གནས་ཚུལ་གཏོང་མཁན། བསྟན་འཛིན་དགེ་ལེགས།
ཟླ་བ་༡༢ ཚེས་༤ ཉིན། ནེའུ་ཡོག་གི་ལ་རྩེ་དཔེ་མཛོད་ཁང་དུ། ཕྱི་དྲོའི་ཆུ་ཚོད། ༦:༣༠ ཐོག་ལ།
དབྱིན་ཇིའི་མཁས་དབང་ཁེ་ལེར་ཧ་རི་སི་༼Clare Harris༽ མཆོག་གི་དེབ་གསར་པ། “འཛམ་གླིང་ཡང་རྩེའི་སྟེང་གི་འགྲེམ་སྟོན་ཁང་སྟེ། བོད་ཀྱི་སྒྱུ་རྩལ་དང་། ཆབ་སྲིད། ངོ་སྤྲོད་བཅས་གླེང་བ།” ༼The Museum on the Roof of the World: ART, POLITICS, AND THE REPRESENTATION OF TIBET༽ ཞུ་བ་དེ་དབུ་འབྱེད་བྱ་རྒྱུ་དང་།
དེ་རིང་། ངའི་ཕ་མ་གཅིག་གི་སྲིང་མོ་སྒྲོལ་མ་མཚོ་ལགས་སུ་རྒྱ་གཞུང་གིས་ཟླ་བ་བཅུ་གཅིག་རིང་ལ་བཀག་ཉར་ཁང་ནས་གཅར་རྡུང་བཙོན་འཇུག་བྱས་འདུག་པ་མ་ཟད། རྒྱ་གཞུང་གིས་མི་བསད་པའི་ནག་ཉེས་བཙུགས་ཏེ་ལོ་གསུམ་ལ་ཁྲིམས་ཐག་ཀྱང་བཅད་འདུག། དེའི་ཁར་ཆབ་སྲིད་ཀྱི་ཁེ་དབང་ལོ་གསུམ་ལ་འཕྲོགས་ཡོད་པའི་སྐོར་གྱི་གནས་ཚུལ་མདོར་བསྡུས་ཤིག བོད་ཀྱི་འཐབ་རྩོད་པ་དང་བོད་དོན་རྒྱབ་སྐྱོར་བ། དེ་མཚུངས་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་རྣམས་ལ་སྙན་གསེང་ཞུ་རྒྱུར།
《སྙན་ཞུ་ཡིག་འབྲུ་ཁྲི་བདུན་མ》མ་ཕྱི་བོད་ཡིག་ཡིན་ཞིང་། སློབ་དཔོན་ཆེན་མོ་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཕྱི་ལོ་༡༩༦༢ ལོའི་ཡར་སྔོན་གྱི་བོད་ནང་ལ་རྟོག་ཞིབ་བརྒྱུད་ནས་ཡ་ང་བའི་གནས་སྟངས་ཇི་མ་ཇི་བཞིན་འབྲི་འགོད་ཀྱིས་རྒྱ་ཡིག་ནང་བསྒྱུར་ཏེ་རྒྱ་དམར་གཞུང་ལ་ཕུལ་བའི་སྙན་ཞུ་རེད་ལ། རྒྱ་དམར་གཞུང་གིས་རྒྱལ་ཁབ་ཀྱི་གསང་ཡིག་ཏུ་བསྒྱུར་ནས་དེང་གི་བར་དེབ་ཏུ་བཟོས་ནས་བཀྲམས་ཆོག་གི་མེད།
