Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྔམ་བརྗིད་རི་བོའི་ཚོགས་རྣམས་ཐོད་ཀྱིས་བསུས་ཞེས་པའི་བོད་བསྒྱུར་དེབ་གསར་ཐོན་ཡོད།

Posted on 2011-12-20 By ཁ་བརྡ་ 19 Comments on རྔམ་བརྗིད་རི་བོའི་ཚོགས་རྣམས་ཐོད་ཀྱིས་བསུས་ཞེས་པའི་བོད་བསྒྱུར་དེབ་གསར་ཐོན་ཡོད།

པད་མ་ཆོས་སྒྲོན། འདི་ནི་རྒྱ་རིགས་ཡུལ་གྱར་རྩོམ་པ་པོ་ཡན་ཧོང་པེན་གྱིས་བོད་ལ་སྦྱར་བའི་དངོས་རྟོག་སྤེལ་མའི་སྒྲུང་ཞིག་ཡིན་ཞིང་། ཁྱོན་སྡོམ་ཤོག་པུ་༤༧༠དང་ལེ་ཚན་༡༡ཅན་ཉིད་འདིས་བོད་མི་རྣམས་ཧི་མ་ལ་ཡ་རི་བོ་བརྒལ་ནས་བཙན་བྱོལ་དུ་ཡོང་སྟངས་དང་། བཙན་བྱོལ་གནས་སྟངས་རྣམས་ཚད་མཐོའི་སྒྱུ་རྩལ་གྱི་ལམ་དུ་དྲངས་ནས་བརྗོད་པ་ཞིག་རེད་འདུག དེབ་འདི་མི་འགྱངས་པར་རྡོ་རྗེ་གདན་དུ་འགྲེམས་སྤེལ་བྱེད་ཀྱིན་ཡིན།

གསར་འགྱུར།

བོད་ལ་ཨི་ཛི་རལ་བཞིན་རང་དབང་སླར་གསོ་ཡོང་ངེས་ཡིན།

Posted on 2011-12-20 By ཤར་ཕྱོགས་ཁུག་རྟ། 6 Comments on བོད་ལ་ཨི་ཛི་རལ་བཞིན་རང་དབང་སླར་གསོ་ཡོང་ངེས་ཡིན།

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ།

རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་དོན་ལས་འགུལ་ཚགས་ཚུད་ཡར་རྒྱས་ཡོང་ཐབས་སུ་དམིགས་ཏེ་ལྷོ་ཕྱོགས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་དང་རྒྱལ་སར་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ཁང་ནས་མཐུན་རྐྱེན་གནང་བའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ལྷན་ཚོགས་སྐོང་ཚོགས་གནང་ཡོད་འདུག
གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༧ དང་ ༡༨ ཉིན་སྦེལ་ཀོབ་སེར་བྱེས་ཡིད་དགའ་ཆོས་འཛིན་གྱི་མགྲོན་ཁང་ནང་ལྷོ་ཕྱོགས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ལྷན་ཚོགས་སྐོང་ཚོགས་གནང་བའི་ནང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ས་གནས་ཁག་དགུ་ཙམ་ཞིག་ནས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེས་གཙོས་འཕགས་བོད་གཉིས་ཀྱི་ཁྱོན་མི་གྲངས་མི་ལྔ་བཅུ་བརྒལ་བ་མཉམ་ཞུགས་གནང་ཡོད།

དེ་ལས་མང་བ་། “བོད་ལ་ཨི་ཛི་རལ་བཞིན་རང་དབང་སླར་གསོ་ཡོང་ངེས་ཡིན།” »

གསར་འགྱུར།

མུག་ནད་ཐེབས་པའི་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་དྲ་བ།

Posted on 2011-12-202011-12-20 By ཁ་བརྡ་ 12 Comments on མུག་ནད་ཐེབས་པའི་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་དྲ་བ།


ཨ་རིག་འགྱུར་མེད།
གཅིག མུག་བཤད་ཀྱི་ལེའུ།
འཛམ་གླིང་ཞི་བདེའི་གཟེངས་རྟགས་ཉིན་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་དྲ་བ་གསར་བ་ཞིག་སྒོ་འབྱེད་གནང་ཡོད་ལ། འདི་བོད་རིགས་གསར་འགོད་པ་ཚོར་མཚོན་ན་དགའ་དགོས་པའི་དོན་དག་བཟང་བོ་ཞིག་ཅི་ལ་མིན་ཏེ། གསར་འགོད་མཐུན་ཚོགས་ཀྱི་རྒྱུན་ལས་གསར་བ་རྣམས་ཀྱིས་དཀའ་སྡུག་གང་མང་སྤྱད་ནས་དྲ་བ་འདི་ཉིད་གསར་བཟོ་ལེགས་འགྲུབ་བྱུང་བ་ཡིན་པས། དངོས་གནས་དྲང་གནས་ཁོང་རྣམས་ལ་བཀའ་དྲིན་ཆེ་ཞེས་ཞུས་ན་འགྲིག་གི ཁོང་རྣམས་ལ་བསྔགས་བརྗོད་དང་ཡི་རང་བྱས་ན་འགྲིག་གི ཡིན་ནའང་། དྲ་རྒྱ་འདི་སྒོ་འབྱེད་བྱས་པ་ནས་ཉི་མ་དེ་རིང་གི་བར་དུ་ངའི་ཡ་ཆུང་ཁར་བཤད་མི་ཤེས་པའི་ཚོར་འདུ་ཞིག་གིས་བཙུར་ནས་འདུག་ལ། བསམ་གཞིག་གི་སྒོ་མོར་ཅི་ཡིན་མི་ཤེས་པའི་ཚོར་འདུ་ཞིག་གིས་ཤེད་ཀྱིས་རྡུང་གིན་འདུག གཅིག་བྱས་ན་ང་འདི་བོད་སྐད་ཡིག་ལ་དུང་ཞེན་ཆེ་དྲགས་སོང་བས་ཡིན་སྲིད་ལ། གཅིག་བྱས་ན་ངའི་མིག་རྒྱང་ཐུང་སོང་བས་ཀྱང་ཡིན་སྲིད་མོད།

དེ་ལས་མང་བ་། “མུག་ནད་ཐེབས་པའི་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་དྲ་བ།” »

གསར་འགྱུར།

མི་རིང་བར་ <<ཆང་ས་>> ཚགས་པར་ཐོག་མ་དགྲམ་རྒྱུ་ཡིན།

Posted on 2011-12-20 By ཁ་བརྡ་ 9 Comments on མི་རིང་བར་ <<ཆང་ས་>> ཚགས་པར་ཐོག་མ་དགྲམ་རྒྱུ་ཡིན།

ཆང་ས་རྩོམ་སྒྲིག་པས།

བཀུར་འོས་ཀློག་མཁན་རྣམ་པ། མི་རིང་བར་ངེད་ཆང་ས་རྩོམ་སྒྲིག་ཁང་གིས་གཙོ་སྒྲིག་བྱས་པའི་བོད་ཀྱི་སྐད་ཡིག་སྟེང་གི་ <<ཆང་ས་>> ཚགས་པར་འདོན་ཐེངས་དང་པོ་གནས་མཆོག་རྡོ་རྗེ་གདན་ནས་དགྲམ་རྒྱུ་ཡིན།
འདོན་ཐེངས་དང་པོ་ཡིན་པའི་ཆང་ས་ཚགས་པར་འདིར་མཚོན་ན་དངོས་ཡོད་སྤྱི་ཚོགས་འཚོ་བའི་སྣང་བརྙན་གསོན་པོ་དང་། གཞི་རིམ་མང་ཚོགས་ཀྱི་སེམས་ཁམས་དང་ཁ་ཐག་ཉེ་སར་བཅར་ཏེ། གསར་འགྱུར་སྙིང་བསྡུས་དང་རྩོམ་སྒྲིག་པའི་གཏམ། ཀློག་མཁན་གྱི་འཕྲིན་དང་ཤིས་ཚིག བཙན་བྱོལ་ནང་གི་གྲགས་ཅན་རྩོམ་པ་བོ་ཤེས་རབ་དར་རྒྱས་ལགས་དང་།

དེ་ལས་མང་བ་། “མི་རིང་བར་ <> ཚགས་པར་ཐོག་མ་དགྲམ་རྒྱུ་ཡིན།” »

གསལ་བསྒྲགས།

མི་རིང་བར་ ཚགས་པར་ཐོག་མ་དགྲམ་རྒྱུ་ཡིན།

Posted on 2011-12-20 By 9 Comments on མི་རིང་བར་ ཚགས་པར་ཐོག་མ་དགྲམ་རྒྱུ་ཡིན།

ཆང་ས་རྩོམ་སྒྲིག་པས།

བཀུར་འོས་ཀློག་མཁན་རྣམ་པ། མི་རིང་བར་ངེད་ཆང་ས་རྩོམ་སྒྲིག་ཁང་གིས་གཙོ་སྒྲིག་བྱས་པའི་བོད་ཀྱི་སྐད་ཡིག་སྟེང་གི་ <> ཚགས་པར་འདོན་ཐེངས་དང་པོ་གནས་མཆོག་རྡོ་རྗེ་གདན་ནས་དགྲམ་རྒྱུ་ཡིན།
འདོན་ཐེངས་དང་པོ་ཡིན་པའི་ཆང་ས་ཚགས་པར་འདིར་མཚོན་ན་དངོས་ཡོད་སྤྱི་ཚོགས་འཚོ་བའི་སྣང་བརྙན་གསོན་པོ་དང་། གཞི་རིམ་མང་ཚོགས་ཀྱི་སེམས་ཁམས་དང་ཁ་ཐག་ཉེ་སར་བཅར་ཏེ། གསར་འགྱུར་སྙིང་བསྡུས་དང་རྩོམ་སྒྲིག་པའི་གཏམ། ཀློག་མཁན་གྱི་འཕྲིན་དང་ཤིས་ཚིག བཙན་བྱོལ་ནང་གི་གྲགས་ཅན་རྩོམ་པ་བོ་ཤེས་རབ་དར་རྒྱས་ལགས་དང་།

དེ་ལས་མང་བ་། “མི་རིང་བར་ ཚགས་པར་ཐོག་མ་དགྲམ་རྒྱུ་ཡིན།” »

གསལ་བསྒྲགས།

དེང་རབས་གླུ་གཞས་འོད་སྡེར་གསར་བ་འཚམས་སྦྱོར།

Posted on 2011-12-20 By ཁ་བརྡ་ 8 Comments on དེང་རབས་གླུ་གཞས་འོད་སྡེར་གསར་བ་འཚམས་སྦྱོར།


གཞས་པ་འཇམ་དབྱངས་བཀྲ་ཤིས་ལགས་ནི་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྨ་ལྷོ་རྫོང་ཐོར་རྒོད་སྡེ་བ་རུ་སྐྱེས་ཤིང་ཆུང་དུས་ནས་སྐད་ངག་གི་འགྱུར་ཁུགས་ཡངས་པ་ཞིག་ཡིན།
སྤྱི་ལོ ༢༠༠༥ ལོར་རྒྱ་གར་དུ་ཡོང་བ་དང་རང་གི་སྐད་ངག་གི་དཔལ་དང་སྟོབས་ཀྱིས་ད་བར་དུ་མཉམ་གཞས་འོད་སྡེར་ཆེད་སྒྲིག་༼ས་མཐའི་གྲུ་ཁ་༽དང་ཆེད་སྒྲིག་འོད་སྡེར་ཐོག་མ་༼རྒྱལ་གཅེས་དཔའ་བོའི་གད་རྒྱངས་༽སོགས་ལ་རྒྱ་ཆེའི་ཉན་མཁན་དག་གིས་དགའ་བསུ་བླ་ལྷག་ཐོབ་ཡོད་པ་མ་ཟད། ད་ལོར་ཡང་རང་ཉིད་ཀྱི་དབྱངས་རྟ་ཆེད་སྒྲིག་༼གནས་སྐྱིད་པོ་༽ཞེས་པའི་དེང་རབས་གླུ་གཞས་འོད་སྡེར་མི་རིང་ཁྲོམ་རར་ཐོན་ལ་ཉེ་བས་འདིར་ལྷག་བསམ་དང་སྤྲོ་བ་ཡོད་པའི་བོད་རིགས་སེར་སྐྱ་མི་མང་ནས་དེ་དོན་ཐུགས་འཇགས་ཡོང་བ་ཞུ།

དེ་ལས་མང་བ་། “དེང་རབས་གླུ་གཞས་འོད་སྡེར་གསར་བ་འཚམས་སྦྱོར།” »

གསལ་བསྒྲགས།

བཀའ་ཤག་གི་བོད་མིའི་འཐབ་རྩོད་དེ་རྒྱ་ནག་ལ་ངོ་རྒོལ་བྱ་རྒྱུ་ཞིག་མིན་ཟེར།

Posted on 2011-12-172011-12-21 By ཤར་ཕྱོགས་ཁུག་རྟ། 61 Comments on བཀའ་ཤག་གི་བོད་མིའི་འཐབ་རྩོད་དེ་རྒྱ་ནག་ལ་ངོ་རྒོལ་བྱ་རྒྱུ་ཞིག་མིན་ཟེར།

གསར་འགོད་གསལ་བསྒྲགས།

ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ལྷག་པའི་དགོང་མོ་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲིན་ཏུའི་ནང་རྟེན་ གཞི་བྱས་པའི་ལྕགས་ལམ་བཟོ་སྐྲུན་ཆེད་ལས་འབྲིང་རིམ་སློབ་གྲྭའི་ནང་། བོད་རིགས་སློབ་མ་དང་རྒྱ་རིགས་སློབ་མའི་བར་འཁྲུག་འཛིང་ཤོར་བའི་གནས་ཚུལ་ལྷག་ པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་སེམས་འཚབ་དང་བློ་ཕམ་ཆེན་པོ་བྱུང། སྐབས་དེར་རྒྱ་རིགས་སློབ་མ་གྲངས་ ༣༠༠༠ ཙམ་གྱིས་བོད་རིགས་སློབ་མ་ ༡༠༠ ཙམ་ལ་རྒོལ་འཛིང་བྱས་རྐྱེན་བོད་རིགས་སློབ་མ་འགའ་ཤས་ལ་རྨས་སྐྱོན་ཚབས་ཆེ་ཕོག་ སྟེ་སྨན་ཁང་དུ་ལུས་པའི་གནས་ཚུལ་ཐོན་འདུག སྟབས་མ་ལེགས་པ་ཞིག་ལ་ཐེངས་འདིའི་ཁྲིན་ཏུའི་ས་ཁུལ་ནང་བོད་རྒྱ་མི་རིགས་གཉིས་ ཀྱི་སློབ་མའི་དབར་འཁོན་རྩོད་ཀྱི་དཀའ་ངལ་བྱུང་བ་དེ་ཐོག་མ་ཆགས་མེད། ཨེ་ཤི་ཡ་རང་དབང་རླུང་འཕྲིན་གྱི་རྒྱ་སྐད་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན་གནས་ ཚུལ་དེ་མཚུངས་ཕྱི་ལོ་ ༢༠༡༠ ནང་ཐེངས་གཉིས་ཙམ་བཟོ་སྐྲུན་མཐོ་སློབ་གཞན་ཞིག་གི་ནང་དུ་བྱུང་ཡོད།

དེ་ལས་མང་བ་། “བཀའ་ཤག་གི་བོད་མིའི་འཐབ་རྩོད་དེ་རྒྱ་ནག་ལ་ངོ་རྒོལ་བྱ་རྒྱུ་ཞིག་མིན་ཟེར།” »

གསལ་བསྒྲགས།

རྒྱ་གར་འཕགས་པའི་ཡུལ་དང་བོད་གངས་ཅན་ལྗོངས།

Posted on 2011-12-172011-12-17 By ཤར་ཕྱོགས་ཁུག་རྟ། 8 Comments on རྒྱ་གར་འཕགས་པའི་ཡུལ་དང་བོད་གངས་ཅན་ལྗོངས།

༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ།

རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མཐོ་སྒང་ དུ་ཆགས་པའི་བོད་གངས་ཅན་གྱི་ལྗོངས། སྟོན་པ་ཤཱཀྱ་ཐུབ་པས་བྱིན་གྱིས་རླབས་ཏེ་ནང་ཆོས་དར་བར་ལུང་བསྟན་པ་དང༌། རྒྱ་གར་གྱི་གཡུང་དྲུང་ཆོས་ལུགས་པ་རྣམས་ཀྱིས་གཙོས་ཕྱི་ནང་ཡོངས་ཀྱིས་ཆེས་རྩ་ ཆེར་འཛིན་པའི་རི་བོ་ཀཻ་ལཱ་ཤ་དང༌། ཡིད་ཀྱི་ཆུ་གཏེར་ཏེ་མཚོ་མ་དྲོས་པའམ་མ་ཕམ་པ་བཅས་གང་དུ་ཆགས་པའི་ལྗོངས། ཆུ་བོ་ཆེན་པོ་བཞི་རྒྱ་གར་དུ་བབས་ཏེ་རྒྱ་མཚོར་འགྲོ་བ། འཕགས་ཡུལ་གྱི་སྐྱེས་ཆེན་མང་པོས་སུམ་ཅུ་རྩ་གསུམ་དུ་འབོད་པའི་པུར་རྒྱལ་བོད་ ནི་ས་བབ་ཀྱི་ཆ་ནས་རྒྱ་གར་གྱི་ཡང་ཐོག་ལྟ་བུ་དང༌། དེར་མིའི་འགྲོ་བའང་ས་འོག་ནས་ཐོན་པའི་གནའ་རྫས་ལ་གཞིགས་ན་ལོ་ཁྲི་ཕྲག་སྔོན་ནས་ ཡོད་པ་དང། བོན་གཞུང་ནས་དེ་ལས་སྔ་བར་བཤད་ཅིང༌། བངྒཱལ་གྱི་སློབ་དཔོན་ཤེས་རབ་གོ་ཆ་པྲཇ྄ཉཱབརྨཱ་ལྟར་ན་མཧཱབྷཱརཏའི་དམག་འཁྲུགས་ སྐབས་ལྷོ་ཕྱོགས་ཀྱི་རྒྱལ་པོ་རུ་པ་ཏི་དཔུང་དང་བཅས་པ་གངས་ལྗོངས་སུ་བྲོས་ཏེ་ གནས་པ་ལས་མཆེད་པར་བཤད་པ་དང༌། རྒྱལ་པོའི་ཐོག་མའང་ཕྱི་ལོ་སྔོན་གྱི་ལོ་བརྒྱ་ཕྲག་གཅིག་དང་ཕྱེད་ཙམ་དུ་མགདྷའི་ རྒྱལ་སྲས་ཤིག་ཡུལ་ནས་བསྐྲད་པ་བོད་དུ་ཕྱིན་པར་བོད་མིས་གཉའ་ཁྲི་བཙན་པོར་འབོད་ དེ་རྒྱལ་པོར་བསྐོས་པ་ནས་བོད་ཀྱི་རྒྱལ་རྒྱུད་བྱུང་བར་གྲགས་པ་བཅས་སྔོན་རབས་ དང་དེ་བྱུང་གང་ནས་བལྟས་ཀྱང་བོད་དང་རྒྱ་གར་གཉིས་ས་བབ་དང་མི་རིགས་རྒྱལ་རྒྱུད་ བཅས་གང་ས་ནས་ཧ་ཅང་འབྲེལ་ལམ་དམ་ཟབ་ཡོད་པ་དང༌། ཕྱི་ལོ་བརྒྱ་ཕྲག་བདུན་པ་བརྒྱད་པའི་ནང་བོད་ཕྲུག་མང་པོས་རྒྱ་གར་ནས་རིག་གནས་ བསླབས་ཏེ་སྐབས་དེའི་དེབནཱགརིའ་ཡིག་གཟུགས་ལས་དཔེ་བླངས་ནས་གསར་གཏོད་དམ། སྔར་ཡོད་ཞང་ཞུང་སྨར་ཡིག་ལེགས་བཅོས་ཀྱིས་བོད་ཀྱི་ཡིག་གཟུགས་དང༌། ལེགས་སྦྱར་གྱི་བརྡ་སྤྲོད་ལས་དཔེ་བླངས་ནས་བོད་ཀྱི་བརྡ་སྤྲོད་ཀྱི་བསྟན་བཅོས་ བརྩམས་པ་ནས་བཟུང་བོད་དུ་སྤྱི་ཚོགས་ཀྱི་དཔལ་ཡོན་དར་འགོ་ཚུགས་པ་མ་ཟད། སངས་རྒྱས་ཀྱི་བསྟན་པའི་དབུ་བརྙེས།

དེ་ལས་མང་བ་། “རྒྱ་གར་འཕགས་པའི་ཡུལ་དང་བོད་གངས་ཅན་ལྗོངས།” »

གསར་འགྱུར།

བོད་ཕྲུག་དང་རྒྱ་ཕྲུག་དབར་རྒྱག་རེས་ཤོར་ནས། དམག་མི་སྐད་བཏང་འདུག

Posted on 2011-12-162011-12-16 By tenzin 19 Comments on བོད་ཕྲུག་དང་རྒྱ་ཕྲུག་དབར་རྒྱག་རེས་ཤོར་ནས། དམག་མི་སྐད་བཏང་འདུག

རྒྱ་ནག་གྲོང་ཁྱེར་ཁྲན་ཏུ་ལྕགས་ལམ་སློབ་ཆེན་ལ་བོད་ཕྲུག་དང་རྒྱ་ཕྲུག་དབར་རྒྱག་རེས་ཤོར་ནས། དམག་མི་སྐད་བཏང་འདུག གནས་ཚུལ་ཅུང་ཞིབ་པ་ཞིག་འདི་ལ་འདུག། རྒྱ་ཡིག་རེད། དེ་བོད་ཡིག་ལ་སྒྱུར་རོགས། http://cache.baidu.com/c?m=9f65cb4a8c8507ed4fece76310508c31490797634b87834e29938448e 435061e5a24feb826221704d4c17e6007bb0c01aaa63965470237c690 dff84ecacbe33f2ef83045010bf23205a219b8bb4332c050872ae2b 86ae1ad803384dfa3c4de2444bc50120985e7fd581767cb&p =b4769a46caaf1bff57ee943e1e53&user=baidu&fm=sc&query= %B3%C9%B6%BC%CC%FA%C2%B7%B9%A4%B3%CC%D1%A7%D0%A 3&qid=e6179d61028b27bd&p1=1

གསར་འགྱུར།

༧གོང་ས་མཆོག་དང་ཀྲུའུ་ཝེ་ཆོན།

Posted on 2011-12-15 By ཤར་ཕྱོགས་ཁུག་རྟ། 24 Comments on ༧གོང་ས་མཆོག་དང་ཀྲུའུ་ཝེ་ཆོན།

ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༢ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་ མཛད་འཕྲིན་རྒྱ་ཆེ་བསྐྱངས་སྐབས་དང་བསྟུན། མགོན་པོ་གང་ཉིད་མཆོག་གིས་སྦེལ་ཇམ་རྒྱལ་ས་བྷར་སིལ་དུ་རྟེན་གཞི་བྱས་པའི་ཡུ་ རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་འགན་འཛིན་ལྕམ་ཀེ་ཐེ་ར་ཡིན་ཨ་ཤི་ཊོན་(Catherine Ashton)མཆོག་ལ་འབོད་སྐུལ་མཛད་པའི་ཕྱག་བྲིས་ཤིག་སྩལ་འདུག་ལ།

དེ་ལས་མང་བ་། “༧གོང་ས་མཆོག་དང་ཀྲུའུ་ཝེ་ཆོན།” »

གསར་འགྱུར།

བསྟན་འཛིན་ཕུན་ཚོགས་ལགས་ཀྱི་ཁ་ཆེམས།

Posted on 2011-12-152011-12-15 By ཤར་ཕྱོགས་ཁུག་རྟ། 14 Comments on བསྟན་འཛིན་ཕུན་ཚོགས་ལགས་ཀྱི་ཁ་ཆེམས།

གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡ ཉིན་ཆབ་མདོ་ཀརྨ་ཤང་དུ་སྐུ་ལུས་མེར་མཆོད་ཕུལ་ཏེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ རོང་ཚ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་སྐུ་ལུས་མེར་མཆོད་མ་ཕུལ་གོང་། ཁ་ཆེམས་ཡི་གེ་ཁག་བཞི་བཞག་ཡོད་འདུག་པ་དང། ཡི་གེ་གཅིག་གི་ཕྱི་སྐོགས་ལ། ཀརྨ་དགོན་པའི་རྒྱ་སྒོ་ལ་སྦྱར་རོགས་ཞེས་བྲིས་ཡོད་འདུག ཡི་གེ་ཁག་བཞིའི་ནང་དོན་ཁག་གཤམ་གསལ།
༡༽ བོད་ཀྱི་ཁྱད་ཆོས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡང་དག་པའི་ལྟ་བ་མ་ནོར་བར་ལེགས་ པར་འཛིན་སྐྱོང་བྱེད་པའི་ཀརྨ་དགོན་མཁན་བློ་གྲོས་རབ་གསལ་དང༌། རྣམ་སྲས་བསོད་ནམས། གྲྭ་བཙུན་ཐམས་ཅད་བཙོན་བཟུང་རྡུང་རྡེག་འདི་འདྲ་བཟོས་ན་ངེད་ཀརྨ་དགོན་མཁན་ སློབ་འབྲེལ་ཡོད་ཐམས་ཅད་སྡུག་བསྔལ་གྱིས་ཤི་ན་དགའ་འདུག ཅེས་ཕྲན་ལ་རྒྱ་འཛིན་པའི་ཐ་ཤལ་པ་བསྟན་འཛིན་ཕུན་ཚོགས་ནས་བྲིས།

དེ་ལས་མང་བ་། “བསྟན་འཛིན་ཕུན་ཚོགས་ལགས་ཀྱི་ཁ་ཆེམས།” »

གསར་འགྱུར།

བརྡ་སྤྲོད་པའི་རྣམ་བཞག་ཇེ་འཐུས་སུ་གཏོང་དགོས་བའི་སྐོར།

Posted on 2011-12-15 By ཁ་བརྡ་ 61 Comments on བརྡ་སྤྲོད་པའི་རྣམ་བཞག་ཇེ་འཐུས་སུ་གཏོང་དགོས་བའི་སྐོར།

མཁས་དབང་གླང་རི་བ་ཐུབ་བསྟན་སྦྱིན་པའི་སྨྲ་སྒོའི་ལྡེ་མིག་དང་འབྲེལ་བའི་བགྲོ་གླེང་།

གསར་འགྱུར།

སྒྲོལ་མའི་དུང་སྒྲུབ་ཀྱི་ཚོགས་བརྡ།

Posted on 2011-12-122011-12-12 By དབང་ཕྱུག་ 29 Comments on སྒྲོལ་མའི་དུང་སྒྲུབ་ཀྱི་ཚོགས་བརྡ།


ཐོས་བསམ་སྒོམ་པའི་དཔལ་གྱིས་ཡོངས་སུ་འབྱོར་བའི་བསྟན་པའི་རྩ་ལག་རྣམ་པའི་དྲུང་དུ་ཆེད་གསོལ།

ད་ཆ་ཚང་མས་མཁྱེན་གསལ་ལྟར། ཕྱི་དང་ནང་གི་འགལ་རྐྱེན་མང་པོ་ཡོད་བཞིན་དངོས་ཡོད་གནས་སྟངས་ཀྱི་འོག་བོད་བརྒྱུད་ནང་བསྟན་འདི་མི་མཐུད་ཐའེ་ཝན་མི་མང་གིས་ངོས་ལེན་ཡོད་པ་ཞིག་ཡོང་དགོས་ན་དེ་ནི་ཐའེ་ཝན་མི་མང་གི་དགོས་འདུན་དང་མཐུན་པ་ཞིག་གི་ཕྱོགས་སུ་སྔར་ལས་ལྷག་པའི་འབད་བརྩོན་དགོས་པ་དེ་ཁོ་ན་རྩ་བའི་གནད་དོན་ཡིན།

དེ་ལས་མང་བ་། “སྒྲོལ་མའི་དུང་སྒྲུབ་ཀྱི་ཚོགས་བརྡ།” »

གསལ་བསྒྲགས།

རྩོམ་བསྡུའི་གསལ་བརྡ།

Posted on 2011-12-112011-12-11 By ཤར་ཕྱོགས་ཁུག་རྟ། No Comments on རྩོམ་བསྡུའི་གསལ་བརྡ།

མཁྱེན་ཡངས་སྨྱུག་ཐོགས་པ་རྣམ་པའི་སྙན་ལམ་དུ། ངེད་རྩོམ་སྒྲིག་ཁང་གིས་ལྗང་རླུང་ཚགས་པར་འདོན་ཐེངས་སོ་བརྒྱད་པ་དང་སོ་དགུ་པ་གཉིས་དུས་གཅིག་ཏུ་དཔར་ཏེ་དུས་དབང་སྐབས་འགྲེམ་འཆར་ཡོད་པས་རྩོམ་ཡིག་སློང་གི་ཡོད། རྩོམ་ལུས་བཅད་ལྷུག་གང་ཡིན་འཐུས་ལ་བཅར་འདྲི་དང་། བརྩམས་སྒྲུང་ཡང་རུང་། རྩོམ་ཡིག་འགོད་ས་ཚགས་པར་ཡིན་པས་ཡིག་གྲངས་ཧ་ཅང་མང་མི་རུང་།རྩོམ་སྐུར་དུས་ཡུན་དེ་རིང་ནས་བརྩིས་ཏེ་ཉིན་ལྔའི་རིང་ཡིན། རྩོམ་པ་པོའི་མཚན་ཁ་གསལ། སྡོད་གནས་བཅས་དགོས་ལ་སྨྱུག་མིང་སྤྱོད་དགོས་ཚེ་དེ་ལུགས་གསལ་བཤད་དགོས། རྩོམ་སྐུར་ཡུལ། janglung@yahoo.co.in ཡང་ན། dongthe61@yahoo.in ཡང་ན་གསལ་བཤད་དང་བཅས་གསལ་བརྡ་འདིའི་མཆན་ལ་བཀོད་ཀྱང་ཆོག། ལྗང་རླུང་རྩོམ་སྒྲིག་པས། 2011.12.11

གསལ་བསྒྲགས།

རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་དྲ་ངོས་ནས་གཟིགས་ཐུབ།

Posted on 2011-12-102011-12-13 By ཁ་བརྡ་ 20 Comments on རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་དྲ་ངོས་ནས་གཟིགས་ཐུབ།

འབྲེལ་ཐག་འདིར་བསྣུན་ནས་གཟིགས།

གསར་འགྱུར།

གླུ་མ་ཚེ་དབང་ལྷ་མོ་དང་། སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་བཅས་ནེའུ་ཡོག་ལ་གླུ་གཞས་གཏོང་བར་ཕེབས་རྒྱུ་རེད་འདུག

Posted on 2011-12-09 By kyi zur No Comments on གླུ་མ་ཚེ་དབང་ལྷ་མོ་དང་། སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་བཅས་ནེའུ་ཡོག་ལ་གླུ་གཞས་གཏོང་བར་ཕེབས་རྒྱུ་རེད་འདུག

གླུ་མ་ཚེ་དབང་ལྷ་མོ་དང་གླུ་མ་སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་སོགས་གཟའ་སྤེན་པའི་དགོངས་མོར། བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོང་བའི་ཆེད་དུ་དམིགས་པའི་གླུ་གཞས་མཚན་ཚོགས་ལ་ཞུགས་རྒྱུ་རེད་འདུག ཁ་བྲོ།

གསར་འགྱུར།

གླུ་མ་ཚེ་དབང་ལྷ་མོ་དང་། སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་བཅས་ནེའུ་ཡོག་ལ་གླུ་གཞས་གཏོང་བར་ཕེབས་རྒྱུ་རེད་འདུག

Posted on 2011-12-09 By kyi zur No Comments on གླུ་མ་ཚེ་དབང་ལྷ་མོ་དང་། སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་བཅས་ནེའུ་ཡོག་ལ་གླུ་གཞས་གཏོང་བར་ཕེབས་རྒྱུ་རེད་འདུག

གླུ་མ་ཚེ་དབང་ལྷ་མོ་དང་གླུ་མ་སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་སོགས་གཟའ་སྤེན་པའི་དགོངས་མོར། བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོང་བའི་ཆེད་དུ་དམིགས་པའི་གླུ་གཞས་མཚན་ཚོགས་ལ་ཞུགས་རྒྱུ་རེད་འདུག ཁ་བྲོ།

གསར་འགྱུར།

གླུ་མ་ཚེ་དབང་ལྷ་མོ་དང་། སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་བཅས་ནེའུ་ཡོག་ལ་གླུ་གཞས་གཏོང་བར་ཕེབས་རྒྱུ་རེད་འདུག

Posted on 2011-12-092011-12-09 By tenzin 15 Comments on གླུ་མ་ཚེ་དབང་ལྷ་མོ་དང་། སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་བཅས་ནེའུ་ཡོག་ལ་གླུ་གཞས་གཏོང་བར་ཕེབས་རྒྱུ་རེད་འདུག

གླུ་མ་ཚེ་དབང་ལྷ་མོ་དང་གླུ་མ་སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་སོགས་གཟའ་སྤེན་པའི་དགོངས་མོར། བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོང་བའི་ཆེད་དུ་དམིགས་པའི་གླུ་གཞས་མཚན་ཚོགས་ལ་ཞུགས་རྒྱུ་རེད་འདུག ཁ་བྲོ།

གསར་འགྱུར།

གླུ་མ་ཚེ་དབང་ལྷ་མོ་དང་། སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་བཅས་ནེའུ་ཡོག་ལ་གླུ་གཞས་གཏོང་བར་ཕེབས་རྒྱུ་རེད་འདུག

Posted on 2011-12-09 By No Comments on གླུ་མ་ཚེ་དབང་ལྷ་མོ་དང་། སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་བཅས་ནེའུ་ཡོག་ལ་གླུ་གཞས་གཏོང་བར་ཕེབས་རྒྱུ་རེད་འདུག

གླུ་མ་ཚེ་དབང་ལྷ་མོ་དང་གླུ་མ་སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་སོགས་གཟའ་སྤེན་པའི་དགོངས་མོར། བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོང་བའི་ཆེད་དུ་དམིགས་པའི་གླུ་གཞས་མཚན་ཚོགས་ལ་ཞུགས་རྒྱུ་རེད་འདུག ཁ་བྲོ།

གསར་འགྱུར།

གླུ་མ་ཚེ་དབང་ལྷ་མོ་དང་། སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་བཅས་ནེའུ་ཡོག་ལ་གླུ་གཞས་གཏོང་བར་ཕེབས་རྒྱུ་རེད་འདུག

Posted on 2011-12-09 By kyi zur No Comments on གླུ་མ་ཚེ་དབང་ལྷ་མོ་དང་། སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་བཅས་ནེའུ་ཡོག་ལ་གླུ་གཞས་གཏོང་བར་ཕེབས་རྒྱུ་རེད་འདུག

གླུ་མ་ཚེ་དབང་ལྷ་མོ་དང་གླུ་མ་སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་སོགས་གཟའ་སྤེན་པའི་དགོངས་མོར། བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོང་བའི་ཆེད་དུ་དམིགས་པའི་གླུ་གཞས་མཚན་ཚོགས་ལ་ཞུགས་རྒྱུ་རེད་འདུག ཁ་བྲོ།

གསར་འགྱུར།

Posts pagination

Previous 1 … 136 137 138 … 212 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (28)
  • ན་ཟུག (9)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme