དགེ་འདུན་རྒྱ་མཚོ།
༼ཚན་པ་གསུམ་པ།༽
ཁྱིམ་ཚང་དེ་གཉིས་ནི་བྲག་རྡོ་སྐྱ་ལོག་དེའི་གཡས་གཡོན་ལ་འབྱར་ནས་ཡོད་པས་བར་ཐག་དེ་ཙམ་རིང་བོ་མེད་མོད། བགྲོད་ལམ་ཅུང་མི་བདེ་བས་དཀྱོགས་ནས་འགྲོ་ན་མ་གཏོགས་གཡག་རྒན་གྱི་སྐེ་ཤུར་ནང་ལ་ལྷུང་རྒྱུ་ཁོ་ཐག་ཡིན། དེས་རྐྱེན་གྱིས་སེམས་ཆུང་མི་བྱེད་ཐབས་མེད་རེད། ཀླད་ཁ་ནས་མར་ཁྱིམ་ཚང་གོང་མ་དེའི་གཉའ་ལ་བབས་པའི་ཚེ། སྒོ་ཁྱི་འདྲ་ཤོར་ཨེ་ཡོང་བསམ་ནས་ང་ཧ་ཅང་སྐྲག་གིན་འདུག་ལ། འདི་བ་ཚང་ལ་ཆ་རྒྱུས་དེ་ཙམ་མེད་པས་སྡར་མ་ངའི་སྙིང་ཡང་གློ་བུར་དུ་ལྡང་མགོ་ཚུགས་སོང་།