Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོགས་པོས་བསྐུར་བའི་པར་ལ་སྙན་ངག་ཐུང་ངུ་ཞིག

Posted on 2015-04-122015-04-12 By ཁ་བརྡ 3 Comments on གྲོགས་པོས་བསྐུར་བའི་པར་ལ་སྙན་ངག་ཐུང་ངུ་ཞིག

དབྱངས་ཅན་འབངས།

unnamedཐར་ཐོར་སྤྲིན་གྱིས་གཡོགས་པའི་གནམ་སྔོན་དེས།།
བརྟན་གཡོའི་བདག་པོ་ང་ཡིན་མི་ཟེར་གྱི།།
ལན་འགའ་འདུས་ཀྱང་མཐའ་མར་འབྲལ་ལོ་ཞེས།།
བན་རྒན་དེ་ལ་བརྡ་ཡིས་སྟོན་པར་སྙམ།།

ཉིན་བྱེད་ཆུ་ལྷའི་འཕང་བར་ཡིབ་པ་ནི།།
ཟླ་བར་གོ་སྐབས་བྱིན་པ་མ་ཡིན་གྱི།།

དེ་ལས་མང་བ་། “གྲོགས་པོས་བསྐུར་བའི་པར་ལ་སྙན་ངག་ཐུང་ངུ་ཞིག” »

སྙན་ངག

མགོན་ཁྱོད་ནི་ཉི་མ་ཟླ་བ་རེད།

Posted on 2015-04-112015-04-11 By ཁ་བརྡ་ 8 Comments on མགོན་ཁྱོད་ནི་ཉི་མ་ཟླ་བ་རེད།

ཁ་བ་ཅན་ལ་གླུ་ཞིག་ལེན།db བཛྲ་རཏྣ།

 
གཅིག
དགུང་སྔོན་པོ་ཁ་ཞེང་ཆེ་ཡང་།།
ཟེར་སེར་བོའི་ཉི་མ་མེད་ན།།
བདེ་སྐྱིད་པོའི་དྲོད་ཁོབས་སུས་སྦྱིན།།
གྲོགས་པདྨའི་དགའ་གཉེན་སུས་བྱེད།།

གཉིས།
ཡུལ་གངས་རིའི་ར་བས་བསྐོར་ཀྱང་།།

དེ་ལས་མང་བ་། “མགོན་ཁྱོད་ནི་ཉི་མ་ཟླ་བ་རེད།” »

སྙན་ངག

ངའི་གྲུ་ཟུར་ཞིག་ན།

Posted on 2015-04-102015-04-10 By ཁ་བརྡ་ 5 Comments on ངའི་གྲུ་ཟུར་ཞིག་ན།

སྦྲ་དཔལ་ལྡན། རྡ་ས།

 
འདི་ལྟར་མི་ལོ་དུ་མ་ཞིག་ལ་
རང་ཉིད་ཀྱི་དམིགས་འདུན་ཞིག་གམ
ལས་དོན་རྡོག་པོ་ཞིག་གིས་ཕྱིར་ཏུ་
ང་འདི་ལྟར་རྡ་ས་དང་ཁ་གྱེས་དགོས་བྱུང་

ཁ་སང་དང་དེ་རིང་
ང་སླར་ཡང་སྦྲ་ནག་ལྟ་བུའི་མཛེས་སྡུག་དང་

དེ་ལས་མང་བ་། “ངའི་གྲུ་ཟུར་ཞིག་ན།” »

སྙན་ངག

བརྒྱད་ཅུའི་གྱ་སྟོན།

Posted on 2015-04-102015-04-10 By ཁ་བརྡ་ 1 Comment on བརྒྱད་ཅུའི་གྱ་སྟོན།

སེང་གདོང་སྐྱབས།
——-༼གཞས་ཚིག་ཏུ་རུང་ཚེ་སུས་ཀྱང་འཁྱེར་ཆོག༽

 
སྲིད་པའི་ཡབ་ཆེན་ཡིན་པའི་མི་ཕོ་ཞིག
ལྷག་བསམ་གངས་རི་ཡིན་པའི་རྣལ་འབྱོར་ཞིག
འཚོ་གཞིས་ཕལ་བ་ཕལ་བའི་སྤྲང་བོ་ཞིག
ང་ཡི་བླ་མ་དགུང་ལོ་བརྒྱད་ཅུ་ཡིན།།

རྒྱལ་མཚམས་རིས་མེད་བསྐྱོད་པའི་རྒོད་པོ་ཞིག

དེ་ལས་མང་བ་། “བརྒྱད་ཅུའི་གྱ་སྟོན།” »

སྙན་ངག

འཁྲུངས་གཞས་འཛམ་གླིང་ཉི་མ།

Posted on 2015-04-102015-04-10 By ཁ་བརྡ 2 Comments on འཁྲུངས་གཞས་འཛམ་གླིང་ཉི་མ།

བཛྲ་རཏྣ།

 
གངས་ཅན་བོད་ཀྱི་ལྷ་སྐལ།།
འཕགས་པ་སྤྱན་རས་གཟིགས་དབང་།།
འཕགས་མཆོག་མི་ཡི་རྣམ་རོལ།།
༸རྒྱལ་བ་རིམ་བྱོན་ཡིན་སོང་།།

 
༸རྒྱལ་བ་སྤྱན་རས་གཟིགས་ཀྱིས།།
ཉམ་ཐག་བོད་མི་བསམས་ནས།།

དེ་ལས་མང་བ་། “འཁྲུངས་གཞས་འཛམ་གླིང་ཉི་མ།” »

སྙན་ངག

ཁ་དོག་གི་སྙན་ངག

Posted on 2015-04-062015-04-06 By ཁ་བརྡ 1 Comment on ཁ་དོག་གི་སྙན་ངག

བྱ་མདོ་སྐལ་རྒྱམ།

 

__<< དཀར་བོ >>__

ཁ་དོག་འདི མཛམ་གླིང་གི་དབུ་རྩེ་ན་བདག་མེད་དུ་འགྱིང་བའི་བོད་མིའི་བླ་རིའི་ཁ་དོག་ཡིན་ལ
ཁ་དོག་འདི ང་ཚོའི་སྣོད་བཅུད་མཐའ་ནས་སྐྱོར་བའི་རི་བརྒྱུད་ཅིག་གི་ཁ་དོག་ཀྱང་ཡིན
ཁ་དོག་འདི མུ་མེད་ཀྱི་རྩྭ་ཐང་ལ་འཐོར་བའི་གཡང་དཀར་མུ་ཏིག་གི་ཁ་དོག་ཡིན་ལ
ཁ་དོག་འདི ཨ་མས་ང་ལ་སྤྲོས་པའི་རྟག་བརྟན་འཛུམ་མདངས་ཀྱི་ཁ་དོག་ཡིན

དེ་ལས་མང་བ་། “ཁ་དོག་གི་སྙན་ངག” »

སྙན་ངག

R.T.དང་མཇུག་རྫོགས་པའི་ལེའུ།

Posted on 2015-04-062015-04-06 By ཁ་བརྡ་ No Comments on R.T.དང་མཇུག་རྫོགས་པའི་ལེའུ།

སྤྱན་ཆེན་པོ།

 
འཐུང་མ་མྱོང་བའི་རྒུན་ཆང་དེ་ཤེད་ཀྱིས་འཐུང་བས
རིག་མ་མྱོང་བའི་ལྗང་སེར་གློ་དམར་དག་མིག་ལམ་ནས་རྒྱུ

སེམས་པ་ལ་གཤོག་པ་འཐོག་ནས་འཕུར་གྱིན་འཕུར་གྱིན
མི་རྣམས་ཀྱིས་ཁོ་བོ་ལ་ལྟ་བཞིན་ཁོ་བོ་གླེང་གིན་འདུག་པས
ངས་ཁྱོད་ལ་བལྟས་ནས་ཁྱོད་ཁོ་ན་གླེང་བ་ཡིན

བརྡ་རྟགས་ཀྱི་གསང་གྲངས་མ་རྙེད་པས

དེ་ལས་མང་བ་། “R.T.དང་མཇུག་རྫོགས་པའི་ལེའུ།” »

སྙན་ངག

རྟ་རྒྱུག་ན་ཨ་ཕོ་འདི་འདྲར་རྒྱུགས།

Posted on 2015-04-062015-04-06 By ཁ་བརྡ 3 Comments on རྟ་རྒྱུག་ན་ཨ་ཕོ་འདི་འདྲར་རྒྱུགས།

ཨེ་མ་ཧོ།

 

ན་མོ་གུ་རུ་ཧ་ཡ་གྷུར་ཝ་ཡེ།།
དཔལ་ཡི་དམ་རྟ་མགྲིན་ཞབས་ལ་འདུད།།
བྱམས་སྙིང་རྗེའི་རྟ་རྒོད་འགྲོས་ལྡན་ལ།།
གཞན་ཕན་བདེའི་དཀྱུས་ཐོག་ཆོད་པ་དང་།།
ཁྲོམ་ལྷ་མིའི་ངོ་སོ་ཐོབ་པར་དགོས།།
རྟ་ཕ་མ་ལྟ་བུ་འདུ་ཤེས་དང་།།

དེ་ལས་མང་བ་། “རྟ་རྒྱུག་ན་ཨ་ཕོ་འདི་འདྲར་རྒྱུགས།” »

སྙན་ངག

ངའི་ཚོར་བ་རློན་པ་རེད།

Posted on 2015-04-052015-04-05 By ཁ་བརྡ 3 Comments on ངའི་ཚོར་བ་རློན་པ་རེད།

ཁྲོ་གཏུམ།

 
ནམ་མཁའི་ངུ་གདོང་ཧ་ཅང་གིས་འཁྱགས་སིབ་སིབ
ནག་རོག་གེར་སྤྲིན་པ་ཡར་བསྐྱོད་མར་འཕུར
ཁུ་སིམ་མར་ལྗོན་ཤིང་གི་ཚོགས་སུ་ཉན་ན
ཨ་འབྱོག་སྟོང་པ་རེད

སྐད་མཐོན་པོའི་དབྱངས་རྟ་བྲག་ཅར་འཁོར་ན
རི་ལུང་གི་ཚོར་བ་གཉིད་རྐྱ་འགའ་ཤས

དེ་ལས་མང་བ་། “ངའི་ཚོར་བ་རློན་པ་རེད།” »

སྙན་ངག

༄༅།།འཛམ་གླིང་གྱ་སྟོན་ཞི་བདེའི་ཉི་མ་ཚེས།།

Posted on 2015-04-042015-04-04 By ཁ་བརྡ 3 Comments on ༄༅།།འཛམ་གླིང་གྱ་སྟོན་ཞི་བདེའི་ཉི་མ་ཚེས།།

ཨེ་མ་ཧོ།

 
ན་མོ་གུ་རུ་ཏཱ་ར་ཡེ།།
ཆོས་དབྱིངས་སུ་སྤྲོས་བྲལ་ངོ་བོ།།
ལོངས་སྤྱོད་དུ་ལྷུན་གྲུབ་རང་བཞིན།།
སྤྲུལ་སྐུ་ཡི་འགྲོ་དོན་ཐུགས་རྗེ།།
འཛམ་གླིང་གི་ཞི་བདེ་ཉི་མ།།
ནམ་མཁའ་རུ་འོད་སྣང་འཕྲོ་ཞིང་།།
ས་གཞི་རུ་དྲོད་བཅུད་སྤེལ་བས།།

དེ་ལས་མང་བ་། “༄༅།།འཛམ་གླིང་གྱ་སྟོན་ཞི་བདེའི་ཉི་མ་ཚེས།།” »

སྙན་ངག

ཚིག་གི་མིག་ཆུ་བཞུར་བ།

Posted on 2015-04-042015-04-05 By ཁ་བརྡ 4 Comments on ཚིག་གི་མིག་ཆུ་བཞུར་བ།

མགལ་དུམ།

unnamedལོ་ཡི་འཁོར་མོ་ག་ལེར་འདས་པ་སྙིང་ལ་སྣུན་པའི་མདའ་ཞིག་གོ།
བྲལ་བའི་ལག་ཟུང་རིང་དུ་སོང་བ་ཡིད་ལ་གནག་པའི་བདུད་ཅིག་གོ།
དྲན་པའི་གདུང་བ་ཐེག་ཏུ་དཀའ་བ་ལུས་ལ་འགོས་པའི་ནད་ཅིག་གོ།།
མྱུར་དུ་མཇལ་ན་དགའ་ཡོང་སྙམ་པ་བསྒྱུར་དུ་མེད་པའི་འདོད་འདུན་ནོ།།

 
ཧ་ཅང་ཆུང་དུས་ཆུང་དུས་ཞེས་པའི་གཏམ་རྒྱུད་ཅིག་གི་བྱུང་རིམ་ལ།།

དེ་ལས་མང་བ་། “ཚིག་གི་མིག་ཆུ་བཞུར་བ།” »

སྙན་ངག

ˌཔདྨ་དྲག་སྔགས་གླིང་པའི་གཏེར་གསར་གྱི་ཞལ་ཐང་མཐོང་གྲོལ་ཆེན་མོ།(ཞར་བཀོད་གཅིག)

Posted on 2015-04-032015-04-03 By ཁ་བརྡ 1 Comment on ˌཔདྨ་དྲག་སྔགས་གླིང་པའི་གཏེར་གསར་གྱི་ཞལ་ཐང་མཐོང་གྲོལ་ཆེན་མོ།(ཞར་བཀོད་གཅིག)

ཨེ་མ་ཧོ།

 

ན་མོ་གུ་རུ་པདྨ་ཛྙྰ་ན་ཡེ།།
༡
ཀ་དག་སྤྲོས་བྲལ་ཆོས་དབྱིངས་ངང་ཉིད་ལས།།
ལྷུན་གྲུབ་ཡེ་ཤེས་འཇའ་འོད་སྣ་ལྔའི་ཀློང་།།
སྐྱབས་གནས་རྒྱ་མཚོའི་སྤྱི་གཟུགས་བླ་མ་རྗེ།།
པདྨ་རྒྱལ་པོ་འཁོར་འདས་དབང་བསྒྱུར་རྒྱལ།།
༢
ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས།།

དེ་ལས་མང་བ་། “ˌཔདྨ་དྲག་སྔགས་གླིང་པའི་གཏེར་གསར་གྱི་ཞལ་ཐང་མཐོང་གྲོལ་ཆེན་མོ།(ཞར་བཀོད་གཅིག)” »

སྙན་ངག

རུས་རྐང་མཁྲེགས་པའི་མི་ཕོ།

Posted on 2015-03-312015-03-31 By ཁ་བརྡ No Comments on རུས་རྐང་མཁྲེགས་པའི་མི་ཕོ།

མགྲིན་སྒྲ།
——-(དམ་པ་ཕུན་དབང་ལགས་སུ་བྲིས།)

 
རང་བྱུང་རི་བོ་འགྱེལ་བ་སུ་ལ་འཁོན།།
ཆུ་བོས་རྩྭ་ཐང་བཤལ་བ་ཅི་ལ་འཁྲོ།།
མུན་པར་གནས་ཚང་བཅའ་བའི་མགྲོན་པོ་ཚོར།།
བརྡབ་གསིག་ངུ་ཁ་འཆོར་འདི་རྟག་ཏུ་རྩུབ།།

ལུས་པོ་སིག་སིག་གཡོས་ཏེ་འཁྱག་པ་ལ།།
སེམས་རྩ་ཤུམ་ཤུམ་འདར་ཏེ་གདུང་བ་ལ།།

དེ་ལས་མང་བ་། “རུས་རྐང་མཁྲེགས་པའི་མི་ཕོ།” »

སྙན་ངག

འགྲུལ་བཞུད་ཀྱི་སྙན་ངག

Posted on 2015-03-312015-03-31 By ཁ་བརྡ 1 Comment on འགྲུལ་བཞུད་ཀྱི་སྙན་ངག

བྱ་མདོ་སྐལ་རྒྱམ།

 

ཐག་རིང་ཐག་རིང་ཞིག་ཏུ
མང་བོ་མང་བོ་ཞིག་བློས་གཏོང་དགོས་དོན
ངས་ཆེན་པོ་ཆེན་པོ་ཞིག་འདོད་ཀྱིན་མེད

 

སྐད་ཅིག་གིས་འགྱུར་བཞིན་པའི་ཁོར་ཡུག་འདི་ལས
རང་ཉིད་གང་ནས་ཡོང་སའི་ལམ་ཁ་དེ་འཚོལ་གྱིན་ཡོད

དེ་ལས་མང་བ་། “འགྲུལ་བཞུད་ཀྱི་སྙན་ངག” »

སྙན་ངག

དཔྱིད་མགོའི་སྙན་ངག་ཚན་པ་འགའ།

Posted on 2015-03-302015-03-31 By ཡེ་ཤེས་ 2 Comments on དཔྱིད་མགོའི་སྙན་ངག་ཚན་པ་འགའ།

ཀླུ་སྨྱོན།

 
དཔྱིད་ཀ
སྒལ་གཞུང་ལ་ཉི་འོད་དྲོན་པོ་དེ་ཕོག་པས།
ལུས་ཀྱི་བ་སྤུ་ཐམས་ཅད་ཀྱང་དཔྱིད་མགོའི་མེ་ཏོག་རེ་རེར་གྱུར་སོང་།

ཚེ་རིང་སྐྱིད།
འཛིན་མ་ཐུབ་པའི་དབྱར་ཁའི་འཇའ་ཚོན།
ཞུ་བ་ཐུབ་པའི་སེམས་ཀྱི་ཁ་བ།

དེ་ལས་མང་བ་། “དཔྱིད་མགོའི་སྙན་ངག་ཚན་པ་འགའ།” »

སྙན་ངག

ཚོར་བ་ཁ་སྤུ་ཟིང་ཟིང་།

Posted on 2015-03-302015-03-30 By ཁ་བརྡ No Comments on ཚོར་བ་ཁ་སྤུ་ཟིང་ཟིང་།

དགའ་དགའ།

 
བདག་གི་ཡིད་ཀྱི་ནམ་མཁའ་དེ་ཉིད་དུ།།
ཁ་བ་བུ་ཡུག་སྔར་བཞིན་འབབ་ན་ཡང་།།
ནང་གི་སྣོད་དྲུག་ཤུགས་ཀྱིས་སྐྱོམ་སྟངས་དེས།།
ལུས་ཀྱི་ཕྱི་ནང་རྔུལ་ཆུས་ཡང་ཡང་བརླན།།

སྟོན་མཇུག་ལོ་མ་སེར་པོ་ལྷུང་སྐབས་དང་།།
དགུན་ཁར་ལྷགས་རླུང་འདྲེས་མ་འཚུབ་པའི་དུས།།

དེ་ལས་མང་བ་། “ཚོར་བ་ཁ་སྤུ་ཟིང་ཟིང་།” »

སྙན་ངག

༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་རྒྱན་ཆ་རྒྱལ་སྲིད་སྣ་བདུན།

Posted on 2015-03-292015-03-29 By ཁ་བརྡ No Comments on ༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་རྒྱན་ཆ་རྒྱལ་སྲིད་སྣ་བདུན།

ཨེ་མ་ཧོ།

unnamed༡༽ ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་བཞིན།།
སྐུ་གསུང་ཐུགས་ཡོན་ཕྲིན་ལས་དཔལ་ལྡན་པའི།།
མཁྱེན་བརྩེའི་དབང་ཕྱུག་ཡེ་ཤེས་རྡོ་རྗེའི་སྐུ།།
༧ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ།།

༢༽ ཚུལ་ཁྲིམས་རྣམ་དག་མང་ཐོས་སྡེ་སྣོད་འཛིན།།

དེ་ལས་མང་བ་། “༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་རྒྱན་ཆ་རྒྱལ་སྲིད་སྣ་བདུན།” »

སྙན་ངག

ཕ་གི་ན་ཡང་སྙིང་ཅི་ཞིག་ཡོད་དམ།

Posted on 2015-03-292015-03-29 By ཁ་བརྡ No Comments on ཕ་གི་ན་ཡང་སྙིང་ཅི་ཞིག་ཡོད་དམ།

རྔ་བཟའ་བདེ་པོ་འཚོ།

 
ཨ་མས་གསུངས་ན།
རི་འདིའི་ཕ་རོལ་ཞིག་ན།
ངའི་ཡབ་མེས་ཚོའི་བཞུགས་ཡུལ་ཏེ།
མཛེས་སྡུག་ལྡན་པའི་རྩྭ་ཐང་དང་།
རྩྭ་ཐང་སྟེང་ལ་མེ་ཏོག་གི་ཁྲ་ཡིས་བརྒྱན་ཡོད་ལ།
བརྗིད་ཉམས་ལྡན་པའི་རི་ཀླུང་དང་མཁའ་དབུགས་ཡོད་པས།
སྲོག་ལྡན་སེམས་ཅན་དག་གི་ཞིང་ཁམས་སུ་འབོད་ཟེར།

དེ་ལས་མང་བ་། “ཕ་གི་ན་ཡང་སྙིང་ཅི་ཞིག་ཡོད་དམ།” »

སྙན་ངག

དཔའ་བོ་སྟོང་གི་ཁྱུ་མཆོག

Posted on 2015-03-282015-03-30 By ཁ་བརྡ 7 Comments on དཔའ་བོ་སྟོང་གི་ཁྱུ་མཆོག

སྤོ་ཆུང་ཚང་དོན་གྲུབ་ལྷ་དར།

1600996_679029698806443_1245696242_n——-(བཀའ་དྲིན་ཆེ་བའི་སྐྱེས་མཆོག་ཁོང་དགོངས་པ་རྫོགས་ནས་མི་ལོ་༢༥ འཁོར་བར་མྱ་ངན་གུས་འདུད་དང་བཀའ་དྲིན་རྗེས་དྲན་དུ་ཕུལ།)

 
གྱ་དགུའི་ནམ་ཟླ་ཧ་ཅང་འཁྱག་པའི་དགུན་ཟླ་ངར་མ་ཡི་དུས་དེར།།
གྲོང་སྡེའི་དགོང་འདོན་སོང་བའི་བརྩེ་ལྡན་གཅེན་མོས་དངངས་འཚབ་ཀྱི་ཀློང་ནས།།
སྒོ་མོ་ཧར་གྱིས་ཕྱེས་ཏེ་༧པཎ་ཆེན་གཤེགས་པའི་གཏམ་ངན་དེ་བཤད་པར།།
བསོད་བདེ་བསྐམས་སོང་ཞེས་པའི་ཨ་མའི་ངུ་གཏམ་སྐྱུར་མོ་དེ་བརྗེད་མེད།།

དེ་ལས་མང་བ་། “དཔའ་བོ་སྟོང་གི་ཁྱུ་མཆོག” »

སྙན་ངག

ཟུར་ངོས་གཞན་ཞིག་ནས་བལྟས་པ།

Posted on 2015-03-282015-03-28 By ཁ་བརྡ No Comments on ཟུར་ངོས་གཞན་ཞིག་ནས་བལྟས་པ།

སྤྱན་ཆེན་པོ།

 
མུན་ནག་གི་མཚན་མོའི་འུག་སྐད་དེས
ང་རང་གཉིད་ལས་བསླངས་སོང
འོན་ཀྱང ང་གཅིག་པུ་བསླངས་པ་ག་ལ་ཡིན

འཇིག་རྟེན་འདི་སྔོན་མ་ནས་སྨག་རུམ་གྱིས་གཡོགས་ཡོད་པས
མུན་པ་ནི་ཁོང་ཚོའི་རྩེད་ར་ཡིན་ལ་གཡུལ་ས་ཡང་ཡིན

དེ་ལས་མང་བ་། “ཟུར་ངོས་གཞན་ཞིག་ནས་བལྟས་པ།” »

སྙན་ངག

Posts pagination

Previous 1 … 74 75 76 … 220 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (26)
  • ན་ཟུག (9)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme