བདག་གི་རྣམ་ཤེས་བར་དོར་འཁྱམ་དུས་དང་བོར་ལུས་སེམས་བསྐྱེད་པའི་མ།།
འཇིག་རྟེན་མི་ཡི་འཚོ་བར་ཞུགས་ཚེ་བར་དུ་ཟང་ཟིང་སྦྱིན་པའི་མ།།
འཁོར་བའི་བྱ་བར་མགོ་བོ་འཐོམས་པའི་ཐ་མར་སྐྱེ་མེད་སྟོན་པའི་མ།།
རྗེ་བཙུན་སྒྲོལ་མ་ལྟ་བུའི་ཨ་མ་དྲིན་མོ་ཆེ་ལ་གསོལ་བ་འདེབས།།
བདག་གི་རྣམ་ཤེས་བར་དོར་འཁྱམ་དུས་དང་བོར་ལུས་སེམས་བསྐྱེད་པའི་མ།།
འཇིག་རྟེན་མི་ཡི་འཚོ་བར་ཞུགས་ཚེ་བར་དུ་ཟང་ཟིང་སྦྱིན་པའི་མ།།
འཁོར་བའི་བྱ་བར་མགོ་བོ་འཐོམས་པའི་ཐ་མར་སྐྱེ་མེད་སྟོན་པའི་མ།།
རྗེ་བཙུན་སྒྲོལ་མ་ལྟ་བུའི་ཨ་མ་དྲིན་མོ་ཆེ་ལ་གསོལ་བ་འདེབས།།
སྐྲན།
མིག་མེད་པའི་སྲིབ་འཁྱགས་ཀྱི་གངས་འཁྱགས་ཉལ་གདན་འདྲ་བ་ཞིག་ལ།
ངའི་ཕ་ཡུལ་གྱི་གནམ་གཤིས་གྲང་ངམ་དྲིས་དུས།
རང་བྱུང་ལ་རང་བྱུང་གླན་པས་ཕ་ཡུལ་ཧ་ཅང་འཁྱགས་ཟེར།
དྭངས་གཙང་ལ་ཉི་ཟེར་འཕྲོས་ཀྱང་ཕ་ཡུལ་ཧ་ཅང་འཁྱགས་ཟེར།
བྱམས་པས་བརླན་ཡང་ཡེ་ཤེས་མེ་ཡིས་ནག་པོའི་རྩ་ལག་བསྲེགས་མཛད་མ།།
སྡང་སེམས་མེད་ཀྱང་མ་རུང་དགྲ་ལ་ནས་འབྲུའི་མཆེ་བ་ཀུན་དུ་བརྩིགས།།
ཁྲོ་སེམས་དབེན་ཡང་ཁྲོ་གཉེར་སྨིན་མ་མཚམས་སུ་བསྡུས་པའི་ཁྲོ་མོ་ཁྱེད།།
དགའ་མ་མེད་ཀྱང་རྣལ་འབྱོར་ང་ནི་རྣལ་འབྱོར་མ་ལ་ཧ་ཅང་དགའ།།
སྤྲོས་བྲལ་ངེས་ཀྱང་ཁྱེད་ཀྱི་སྐུ་ལུས་རུས་པའི་རྒྱན་གྱིས་སྤྲོས་མཛད་མ།།
ང་དང་ཐོག་ཁྱོད་ལ་ཐུག་པ་འདི།
ཀླུ་སྨྱོན། འཇམ་པའི་དབྱངས་ཀྱིས་མི་མཐོང་ས་ཞིག་ནས། ། ཁྱེད་ཀྱི་མྱོས་བུམ་དྲོན་མོ་འཕུར་ན་འདོད། ། ནོར་རྒྱུན་ལྷ་མོས་མི་གོ་ས་ཞིག་ནས། ། ཁྱེད་ལ་བསྟོད་པའི་སྙན་ངག་གྱེར་ན་འདོད། །
ཀླུ་སྨྱོན། ཉི་ཟླ་ཞོན་ནས་སྟོང་གསུམ་ཁྱོན་དུ་འོད་ཀྱི་ཀློང་ནས་རྒྱུགས་པ་དང་། ། རལ་གྲི་བཟུང་སྟེ་སྲོག་ཆགས་དུང་ཕྱུར་ཁྲག་དམར་ཙ་རེར་གསོད་པ་དང་། ། མཛེས་མ་སྟོང་གིས་ལིངྒ་འཇིབ་ཅིང་བསྣུན་པའི་གར་ལ་རོལ་བ་སོགས། ། རྨི་ལམ་སྒྱུ་མའི་ཞྭ་མོ་འདི་ཀོ་མགོ་རུ་གྱོན་པ་ནོར་འཁྲུལ་ཞིག །
འབའ་སྲས།
མི་རིགས་སྣ་མང་འཛོམས་སའི་གྲོང་ཁྱེར་ནས།།
བུ་མོ་མཛེས་མ་མང་བའི་ཉེ་འགྲམ་ནས།།
ཆགས་སྤྱོད་ངོ་གནོངས་མེད་པའི་ཁོར་ཡུག་ནས།།
འབྲོག་མོ་ངོ་མ་ཞིག་ལ་ཡིད་སེམས་འཁྲེང་།།
དེ་ལས་མང་བ་། “འབྲོག་མོ་ངོ་མ་ཡོད་ན་ང་ལ་ཤོད། ༼བཙོག་གཏམ་སྙན་ངག༽” »
དོལ་སྨྱོན།
༡༽
མཛེས་རྒུས་གཏམས་པའི་ཞལ་རས་དེ་ནི་དམར་ཆུང་སེམས་ཀྱི་ཟས་མཆོག་ཅིག །
སྙན་དགུས་ཕྱུག་པའི་གསུང་སྐད་དེ་ནི་རྣ་བའི་དབང་པོའི་བུ་རམ་ཞིག །
སྐྱོན་གྱིས་སྟོང་བའི་སྤྱོད་ཚུལ་དེ་ནི་སེམས་ཆུང་དགྱེས་པའི་དགའ་སྟོན་ཞིག །
སྙིང་གི་དགའ་མ་ཁྱོད་ཀྱི་ཡོད་ཚད་མེ་ཏོག་དཀར་པོའི་རང་མདངས་ཤིག །
ཨ་འདུས་མིག་ཆུ།
—རྒྱལ་གཅེས་དཔའ་བོ་གྲུབ་མཆོག་སོགས་ལ་ཕུལ།
མཁའ་དབྱིངས་སྤྲིན་ནག་འཐིབ་པའི་འདུ་ལོང་རྒོད།།
ས་གཞིར་ཁ་བ་འབབ་པའི་འཚུབ་མ་འཐིབས།།
གྲང་རླུང་བུ་ཡུག་བསྐྱོད་པའི་ཁོང་གསེང་ན།།
ལུས་ཀྱི་གྲང་ངར་སེམས་ཀྱི་གཏིང་ལ་འཛུལ།།
དཔྱི་ས་དགེ་འདུན་ཡོན་ཏན།
—༧གོང་ས་མཆོག་གི་འཁྲུངས་སྐར་ལ།
བྱེས་གྱར་སྤྲང་ཀོག་ཡོངས་ཀྱི་མགོ་སྐྲ་དང་།།
གཞིས་སྡོད་དྭ་ཕྲུག་སྟོང་གི་མིག་འབྲས་སྟེ།།
གནམ་གྱི་བདག་པོ་ཡིན་པའི་སྤྱན་རས་གཟིགས།།
སྐྱེས་སྐར་དབྱངས་སུ་བཀུག་ནས་ཇ་ཞིག་འདྲེན།།
འབའ་སྲས།
ལྟེ་ཁྲག་དམར་པོ་ས་ལ་ཐོར་བའི་ཉིན།།
རང་གི་སེམས་ལ་ཅི་ཡང་མེད་ན་ཡང་།།
རྒྱས་ནས་འཚར་བའི་སེམས་ཀྱི་གོམ་པ་འདི།།
དམའ་བའི་གཞོང་ནས་མཐོ་བའི་རི་ལ་འཛེགས།།
རེབ་ཐོག་མདའ།
སྐྱིད་སྡུག་མི་ཚེ་ཡི་ལས་དབང་ཁྲོད་ནས།།
སྨན་ཆུང་བུ་མོ་ཞིག་སེམས་ཀྱིས་བཙལ་ཏེ།།
སེམས་དང་བསམ་པ་ཡིས་ཟབ་ས་དེ་ནས།།
སྙིང་གཏམ་དྲོན་མོ་ཞིག་གླེང་ན་བསམ་ཡོད།།
དོལ་སྨྱོན།
དམར་ཆུང་བཞིན་ལ་མིག་ཅིག་ཡོད་པ་ཡབ་ཆེན་ཁྱོད་ཀྱི་མཐུ་ཡིན་ཅིང་།།
ཁོག་པའི་ནང་ན་སྙིང་ཞིག་མཆིས་པའང་ཡབ་ཆེན་ཁྱོད་ཀྱི་བྱིན་རླབས་ཡིན།།
རུས་པའི་ཁོངས་སུ་རྐང་ཞིག་ཡོད་པ་ཡབ་ཆེན་ཁྱོད་ཀྱི་བཀའ་དྲིན་ཏེ།།
ཁྲག་རྩའི་ནང་དུ་དྲོད་ཅིག་མཆིས་པའང་ཡབ་ཆེན་ཁྱོད་ཀྱི་ཐུགས་རྗེ་ཡིན།།
ཀླུ་སྨྱོན་ཧེ་རུ་ཀ
ངའི་གཟན་ཤམ་སྟོན་པའི་ན་བཟའ་ཡིན། །
ངའི་ལག་པ་འདྲེ་ཡི་ཕྱག་མཚན་ཡིན། །
ངའི་རྩོམ་གྱི་ཕྱེད་ཀ་ཆགས་སྲེད་ཡིན། །
ངའི་མི་ཚེ་ཕྱེད་ཀ་ལྡོམ་པོ་ཡིན། །
སྐར་མ་མཚོ།
ཁྱོད་ལྡོམ་ནས་སྡོམ་པ་ཤོར་ཉིན།།
ཁྱོད་འདྲེ་ཞིག་ཡིན་ནོ་ཤེས་ཐལ།།
ཁྱོད་ཆགས་པས་ཆད་ནས་ཡོད་དུས།།
ཁྱོའི་མི་གཞི་ལྷང་ལ་བུད་ཐལ།།
སྤྲུལ་སྐུ་དབང་ཆེན།
ཀ་མ་ལ་འཛིན་སྤྱི་བོའི་གཙུག་ཏུ་བཀུར།།
ཁ་བའི་ལྗོངས་ཀྱི་བཅུ་ཕྲག་ཤེས་བྱར་དུང་།།
ག་ལེར་ཞོར་དུ་མཛེས་མའི་གྲགས་པ་སྐྱོང་།།
ང་ཡི་སེམས་གྲོགས་འཕགས་པ་ཀླུ་སྨྱོན་རྒྱལ།།
ཀླུ་སྨྱོན་ཧེ་རུ་ཀ
ཅ་ཅོ་མི་མང་དོན་ལྡན་རྩོམ་མཆན་འབྲི། །
ཆ་རྒྱུས་མེད་ཀྱང་གྲོགས་ཀྱི་འདུ་ཤེས་འཛིན། །
ཇ་ཁ་ཆང་ཁ་ཅིག་ནས་འཕྲད་པ་ན། །
ཉ་མའི་བྷ་གའི་བྲོ་བ་མཉམ་དུ་གླེང་། །
འཇིག་རྟེན་གྱི
སྙིང་གཏམ་ཡོད་ཚད
ཁ་སང་ནས་མཇུག་རྫོགས་པ་འདྲ
ར་བཟི་ལས་སངས་རྗེས
མཛོད་ཆེན་ཞིག་ཡིན་སྙམ་པའི་སེམས་པ
ད་གཟོད་སྟོང་སང་སིང ཧ་ཅང་སྟོང་སང་སིང
རེབ་ཐོག་མདའ།
ཇོ་མོ་བླ་རིའི་མགོ་འཕང་དགྱེ་ནས་ཡོད་དམ།།
རྨ་འབྲི་རྫ་གསུམ་ཤུགས་ཀྱིས་བཞུར་གི་ཡོད་དམ།།
མདོ་དབུས་ཁམས་ཕུ་ནུ་བདེ་མོ་ཡིན་ནམ།།
མ་བརྗེད་གྲོགས་ཀྱིས་ལན་གཅིག་བསྐྱེལ་རྒྱུ་བྱུང་ན།།
ཀླུ་སྨྱོན།
ཆོས་སྐྱོང་ཞིག་ལ་རྩེད་མཚར་དུ།
གནའ་དུས་བླ་མ་ཆེ་གེ་མོ་ཡིས་མགོ་ལ་བཞག་པའི་རྡོ་རྗེ་དེ། །
དེ་རིང་ད་དུང་བཙའ་ཡིས་ཟིན་ཏེ་ལྗིད་ཁོག་དང་བཅས་ཁུར་ཡོད་ཚེ། །
ཚེ་འདིའི་འདོད་དོན་ཁྱོད་ཀྱིས་སྒྲུབས་དང་ང་ཡིས་རྟག་པར་ཁྱེད་ལ་མཆོད། །
མཆོད་གཏོར་རྩམ་པ་གསར་པ་ཡིན་ཏེ་བདག་གི་ཨ་མས་བསྐུར་པས་སོ། །
དེ་ལས་མང་བ་། “གཡག་རྒན་གྱིས་ལྕི་བ་བཏང་འདྲའི་སྙན་ངག་ཐར་ཐོར།” »
རས་པ།
ཅི་ཡང་མི་དྲན་པའི་དུས་སུ
ད་གཟོད འཇིག་རྟེན་གྱི་གསང་བ་ཞིག
རང་དང་ཉེ་བར་བཅར་གྱིན་པ་རྟོགས
ཁྱོད་ཀྱིས་ཤེས་སམ
འདིའི་རྗེས་ནས
ང་ཚོ་སུ་ཡང་ཧ་ཅང་བྲེལ་འཚུབ་ཆེ་ལ
སེམས་ངལ་གྱི་ནང་དུ་ལྷུང་ངེས