Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚངས་མགུར་མ་ཡིན་པའི་ཚངས་མགུར་ཞིག

Posted on 2014-09-082014-09-08 By ཁ་བརྡ་ 11 Comments on ཚངས་མགུར་མ་ཡིན་པའི་ཚངས་མགུར་ཞིག

སྐྱ་རེངས།

unnamed༡
ཉི་མ་ནུབ་རྗེས་ཟླ་བ་འཆར།།
ཟླ་བ་ནུབ་རྗེས་ཉི་མ་ཤར།།
ཉི་མ་ཟླ་བ་འཕྲད་ས་ཞིག།
རྒྱ་མཚོའི་གཏིང་ན་ལུས་ཡོད།།

༢
ཁྱོད་ནི་རྒྱ་མཚོ་ཕ་རོལ།།
ང་ནི་རྒྱ་མཚོ་ཚུ་རོལ།།
ང་གཉིས་འཕྲད་སའི་ཁྱིམ་ཞིག།
ཤར་ནུབ་མཚམས་སུ་ལུས་ཡོད།།

དེ་ལས་མང་བ་། “ཚངས་མགུར་མ་ཡིན་པའི་ཚངས་མགུར་ཞིག” »

སྙན་ངག

ཁྱོད་ཀྱི་དོན་དུ། ང་ལ་ཅི་ཡང་ཕོད་པའི་སྣང་བ་ཞིག

Posted on 2014-09-082014-09-08 By ཁ་བརྡ་ No Comments on ཁྱོད་ཀྱི་དོན་དུ། ང་ལ་ཅི་ཡང་ཕོད་པའི་སྣང་བ་ཞིག

རིན་ཁོ།
_____བརྩེ་བ་སྲུང་རོགས་ཀྱི་བུ་མོ་ཞིག་ལ།

གཅིག་བྱས་ན། ཁྱོད་རང་གིས་ཤེས་ཡོད་སྲིད།
ཐེངས་དང་བོར་ང་ཚོ་ངོ་འཕྲད་དུས།
ང་ཧ་ཅང་བཚབས་བྱུང་། ངས་མགྲིན་པའང་བརྣངས་སོང་།
སྐབས་དེ་ནས་བཟུང་།
ངས་མི་ཚེ་ནང་ཅི་ཞིག་ཤོར་སོང་བ་དག
ཕྱིར་རང་གི་ལག་ཏུ་ཐོབ་ངེས་ཀྱི་རེ་འདུན་འཆང་།

དེ་ལས་མང་བ་། “ཁྱོད་ཀྱི་དོན་དུ། ང་ལ་ཅི་ཡང་ཕོད་པའི་སྣང་བ་ཞིག” »

སྙན་ངག

མུན་ནག

Posted on 2014-09-072014-09-07 By ཡེ་ཤེས་ 4 Comments on མུན་ནག

ཀླུ་སྨྱོན།
མུན་ནག
(ཐོལ་བྱུང་སྙན་ངག་འགའ)
མུན་ནག་ནང་།
སྙན་ངག་འབྲི་ཞོར་ཅི་ཞིག་ལ་ལྕེ་ལྡག་ཅིག་བྱས།
དེ་ནི་འཁྱག་པའི་གོང་བུ་ཞིག་རེད།
སྒྲོན་མེ་སྤར་ཏེ་བལྟས་པ་ན།
དེ་ནི་གནམ་ནས་ལྷུང་བའི་ཁ་བ་རྡོག་གཅིག་རེད།

དེ་ལས་མང་བ་། “མུན་ནག” »

སྙན་ངག

རྗེས་རབས་པ་འདི་ཚོ།

Posted on 2014-09-062014-09-06 By ཁ་བརྡ་ 1 Comment on རྗེས་རབས་པ་འདི་ཚོ།

རེབ་ཐོག་མདའ།

གནའ་བོའི་སྲོལ་ལ་དུས་ཀྱི་ལྷན་པ་བརྩེགས།།
དེང་རབས་ཁྲོམ་ན་ལད་ཟློས་ཁོ་ནས་ཚིམས།།
གནའ་དེང་ཤེས་བྱའི་སྟོང་བའི་ངེད་ཅག་སྟེ།།
རིགས་མཐུན་མེས་པོ་དག་གི་ཉེས་ཅན་ཡིན།།

ཁྱོད་དང་གངས་རི་དེ་ལ་བར་ཐག་ཅིག །
ང་དང་ཁྱོད་ལ་རིགས་ཀྱི་ལས་དབང་ཞིག །

དེ་ལས་མང་བ་། “རྗེས་རབས་པ་འདི་ཚོ།” »

སྙན་ངག

དགེ་རྒན་ཉིན་མོ།

Posted on 2014-09-062014-09-06 By ཁ་བརྡ་ 3 Comments on དགེ་རྒན་ཉིན་མོ།

བདེ་པོ་འཚོ།

དེ་རིང་མུན་སེལ་སྒྲོན་མེ་མཆེད་པའི་ཉིན།།
དེ་རིང་ལོང་བར་མཐོང་ཤེས་སྟེར་བའི་ཉིན།།
དེ་རིང་ཤེས་བྱའི་ཡོན་ཏན་ཀུན་མངའ་བའི།།
ཀུན་རྟོག་དགེ་རྒན་ཉིན་མོར་བཀྲ་ཤིས་ཤོག །

དེ་རིང་ཉིད་ཀྱི་སྐལ་བཟང་ཉིན་མོ་རེད།།
དེ་རིང་ཕུན་སུམ་ཚོགས་པའི་དུས་བཟང་རེད།།

དེ་ལས་མང་བ་། “དགེ་རྒན་ཉིན་མོ།” »

སྙན་ངག

བསུ་བ་ཞུ།

Posted on 2014-09-042014-09-04 By ཁ་བརྡ་ 4 Comments on བསུ་བ་ཞུ།

ཚན་རྡོར།
 

༼༢༠༡༤/༠༩/༠༥ ལོའི་དགེ་རྒན་གྱི་ཉིན་མོར་གནམ་འོག་གི་དགེ་རྒན་ལགས་ཐམས་ཅད་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།༽

 
ཞོགས་པའི་ཉི་གཞོན་ཤར་རིའི་རྩེ་མོ་ནས།།
ཡངས་ཤིང་ཆེ་བའི་འཇིག་རྟེན་གྲུ་ག་འདིར།།
ཚོན་རིགས་འཇའ་ཚོན་འདྲ་བའི་བཀྲག་མདངས་དེ།།
དེ་རིང་བསུས་ནས་ཁྱེད་ཅག་རྣམས་ལ་འབུལ།།

དེ་ལས་མང་བ་། “བསུ་བ་ཞུ།” »

སྙན་ངག

དྲིན་ཅན་གྱི་དགེ་རྒན་ལགས།

Posted on 2014-09-042014-09-04 By ཁ་བརྡ་ 1 Comment on དྲིན་ཅན་གྱི་དགེ་རྒན་ལགས།

ཆབ་མདོ་ངག་ཕུན།
(ཁོང་ཉིད་འཇིག་རྟེན་འདི་ནས་ཁ་བྲལ་ཏེ་མི་ལོ་དུ་མ་སོང་བས་རྗེས་དྲན་དུ་ཕུལ།)

གནས་རྩ་གསུམ་ཀུན་འདུས་བླ་མ་རྗེ།།
རྗེ་དྲིན་ཅན་རྩ་བའི་བླ་མ་སོགས།།
བདག་མ་རིག་རྨོངས་པ་ཡོངས་སེལ་ནས།།
གནས་འཁོར་བ་འདམ་ལས་གྲོལ་བར་ཤོག།།

གནས་མ་རིག་རྨོངས་གཉིད་སེལ་པ་པོ།།
དྲིན་དགེ་བའི་བཤེས་གཉེན་ཁྱེད་ཉིད་ལ།།

དེ་ལས་མང་བ་། “དྲིན་ཅན་གྱི་དགེ་རྒན་ལགས།” »

སྙན་ངག

གངས་ཅན་བོད་ལ་སྨྱུག་ཐོགས་མཁས་པ་མང་།

Posted on 2014-09-022014-09-02 By ཁ་བརྡ་ 5 Comments on གངས་ཅན་བོད་ལ་སྨྱུག་ཐོགས་མཁས་པ་མང་།

དོན་ཡོད་ཞགས་པ།

གངས་ཅན་བོད་ལ་སྨྱུག་ཐོགས་མཁས་པ་མང་།།
མཁས་པ་མང་ཤོས་སྙན་ངག་མཁན་པོ་ཡིན།།
སྙན་ངག་སྣ་ཚོགས་གཙང་པོ་བཞུར་བཞུར་འབྲི།།
སྙན་ངག་དཔེ་དེབ་ག་ས་གང་དུ་རྒྱུགས།།

སེམས་ལ་གང་དྲན་ཡིག་ངོར་ཕབ་པ་ན།།
རང་གིས་རང་ལ་སྙན་ངག་མཁན་པོར་ལྟ།།

དེ་ལས་མང་བ་། “གངས་ཅན་བོད་ལ་སྨྱུག་ཐོགས་མཁས་པ་མང་།” »

སྙན་ངག

མང་གཙོ་གསར་བཞད་ལ་འཚམས་འདྲི།

Posted on 2014-09-012014-09-01 By ཁ་བརྡ་ 6 Comments on མང་གཙོ་གསར་བཞད་ལ་འཚམས་འདྲི།

ཆབ་མདོ་ངག་ཕུན།

གངས་ལྗོངས་ཆོས་ཀྱི་ཞིང་ཁམས་དམར་པོས་བཟུང་།།
ཉེས་མེད་མི་རྣམས་དྲག་པོའི་བཙོན་དུ་བཅུག།།
མནར་གཅོད་གདུག་རྩུབ་བཏང་སྟེ་སྐུ་སྲོག་འཕྲོག།།
ཆོས་ལྡན་ཞིང་ལ་སྡུག་གི་མུན་པ་རུབ།།

དམར་གཞུང་དུག་ཆར་བཙན་གྱིས་ཕབ་ན་ཡང་།།
ཁ་བ་ཅན་རྣམས་འཚེ་མེད་གོ་ཁྲབ་གྱོན།།

དེ་ལས་མང་བ་། “མང་གཙོ་གསར་བཞད་ལ་འཚམས་འདྲི།” »

སྙན་ངག

སྙན་ངག་འབྲི་བ་དང་རྟོགས་པ་སད་པ།

Posted on 2014-08-302014-08-30 By ཡེ་ཤེས་ 17 Comments on སྙན་ངག་འབྲི་བ་དང་རྟོགས་པ་སད་པ།

ཀླུ་སྨྱོན། སྙན་ངག་འབྲི་བ་ནི་སྨད་འཚོང་མར་སྤྱོད་པ་དང་མཚུངས། དེས་གནས་སྐབས་ཀྱི་སུན་སྣང་ཙམ་སེལ་ཐུབ་ལ། འདོད་པ་ཉི་ཚེ་བ་ཞིག་ཀྱང་སྐོང་ཐུབ། ཡིན་ན་ཡང་། སྙན་ངག་དང་སྨད་འཚོང་མ་གཉིས་ཀ་ཚེ་གང་གི་གཏན་གྲོགས་མིན་པ་དེ་ཤེས་དགོས།

སྙན་ངག

གངས་རི་ཏི་སེ།

Posted on 2014-08-302014-08-30 By ཁ་བརྡ་ 5 Comments on གངས་རི་ཏི་སེ།

སྐྱོ་བྲག་དགའ་དབང་།

unnamedས་འཛམ་གླིང་ཡང་རྩེ་བོད་ཡུལ་གྱི། །
རི་མཐོན་པོ་དགུང་ལ་རེག་པ་འདི། །
བོད་མེས་པོའི་བླ་རི་ཏི་སེ་སྟེ། །
ཕ་མི་ལ་རས་པའི་སྒྲུབ་གནས་རེད། །

ཕྱི་གངས་དཀར་ལྷུན་པོ་གཟི་བརྗིད་འབར། །
ནང་ཞི་ཁྲོ་རབ་འབྱམས་ལྷམ་མེ་བཞུགས། །
མཚན་སྙན་པ་ཤིན་ཏུ་གྲགས་ཆེ་བས། །
རིའི་རྒྱལ་པོ་རི་རབ་ཅེས་ཀྱང་ཟེར། །

དེ་ལས་མང་བ་། “གངས་རི་ཏི་སེ།” »

སྙན་ངག

འུར་མ་རྒྱག

Posted on 2014-08-292014-08-29 By ཁ་བརྡ་ 18 Comments on འུར་མ་རྒྱག

འཇམ་གཅེས།

རྒྱལ་ཀུན་མཁྱེན་པའི་རང་གཟུགས་གུར་གུམ་མདོག །
དུག་གསུམ་རང་གཟུགས་གཅོད་ཕྱིར་རལ་གྲི་འཛིན། །
རང་སྣང་དག་པར་འཁྲུལ་བའི་སྐྱེ་བོ་ཡི། །
ལོག་པའི་ལྟ་ངན་བྱམས་དང་སྙིང་རྗེས་བསྒྲོལ། །

སྙིགས་དུས་རང་མཚང་བརྡོལ་བའི་དུས་ངན་ནང་། །
དུག་གསུམ་གདོན་གྱིས་ཟིན་པའི་སྐྱེ་བོ་ཡང་། །

དེ་ལས་མང་བ་། “འུར་མ་རྒྱག” »

སྙན་ངག

ཨ་མ་ལགས། ངས་ཤིན་ཏུ་དྲན།

Posted on 2014-08-282014-08-28 By ཁ་བརྡ་ 3 Comments on ཨ་མ་ལགས། ངས་ཤིན་ཏུ་དྲན།

འབའ་སྲས།

མི་ལུས་རིན་ཆེན་སྦྱིན་ལ་བཀའ་དྲིན་མི་ཞུས།།
དེ་ནི་འདོད་པ་སྤྱད་ན་ཐོབ་པ་ཉིད་རེད།།
ཟླ་དགུ་ཞགས་བཅུར་འཁུར་བར་བཀའ་དྲིན་མི་ཞུས།།
ཨ་ཕར་བུ་སྣོད་ཡོད་ན་ཨ་ཕས་འཁུར་ངེས།།

བྲང་གི་ནུ་མས་གསོས་པར་བཀའ་དྲིན་མི་ཞུས།།
ནུ་མར་འོ་མས་བལྟམས་ན་ཨ་ཕས་ལྡུད་ངེས།།

དེ་ལས་མང་བ་། “ཨ་མ་ལགས། ངས་ཤིན་ཏུ་དྲན།” »

སྙན་ངག

རི་གྲོང་གི་ཉི་ནུབ།

Posted on 2014-08-272014-08-28 By ཁ་བརྡ་ No Comments on རི་གྲོང་གི་ཉི་ནུབ།

རེབ་ཐོག་མདའ།

བསིལ་རླུང་དལ་གྱིས་ལྡིང་བའི་ནུབ་ཁ་དེར།།
སྡོང་ལོ་གཙང་འགྲམ་ཟགས་པའི་ས་སྲོད་དེར།།
ཞབས་རྗེས་སེམས་ལ་བརྐོས་པའི་བག་ཆགས་ཀྱིས།།
ཁེར་རྐྱང་སྨྲེ་ངག་མ་ཁོག་ངག་ནས་ཤོར།།

བསམ་གཞིགས་རྒྱང་ལ་བཏེགས་པའི་མཚན་མོ་དེར།།
ཟླ་བའི་ལང་ཚོ་ཁོ་ནར་སེམས་འདི་གཡེང་།།

དེ་ལས་མང་བ་། “རི་གྲོང་གི་ཉི་ནུབ།” »

སྙན་ངག

རེབ་གོང་ཞེས་པའི་ཁ་བྱང་གཅིག་པའི་སྙན་ངག

Posted on 2014-08-272014-08-27 By ཁ་བརྡ་ No Comments on རེབ་གོང་ཞེས་པའི་ཁ་བྱང་གཅིག་པའི་སྙན་ངག

ཁ་བྱང་འདོགས་མཁན། རྐང་ཐང་བ།
རྩོམ་སྒྲིག་པ། རྐང་ཐང་བ།
རྩོམ་སྒྲིག་རམ་འདེགས་པ། བྲན།

 

རེབ་གོང་།
ས་དམར་གྲགས་པ།༼ལྷ་ས༽

 

སྔོན་མ་ཚོས་ཉི་འོད་ཀྱི་གོས་ལྭ་གྱོན་མྱོང་ཡོད་པས
རེབ་གོང་ནས་མེ་ཏོག་མང་པོ་བཞད་མྱོང

དེ་ལས་མང་བ་། “རེབ་གོང་ཞེས་པའི་ཁ་བྱང་གཅིག་པའི་སྙན་ངག” »

སྙན་ངག

དོལ་རྒྱལ་མི་དགོས།

Posted on 2014-08-272014-08-27 By ཁ་བརྡ་ 5 Comments on དོལ་རྒྱལ་མི་དགོས།

མི་ཉག་སྐལ་བཟང་།

ཀ་བ་མེད་པའི་ཁང་ཆེན་གྲུ་ཞིའི་ནང།།
ཁ་དོག་མེད་པའི་འཚོ་བ་སྐྱུར་མོ་ཞིག།
ག་ས་ག་ལ་དོལ་རྒྱལ་ཚོགས་མི་ཚོས།།
ང་ཡི་རྣ་བར་ཀུ་ཅོ་ལྷག་ཏུ་སྒྲོག།

ཅ་ཅོ་མང་བའི་ཡོ་རོབ་ལུང་པའི་མདོར།།
ཆ་ལུགས་ངན་པའི་དོལ་རྒྱལ་བསྟེན་མཁན་མང་།།

དེ་ལས་མང་བ་། “དོལ་རྒྱལ་མི་དགོས།” »

སྙན་ངག

དག་པ་མཁའ་སྤྱོད་ཞིང་ཁམས།

Posted on 2014-08-272014-08-27 By ཁ་བརྡ་ No Comments on དག་པ་མཁའ་སྤྱོད་ཞིང་ཁམས།

ཚེ་རིང་།

unnamedསྤྲིན་དཀར་སྤྲིས་མ་བཞིན་ཆགས་པའི་འོག་ཏུ
ཁྱོད་ནི་བརྟན་བརླིང་དང་ལྷང་འཇག་གིས་འཁྱིལ་ནས་འདུག
འདི་ཙམ་ཡང་ཁྱོད་ཀྱིས་མི་ཡུལ་དུ་བཞག་པའི
བླ་ན་མེད་པའི་མཛེས་སྡུག་ཅིག་ཡིན
དབྱར་ཁའི་ནམ་ཟླ་འཇམ་པོ་འདིའི་ཁྲོད་དུ
ད་ནི ཁྱོད་ཀྱི་ངལ་གསོ་ཅུང་ཞིག་བསྟེན་ན་འོས་ཨང

དེ་ལས་མང་བ་། “དག་པ་མཁའ་སྤྱོད་ཞིང་ཁམས།” »

སྙན་ངག

འཕྲིན་ཐུང་ཞིག་གི་ལན་དུ།

Posted on 2014-08-242014-08-24 By ཁ་བརྡ་ 2 Comments on འཕྲིན་ཐུང་ཞིག་གི་ལན་དུ།

ཚེ་རིང་།

ཐག་རིང་ཐག་རིང་ཞིག་ཏུ་འགྲོ་དགོས་དོན
ཁྱོད་དང་གཡོལ་བའི་ཆེད་མིན་ལ
ཐག་རིང་ཐག་རིང་ཞིག་ནས་འདུག་དོན
ཁྱོད་རང་བརྗེད་པའི་ཆེད་དུའང་མིན

ལོ་ཟླ་འདི ཐུར་དུ་བཞུར་བའི་རྒྱུགས་ཆུ་ཞིག་ན
ང་ནི་རྒྱུགས་ཆུ་དེས་ཁྱེར་བའི་ལོ་མ་ལེབ་མོ་དེ་ཡིན་འདུག

དེ་ལས་མང་བ་། “འཕྲིན་ཐུང་ཞིག་གི་ལན་དུ།” »

སྙན་ངག

ཚོར་བས་བྲིས་པའི་འཇིག་རྟེན།

Posted on 2014-08-212014-08-21 By ཁ་བརྡ་ 3 Comments on ཚོར་བས་བྲིས་པའི་འཇིག་རྟེན།

རེབ་ཐོག་མདའ།

ནུབ་རྒྱུད་ལ་གནས་ཚང་མེད་པས་མ་ཡིན་ནོ།།
བླ་མ་ལ་དམ་ཚིག་ཉམས་པས་མ་ཡིན་ནོ།།
སྦྲ་ནག་དང་གངས་རིའི་ལས་དབང་དྲན་ཙ་ན།།
ཕ་ཡུལ་ལ་དུངས་ཞེན་ཟབ་མོ་བཞུར་ཏེ་ཐལ།།

སྐུ་དྲག་ཚོ་རྙིང་ཞེན་ཟབ་པས་མ་ཡིན་ནོ།།
ཆབ་སྲིད་པ་ཟློས་གར་མང་པོས་མ་ཡིན་ནོ།།

དེ་ལས་མང་བ་། “ཚོར་བས་བྲིས་པའི་འཇིག་རྟེན།” »

སྙན་ངག

བོད་ཀྱི་མཛངས་མ།

Posted on 2014-08-212014-08-21 By ཁ་བརྡ་ 1 Comment on བོད་ཀྱི་མཛངས་མ།

དྲན་དཀར་དཔལ་ཡོན།

unnamedགཡང་ས་ཕ་མ་གཉིས་པོའི་སྲུང་མ།།
གཡང་ཟོག་འབྲི་མོ་བཞོ་བའི་བདག་མོ།
སྦྲང་རྩམ་མར་ཕྱུར་གཡང་ཟས་སྟེར་མ།
རིགས་ཀྱི་ཆོ་ག་གཙང་མར་སྤེལ་མ།།

 

ལྭ་བའི་ལ་རྒྱ་ཕོ་ལས་མཆོག་མ།།
ཕ་མར་སྲིད་ཞུ་ཕོ་ལས་བཟང་མ།།
ཁྱིམ་ཀྱི་བདག་མོར་མིང་གྲགས་ཆེ་མ།།
བོད་རྒྱའི་རིགས་ཀྱི་བྲེ་ཡི་བདག་མོ།།

དེ་ལས་མང་བ་། “བོད་ཀྱི་མཛངས་མ།” »

སྙན་ངག

Posts pagination

Previous 1 … 94 95 96 … 220 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (28)
  • ན་ཟུག (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme