
འཇིགས་མེད་ཀྱིས། བྷེལ་ལྗམ་ནས།
ཕྱི་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་རྒྱབ། བྷེལ་ལྗམ་གྱི་གྲོང་ཁྱེར་ཆེན་པོ་བྷི་རོལ་སིལ་གྱི་ཡོ་རོབ་གྲོས་ཚོགས་ཁང་དུ། གསུམ་བཅུའི་དུས་དྲན་ཐེངས་ལྔ་གཉིས་པ་དང་བོད་རྒྱའི་རྩོད་རྙོག་ཅེས་པའི་བརྗོད་གཞིའི་འོག་བོད་རྒྱའི་དཀའ་རྙོག་དང་བོད་དོན་ཐོག་བགྲོ་གླེང་ཚོགས་འདུ་ཆེན་པོ་ཞིག་འཚོགས་ཡོད། སྐུ་མགྲོན་གཙོ་བོ་༸གོང་ས་མཆོག་དམིགས་བསལ་སྐུ་ཚབ་དང་སིད་སུ་དོན་གཅོད། བྷི་རོལ་སིལ་བོད་ཀྱི་དོན་གཅོད་ཀྱི་ལས་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཕེབས་ནས་བོད་རྒྱའི་གྲོས་མོལ་གྱི་རྒྱུད་རིམ་ཐོག་གསུང་བཤད་གནང་བ་དང༌།
མདོ་སྨད་ཀླུ་ཆུའི་གྲ་བ་ཞིག་གིས་སེམས་ཀྱི་ན་ཟུག་ཕྱིར་བསྒྲགས་པ།
འདི་ནི་མདོ་སྨད་ཀླུ་ཆུའི་ཤིས་ཚང་སྒར་གསར་དགོན་པའི་གྲྭ་བ་ཞིག་གིས་རང་གི་སེམས་ཁོང་གི་ན་ཟུག་ཕྱི་རུ་བསྒྲགས་པའི་སྐད་སྒྲ་ཡིན་ལ། ད་ལྟའི་རྒྱ་དམར་གྱི་བཙན་འོག་ཏུ་ཡོད་པའི་བོད་ཀྱི་གནས་བབ་གསལ་བོར་བཏོན་པ་ཞིག་ཡིན། ཁོང་གི་རེ་བ་ལྟར་ན་སྐད་ཆ་འདི་དང་མཉམ་དུ་ནང་དོན་མཐའ་དག་དབྱིན་སྐད་དུ་བསྒྱུར་ཏེ་ འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་པར་བྱེད་རྒྱུ་དེ་ཡིན་པས་གུས་པས་ཀྱང་ཁོང་གི་ཚབ་བྱས་ཏེ་ཁྱེད་རྣམ་པར་དེ་ལུགས་འབོད་སྐུལ་བྱས་པ་ཡིན། ཁོང་གི་བདེ་འཇགས་ཀྱི་ཕྱིར་དུ་ཁོང་གི་མཚན་དང་གཞན་གནས་ཚུལ་འདི་མཁོ་སྤྲོད་ བྱེད་མཁན་གུས་པའི་མིང་ཡང་དངོས་སུ་སྨྲ་འདོད་མེད་པ་དགོངས་འཇགས་འཚལ། འོག་ལ་བསྣུན་ནས་ཉོན། shitsangs-monk1


༼གོམ་བགྲོད་པ་རྣམས་རྒྱལ་སྤྱིའི་གསར་གནས་ལས་ཁང་ CNN ལྟེ་གནས་ཀྱི་མདུན་དུ་འཛོམས་ནས་ཡོད་པ། པར་པ་སངས་རྒྱས་བཀྲ་ཤིས།༽


