག་ལྷོག་ལྡིང་བཞིན་པའི་སྙིང་གི་འཕར་སྒྲ་ཡིན། སྙན་ངག མོའི་རྩ་ལམ་ན་དལ་མེད་རྒྱུགས་བཞིན་པའི་ཟུངས་ཁྲག་ཁོལ་མ་རེད། སྙན་ངག ཁྱེད་ཀྱི་ཁ་སྣ་ནས་ཐོལ་ཐོལ་གཏོང་བཞིན་པའི་དབུགས་ཀྱི་འབྱིན་རྔུབ་རེད། སྙན་ངག ང་ཚོའི་ནང་གི་དུངས་བ་གསལ་བྱེད་ཡ་ཐོད་ཀྱི་སྤྱན་མིག་རེད། སྙན་ངག ཨ་མའི་སེམས་གཅོང་གི་ན་ཚ་གསོ་བྱེད་རིན་ཆེན་རིལ་བུ་རེད། སྙན་ངག གསར་སྐྱེས་ཀྱི་གཞོན་ནུ་ཚོའི་མི་ཚེའི་གསོན་ཤུགས་རེད། སྙན་ངག…

དེ་ལས་མང་བ་། “སྙན་ངག་ལ་སྡང་བ་ཚོར་སྙན་ངག་ངོ་སྤྲོད་ཚན་པ་གཉིས” »

གསར་འགྱུར།

ནད་པ།

Posted on 2009-11-232009-11-23 By ཡེ་ཤེས་ 5 Comments on ནད་པ།

ཀླུ་སྨྱོན། ནད་པའི་ཉལ་ཁྲིའི་འོག་ཏུ། ། གསེར་སྒོར་ཁྲི་འབུམ་བརྩིགས་འདུག ། ནད་པའི་སྟེང་གི་བར་སྣང་། ། མཁའ་དབུགས་ནག་པོས་ཁྱབ་འདུག ། ནད་པའི་སེམས་ཀྱི་ཟུར་དུ། ། གསོན་འདོད་རེ་བས་ཁེངས་འདུག ། ནད་པའི་རྩ་ལམ་ཐམས་ཅད། །…

དེ་ལས་མང་བ་། “ནད་པ།” »

གསར་འགྱུར།

ཟ་ལེ་རྒྱལ་གྱི་འདོད་པའི་ཉིན་ཐོ་།

Posted on 2009-11-222009-11-22 By ཁ་བརྡ་ 13 Comments on ཟ་ལེ་རྒྱལ་གྱི་འདོད་པའི་ཉིན་ཐོ་།

ཟ་ལེ་རྒྱལ། (ཡོ་རོབ)
lisaསྤང་དང་མེ་ཏོག་ཐང་མ་བཞད་པ་ཡི།
རི་ལུང་སྨིག་ལུང་འདྲེས་བས་འདའ་ཞིག་དུ་།
ནོར་ལུགས་རྗེས་སུ་ལྡེམ་འཇོགས་གཡེང་བའི་སྐབས།
གསེར་འདོག་སྐྲ་མཛེས་ཕྱི་རྒྱལ་མོར་འཕྲད་།
ཆུང་འགྲོས་ལྷན་སྐྱེས་མེ་ཏོག་མ་གཞད་ཤིང་།
ཕན་ཚུན་རྒྱུས་མངའ་སྐད་རིགས་མི་ཤེས་ཡང།
ཆ་མེད་ལགས་ཟུང་འཇུས་པའི་ཆ་ཡོད་གྱུར་།
འདོད་ཞག་མིག་ཟུང་འཕྲད་པའི་གྲོགས་པོ་གྱུར།
མཁས་དབང་ཆེན་པོ་དགེ་འདུན་ཆོས་འཕེལ་གྱིས།
འདོད་པས་ཁམས་ན་འདོད་པ་གཙོ་བོ་ཞེས།
མདོ་དང་བསྟན་བཅོས་དག་དུ་གསུང་བ་དེ།
དོན་དངོས་ཚུལ་དང་འཕྲད་ན་གསལ་བོར་ཤེས་།

དེ་ལས་མང་བ་། “ཟ་ལེ་རྒྱལ་གྱི་འདོད་པའི་ཉིན་ཐོ་།” »

གསར་འགྱུར།

དཔལ་དགྱེས་པ་རྡོ་རྗེ་ལ་གཏམ་དུ་བྱ་བ་ཞིབ་མོ་རྣམ་འཐག

Posted on 2009-11-212009-11-21 By ཡེ་ཤེས་ 18 Comments on དཔལ་དགྱེས་པ་རྡོ་རྗེ་ལ་གཏམ་དུ་བྱ་བ་ཞིབ་མོ་རྣམ་འཐག

´òÓ¡

དགྱེས་རྡོར། ཨ་ཁ་བོད་རིགས་གྲོགས་པོ་ཚོ། ངས་དཔར་འདི་སེང་རྡོར་དྲ་བ་ལས་མཐོང་ནས་དེ་རིང་གཉིད་ཀྱང་མ་ཁུག་ཐལ། ད་དུང་མཐོང་ཐོས་ལ་དཀོར་གཟན་གྱི་གྲྭ་རྫུན། སྐུ་ཚོང་གི་དཔོན་པོ། སྨད་ཚོང་གི་རྒྱ་མོ། བོད་ལོག་གི་ཏང་ཡན། བན་ལོག་གི་སྤྲུལ་སྐུ། ཤྭ་དུད་ཆང་རོལ་གྱི་མི་ཚོགས་ཀྱིས་གང་འདུག་ཟེར་བ་དེ་བདེན་ནམ། ད་ནི་གནས་འདིར་རྐུ་རྫུན་ཁྲམ་པའི་དོ་ར་ཞིག་ཏུ་མེས་པོའི་བླ་མཁར་འདི་ལྷག་པར་ ཡིད་རེ་སྐྱོ། སེམས་རེ་སྡུག ། གཞན་ཡང་ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་ལ་བཟང་ངན་གྱི་དབྱེ་བ་མེད། བདེ་སྡུག་གི་རྣམ་གྲངས་མེད་མོད། སེམས་ཅན་ལས་ངན་པ་འདི་ཚོ་དང་། བོད་འབངས་བསོད་ནམས་ཆུང་བ་འདི་དག་ལ་ཐབས་ཅི་རེ་དྲག། གུ་རུ་རིན་པོ་ཆེ་མཁྱེན། སེ་འབྲས་དགར་ཚོས་བསྡུས་ཚན་རིགས་སྦྱང་སྦྱང་བ་ཚོས་འདི་ཙམ་ཡང་འགོག་ཐུབ་མ་ཐོན་ ཅི་ཞིག་རྩོད། ད་ཅི་དྲག་ཐལ། ཁ་བའི་རྒྱལ་ས་ཁ་ཆེའི་འདོན་པ་གྱེར། །རྣ་བ་མི་དལ་རང་སེམས་མ་སྐྱིད་ནས། །གཉིད་དང་ཟས་ཀྱི་འདུ་ཤེས་དེ་ལས་ཆུང་། །མཐའ་ཡི་རྒྱ་མཚོའི་འགྲམ་ནས་ངག་འདི་ཐལ། ཤྲྰིས། །

བདག་གི་ལན། ཨི་ཟི་རལ་དུ་ཡོད་པའི་ཇི་རོ་ཟི་ལམ་ཞེས་པའི་གྲོང་ཁྱེར་དེ་ནི་ཁ་ཆེ་དང་རྗུའུ། ཡེ་ཤུ་ཆོས་ལུགས་གསུམ་གྱི་གནས་མཆོག་ཡོད་ན་མེད་ན་ཞིག་རེད། ལྷ་ས་ཡང་དེ་ཡང་འདྲ་བ་སྟེ། ནང་པ་དང་ཁ་ཆེ། དམར་ཕྱོགས་པ་དང་ཡེ་ཤུའི་རྗེས་འཇུག་སྟེ་དད་མོས་མི་འདྲ་བ་བཞི་ཉམས་སུ་ལེན་མཁན་ དག་འདུས་སྡོད་བྱེད་བཞིན་ཡོད་པ་རེད། འདི་ལ་སེམས་ཁྲལ་ཅང་བྱེད་དགོས་ནི་མ་རེད། དམར་ཕྱོགས་རིང་ལུགས་ད་བར་དུ་དེར་ཡོད་པ་ལ་ཉིད་མ་འཇིགས་པར་ཁ་ཆེའི་ལྷ་ཁང་ཞིག་ གི་རྩེ་མོ་རིག་རྗེས་གསུང་སྐད་ཤོར་དོན་ཅི་རེད། བོད་པ་ཁ་ཆེ་བ་ནི་རྒྱ་མི་བོད་ལ་མ་བསླེབས་སྔོན་ནས་ལྷ་སར་ཡོད་ཡོད་པ་རེད། འབའ་བ་ཕུན་དབང་གི་བཟའ་ཟླ་སྔོན་མ་པེ་ཅིན་བཙོན་ཁང་ནང་རྒྱ་མིས་དམར་གསོད་བཏང་བ་ དེ་ཡང་བོད་རིགས་ཁ་ཆེ་བའི་ཁྱིམ་ཚང་ཞིག་གི་བུ་མོ་རེད།
ཡ་རེད་ཡ།

དེ་ལས་མང་བ་། “དཔལ་དགྱེས་པ་རྡོ་རྗེ་ལ་གཏམ་དུ་བྱ་བ་ཞིབ་མོ་རྣམ་འཐག” »

གསར་འགྱུར།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བོད་སྐད་ཐོག་དྲ་བརྙན་གསར་འགྱུར་གཏོང་འགོ་ཚུགས་འདུག

Posted on 2009-11-212009-11-21 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 9 Comments on ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བོད་སྐད་ཐོག་དྲ་བརྙན་གསར་འགྱུར་གཏོང་འགོ་ཚུགས་འདུག

ཉེ་སྔོན་ནས་བཟུང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བོད་སྐད་ཐོག་དྲ་བརྙན་གསར་འགྱུར་གཏོང་འགོ་ཚུགས་འདུག་པ་མ་ཟད་། དེ་ཡང་གཟའ་ཟླ་བ་དང་གཟའ་པ་སངས་བར་ཁྱོན་བསྡོམས་ཐེངས་ལྔ་ལ་གཏོང་གི་ཡོད་འདུག་ཅིང་། ཨ་མདོའི་སྐད་དང་དབུས་གཙང་སྐད། ཁམས་སྐད་བཅས་ཀྱི་ཐོག་སྡེ་ཚན་སོ་སོའི་ལས་བྱེད་རྣམས་ཀྱིས་རེས་མོས་གྱིས་དྲ་བརྙན་གསར་འགྱུར་གཏོང་གི་ཡོད་འདུག གཤམ་གྱི་སྦྲེལ་ཐག་བརྒྱུད་ནས་བལྟ་ཐུབ་པ་འདུག http://www.youtube.com/watch?v=av_rTxbQpS0

གསར་འགྱུར།

Posts pagination

Previous 1 … 186 187 188 … 212 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (7)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme