འཇམ་དབྱངས་གྲགས་པ།
ང་ཚོ་མི་ཡིན་པས་རྔ་མ་གཡུག་མི་རུང་།
ང་ཚོ་ཁྱི་མིན་པས་རྔ་མ་གཡུག་མི་རུང་།
ང་ཚོ་ཁྱི་གུ་ཞིག་གི་ཟོལ་གྱིས།
འདར་འདར་ངང་རྒྱུགས་དགོས་དོན་མེད་ལ།
ཁྱི་མོ་ཞིག་གི་ཟོལ་གྱིས།
དགའ་དགའ་ངང་རྩེ་དགོས་དོན་ཡང་མེད།
འཇམ་དབྱངས་གྲགས་པ།
ང་ཚོ་མི་ཡིན་པས་རྔ་མ་གཡུག་མི་རུང་།
ང་ཚོ་ཁྱི་མིན་པས་རྔ་མ་གཡུག་མི་རུང་།
ང་ཚོ་ཁྱི་གུ་ཞིག་གི་ཟོལ་གྱིས།
འདར་འདར་ངང་རྒྱུགས་དགོས་དོན་མེད་ལ།
ཁྱི་མོ་ཞིག་གི་ཟོལ་གྱིས།
དགའ་དགའ་ངང་རྩེ་དགོས་དོན་ཡང་མེད།
བསྟན་འཛིན་བདེ་སྐྱིད།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་བསྒྱུར།
འདི་ནི་གནས་ལུགས་གང་ཡིན་དགོས་པ་སྟེ།
ང་ཚོས་རྫ་གཡམ་སྔོན་པོའི་སྟེང་མིན་པར་རྡོ་གཅལ་ཐོག་གོམ་བགྲོད་བྱེད།
ཁྱེད་ཀྱིས་བློ་ཕམ་པའི་རྣམ་འགྱུར་སྟོན་ཁུལ་བྱེད།
འདི་ལ་ཆོ་གའི་རིན་ཐང་དེ་ཡོད་པར་འགྱུར།
ཞོགས་ཀའི་ཉི་མ་དེ་མཁའ་དབྱིངས་ནས་ཟགས་པར་འགྱུར།
ང་ཚོས་རང་ཉིད་དེའི་མེ་ལྕེ་ལས་སྲུང་བར་བྱེད།
དེ་ནི་བཟོད་དཀའ་བ་ཞིག་མིན་མོད།
ཡིན་ཡང།
ང་ཚོས་ཤར་ཕྱོགས་ནས་འབྱོར་བ་དེར་གཟབ་དགོས་བ་ཤེས་ཡོད།
མེ་ཏོག་དཀར་པོ།
༡ འདོད་བདེ་ལྟེར་བའི་ལྷ་གཅིག་ཨུ་མའི་བདག །
དེ་ཡི་བྱིན་རླབས་ཞུགས་པ་དགེ་ཆོས་རྗེ། །
ཀླུ་སྨྱོན་སོགས་ལ་གུས་པས་བཏུད་བྱས་ཏེ། །
ང་ཡི་མཐོང་ཚུལ་ཁག་ཅིག་འབྲི་ན་འདོད། །
༢ རྒད་པོ་རྒྱལ་ཁམས་འགྲིམ་ལ་ཉུང་སྐྱོན་དང་། །
བཙན་གྱིས་མཇེ་རྒོད་བཅིང་ལ་མང་བའི་སྐྱོན། །
འགའ་ལ་རྣ་བ་བསུན་པའི་རྒྱུར་འགྲོ་ཡང་། །
འདོད་གཏམ་འདི་ཀོ་མ་བཤད་བློ་མ་བདེ། །
བཞག་ལྡོམ་དར་རྒྱས་།
ཁ་སང་ཁྲི་སྲོང་རྒྱལ་པོས་བཀའ་བཞིན་དུ་།
རི་བོ་གངས་ཅན་མཐའ་མཚམས་སྲུང་དུ་ཕེབས་།
ཁྲག་དང་རྔུལ་ཆུས་བསྐྲུན་པའི་ལོ་ཟླའི་ཁྲོད་།
འབྲུག་ཆུའི་བོད་མའི་དཔའ་མཛངས་ཉི་འོད་བཞིན་།
ལྷ་ཆབ་སྦྱིན་པ།
སྤར་མོའི་ཚིགས་གསུམ་གྱི་སྐས་ནས་ཡར་འབབ་མར་འབབ།།
མ་བུ་དགྲ་གྲོགས་ཀྱི་རྩ་བ་བློ་ལ་སྐྱོར་ན།།
འབྱུང་བོའི་ལོ་ཟླ་འདི་ཡང་ཡང་རྩིས་ལ་བབས་ནས།།
སང་ལོའི་བཀའ་སྤྱི་ཡི་འོས་ལ་བར་ཆད་འདུག་གོ།
དགྱ་ནག་སྐེག་ཟློག་གིས་ཐལ་མོ་ཇི་ལྟར་བརྡབས་ཀྱང་།།
སྲུང་མའི་གཏོར་ཟོར་གྱིས་དགྲ་ཁ་ཇི་ལྟར་བཀག་ཀྱང་།།
གཉན་པོ་གླུད་ཚོགས་ཀྱིས་ཕྱོགས་བཞིའི་སྒོ་ཆེན་བསྡམས་ཀྱང་།།
སང་ལོའི་བར་ཆད་འདི་ཟློག་ལ་དཀའ་སེ་འདུག་གོ།
༡
ཆང་གིས་བཟི་རྗེས
ཁེར་རྐྱང་དུ་རོལ་དབྱངས་ལ་ཉན་པ་ཡིན
རོལ་དབྱངས་འདི་གཏིང་རིང་པོ་ཞིག་ནས་སམ་རྒྱང་རིང་པོ་ཞིག་ནས་གྲགས་འོང་གི
རོལ་དབྱངས་འདི་ཇེ་སྙན་ནས་ཇེ་སྙན་དུ་འགྲོ་བ་དང
སེམས་པ་ནི་ཇེ་ལྷོད་ནས་ཇེ་གཉོམ་དུ་གྱུར
ཐ་ན་མིག་ཀྱང་ཕྱེ་འདོད་མེད་པར་རོལ་དབྱངས་ལ་ཉན་ན་འདོད
འགར་ཚེ་རྒྱལ།
དམ་བཅའ་བརྟན་དུ་མ་བཟུང་སྟོང་པ་ཡིན།།
ལྷག་བསམ་རྣལ་དུ་མེད་ན་དོན་མེད་ཡིན།།
རང་སེམས་དབྱིངས་ལ་བཏེགས་ན་ལྟས་ངན་ཡིན།།
ཁ་བཤད་རང་ཚུགས་མི་བརྟན་ལབ་རྐྱལ་ཚོ།
མཐོ་པོའི་བཀའ་ཁྲིར་བཞག་ན་འཐུས་ཤོར་མང༌།
ཁ་ནས་བདེ་བདེ་བཤད་པ་ནེ་ཙེས་ཤེས།།
དོན་ཐོག་ལག་ཏུ་བསྟར་བ་སྲིད་མཐའ་ཙམ།།
ཕྱི་ཚུལ་གུས་གུས་ཞུམ་ཞུམ་ཁྱི་གུས་ཤེས།།
ཁྲ་ཁྲའི་སྲིན་འབུ་འགུལ་བའི་མགོ་བདེ་ཚོ།།
མཐོན་པོའི་བཀའ་ཁྲིར་བཞག་ན་བསླུ་བྲིད་མང༌།
ཆེན་པོའི་རྫིག་ཉམས་མཐོང་ན་འཛུམ་ཤིག་ཤིག།།
དམའ་མོའི་མི་སེར་རིག་ན་གདོང་ནག་ནག།།
སྲིད་ཀྱི་གོ་ས་བསམ་ནས་བྲེལ་འདུར་འདུར།།
བོད་པའི་ལས་སྐལ་མི་བསམ་གཡོ་ཅན་ཚོ།།
མཐོན་པོའི་བཀའ་ཁྲིར་བཞག་ན་བདེ་འཇགས་མེད།།
(བསེ་རུ།)
( དྲ་གྲོགས་ཤིག་གིས་རྒྱུགས་མ་གཏོགས་ཞེས་པའི་རྩོམ་ཡིག་ཅིག་སྤེལ་རྗེས། )
(ཡི་ཐང་མ་ཆད་པར་རྒྱུགས།
ཡི་ཐང་ཆད་ཀྱང་འགྲོ་དགོས།)
དཀའ་སྡུག་གི་རི་མོ་ཐོད་པར་བརྩེགས་ཀྱང་།
བརྙས་སྨོད་ཀྱི་ཟུར་མདའ་ཡང་ཡང་འཕངས་ཀྱང་།
ལུས་སེམས་ལ་མནར་གཅོད་ཇི་ལྟར་རྩུབ་ཀྱང་།
འགྲོ་མ་གཏོགས།
ད་དུང་རྗེས་ལུས་ཀྱི་ཞྭ་མོ་ལྗིད་ཏིག་ཏིག་འདི་ཇི་ལྟར་ཕུད་ཐུབ་བམ།
དུས་རབས་ཀྱི་ཚོན་མདོག་འགྱུར་ཡང་།
མི་རིགས་ཀྱི་ངོ་བོ་འགྱུར་ཡང་།
རང་ཡུལ་གྱི་གནམ་ས་འགྱུར་ཡང་།
འགྲོ་མ་གཏོགས།
ད་དུང་བཙན་དབང་གི་ཞགས་པ་ནག་པོ་འདི་ཇི་ལྟར་འགྲོལ་ཐུབ་བམ།
འདྲ་པར་འདི་ང་ལ་དྲིན་ཆེན་ཞིག་ཡིན་ནམ
གང་ལྟར་འདྲ་པར་ལས་རང་ཉིན་གསལ་བར་མཐོང་ཐུབ
དེ་རིང་མཐོང་བའི་འདྲ་པར་ཐོག་གི་ང
ཨ་ཁ ཡོངས་སུ་རྒས་ཚར་འདུག་གམ
མགོ་སྐྲ་ཆངས་ཤིང་ཁ་སྤུ་རྣམས་ཀྱང་ཇེ་སྦོམ་དང་ཇེ་རིང་དུ་སོང་ནས་འདུག
ད་དུང་གདོང་གི་གཉེར་མ་དག་ཀྱང་ཧ་ཅང་གཏིང་ལ་ཟུགས་འདུག་ཡ
ཟ་ལེ་རྒྱལ། ཡོ་རོབ།
(གོང་མས་འཕྲོ་མུ་འཐུད་ནས་འགོད་པ།)
འཕོངས་དང་ནུ་མ་ཆེ་བར་འདོད་པ་འདི་།
ཐད་བྱུང་ཚོར་པའི་སྒྲོ་བཏག་ཙམ་ཞིག་ལས།
དོན་དངོས་བདེ་བའི་གཞུང་ལ་འཇུག་པ་ན།
ན་ཆུང་བུ་མོའི་གཟུགས་གཞི་བདེ་ན་བཟང་།
འདོད་པའི་མདོ་དང་བསྟན་བཅོས་དུ་མ་ན།
ཟླ་ཀླུང་།
ང་ཅག་འབྲས་ལྗོངས་ཡུལ་དུ། །སྐྱེས་པའི་བུ་མོ་རྣམས་ཀྱི། །སྐྱིད་སྡུག་གང་བྱུང་སྐོར་ལ། །དཀོག་མཆོག་ཐུགས་རྗེས་གཟིགས་རོགས། །ང་དང་མིང་པོ་གཉིས་ཀ། །ཨ་མའི་རུམ་ནས་སྐྱེས་ཀྱང་། །ང་ལ་ཐོབ་ཐང་མི་འདུག །འབྲས་ལྗོངས་བུ་མོའི་སྐྱོ་བ། །དྲིན་ཅན་ཕ་མ་གཉིས་པོའི། །ཁར་ཉན་ངག་འཁྲི་བྱས་ཀྱང་། །དབང་ཆ་གང་ཡང་མེད་པའི། །འབྲས་ལྗོངས་བུ་མོའི་སྐྱོ་བ། །ཕ་མར་རྒྱུ་ཟས་ས་ཞིང་། །ཅི་འདྲའི་ཆེན་པོ་ཡོད་ཀྱང་། །སྐལ་བ་གཏན་ནས་མེད་པའི། །འབྲས་ལྗོངས་བུ་མོའི་སྐྱོ་བ། །ཕ་མས་རིན་པ་ལེན་པས། །བྱད་གཟུགས་ཡག་པོ་མེད་ན། །ཁྱོ་ག་རྙེད་རྒྱུའི་དཀའ་ལས། །འབྲས་ལྗོངས་བུ་མོའི་སྐྱོ་བ། །རིགས་འབྱོར་མཐུན་པའི་ཁྱོ་ག།
གཅན་བཟོད་རྒྱམ།
ས་སྲོད་ཀྱི་སྲང་ལམ་ན
ང་རང་གཅིག་པུ་ཡིན་ནམ
རྒྱང་རིང་ན་སེམས་པ་ཞིག་ཡོད་དམ
སྣ་བ་རློགས་དང
མིག་ཆུ་དེས་བརྗོད་པ་སེམས་གཏམ་ངོ་མ་ཞིག་ཡིན་ངེས
བཀའ་སྤྱིའི་འོས་འདེམས་ཀྱི་དུས་བཅད་ཐོན་ལ་ཉེ།།
ཚོགས་པ་སྐྱིད་སྡུག་ཚོ་ལ་འདུར་ལུང་འདུར་བྱེད།།
ལག་ལ་གང་ཡོང་པོ་འོས་མིར་འདོན་སྟངས་འདིས།།
ད་ནི་མང་ཚོགས་ཚོའི་མགོ་བོ་རྨོངས་ཚོད་རེད།།
སྐུ་ངོ་བཀྲིས་མཐོང་གིས་རྒྱུས་མྱོང་ཆེ་ཚུགས་འཛིན།།
བློ་བཟང་སང་གེ་ཡིས་གཞིས་གྲོང་གཏམ་གྱིས་འུར།།
འགྲན་རྩོད་ཆུང་ཆུང་གི་བྱེད་སྒོ་སྙིང་རྗེ་བོ།།
མང་གཙོའི་འགྲོ་སྲོལ་གྱི་ལད་མོའི་བཟོ་ལྟ་རེད།།
ཨ་ནུ་བསོད་ནམས་ཀྱིས།
འཇིག་རྟེན་མི་ཡི་རིན་ནོར་ཐམས་ཅད་ལ།།
སྤྱོད་མཐའ་དྲག་ན་སྡུག་སྣང་མི་འདྲེན་པའི།།
བྱ་བཞག་གང་ཞིག་མི་ཡུལ་འདི་ན་མེད།།
དེ་ནི་ཆང་རག་གཅིག་བུ་ཉེས་བ་མིན།།
ཀུན་གྱིས་མཆོག་ཏུ་བཀུར་པའི་ནང་བསྟན་ཆོས།།
བོད་སོག་མི་ཡིས་བེད་སྤྱོད་མཐའ་དྲག་ནས།།
མཐར་མ་རང་ཡུལ་བརླགས་ཤིང་མི་འབོར་བྲི།།
དེ་ནི་ཆང་རག་གཅིག་བུ་ཉེས་བ་མིན།།
བོད ལྷ་ཀླུ་གཉན་གསུམ།
འདི་ལྟར་ཆས་ཤུལ་དུ མིག་ཆུ་མེད་པའི་རི་གྲོང་དེ་ནས
ངས་ཅི་ཡང་ཐོས་འདོད་མི་འདུག་ལ ཁྱེད་ཀྱིས་ཀྱང་
གཅིག་བྱས་ན རི་རབ་ལྟ་བའི་གཟི་བཞིན་ཡོད་ཚད
རྨི་ལམ་ནང་དུ་སྤས་མ་མྱོང་བའི་མཛའ་མོ་ཞིག་གི་ཞལ་རས་ལྟར
བསེ་རུ།
(བཀའ་སྤྱི་འོས་བསྡུའི་སྟ་གོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་རི་འདབས་ནས་ཐོལ་བྱུང་དུ། )
བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གྲ་སྒྲིག་ཁྲོད།།
དྲང་བདེན་བློ་མིག་ཐོགས་པ་ཇི་ཙམ་ཡོད།།
ཕྱོགས་རིས་ལིང་ཏོག་བྲལ་བ་ཇི་ཙམ་ཡོད།།
བཀའ་སྤྱིའི་འོས་མི་དོན་དམ་ཇི་འདྲ་ཞིག།
དེ་ལས་མང་བ་། “བཀའ་སྤྱིའི་འོས་བསྡུ་ལས་འཕྲོས་པའི་ཚོར་སྣང་ཐན་ཐུན།” »
ཚེ་རིང་སྐྱིད།
ཝུ་ཆང་དེ་འོ་ཇའི་ཚབ་ཏུ་གྱུར་རྗེས
ཆང་ཕོར་ནང་ནས་འཁོར་བ་རྙེད་པ་ལྟ་བུའི་འཁྲུལ་སྣང་བྱུང༌།
ཝུ་ཆར་དམར་པོ། ཤེལ་ཕོར་གྱི་ནང་དུ་ཞག་རྩི་ལྟ་བུའི་མདངས་ཀྱིས་གཡོ་སྐྱོམ་བྱེད་སྐབས
ངས་ཁྱེད་ཀྱི་ཟུངས་ཁྲག་ལྟ་བུའི་ཝུ་ཆང་ལ་ཅེར་ཞིང༌།
ཁྱེད་དང་ང་ཡི་གཏམ་རྒྱུད་མགོ་མཇུག་མི་ཚང་བ་ཞིག་ཀྱང་ཡིད་ལ་ཤར་ཡོང༌
ངས་གསང་བ་ཡིན་མདོག་མདོག་གིས་བཤད་མ་ཕོད་པ་མང་པོ
ཤེལ་ཕོར་དེ་ཁྱེད་རང་ཡིན་འདང་གིས
ཁ་རོག་གེར་ཁེར་ལབ་གང་མང་ཞིག་ཐལ་སོང༌།
གཅན་དགེ་འདུན།
ཕྱི་སྡོད་ལག་འཁྱེར་མེད་པའི་ཉེས་མིང་འོག་ནས།།
ལྕགས་དྲའི་རྭ་སྐོར་རྡོ་ཁང་གྲུ་བཞི་ནང་དུ།།
ཡང་ཡང་བཙོན་དུ་བཅུག་པའི་ལས་དབང་ནག་པོར།།
གྲོགས་ངའི་སེམས་པའི་དཀྱིལ་ནས་སྐྱོ་བ་སྐྱེས་བྱུང་།།
རྐུན་ཇག་ལས་ལ་རོལ་ནས་བཙོན་རྭར་ཚུད་པ།།
འཇིག་རྟེན་དཀྱིལ་འཁོར་འདི་ཡི་སྒྲིག་ཁྲིམས་ཡིན་ཡང་།།
མ་བྱས་ཉེས་ཅན་ཁོང་གི་ལས་དབང་འདི་ལ།།
བསམ་བཞིན་སྐྱོ་བའི་མིག་ཆུ་ས་ལ་ལྷུང་ཐལ།།
སྐྱོ་བྲག་དགའ་དབང་།
རོགས་ཚུར་ཉོན་ང་ཡི་ཕ་ཡུལ། །
བོད་གངས་ཅན་དག་པའི་ཞིང་ཁམས།།
སྐྱིད་ཕུན་ཚོགས་འཛོམས་པའི་གནས་མཆོག །
ས་འདི་འདྲ་ཡོད་པ་དཀའ་འོ།།
ཕྱོགས་མཐའ་དག་གསལ་བའི་བར་སྣང་། །
ཤ་ཀླན་འཇམ་དབྱངས་གྲགས་པ།
གཞིས་གྲོང་གསུམ་པའི་ཧེ་ཉག་བརྒལ་དུས།
ཁྱེད་ཀྱིས་གསེར་ཏོག་ཅིག་མཐོང་འོང་ཞིང་།
དུས་ཡུན་སྐར་ཆ་གཅིག་གི་ནང་།
རྒྱ་ཕིབས་དང་འདུ་ཁང་ཡོངས་རྫོགས་གསལ་ལྷོང་ངེར་མཐོང་འོང་།
བལྟས་ཚོད་ལ་བྱིན་བརླབས་ཀྱི་མཚོན་ཁ་འབར་མདོག་ཁ་ལ།
བལྟས་ཚོད་ལ་ཞི་བདེ་ཡི་སྣང་བ་སྦྱིན་མདོག་ཁ་བས།
ཁྱེད་ཀྱིས་འཚོལ་བཞིན་པའི་སེ་རར་འཁྲུལ་ཉེན་ཡང་ཡོད།
དེ་དུས་ཁྱེད་རྦད་དེ་འཁྲུལ་ཞིང་རྩ་བ་ནས་ནོར་བ་རེད།