ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༠ ཉིན་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཞང་ཐོག་ནས་རང་ལུས་མེར་སྲེག་གིས་ངོ་རྒོལ་སྐད་འབོད་གནང་མཁན་རྒྱལ་གཅེས་དཔའ་བོ་གཅོད་པ་ལགས་ཉིན་དེའི་ཕྱི་དྲོའི་དུས་ཚོད་ ༣ ཡོལ་ཙམ་ལ་འབར་ཁམས་སུ་སླེབས་ལ་ཉེ་བའི་ལམ་བར་ནས་འདས་གྲོངས་སུ་གྱུར་ཡོད་ཅིང་། སྐུ་ཕུང་འབར་ཁམས་ནས་རྒྱ་གཞུང་གིས་མེར་སྲེག་བཏང་སྟེ་ནང་མིར་རུས་ཐལ་ཞིག་མ་གཏོགས་སྤྲད་མེད།
བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལ་ཟངས་ཀྱི་རྟགས་མ་ཐོབ་འདུག
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་རྒྱ་གར་དུས་ཚོད་༩:༣༠ ནས་མགོ་འཛུགས་ཀྱིས་ཨོ་ལིམ་པིག་རྩེད་འགྲན་གྱི་སྤྱི་ལེ་ ༢༠ ཐམ་པའི་འགྲོ་རྩལ་འགྲན་བསྡུར་ཏེ་རྒྱལ་ས་ལོན་ཌོན་གྱི་དཀྱིལ་དབུས་(The mall)ཞེས་པ་ནས་རྒྱལ་མོ་ཝེཀ་ཊའོ་རེ་ཡཱའི་དྲན་རྟེན་(Queen Victoria Memorial) ཞེས་པར་སྐོར་བ་ཐེངས་༡༠ བྱས་ཏེ་ཁྱོན་སྤྱི་ལེ་ ༢༠ (Km 20)ལ་རྒྱུག་ཡོད་པ་དང་། ཐེངས་འདིའི་འགྲན་བསྡུར་ནང་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཨང་གསུམ་པའི་རྒྱལ་ཁ་བླངས་ཡོད་པ་རེད།…
དེ་ལས་མང་བ་། “བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལ་ཟངས་ཀྱི་རྟགས་མ་ཐོབ་འདུག” »