Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲ་ཐོག་བགྲོ་གླེང་སྐོར་གྱི་གསལ་བསྒྲགས་གལ་ཆེན།

Posted on 2009-12-24 By དབང་ཕྱུག་ 68 Comments on དྲ་ཐོག་བགྲོ་གླེང་སྐོར་གྱི་གསལ་བསྒྲགས་གལ་ཆེན།

janghua1

དྲ་ཐོག་བགྲོ་གླེང་སྐོར་གྱི་གསལ་བསྒྲགས
།ད་ལོ་ནི་རྒྱ་དམར་པོའི་ཁྲིམས་འོག་ནས་བོད་འབངས་སྡུག་བསྔལ་ལས་སྐྱོབས་པའི་འབོད་སྒྲ་ཐོག་མར་སྒྲོགས་མཁན་གྱི་དཔའ་རྒོད་དམ་པ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཞིང་དུ་གཤེགས་ནས་ལོ་འཁོར་ཉི་ཤུ་འཁོར་བའི་དུས་དྲན་དམིགས་བསལ་བ་ཞིག་ཡིན། དེའི་རྐྱེན་གྱིས་ཁོང་གི་རྨད་དུ་བྱུང་བའི་དཔའ་ངར་གྱི་བྱུང་བ་ལ་ཕྱི་རབས་གངས་ཅན་པ་རྣམས་ཀྱིས་ཕྱིར་རྟོག་དང་རྗེས་དྲན་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་དུ་གྱུར་ཡོད། དེའི་རྐྱེན་གྱིས་གཞོན་སྐྱེས་རྩོམ་པ་པོ་རས་པ་དང༌། གཉན་པོ། ངེད་གསུམ་གྱིས་དྲ་ཐོག་བགྲོ་གླེང་ཞིག་ཟླ་འདིའི་སྤྱི་ཚེས་༢༦ཉིན་བཀོད་སྒྲིག་ཞུ་རྒྱུ་ཡིན། ཐེངས་འདིའི་བགྲོ་གླེང་ནི་སྔར་གྱི་དྲ་ཐོག་རང་མོས་བགྲོ་གླེང་ཐེངས་དང་པོའི་ཉམས་མྱོང་གཞི་ལ་བཞག་སྟེ། ཅུང་ཚད་མཐོ་བོ་དང་ལྟ་རིན་ཉན་རིན་གཉིས་ཀ་ཡོད་པ་ཞིག་ལ་རེ་བ་དང་བསམ་གཞིགས་བྱས་ནས་བརྗོད་གཞི་ཁག་བགོས་བྱས་ཡོད་ལ་རྟིང་འཛིན་ཡང་ནན་མོ་བྱ་རྒྱུ་ཡིན།

དེ་ལས་མང་བ་། “དྲ་ཐོག་བགྲོ་གླེང་སྐོར་གྱི་གསལ་བསྒྲགས་གལ་ཆེན།” »

གསལ་བསྒྲགས།

དྲ་ཐོག་བགྲོ་གླེང་སྐོར་གྱི་གསལ་བསྒྲགས་གལ་ཆེན།

Posted on 2009-12-24 By དབང་ཕྱུག་ No Comments on དྲ་ཐོག་བགྲོ་གླེང་སྐོར་གྱི་གསལ་བསྒྲགས་གལ་ཆེན།

janghua1

དྲ་ཐོག་བགྲོ་གླེང་སྐོར་གྱི་གསལ་བསྒྲགས
།ད་ལོ་ནི་རྒྱ་དམར་པོའི་ཁྲིམས་འོག་ནས་བོད་འབངས་སྡུག་བསྔལ་ལས་སྐྱོབས་པའི་འབོད་སྒྲ་ཐོག་མར་སྒྲོགས་མཁན་གྱི་དཔའ་རྒོད་དམ་པ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཞིང་དུ་གཤེགས་ནས་ལོ་འཁོར་ཉི་ཤུ་འཁོར་བའི་དུས་དྲན་དམིགས་བསལ་བ་ཞིག་ཡིན། དེའི་རྐྱེན་གྱིས་ཁོང་གི་རྨད་དུ་བྱུང་བའི་དཔའ་ངར་གྱི་བྱུང་བ་ལ་ཕྱི་རབས་གངས་ཅན་པ་རྣམས་ཀྱིས་ཕྱིར་རྟོག་དང་རྗེས་དྲན་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་དུ་གྱུར་ཡོད། དེའི་རྐྱེན་གྱིས་གཞོན་སྐྱེས་རྩོམ་པ་པོ་རས་པ་དང༌། གཉན་པོ། ངེད་གསུམ་གྱིས་དྲ་ཐོག་བགྲོ་གླེང་ཞིག་ཟླ་འདིའི་སྤྱི་ཚེས་༢༦ཉིན་བཀོད་སྒྲིག་ཞུ་རྒྱུ་ཡིན། ཐེངས་འདིའི་བགྲོ་གླེང་ནི་སྔར་གྱི་དྲ་ཐོག་རང་མོས་བགྲོ་གླེང་ཐེངས་དང་པོའི་ཉམས་མྱོང་གཞི་ལ་བཞག་སྟེ། ཅུང་ཚད་མཐོ་བོ་དང་ལྟ་རིན་ཉན་རིན་གཉིས་ཀ་ཡོད་པ་ཞིག་ལ་རེ་བ་དང་བསམ་གཞིགས་བྱས་ནས་བརྗོད་གཞི་ཁག་བགོས་བྱས་ཡོད་ལ་རྟིང་འཛིན་ཡང་ནན་མོ་བྱ་རྒྱུ་ཡིན།

དེ་ལས་མང་བ་། “དྲ་ཐོག་བགྲོ་གླེང་སྐོར་གྱི་གསལ་བསྒྲགས་གལ་ཆེན།” »

གསལ་བསྒྲགས།

ཀྲུའུ་ཝེན་ཆུན་གྱིས་རྒྱ་རི་རིན་པོ་ཆེར་ལན་བརྒྱབ་འདུག ད་རྒྱ་རི་རིན་པོ་ཆེས་དེ་ལ་ལན་ཞིག་སྐྱོན་དགོས་ཀྱི་འདུག

Posted on 2009-12-182009-12-18 By tenzin 6 Comments on ཀྲུའུ་ཝེན་ཆུན་གྱིས་རྒྱ་རི་རིན་པོ་ཆེར་ལན་བརྒྱབ་འདུག ད་རྒྱ་རི་རིན་པོ་ཆེས་དེ་ལ་ལན་ཞིག་སྐྱོན་དགོས་ཀྱི་འདུག

༄༅།།ཀྲུའུ་ཝེ་ཆུན་གྱིསསྐུ་ཞབས་རྒྱ་རི་བློ་གྲོས་ཀྱིས་རྒྱུ་མཚན་གསལ་འགྲེལ་བྱས་པའི་ཐོག་ནས་ཏཱ་ལའི་ཡིས་རྫུན་གཏམ་ལབ་པ་ར་སྤྲོད་བྱས་འདུག་ཅེས་གསུངས་པ།

ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་(http://www.tibet.cn)ཀྱི་འཕྲིན་གསར། ཟླ༡༢པའི་ཚེས༡༧ཉིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན་གྱིས་ཏཱ་ལའི་བླ་མའི་མི་སྒེར་གྱི་འཐུས་མི་རྒྱ་རི་བློ་གྲོས་ཀྱིས་ཟླ༡༢པའི་ཚེས༡༠ཉིན་བཏོན་པའི་གསལ་བསྒྲགས་ཀྱི་ཐད་ནས་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་གཤམ་གསལ་ལྟར།

གསར་འགོད་པས།   ཟླ༡༢པའི་ཚེས༨ཉིན་ཁྱེད་ཀྱིས་ང་ཚོའི་བཅར་འདྲི་དང་ལེན་གནང་སྐབས་འདི་སྐད། ཏཱ་ལའི་བླ་མས་ཀྲུང་དབྱང་གི་འཐུས་མིས་མཇལ་འཕྲད་གྲོས་མོལ་གནང་བའི་ཐད་དཀྲོག་གཏམ་བཟོས་ཤིང་།   ཁྱེད་ཀྱིས་“ཏཱ་ལའི་བླ་མས་བོད་རང་བཙན་བྱེད་པའི་རེ་འདོད་མེད”ཅེས་པའི་སྐད་ཆ་ཞིག་རྩ་བ་ནས་བཤད་མ་མྱོང་བ་དང་། ཏཱ་ལའི་ཡིས་འཛམ་གླིང་ཡོངས་ཀྱི་མི་རྣམས་ལ་རྫུན་གཏམ་བརྗོད་བཞིན་འདུག་ཅེས་བསྟན་པ་རེད།    ཁྱེད་ཀྱི་ཐེངས་འདིའི་བཅར་འདྲིའི་གླེང་མོལ་ལ་རྒྱལ་ཁབ་ཕྱི་ནང་གི་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག ཕྱི་རྒྱལ་གློག་འཕྲིན་ཚན་པས་བསྒྲགས་པ་ལྟར་ན།   ཟླ༡༢པའི་ཚེས༡༠ཉིན་ཏཱ་ལའི་མི་སྒེར་གྱི་འཐུས་མི་རྒྱ་རི་བློ་གྲོས་ཀྱིས་ཕྱིའི་ཡུལ་དུ་གསལ་བསྒྲགས་ཤིག་སྤེལ་ཏེ་ཏཱ་ལའི་བླ་མའི་ཕྱོགས་ཀྱི་རྒྱུ་མཚན་གསལ་འགྲེལ་བྱས་ཡོད་པ་རེད།   ཁྱེད་ཀྱིས་གསལ་བསྒྲགས་དེ་ལ་ལྟ་ཚུལ་ཅི་ཞིག་འཛིན་ནམ།

དེ་ལས་མང་བ་། “ཀྲུའུ་ཝེན་ཆུན་གྱིས་རྒྱ་རི་རིན་པོ་ཆེར་ལན་བརྒྱབ་འདུག ད་རྒྱ་རི་རིན་པོ་ཆེས་དེ་ལ་ལན་ཞིག་སྐྱོན་དགོས་ཀྱི་འདུག” »

གསར་འགྱུར།, གསལ་བསྒྲགས།

བོད་ཀྱི་འཚོ་བ་མཚོན་པའི་ལེགས་སྐྱེས་ཆུང་ཆུང་།

Posted on 2009-12-11 By དགེ་རབ་ 51 Comments on བོད་ཀྱི་འཚོ་བ་མཚོན་པའི་ལེགས་སྐྱེས་ཆུང་ཆུང་།

བོད་ཀྱི་འཚོ་བ་མཚོན་པའི་ལེགས་སྐྱེས་ཆུང་ཆུང་། www.tibetantsampa.com

གསལ་བསྒྲགས།

ང་ལ་རྩོམ་ཡིག་རེའི་རྒྱབ་སྐྱོར་གནང་རོགས།

Posted on 2009-11-29 By ཀླུ་ No Comments on ང་ལ་རྩོམ་ཡིག་རེའི་རྒྱབ་སྐྱོར་གནང་རོགས།

ང་ལ་རྩོམ་ཡིག་རེའི་རྒྱབ་སྐྱོར་གནང་རོགས། དྲ་གྲོགས་ཚོ། དུས་ཡུན་གང་འཚམ་ཞིག་རིང་ཁྱེད་ཅག་དང་ལྷན་དུ་དྲ་ཐོག་ནས་མཉམ་འགྲོ་མཉམ་འདུག་བྱེད་མ་ཐུབ་པར་འདི་ལྟར་དྲ་བའི་ཕྱི་རོལ་ནས་མི་ཁོམ་པའི་ལས་དོན་ཙག་ཙིག་གི་གསེང་དུ་ལྷུང་སྟེ་ད་དུང་ཡང་དེ་ལས་མ་ཐར་བར་ལྷག་ཡོད་པས་ཐོག་མར་ཁོ་བོའི་སྐད་ཆའི་ཚོམས་ཀྱི་སྐུ་མགྲོན་དུ་ཕེབས་མི་ཚོར་མགྲོན་བསུའི་སྣེ་ལེན་གང་ཡང་ཞུ་མ་ཐུབ་པར་དགོངས་དག་ཞུ་བ་དང་ཆབས་ཅིག དེ་རིང་འདིར་འཁྱུག་ཙམ་རིང་དྲ་ཐོག་ཏུ་ཡོང་དོན་ནི་འཆར་ཟླའི་ཚེས་༡༠ཉིན་ཏེ་༸གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་དུས་ཆེན་ཉིན་གྲྭ་རྐྱང་ཞིག་གི་སེམས་པ་མཚོན་བྱེད་དམ། བོད་ཀྱི་སྙན་ངག་གི་ཞབས་འདེགས་སུ་དམིགས་ཏེ་སྙན་ངག་ཁོ་ནའི་ཚགས་པར་ཞིག་དཔར་སྐྲུན་བྱེད་རྩིས་ཡོད་པས་མཁྱེན་ཡངས་དྲ་གྲོགས་རྣམ་པས་ཁོ་བོར་དེ་འབྲེལ་གྱི་རྩོམ་ཡིག་རེ་བསྐུར་གནང་ཡོང་བའི་འབོད་སྐུལ་ཞུ། ཚགས་པར་གྱི་མིང་དང་འདོན་ཡུན་སོགས་ད་དུང་གཏན་འཁེལ་ཞིག་མེད་པས་འདིར་འགོད་ཐབས་མ་བྱུང་ལ། རྗེས་ཕྱོགས་གཏན་འཁེལ་བྱུང་མཚམས་ཁྱེད་དྲ་གྲོགས་ཚོར་སྙན་སྒྲོན་ཞུ་ངེས་ཡིན།རྩོམ་བསྐུར་ཡུལ། ཁོ་བའི་གློག་འཕྲིན་ཁ་བྱང་། shitsangwa@yahoo.comའབྲེལ་ཡུལ་ཁ་པར་ཨང་གྲངས། ༩༩༤༥༥༣༧༥༣༣

གསལ་བསྒྲགས།

འདི་འདྲ་ཞིག་ང་ཚོས་ཅིས་ཀྱང་བྱ་དགོས་པ་འདྲ།

Posted on 2009-11-25 By ཀླུ་ 3 Comments on འདི་འདྲ་ཞིག་ང་ཚོས་ཅིས་ཀྱང་བྱ་དགོས་པ་འདྲ།

hh-daའདི་འདྲ་ཞིག་ང་ཚོས་ཅིས་ཀྱང་བྱ་དགོས་པ་འདྲ།འཛམ་གླིང་གི་ཡུལ་ཕྱོགས་གང་ས་ན་གནས་འཆའ་བཞིན་བཞུགས་པའི་བོད་རིགས་གཙོས་འཛམ་གླིང་གི་དད་ལྡན་མི་སྣ་ཚོའི་སྙན་ཅོག་རིང་མོའི་དྲུང་དུ། ཨོ་མ་རེད། གསེར་གྱི་སྙན་ཅོག་གསལ་བོ་གང་དེའི་དྲུང་དུ། (དེང་སང་སྟོན་བཤད་ཨ་ཧ་མ་ཞིག་འབྲི་བཞིན་ཡོད་པས་སྐད་ཆ་བཤད་བཤད་ཚང་མར་ཨ་མཚར་འདྲེས་འགྲོ་གིན་འདུག སྤོ་ལངས་མི་ཉན་གོ)

ངས་འདིར་བོད་མི་སྤྱི་དང་འཛམ་གླིང་ཡུལ་གྲུ་ཀུན་དུ་གནས་པའི་དད་ལྡན་སྐྱེས་འགྲོ་ཡོངས་ལ་དྲན་སྐུལ་ཞུ་རྒྱུ་ཞིག་ལ།

དེ་རིང་ནས་ཁ་ཕྱིར་འཁོར་ཏེ་ཡར་བརྩིས་པའི་མོ་ལོ་ཉི་ཤུའི་ཡར་སྔོན་ཞིག་ལ།

དེ་ལས་མང་བ་། “འདི་འདྲ་ཞིག་ང་ཚོས་ཅིས་ཀྱང་བྱ་དགོས་པ་འདྲ།” »

གསལ་བསྒྲགས།

སང་ཕྱིན་ཆད་ངས་རྩམ་པ་མི་ཟ།

Posted on 2009-10-30 By དགེ་རབ་ 9 Comments on སང་ཕྱིན་ཆད་ངས་རྩམ་པ་མི་ཟ།

རྩམ་པ་ནི་བོད་པའི་ཁ་ཟས་ཡིན་ཞེས་བརྗོད་ན་དེ་ནི་སྤྱིར་བཏང་ཞིག་ལས་དམིགས་བསལ་གྱི་གོ་དོན་ཅི་ཡང་མེད་། བསམ་གཞིགས་ཀྱ་ཟུར་ངོས་གཞན་ཞིག་ནས་བལྟས་ཚེ་། རྩམ་པ་དང་མི་རིགས་འདི་བར་གྱི་འབྲེལ་བ་དེ་ཧ་ཅང་གི་དམིགས་བསལ་བ་ཞིག་ཡིན་། ཡིན་ན་ཡང་དེ་ལྟར་བརྗོད་མཁན་མེད་ལ་། བརྗོད་དགོས་ཚེ་། བརྗོད་བྱ་དེ་ལ། རྗོད་བྱེད་ཚིག་གི་ཡང་མི་འདང་བ་ལྟ་བུར་སྣང་། དཔེར་ན་འགྲན་བསྡུར་ཞིག་གི་ཆེད་དུ་། དམ་འཇོག་པ། ་་་་ང་ཁོ་ལས་རྒྱལ་མ་ཐུབ་ཚེ་སང་ཕྱིན་ཆད་ངས་རྩམ་པ་མི་ཟ། ཞེས་པ་དེས་མི་རིགས་འདི་དང་རྩམ་པའི་བར་གྱི་འབྲེལ་བ་དེ་ཚད་ངེས་ཅན་ཞིག་དུ་སླེབས་ཡོད་པར་དོག་མི་ཟ། གཞན་ཡང་། ་་་་ང་བརྒྱད་ལོར་ཟ་མ་གཞན་པ་ཕར་ཞོག་རྩམ་པ་ཡང་ཡོད་པ་མ་རེད་། ཟེར་བ་དེས་ཅི་ཞིག་མཚོན་ཐུབ། གང་ཟག་དེས་སེམས་ངོར་རྩམ་པ་ནི་ཟས་ཀྱ་མཐའ་མའི་མཐར་བཞག་ཞིག་རེད་དམ་།…

དེ་ལས་མང་བ་། “སང་ཕྱིན་ཆད་ངས་རྩམ་པ་མི་ཟ།” »

གསལ་བསྒྲགས།

“དགེ་སློབ་གླེང་སྟེགས”ལེགས་འགྲུབ་བྱུང་ཡོད།

Posted on 2009-10-212009-10-21 By དགེ་རབ་ 16 Comments on “དགེ་སློབ་གླེང་སྟེགས”ལེགས་འགྲུབ་བྱུང་ཡོད།

བསིལ་ཆབ།
དགེ་རྒན་ཞིག་ཡིན་ཚེ་རང་གི་སློབ་ཕྲུག་གི་བློ་སྒོ་ཇི་ལྟར་འབྱེད་པའི་སྐོར་ལ་བསམ་བློ་མི་གཏོང་མཁན་ཕལ་ཆེར་ཡོད་མི་སྲིད་ལ། དེ་ཡང་རང་ཉིད་ལ་སྐད་ཡིག་གི་རྨང་གཞི་ཡོད་པ་ཁོ་ནས་མི་འགྲིགས་སྟེ། གཙོ་བོ་སློབ་ཁྲིད་ཀྱི་ཐབས་ལམ་དང་སྐད་ཡིག་གི་མངར་ཆ་སྤྲོད་ཐུབ་མིན་ལ་རག་ལུས་ཡོད་པ་མ་ཟད། དམིགས་བསལ་སློབ་ཕྲུག་རྣམས་རང་གི་སྐད་ཡིག་ལ་དུང་ཞེན་ལྡན་པ་ཞིག་བཟོ་ཐུབ་མིན་ལའང་རག་ལུས་ཡོད། འོན་ཀྱང་དེ་ནི་དགེ་རྒན་གྱི་ཤེས་ཚད་དང་ཐབས་རྩལ་ལ་རག་ལུས་པས་ན་འདི་ནས་ཆེད་དུ་དགེ་རྒན་རྣམ་པ་དང། དགེ་རྒན་ལྟ་བུའི་རྩོམ་པ་པོ་རྣམས་ལ་འབོད་བསྐུལ་དང་འབྲེལ་མ་འོངས་བོད་ཀྱི་སོན་རྩར་གླེང་བའི་སློབ་ཕྲུག་འདི་དག་གི་ཆེད་དུ་རྩོམ་ཡིག་དང། ཁྲིད་ཐབས། སྐད་ཡིག་སྦྱོང་ཐབས། རྩོམ་ཡིག་འབྲི་བའི་མྱུར་ལམ་སོགས་མདོར་ན་དྲ་ཚིགས་འདིའི་དགོས་དམིགས་ཇི་བཞིན་སློབ་ཕྲུག་དང་དགེ་རྒན་ཉིས་ཆར་ཕན་པའི་བརྩམས་ཆོས་རེ་སྤེལ་རོགས་་གནང།

དེ་ལས་མང་བ་། ““དགེ་སློབ་གླེང་སྟེགས”ལེགས་འགྲུབ་བྱུང་ཡོད།” »

གསལ་བསྒྲགས།

རྩོམ་སྐུལ།

Posted on 2009-10-17 By དགེ་རབ་ 9 Comments on རྩོམ་སྐུལ།

མཁྱེན་ལྡན་སྐྱ་རེངས་བརྙན་དེབ་ཀློག་པ་པོ་རྣམས་དང་། རྩོམ་ཡིག་ཞལ་འདེབས་གནང་མཁན། འགན་འཁྲིའི་དགེ་སློབ་རྣམ་པ་ཡོངས་ལ། ད་ལན་འདི་ནས་རྒྱུ་འགྲོན་བུན་གཡར་བྱས་ནས་སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ་འདོན་ཐེངས་གསུམ་པ་འདོན་སྤེལ་ལེགས་གྲུབ་བྱུང་ཡོད་ཅིང་།  འབྱུང་འགྱུར་༢༠༡༠ལོར་ཡང་སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ་བཞི་པ་མུ་འཐུད་འདོན་སྤེལ་ཞུ་རྒྱུ་ཡིན་ན། ཁྱེད་རྣམས་ཀྱིས་གཞིས་བྱེས་ཡོང་གི་བོད་ཕྲུག་གཙོ་གྱུར་གྱིས་བོད་རིགས་ཡོང་གི་ཤེས་ཚད་གོང་མཐོར་འཕེལ་སླད།  ནང་ཆོས་ངོ་སྤྲོད། ཚན་རིག་དང་། སྒྲུང་རྩོམ། དཔྱད་རྩོམ། ལོ་རྒྱུས། བསྒྱུར་རྩོམ། མི་སྣ་ངོ་སྤྲོད། རྒྱུན་ཤེས་སམ་ཤེས་བྱ། བསླབ་བྱ།…

དེ་ལས་མང་བ་། “རྩོམ་སྐུལ།” »

གསལ་བསྒྲགས།

༼བཀའ་བློན་ཁྲི་པ༽ཞེས་པའི་ཚགས་པར་ཞིག་འདོན་རྒྱུའི་གསལ་བརྡ།

Posted on 2009-10-07 By དབང་ཕྱུག་ 12 Comments on ༼བཀའ་བློན་ཁྲི་པ༽ཞེས་པའི་ཚགས་པར་ཞིག་འདོན་རྒྱུའི་གསལ་བརྡ།

གཅིག རྒྱུས་སྟོན་པ།

༡༽ ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་རྡོ་རྗེ་དབང་ཕྱུག
༢༽ བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ།
༣༽ བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་རིགས་གཅིག་རྐང་འཛིན་པ་ཨ་འབྲུག་དཀོན་མཆོག
༤༽ སྲོང་བཙན་ལོ་རྒྱུས་ཞིབ་འཇུག་པ་སྨན་ཤེར་བློ་གྲོས།

གཉིས། དམིགས་ཡུལ།

༼བཀའ་བློན་ཁྲི་པ་༽ཞེས་པའི་ཚགས་པར་འདི་འདོན་དགོས་དོན་ནི། བཙན་བྱོལ་བོད་མིས་རང་དབང་དང་མང་གཙོའི་སྒོ་ནས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་གསར་དུ་འོས་འདེམས་བྱེད་རན་ལ་ཉེ་བའི་སྐབས་འདིར། བཀའ་ཁྲིའི་སྐོར་ལ་འགན་ལེན་དང་དོ་སྣང་བྱེད་སའི་ཕྱོགས་བསྡུས་རང་བཞིན་ཅན་གྱི་བརྒྱུད་ལམ་ཁག་ཧ་ཅང་ཉུང་བས། འདི་ག་ནས་ཤེས་ཡོན་ཅན་དང་མི་མང་བྱིངས་ཀྱི་ནང་ཕན་ཚུན་དགོངས་ཚུལ་བརྗེ་རེས་བྱེད་སའི་གླེང་སྟེགས་ཤིག་ཏུ་འགྱུར་རེའི་འཕེན་པ་རྣམ་དག་དང༌། མཁྱེན་ལྡན་ལམ་སྟོན་པ་དང་ཤེས་ཡོན་ཅན་རྣམས་ཀྱི་དགོངས་ཚུལ་དང༌། མི་མང་ཡོངས་ཀྱི་རེ་འདུན་དཀྱུས་གཅིག་ཏུ་གསལ་བའི་འབྲེལ་ཟམ་ཞིག་ཏུ་འགྱུར་རྒྱུ། ད་དུང་བཙན་བྱོལ་བོད་མིའི་མང་གཙོའི་ནུས་སྟོབས་གོང་འཕེལ་དང་མི་མང་གི་གོ་རྟོགས་དང་འགན་ལེན་གྱི་ནུས་ཤུགས་རྒྱ་ཆེ་རུ་དང་གཏིང་ཇེ་ཟབ་ཏུ་འགྲོ་ཐབས་སུ་དམིགས་པ་ཞིག་ཡིན།

གསུམ། ནང་དོན་མཚམས་སྦྱོར།

ཚགས་པར་འདིའི་ནང་དོན་ནི།
༡ བཀའ་བློན་ཁྲི་པའི་སྐོར་གྱི་ལམ་སྟོན་བཀའ་སློབ་དང་རྒྱུན་ཤེས་ཀྱི་སྐོར་གང་ཡོད་མུ་འགོད་བྱ་རྒྱུ།
༢ མཁྱེན་ཡོན་ལྡན་པ་གང་མང་ཞིག་ལ་ ༢༠༡༡ ལོའི་བཀའ་ཁྲིའི་སྐོར་ལ་བཀའ་འདྲི་ཞུ་རྒྱུ། ༣ བཀའ་བློན་ཁྲི་པའི་སྐོར་གྱི་ཆེད་རྩོམ་དང་བསམ་ཚུལ་འགོད་རྒྱུ།
༤ ཚོགས་སྡེ་ཁག་དང་སྒེར་པ་ཚང་མར་བཀའ་ཁྲིའི་འོས་ཆོས་དམིགས་བསལ་གྱིས་གསལ་འདོན་བྱ་སའི་ས་མིག་ཡོད་པ།
༥ བཀའ་ཁྲི་གསར་པའི་ཁྱད་ཡོན་གང་འདྲ་ཞིག་ཚང་དགོས་པ། ཁོང་གིས་མ་འོངས་པའི་འཆར་གཞི་སློང་ཐབས་དང་ལས་འགན་ཇི་ལྟར་འཁྱེར་དགོས་མིན་སོགས་ཀྱིས་མཚོན་པའི་བརྗོད་གཞི་སྣ་ཚོགས་ཤིག་ཡོངས་ཁྱབ་སྤེལ་རྒྱུ།
༦ རྩོམ་སྒྲིག་པའི་གཏམ་དང་གླ་ཡོད་གསལ་བསྒྲགས་བྱ་ས་ཡོད་པ་བཅས་ཡིན།

དེ་ལས་མང་བ་། “༼བཀའ་བློན་ཁྲི་པ༽ཞེས་པའི་ཚགས་པར་ཞིག་འདོན་རྒྱུའི་གསལ་བརྡ།” »

གསལ་བསྒྲགས།

ཁོ་མཐོང་སོང་ངམ།

Posted on 2009-10-07 By ཀླུ་ No Comments on ཁོ་མཐོང་སོང་ངམ།

                                                                                                                                                            ཚེ་ལོའི་པར། རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་རྣམ་པ་ལགས། འཇིག་རྟེན་གྱི་དྲིན་ཆེན་ཕ་མ་སུ་ཞིག་ཡིན་རུང་རང་ཉིད་ཀྱི་ཤ་ལས་མཆེད་པའི་སྙིང་སྡུག་བུ་ཕྲུག་དང་ཁ་གྱེས་པ་ནི་ཆེས་བཟོད་མི་ཐུབ་པའི་སྡུག་བསྔལ་ཅིག་ཡིན་པ་ཀུན་གྱི་ཤེས་གསལ་ལྟར་རེད།འདས་པའི་ལོ་དྲུག་གི་ཡར་སྔོན་དུ་མཚོ་སྔོན་དཔའ་ལུང་རྫོང་ཨར་ཐང་ཞང་ཁོ་ཚེ་སྡེ་བའི་མིང་ལ་ཚེ་ལོ་ཟེར་བ་ཕ་ཡུལ་དང་ཁ་བྲལ་ཏེ་ཕྱིར་ཡོང་མེད་པར་གང་ཞིག་ཏུ་སོང་ཟིན་ལ། ད་ལྟ་ས་ཆ་གར་ཡོད་དང་འཚོ་བ་བདེ་སྡུག་གི་ལམ་ཁ་གང་དུ་ཡོད་པའང་མི་ཤེས་པས་ན། རྒྱ་ཆེའི་སྤུན་ཟླ་སུ་ཞིག་གིས་ཁོ་མཐོང་ཐོས་སུ་གྱུར་ན་ཁོ་པའི་དྲིན་ཆེན་གྱི་ཕ་མ་རྣམ་གཉིས་དང་ཕུ་ནུ་མིང་སྲིང་དག་གིས་མྱུར་དུ་ཕ་ཡུལ་དུ་ལོག་པར་བྱམས་བརྩེ་དང་རེ་སྒུག་གིས་མིག་ཟུང་ཟུམ་པ་མེད་པར་ལུས་ཡོད་པ་ནི་ཅིས་ཀྱང་ཤོད་རོགས་ཞུ། དེ་མིན་ཁོ་ལ་དཀའ་ཁག་ག་འདྲ་ཐུག་ཡོད་ནའང་གནས་སྐབས་སུ་རོགས་རམ་བྱས་ཏེ་ཕ་ཡུལ་དུ་ལམ་འཇུག་བྱེད་རྒྱུ་སྙིང་ནས་ཐུགས་རྗེ་ཆེ་ཞུ།         ཞེས་ཚེ་ལོའི་ཕུ་བོ་འཇམ་དབྱངས་ནས། འབྲེལ་གཏུགས་བྱེད་ས། འཇམ་དབྱངས། ཁ་པར། 13369716571 ཡང་ན་09712235448

གསལ་བསྒྲགས།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་མཁས་པའི་གསུང་བཤད་ཀྱི་གསལ་བསྒྲགས།

Posted on 2009-09-30 By དགེ་རབ་ 3 Comments on ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་མཁས་པའི་གསུང་བཤད་ཀྱི་གསལ་བསྒྲགས།

གསུང་བཤད་ཀྱི་ནང་དོན། བོད་ཀྱི་གསོ་རིག་དང་ནང་ཆོས། སྲིད་གཞུང་བཅས་ནི་སྔ་བོའི་དེང་རབས་ཅན་གྱི་དཔེ་གཞི་ཞིག་ཡིན་ནམ། གསུང་བཤད་གནང་མཁན། Harvard University རྒན་ཆེན་མོ་Janet རྒྱ་མཚོ། གསུང་བཤད་གནང་དུས། སྤྱི་ཟླ་ ༡༠ བའི་ཚེས་ ༣།  གཟའ་སྤེན་པའི་ཕྱི་དྲོ་ཆུ་ཚོད་ ༣…

དེ་ལས་མང་བ་། “ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་མཁས་པའི་གསུང་བཤད་ཀྱི་གསལ་བསྒྲགས།” »

གསལ་བསྒྲགས།

ཁ་བརྡའི་ནང་ཆོས་ལུགས་ཐེན་ཁྱེར་གྱི་ཁྲག་གི་འཁོར་ལོ་བསྐོར་བཞིན་འདུག ཐུགས་རྗེས་གཟིགས་དེ་དག་མེད་པ་བཟོ་རོགས།

Posted on 2009-09-28 By tenzin 27 Comments on ཁ་བརྡའི་ནང་ཆོས་ལུགས་ཐེན་ཁྱེར་གྱི་ཁྲག་གི་འཁོར་ལོ་བསྐོར་བཞིན་འདུག ཐུགས་རྗེས་གཟིགས་དེ་དག་མེད་པ་བཟོ་རོགས།

ཁ་བརྡའི་འགན་འཛིན་པ་ལགས། ཁ་བརྡའི་ནང་། གྲྭ་སའི་སློབ་གཉེར་བར་བསྟོད་པ་ཟེར་བའི་རྩོམ་གྱི་མཆན་མང་པོ་ཞིག ཁ་བརྡའི་སྒྲིག་གཞི་དང་འགལ་བའི་མཆན། བོད་མིའི་སེམས་ལ་ཆེད་དུ་མངགས་ནས་རྨ་སྦྱིན་པའི་ཚིག་ངན་ཤ་སྟག་ལས་མ་འདས། མཆན་དེ་དག་གིས་བོད་མིའི་ཆིག་སྒྲིལ་ལ་དུག་ལྟར་གནོད་པས། དྲ་བདག་གིས་དེ་དག་བསུབ་ན་ལེགས། རབ་བྱུང་ན། མཆན་འགོད་པ་རྣམས་ཀྱིས་མིང་ཐོ་འགོད་པའི་སྲོལ་ཞིག་ཡོད་ན་སྐྱོན་འདི་དག་འགོག་ཐུབ།

གསར་འགྱུར།, གསལ་བསྒྲགས།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་མཁས་པའི་གསུང་བཤད་ཀྱི་གསལ་བསྒྲགས།

Posted on 2009-09-192009-09-19 By ཁ་བརྡ་ 8 Comments on ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་མཁས་པའི་གསུང་བཤད་ཀྱི་གསལ་བསྒྲགས།

གསུང་བཤད་ཀྱི་ནང་དོན། མར་ཁོ་པོ་ལོ་ནས་ཙི་ཙི་མི་ཀི་བར་གྱི་བོད།(Tibet: From Marco Polo to Mickey Mouse) གསུང་བཤད་གནང་མཁན། རུའུ་སྦིན་འགྲེམས་སྟོན་ཁང་གི་དགེ་རྒན་ཆེན་མོ་ Ramon Prats གསུང་བཤད་གནང་དུས། ཟླ་༩བའི་ཚེས་ ༢༦…

དེ་ལས་མང་བ་། “ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་མཁས་པའི་གསུང་བཤད་ཀྱི་གསལ་བསྒྲགས།” »

གསལ་བསྒྲགས།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་རྩོམ་འདེམས་ཀློག་གི་གསལ་བསྒྲགས།

Posted on 2009-09-11 By དགེ་རབ་ 20 Comments on ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་རྩོམ་འདེམས་ཀློག་གི་གསལ་བསྒྲགས།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་རྩོམ་འདེམས་ཀློག་གི་གསལ་བསྒྲགས། ཀློག་མཁན། བྱམས་པ་དགེ་ལེགས་(གཅན་རང་སད།)། བཀླག་བྱ། སྤྲིན་གྱི་ཕོ་ཉའི་ཤོ་ལོ་ཀ་འགའ། (ཞོར་དུ་སྤྲིན་གྱི་ཕོ་ཉས་བོད་ཀྱི་རྩོམ་རིག་ལ་ཤུགས་རྐྱེན་ཅི་ཐེབས་སྐོར་ལ་གླེང་མོལ།) ཀློག་དུས། གཟའ་སྤེན་པ། ཟླ་ ༩ བའི་ཚེས་ ༡༢ ཀྱི་ཕྱི་དྲོ་དུས་ཚོད་༣་་པ་ནས་ ༤།༣༠ བར།…

དེ་ལས་མང་བ་། “ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་རྩོམ་འདེམས་ཀློག་གི་གསལ་བསྒྲགས།” »

གསལ་བསྒྲགས།

བོད་ཀྱི་རྩམ་པ་ཚོང་ཁང་།

Posted on 2009-08-312009-08-31 By དགེ་རབ་ 19 Comments on བོད་ཀྱི་རྩམ་པ་ཚོང་ཁང་།

བོད་ ཀྱི་རྩམ་པ་དྲ་ལམ་ཚོང་ཁང་ནི་སྤྱི་ལོ་༢༠༠༩ལོར་ཟླ་༧ཚེས་༦སྒོ་ཕྱེ་བ་རེད། དུས་རབས་ཉེར་གཅིག་པའི་འགྱུར་འགྲོས་གྱི་གོམ་ཁ་དང་དོ་མཉམ་པའི་དྲ་ལམ་ཐོག་གི་ བོད་ཀྱི་མི་ཚང་ཞིག་གི་འབད་བརྩོན་ལས་བྱུང་བའི་ཚོང་ཁང་ཆུང་ཆུང་ཞིག་ཡིན། བོད་ཀྱི་རྩམ་པ་དྲ་ལམ་ཚོང་ཁང་ནི་བོད་ཡིག་གི་དྲ་ལམ་ཚོང་ཁང་ཆེས་ཐོག་མ་དེ་ཡིན། དོན་འགྲུབ་དང་རྡོར་མཚོ་གཉིས་ཀྱིས་རང་གི་འབད་བརྩོན་དུ་མ་ལ་བརྟེན་ནས་༢༠༠༩ ལོར་ལེགས་འགྲུབ་བྱུང་། ཚོང་ཁང་ཆུང་ཆུང་དེར་བཙོང་བཞིན་པའི་རྩམ་པ་དེའི་རྒྱུ་ཆ་འབྲུ་རིགས་དག་ནི་རང་ བྱུང་ཁོར་ཡུག་གི་ཉི་དྲོད་དང་ཆར་ཆུས་བརླན་གཤེར་ལ་བརྟེན་ནས་རང་བྱུང་དུ་སྐྱེས་ པ་ཁོ་ན་ལས། རྫས་འགྱུར་རིགས་ཀྱི་དྲི་མ་ཙམ་ཡང་མེད་པས་རྒྱུ་ཆ་ཕུན་སུམ་ཚོགས་པ་དང་། རང་རེའི་བོད་ཀྱི་ལག་ལེན་ལྟར། འབྲུ་རིགས་ཆུ་རིས་དང་། ཡས་བྱེ་རྔོས་བྱས་དེ། ཉར་ཚགས་གཙང་ཞིང་ཞིབ་པ་བྱས་མཐར་།…

དེ་ལས་མང་བ་། “བོད་ཀྱི་རྩམ་པ་ཚོང་ཁང་།” »

གསལ་བསྒྲགས།

ཐང་སན་ལམ་ཡིག་ངོ་སྤྲོད།

Posted on 2009-08-252009-08-25 By དབང་ཕྱུག་ 5 Comments on ཐང་སན་ལམ་ཡིག་ངོ་སྤྲོད།

hsuan-tsang-guides-book1
སྐྱེས་སར་ཀླུ་སྒྲུབ།

དེབ་འདི་རྒྱའི་བཙུན་པ་ཐང་སན་ཙང་ཕྱི་ལོའི་དུས་རབས་བདུན་པར་རྒྱ་གར་དུ་གནས་མཇལ་དང། ཆོས་འཚོལ་བར་ཕེབས་སྐབས་ལམ་བར་གྱི་གཟིགས་ཚུལ་ཡིག་འགོད་མཛད་པའི་ལམ་ཡིག་ཅིག་ཡིན་ཞིང། མིང་ལ་ཆེན་པོ་ཐང་གི་སྐབས་ནུབ་ལྗོངས་སུ་བསྐྱོད་པའི་ཟིན་བྲིས་ཟེར་བ་ལྟ་བུ་ཞིག་ཡིན་མོད། འོན་ཀྱང་ད་ཕན་བོད་ཡིག་ཐོག་གི་ལོ་རྒྱུས་ནང་ཐང་སན་ལམ་ཡིག་ཅེས་འབོད་པ་དང། ལམ་ཡིག་འདི་བོད་བསྒྱུར་བྱེད་པོ་སོག་རིགས་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཀྱིས་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ཅེས་བསྒྱུར་ཡོད།

དེ་ལས་མང་བ་། “ཐང་སན་ལམ་ཡིག་ངོ་སྤྲོད།” »

གསལ་བསྒྲགས།

བོད་རྩོམ་འདེམས་ཀློག་གི་འཛིན་གྲྭའི་གསལ་བསྒྲགས།

Posted on 2009-08-122009-08-12 By དགེ་རབ་ 1 Comment on བོད་རྩོམ་འདེམས་ཀློག་གི་འཛིན་གྲྭའི་གསལ་བསྒྲགས།

བོད་རྩོམ་འདེམས་ཀློག་གི་འཛིན་གྲྭ། འདེམས་ཀློག་གནང་མཁན།-ཧོར་གཙང་འཇིགས་མེད། འདེམས་ཀློག་གནང་དུས།-སྤྱི་ཟླ ༨ པའི་ཚེས་ ༡༥ ཡི་སྔ་དྲོ་དུས་ཚོད་ ༡༡ནས་ཉིན་རྒྱབ་དུས་ཚོད་ ༡༢:༣༠ བར། འདེམས་ཀློག་གནང་ས།-ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་། ཟླ་རེར་ཐེངས་གཅིག་ཚོགས་བཞིན་པའི་འཛིན་གྲྭ་འདིས་དུས་སྐབས་མི་འདྲ་བ་སྟེ། ཏུན་ཧོང་གཏེར་ཡིག་གམ་བོད་བཙན་པོའི་དུས་ཀྱི་རྩོམ་ཡིག་ནས་དེང་རབས་རྩོམ་ཡིག་སྣ་ཚོགས་ནས་དྲག་འདེམས་ཀྱིས་ཀློག་པ་དང་ངོ་སྤྲོད་བྱེད་པའི་འཛིན་གྲྭ་ཞིག་ཡིན། དེ་ནི་རྩོམ་ཡིག་གང་ཞིག་ཀློག་པ་ཁོ་ན་མ་ཡིན་པར། དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས།…

དེ་ལས་མང་བ་། “བོད་རྩོམ་འདེམས་ཀློག་གི་འཛིན་གྲྭའི་གསལ་བསྒྲགས།” »

གསལ་བསྒྲགས།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་གསུང་བཤད་གསལ་བསྒྲགས།

Posted on 2009-08-122009-08-12 By དགེ་རབ་ No Comments on ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་གསུང་བཤད་གསལ་བསྒྲགས།

གསུང་བཤད་ཀྱི་ནང་དོན།_ དེང་རབས་སྤྱི་ཚོགས་ཀྱི་ནང་དུ་བོད་རྩིས་ཀྱི་གོ་བབ་དང་དཀའ་ངལ། གསུང་བཤད་གནང་མཁན།_ཡུམ་པ། (བོད་ལྗོངས་སྨན་རྩིས་ཁང་། ལྷ་ས།) གསུང་བཤད་གནང་དུས།_༢༠༠༩ ལོའི་ཟླ་༨པའི་ཚེས་༡༥། གཟའ་སྤེན་པའི་ཕྱི་དྲོ་དུས་ཚོད་ ༣:༠༠པར། གསུང་བཤད་གནང་ས།_ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་། སྐུ་ཞབས་ཡུམ་པ་ནི་ལྷ་སའི་བོད་ལྗོངས་སྨན་རྩིས་ཁང་གི་འགན་འཛིན་དང་ཞིབ་འཇུག་པ་ཡིན། ཁོང་གིས་དེང་སང་གི་སྤྱི་ཚོགས་འདིའི་ནང་དུ་བོད་ཀྱི་རྩིས་རིག་པ་དེས་གོ་བབ་ཇི་ལྟ་བུ་ཞིག་བཟུང་ཡོད་པ་དང་། སྲོལ་རྒྱུན་གྱི་རིག་སྒོ་འདིས་གྲངས་རྡུལ་གྱི་དུས་རབས་འདིའི་ནང་ལ་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཅི་ཡོད་ཀྱི་སྐོར་ལ་བཀའ་མོལ་གནང་རྒྱུ་རེད། སྐུ་ཞབས་ཡུམ་པ་ལགས་ནི་ལྷ་སའི་བོད་ལྗོངས་སྨན་རྩིས་ཁང་གི་འགན་འཛིན་དང་ཞིབ་འཇུག་པ་ཡིན་པའི་སྟེང་། བོད་ལྗོངས་རྩིས་རིག་པའི་མཐུན་ཚོགས་ཀྱི་དྲུང་ཡིག་ཀྱང་ཡིན།…

དེ་ལས་མང་བ་། “ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་གསུང་བཤད་གསལ་བསྒྲགས།” »

གསལ་བསྒྲགས།

Posts pagination

Previous 1 … 29 30

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme