རྐ་སྲས་ནས།
འོད་སྣང་གི་ཆེད་དུ་འབར་ཟིན་བའི་མཆོད་མེ་དག་གི་སྡོང་ཟེ་ལ་ལྟ་བཞིན
མི་རིགས་འདི་ཁོ་ནའི་ཆེད་ཚེ་སྲོག་དོར་བའི་ཁྱེད་ཚོ་དྲན་བྱུང
ཁྱེད་ཚོ་ནི་སྔ་ས་ནས་ངེད་ཅག་དང་བྲལ་ཟིན་ན་ཡང
ཁྱེད་ཚོས་སྦར་པའི་ལ་རྒྱ་ཡི་ཆོད་སེམས་དང་རང་དབང་ལ་བཅངས་བའི་བརྩེ་དུང
མུན་ནག་ལ་རྒོལ་བའི་མེ་ཕུང་དེ་ནི་ས་ཡ་དྲུག་གི་སྙིང་ཁོང་ན་གཏན་དུ་གཟིམ་པ་མེད་པའི་མེ་ལྕེ་དེ་ཡིན
ཁྱེད་རྣམས་པ་དག་པའི་ཞིང་ནས་བདེ་བར་གཟིམ་རོགས
བཟོད་མི་ནུས་པའི་བརྙས་བཅོས་ཀྱི་ཕུང་པོ་དེ་དག ཁྱེད་ཚོས་མེ་ཕུང་གི་གཟུགས་སུ་བཞེངས་ཏེ


