Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྷ་མོ་དོན་གྲུབ། ངས་ཁྱོད་འདི་ལྟར་མཐོང༌།

Posted on 2020-10-20 By ཁ་བརྡ 3 Comments on ལྷ་མོ་དོན་གྲུབ། ངས་ཁྱོད་འདི་ལྟར་མཐོང༌།

ཨ་འདུས་སྐལ་བཟང་རྒྱ་མཚོས།

ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་བཀའ་རྩོམ་བཀླགས་རྗེས།

སྙན་འཇེབས་གསུང་གི་འགྱུར་ཁུག་རེ་ན་ལེགས་བཤད་གསེར་གྱི་འོད་ཕྲེང་རེ།།
རབ་དཀར་ཞལ་གྱི་འཛུམ་དམུལ་རེ་ན་སྐྱོ་གདུང་གཤགས་པའི་བྱམས་བརྩེ་རེ།།
ཡིད་འོང་མཉེན་ལྕུག་

དེ་ལས་མང་བ་། “ལྷ་མོ་དོན་གྲུབ། ངས་ཁྱོད་འདི་ལྟར་མཐོང༌།” »

སྙན་ངག

གངས་ལྗོངས་ཀྱི་དཔའ་རྒོད་སྟག་སྣ་འཇིགས་བཟང་པོར་རྗེས་སུ་དྲན་པ།

Posted on 2020-10-20 By ཁ་བརྡ 2 Comments on གངས་ལྗོངས་ཀྱི་དཔའ་རྒོད་སྟག་སྣ་འཇིགས་བཟང་པོར་རྗེས་སུ་དྲན་པ།

ཆབ་མདོ་ངག་ཕུན།
 
ཞི་བདེའི་རང་དབང་དགའ་བའི་གངས་ཅན་ལྗོངས།།
ཁ་ཞེ་མི་མཚུངས་རྒྱ་དམར་གུང་ཁྲན་གྱིས།།
ཁ་འཇམ་ཁོག་རྩུབ་ངང་ནས་བཙན་གྱིས་འཕྲོག།
གངས་ཅན་ཞིང་དུ་སྡུག་གིས་མུན་པ་རུབ།།

རྒྱ་འདྲེ་དམར་པོས་གངས་ལྗོངས་བཙན་གྱིས་འཕྲོག།
གངས་ཕྲུག་དུ་མ་དམར་བསད་ཁྲག་ཏུ་བསྒྱུར།།
རིན་བྲལ་དགོན་རྙིང་བརྒྱ་ཕྲུག་དུ་མ་ཞིག།

དེ་ལས་མང་བ་། “གངས་ལྗོངས་ཀྱི་དཔའ་རྒོད་སྟག་སྣ་འཇིགས་བཟང་པོར་རྗེས་སུ་དྲན་པ།” »

སྙན་ངག

དུས་ཀྱི་ཆོ་འཕྲུལ།

Posted on 2020-10-20 By ཁ་བརྡ No Comments on དུས་ཀྱི་ཆོ་འཕྲུལ།

ཆང་སྐྱེས།
 
དུས་ཀྱི་བུ་མོ་འཛུམ་པའི་ཆོ་འཕྲུལ་གྱིས།།
མི་སེམས་རློན་པ་བདུད་ཀྱིས་དབང་དུ་བསྒྱུར།།
ཝ་གཤེད་བག་མར་བསུ་བའི་དུས་ཚིགས་ལ།།
དྲང་བདེན་ཟེར་ན་ཡ་མཚན་ཡ་མཚན་ཞིག།

ཁྲམ་པ་ཚོང་བར་བརྫུས་པའི་ཁྲོམ་ར་ན།།
གཡོ་སྒྱུ་བསླུ་བྲིད་རླུང་བུ་ཕྱོགས་སུ་ལྡང་།།
རྒྱུ་ནོར་རིག་ན་སྒྱུ་མ་མི་འགུལ་མཁན།།

དེ་ལས་མང་བ་། “དུས་ཀྱི་ཆོ་འཕྲུལ།” »

སྙན་ངག

སྟ་ནག་ཕེབས་སྐྱེལ་གུས་ཚིགས་སུ།

Posted on 2020-10-19 By ཁ་བརྡ 3 Comments on སྟ་ནག་ཕེབས་སྐྱེལ་གུས་ཚིགས་སུ།

ཀརྡོས།
 
གངས་ལྗོངས་བོད་ཀྱི་རི་སུལ་དུ།
གངས་སེང་མི་འདུག་མ་ཟེར་ཅིག
སྟ་སྣ་འཇིགས་མེད་བཟང་པོ་དེ།
གངས་སེང་མིན་ན་ག་རེ་རེད།

ལྷ་ས་ས་བོད་ཀྱི་རྒྱལ་ས་རུ།
དཔའ་བོ་མི་འདུག་མ་ཟེར་ཅིག

དེ་ལས་མང་བ་། “སྟ་ནག་ཕེབས་སྐྱེལ་གུས་ཚིགས་སུ།” »

སྙན་ངག

ཁྱེད་ཕེབས་ཤུལ་དུ།

Posted on 2020-10-182020-10-18 By ཁ་བརྡ 2 Comments on ཁྱེད་ཕེབས་ཤུལ་དུ།

གངས་དཀར་སེམས།
 
ཁྱེད་ང་ཚོ་དང་ཁ་བྲལ་སོང་།
ལོ་རྒན་ ༩༤ མི་ཡུལ་འདིར་བཞུགས་རྗེས།
ཁ་སང་སྟེ་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༧ ཉིན།
ཁྱེད་ཕྱིའི་རྒྱལ་ཁབ་ཏུ་སྐུ་གྲོངས་པ་རེད།
ངས་མ་ཎི་ཁ་ནས་འདོན་བཞིན།
སླར་མིག་ནས་མཆི་མ་ཤོར་བཞིན།
དགུང་ལོ་གོ་བཞིའི་ནང་གི་བགྲང་བྱ་སོ་གྲངས་ཙམ།

དེ་ལས་མང་བ་། “ཁྱེད་ཕེབས་ཤུལ་དུ།” »

སྙན་ངག

ཀ་བཤད་ཡིད་ཀྱི་མཆོད་པ།

Posted on 2020-10-172020-10-17 By ཁ་བརྡ 7 Comments on ཀ་བཤད་ཡིད་ཀྱི་མཆོད་པ།

ཆབ་མདོ་ངག་ཕུན།
 
ཀ༵་ཡི་གསོན་དང་རང་རིགས་སྤུན་ཟླ་རྣམས།།
ཁ༵་ཙམ་མེད་པའི་བསྟོད་དབྱངས་སྙན་ཚིག་འབུལ།།
ག༵་ནས་བལྟས་རུང་༸སྐྱབས་མགོན་ཁྱེད་ཉིད་ལས།།
ང༵་ཚོར་བཀའ་དྲིན་ཆེ་བ་སུ་ཞིག་མེད།།

ཏ༵་ཐ་ག་ཏའི་རྒྱལ་བསྟན་དྲི་མེད་དེ།།
ཐ༵་གྲུ་ཀུན་ཏུ་རིས་མེད་དར་ཁྱབ་མཛད།།
ད༵་ལྟའི་སྐབས་སུ་ཁྱེད་ལྷག་སུ་ཞིག་མེད།།

དེ་ལས་མང་བ་། “ཀ་བཤད་ཡིད་ཀྱི་མཆོད་པ།” »

སྙན་ངག

ལྷ་དང་ལྷ་མོའི་ལྷན་འཛོམས།

Posted on 2020-10-17 By ཁ་བརྡ 2 Comments on ལྷ་དང་ལྷ་མོའི་ལྷན་འཛོམས།

གསལ་ལེ་རྒྱལ།
 
འདི་ནས་མི་ལོ་བརྒྱད་ཅུའི་ཡར་སྔོན་ཏེ།།
སྤྱི་ལོ་གཅིག་དགུ་སུམ་ཅུ་སོ་ལྔ་ལོར།།
ལྷ་ཡི་བུས་བ་ལྟ་ན་སྡུག་པ་ཞིག།
ལྷ་དང་ལྷ་མོ་ཀུན་ལ་གསང་སྟབས་ཀྱིས།།
ཐུགས་རྗེ་བརྩེ་ཆེན་འཇའ་ཡི་སྐས་འཛེག་ལས།།
བྱམས་སེམས་གོམ་པའི་འདེཊ་འཇོག་ས་ལ་བསྒྱུར།།
མགོན་མེད་ཁ་བ་རི་བའི་མགོན་དུ་ཕེབས།།
ལྷ་ལས་བབས་ཏེ་སྟག་འཚེར་ཡུལ་དུ་བཞུགས།།

དེ་ལས་མང་བ་། “ལྷ་དང་ལྷ་མོའི་ལྷན་འཛོམས།” »

སྙན་ངག

ཁ་མཚར་དྲང་བཤད་མ།

Posted on 2020-10-092020-10-11 By ཁ་བརྡ 6 Comments on ཁ་མཚར་དྲང་བཤད་མ།

ཆང་སྐྱེས།
 
མགོ་བོ་དགྱེ་ན་ལྷ་ཡི་བཀའ་ཆད་འཕོག།
རྐང་པ་བསྲིངས་ན་ཀླུ་ཡི་འཛེ་ནད་འབྱུང་།།
མགོ་ནག་མི་ཡི་ལས་དབང་ཟད་པོ་འདི།།
ཆར་ཆུའི་ཁྲོད་ཀྱི་བྱེའུ་ཆུང་རྨས་མ་ཞིག།

སྙིང་གཏམ་བཤད་ན་དགའ་མའི་རྣ་ལ་གཟན།།
བདེན་དོན་བསྒྲུབས་ན་སྡེ་བའི་མྱི་ཁ་འཁོར།།
ཁེར་རྐྱང་མི་ཡི་ཡིད་སེམས་རློན་པ་འདི།།
སུ་ཡི་བྲང་ལ་གླན་ཏེ་གང་ནས་བསྲོ།།

དེ་ལས་མང་བ་། “ཁ་མཚར་དྲང་བཤད་མ།” »

སྙན་ངག

ཐོལ་བྱུང་།

Posted on 2020-10-05 By ཁ་བརྡ 1 Comment on ཐོལ་བྱུང་།

ཆང་སྐྱེས།

གཞན་ཡུལ་འཁོར་ཡུག་མེ་ཏོག་ཇི་ལྟར་མཛེས་ན།།
རང་གི་ཕ་ཡུལ་སྙིང་ནས་དེ་ལྟར་དྲན་སོང་།།
སྤྲིན་པ་དཀར་པོ་འཕུར་བའི་ས་ཕྱོགས་གན་ལ།།
མིག་གི་དབང་བོ་གཏད་དེ་ཡང་ཡང་བལྟས་ཡིན།།

ལེ་བར་སྟོང་གིས་བཅད་པའི་ས་མཐའ་འདི་ནས།།
འཚོ་བའི་ཁ་དོག་འདྲ་མིན་བཅོ་བརྒྱད་ཡོད་རུང་།།
དྲིན་ཆེན་ཨ་མས་བརྫིས་པའི་སྦྲང་དཀར་རྩམ་པ།།
སྣ་བརྒྱའི་ཟས་མཆོག་ལས་ཀྱང་ཞིམ་མངར་ལྡན་སོང་།།

དེ་ལས་མང་བ་། “ཐོལ་བྱུང་།” »

སྙན་ངག

དེ་རིང་གི་ཉིན་ཐོ།

Posted on 2020-10-01 By ཁ་བརྡ No Comments on དེ་རིང་གི་ཉིན་ཐོ།

ཆང་སྐྱེས།
 
ལྷག་རླུང་ང་རོ་རྒོད་པོ་ཕྱོགས་སུ་ལྡང་།།
ལྔ་རྩེ་སྐར་མ་མཚན་མོའི་མཁའ་ན་འདར།།
ཁྱི་ཚོགས་ཟུག་སྐད་ཕྱི་རོལ་ཁྲོམ་ན་འཕུར།།
ཅེ་སྤྱང་སོ་བ་རི་བོའི་ཕག་ན་འཇབ།།

གློ་རྡེག་སྤྲིན་པ་ནག་པོ་ལང་ལོང་འཁྲུགས།།
ཐན་བྱ་འུག་པའི་ཧབ་ཆ་བྲག་ལ་འཁོར།།
ལྕགས་ཀྱི་མདའ་མོ་འཕུར་བའི་སྟངས་སྟབས་ཀྱིས།།
ཕུག་རོན་ཁྱུ་ཡི་ཚང་མལ་རྨང་ནས་གཏོར།།

དེ་ལས་མང་བ་། “དེ་རིང་གི་ཉིན་ཐོ།” »

སྙན་ངག

ང་ཚོས་མཉམ་དུ་བོད་སྐད་བཤད་དེ་བོད་ཡིག་འབྲི།

Posted on 2020-09-28 By ཁ་བརྡ No Comments on ང་ཚོས་མཉམ་དུ་བོད་སྐད་བཤད་དེ་བོད་ཡིག་འབྲི།

ཆང་སྐྱེས།
 
___ གླུ་ཆུང་འདི་སུ་ལ་ཕོག་ན་དེ་ལ་ཡིན།

ཀ་ཡེ་ཁོ་བོས་གཏམ་ཞིག་བཤད་ཙམ་གྱིས།།
ཁ་ཕྱོགས་མི་མཐུན་ཁ་ཤས་སྨྱོ་ལ་ཁད།།
ག་ཞའི་ལས་ལ་དགའ་བའི་ཆ་ལུགས་འདི།།
ང་རྒྱལ་ཅན་གྱི་རང་གཤིས་ཨ་ཡིན་ནམ།།

ཅ་ཅོ་མེད་པའི་རྟུལ་ཞུགས་འཛིན་ཁུལ་གྱིས།།

དེ་ལས་མང་བ་། “ང་ཚོས་མཉམ་དུ་བོད་སྐད་བཤད་དེ་བོད་ཡིག་འབྲི།” »

སྙན་ངག

བདུད་ཀྱི་ཆོ་འཕྲུལ་འོག་གི་ཚེ་སྲོག

Posted on 2020-09-252020-09-25 By ཁ་བརྡ No Comments on བདུད་ཀྱི་ཆོ་འཕྲུལ་འོག་གི་ཚེ་སྲོག

གངས་དཀར་སེམས།

ཁྱོད་ཀྱི་དཀར་གསལ་ཟླ་བའི་ངོ་ཐོག་གི
ལྷག་བསམ་ཟོལ་མེད་ཀྱི་འཛུམ་ཆུང་དེ་མཐོང་ཐེངས་རེར།
སྙིང་བཙིར་བྱེད་སེམས་སྡུག་དང་རེ་ཐག་ཆད་པའི་ཡིད་མུག་དེས།
ངའི་དབུགས་ཀྱི་རྒྱུ་བ་གཅོད་བྱེད་སྡར་མ་ཞིག་དང་མཚུངས་ཤིང་།
དགེ་བར་རེ་ལྟོས་བྱེད་སྟངས་རྨི་ལམ་དེ་རྨང་ནས་ཞིག་འགོ་བརྩམས།

སྙིང་རྗེ་འོས་པའི་ཁྱོད་དང་འབྲེལ་བའི་སྐྱོ་གར་དེ།
སྦས་ཀྱང་མ་འཁོག་པའི་ཉི་ཟེར་ཇི་བཞིན།

དེ་ལས་མང་བ་། “བདུད་ཀྱི་ཆོ་འཕྲུལ་འོག་གི་ཚེ་སྲོག” »

སྙན་ངག

ང་ཚོ་རླབས་ཆེན་ཞིག་ཨེ་རེད།

Posted on 2020-09-232020-09-23 By ཁ་བརྡ 1 Comment on ང་ཚོ་རླབས་ཆེན་ཞིག་ཨེ་རེད།

གཡུ་སྒང་དགེ་འདུན།
 
ང་ཚོ་ཆང་རྐྱལ་ཞིག་ཡིན།
ང་ཚོས་ཤ་དང་རུས་པར་ཐིམ་པའི་ལ་ཞེན་གྱི་ཆང་རག་འཐུངས་ཏེ།
ང་དང་ཁྱོད་ཅེས་ངར་འཛིན་གྱི་སྲོག་རླུང་ཁྲོད། གནས་ལུགས་དང་སྒྲུབ་བྱེད་ཀྱིས་བཟི་གཏམ་བཤད།
ཅི་ཡང་མི་ཤེས་པའི་ཅོལ་ཆུང་དག་ལ་བརྟན་བརླིང་གི་མིག་དཔེ་བསྟན།
ང་ཚོ་ཆང་འཐུང་རླབས་ཆེན་ཞིག་ཨེ་རེད།

ང་ཚོ་དུ་རྐྱལ་ཞིག་ཡིན།
ང་ཚོས་འདས་པའི་ལོ་རྒྱུས་ཀྱི་ཐ་མ་རྔུབ་སྟེ།

དེ་ལས་མང་བ་། “ང་ཚོ་རླབས་ཆེན་ཞིག་ཨེ་རེད།” »

སྙན་ངག

རི་མཐོ་སར་བུད་ན།

Posted on 2020-09-222020-09-22 By ཁ་བརྡ No Comments on རི་མཐོ་སར་བུད་ན།

ཁྲོ་གཏུམ།
 
རི་མཐོ་ས་མཐོ་ས་དེའི་སྟེང་གི་ངའི་མིག་ཟུང
རྒྱང་རིང་རྒྱང་རིང་གི་གནམ་མཐའི་མཚམས་སུ
སྤྲིན་པ་དང་ས་གཞིའི་འདྲེས་མདོ་དེ་རུ
རེ་སྒུག་གི་ལོ་ཟླར་རྒྱུས་པའི་འདུན་པ་དེ་དག་འཚལ

ནགས་ཚལ་བྱ་རིགས་ཀྱི་སྐད་སྒྲར་འཐིམས་པའི་དབུས་སུ
སྤང་ཐང་དུ་རྫིང་བུ་ཀོར་ཀོར་མང་ས་ལ
རྟ་མཆོག་དང་ལུག་ཁྱུ་དཀོན་པས་ན

དེ་ལས་མང་བ་། “རི་མཐོ་སར་བུད་ན།” »

སྙན་ངག

འབྲོང་ཆུང་ཡིན།

Posted on 2020-09-17 By ཁ་བརྡ 4 Comments on འབྲོང་ཆུང་ཡིན།

ཨཱཙཱརྱ་ཨག་ལོ།

རང་གི་རིགས་ལ་ཞེན་པ་དཀར་བ་འབྲོང་ཆུང་ཡིན། །
ལྷག་བསམ་གཙང་མའི་རི་རབ་རྩེག་མཁན་འབྲོང་ཆུང་ཡིན། །
གཞན་ཕན་ཁུར་གྱི་དཀའ་སྡུག་ཐེག་མཁན་འབྲོང་ཆུང་ཡིན། །
ཉེར་གཅིག་སྲིད་སྐྱོང་འོས་མི་འཚམ་ཤོས་འབྲོང་ཆུང་ཡིན། །

དེ་ལས་མང་བ་། “འབྲོང་ཆུང་ཡིན།” »

སྙན་ངག

ཀུན་མཁྱེན་རོང་ཟོམ་གཉིས་པ་མཁན་ཆེན་ཆོས་ཁྱབ་ལ་བསྔགས་པ་གློག་ཞགས་དམར་པོའི་མདུད་པ།

Posted on 2020-09-172020-09-17 By ཡེ་ཤེས་ 3 Comments on ཀུན་མཁྱེན་རོང་ཟོམ་གཉིས་པ་མཁན་ཆེན་ཆོས་ཁྱབ་ལ་བསྔགས་པ་གློག་ཞགས་དམར་པོའི་མདུད་པ།

ཀླུ་སྨྱོན་ཧེ་རུ་ཀ

རིག་སྟོང་རྡོ་རྗེའི་གཟི་འོད་དཀར་པོ་གངས་རིའི་ལྗོངས་སུ་ལན་བརྒྱར་འཁྱུགས་པ་མི་ཤིགས་ཐིག་ལེར་ཀུན་ནས་བཟླུམས་པ་ཡི།།
རྒྱལ་ཀུན་འཕྲིན་ལས་བྱེད་པོ་ཉག་གཅིག་སློབ་དཔོན་པདྨ་ཐོད་ཕྲེང་རྩལ་ཞེས་ཕྱོགས་ཀྱི་བུ་མོའི་རྣ་རྒྱན་མཛེས་པ་གང་།།
སྙིང་དབུས་འོད་ལྔའི་གུར་ཁང་ཡངས་པོར་བྱིན་རླབས་འབུམ་གྱི་དྲོད་ཁོལ་དང་བཅས་དུས་དང་དུས་སུ་བཞུགས་པའི་བརྡ་རྟགས་ལས།།

དེ་ལས་མང་བ་། “ཀུན་མཁྱེན་རོང་ཟོམ་གཉིས་པ་མཁན་ཆེན་ཆོས་ཁྱབ་ལ་བསྔགས་པ་གློག་ཞགས་དམར་པོའི་མདུད་པ།” »

སྙན་ངག

སྟོན་ཁའི་སྐྱོ་གདུང་།

Posted on 2020-09-14 By ཁ་བརྡ 1 Comment on སྟོན་ཁའི་སྐྱོ་གདུང་།

ཆང་སྐྱེས།
 
དུས་ཀྱི་འགྲོས་ནི་གཤོག་ཐོགས་རྟ་ཕོ་འདྲ།།
དབྱར་གྱི་མཛེས་སྡུག་སྐད་ཅིག་ཅིག་གིས་རྫོགས།།
མེ་ཏོག་དཀར་དམར་སད་ཀྱིས་བཅོམ་ཤུལ་ནས།།
གཡུ་སྦྲང་སེམས་པ་སྐྱ་མོ་ཐང་ལ་འབྱར།།

རླུང་བུ་ཙག་ཤེད་ཅན་པོ་རི་ནས་ཐོན།།
ལྗོན་ཤིང་ལོ་མའི་སྟེང་ལ་སེར་ཐིག་ལྷུང་།།
ཁུ་བྱུག་མོན་ལ་འཕུར་བའི་ཤུལ་ལམ་ནས།།
བྱེའུ་ཆུང་འཇོལ་མོའི་སྨྲེ་སྔགས་རི་ལ་འཁོར།།

དེ་ལས་མང་བ་། “སྟོན་ཁའི་སྐྱོ་གདུང་།” »

སྙན་ངག

ཉི་མ་ལྷ་སའི་ཕྱོགས་ཀྱི་འགྲུལ་བཞུད།

Posted on 2020-09-082020-09-08 By ཁ་བརྡ 1 Comment on ཉི་མ་ལྷ་སའི་ཕྱོགས་ཀྱི་འགྲུལ་བཞུད།

ཆང་སྐྱེས།
 
ཁ་བ་མར་མར་འབབ་པའི་ཞོགས་ཞིག།
རྨ་ཆུ་སྔོན་མོའི་འགྲམ་ནས་ལམ་ལ་ཆས།།
བློན་པོ་གསེར་ཆེན་སྒང་ནས་བསང་ཞིག་ཕུད།།
ཁྲི་ཤོར་རྒྱལ་མོའི་ངོགས་ནས་ཕྱག་གསུམ་འཚལ།།

ཨ་ཆེན་གངས་རྒྱབ་ཁུགས་ནས་ངལ་ཞིག་གསོས།།
ལྷག་རླུང་ཙག་གི་ང་རོ་ཕྱོགས་སུ་ལྡང་།།
ཅེ་སྤྱང་སོ་བ་རི་བོའི་ཕག་ནས་འཇབ།།
རི་དྭགས་མ་བུ་བདེ་མོ་ཐང་ནས་ཡལ།།

དེ་ལས་མང་བ་། “ཉི་མ་ལྷ་སའི་ཕྱོགས་ཀྱི་འགྲུལ་བཞུད།” »

སྙན་ངག

ཀ་ཁའི་གླུ་ཆུང་།

Posted on 2020-09-062020-09-08 By ཁ་བརྡ 1 Comment on ཀ་ཁའི་གླུ་ཆུང་།

ཆང་སྐྱེས།
 
ཀ་ཁའི་འགོ་རྔ་བསྒྲིགས་ཏེ་རྩོམ་ཞིག་བྲིས།།
ཁ་ཤ་འདར་བཞིན་འདར་བཞིན་གླུ་ཞིག་བླངས།།
ག་མོ་རྒྱབ་ལ་འཁུར་ནས་བྲོ་ཞིག་འཁྲབ།།
ང་འདྲ་ང་ངོ་ཟེར་བཞིན་མགུར་ཞིག་བརྩམས།།

ཅ་དག་ཤོམ་ཞིག་བྱས་ནས་གྲོང་ལ་སོང་།།
ཆ་ལུགས་ཡ་མ་ཟུང་གི་ཉམས་ཤིག་བསྟན།།
ཇ་ཆང་སྡེར་ཁའི་བར་ནས་ལག་ཅིག་བསྲིངས།།
ཉ་ཉོག་མང་པོ་བསྲེས་ནས་གཏམ་ཞིག་བཤད།།

དེ་ལས་མང་བ་། “ཀ་ཁའི་གླུ་ཆུང་།” »

སྙན་ངག

ཕྱི་མིག་ཁྲོད་ཀྱི་བོད།

Posted on 2020-09-062020-09-08 By ཁ་བརྡ 3 Comments on ཕྱི་མིག་ཁྲོད་ཀྱི་བོད།

ཨ་འདུས་པ།
 
ཆོས་རྒྱལ་མེས་དཔོན་རྣམ་པའི་བཀའ་དྲིན་གྱིས། །
འདི་ཕྱིའི་བློ་རྩ་དཀོན་མཆོག་གསུམ་ལ་གཏད། །
རྒྱ་གར་ཡུལ་ནས་དམ་པའི་ལྷ་ཆོས་བསྒྱུར། །
ཕ་མའི་ཕྱིར་ཡང་སྡིག་པའི་ལས་མི་བྱེད། །
མནའ་ལ་བརྩི་ཞིང་མཐའ་བཞིའི་དགྲ་གནོན་པའི། །
ཁ་བ་ཅན་གྱི་བཙན་པོའི་དམག་དཔུང་གིས། །
ཙི་ནའི་རྒྱལ་པོ་གཡུ་འབྲུག་ཁྲི་ལས་ཕབ། །

དེ་ལས་མང་བ་། “ཕྱི་མིག་ཁྲོད་ཀྱི་བོད།” »

སྙན་ངག

Posts pagination

Previous 1 … 13 14 15 … 220 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme