ཀླུ་སྨྱོན་ཧེ་རུ་ཀ

ཉི་མ་དྲོ་དུས་ཅི་ཞིག་བྱེད་དགོས།
མཚོ་འགྲམ་དུ་སྤྲོ་འཆམ་ལ་བསྐྱོད་དགོས།
དེ་རུ་འོད་ཀྱིས་སྒེག་པའི་རྦ་རླབས་རེ་རེའི་ལྟེབ་ཁུག་ན།
མཛེས་མ་རེ་རེའི་མྱོས་བུམ་ལྷུག་ལྷུག་ཏུ་འཁྱོམ་བཞིན་ཡོད་ལ།
དེ་རུ་མེ་ལྟར་ཚ་བའི་བྱེ་ཟེགས་ཀྱི་གདན་སྟེང་དུ།
མཛེས་མ་རེ་རེའི་འཕོང་ཚོས་དང་སྒལ་གཞུང་གིས་ཁྱོད་ལ་བསྒུགས་ཡོད།
པོ་ཏ་ལ།
ཡར་ཆབ་སྔོན་མོ།
དུས་རབས་བདུན་པར་བོད་རྗེ་སྲོང་བཙན་གྱི།།
གྲགས་པའི་བཙུན་མོ་བལ་བཟའ་ཁྲི་བཙུན་དེས།
བཟོ་བོ་མཁས་པ་དུ་མར་བཀའ་ཕབ་ནས།།
བཞེངས་པའི་ཕོ་བྲང་དམར་པོ་པོ་ཏ་ལ།།
ཆར་ཤུགས།
རྔ་བ་ཀུན་བཟང་སྒྲོལ་མ།
ཆར་ཤུགས་ཀྱི་ངང་ཚུལ་དེར
སུ་ཞིག་ཡིན་ཡང་བཟོད་དཀའ་ལ
བྱ་སྤྱོད་དེ་
སུ་ཞིག་གིས་མཐོང་ཡང་བཟོད་སྣང་དབེན་པས་
ང་སུ་ལ་འཇིགས།
འཁྱམས་པོ།
སུ་ཞིག་ཞེད་སྣང་སྐྱེ་ས་དེར།
ང་སྐྲག་དགོས་དོན་ཅི།
གདོན་འདྲེ་ལ་ང་མི་ཞེད།
ང་འཇིགས་སྣང་སྐྱེ་ས་དེ་རྐང་གཉིས་པ་རེད།
ཕ་ཡུལ། སྒོར་མོ་ད་དུང་མང་པོ་ཞིག།
རེབ་ཐོག་མདའ།
______གྲོགས་པོ་ཞིག་དང་མཉམ་དུ་སྐར་འཕྲིན་དྲ་བའི་ནང་དུ་གླེང་མོལ་བྱས་རྗེས།
གྲོགས་གི་འཛུམ་ཆུང་མ་མཐོང་ལོ་ཟླ་གསུམ།།
ཕ་སྐད་དག་མ་མ་ཐོས་དུས་ཡུན་ཟབ།།
འོན་ཀྱང་ཁ་སང་སྐར་འཕྲིན་དྲ་བ་ལས།།
གྲོགས་དང་འཆད་པའི་ལེའུ་ཞིག་འདི་ལ་འཚེར།།
ཁ་དཀྲིས་ཤིག
བདེ་ལྡན།
དུས་ཚིགས་ཀྱི་རླུང་བུ་ཤུར་ཤུར་ལྡང་དུས།
ཨ་ཆེན་གངས་འདབས་ན་རྡོག་ཁྲེས་ཁུར་བའི་མི་རྐྱང་ཞིག
རི་གྲོང་དེར་རྐང་རྗེས་ཐར་ཐོར་རེ་བཞག་པ་ནས་བཟུང་།
གནའ་བོའི་གཏམ་རྒྱུད་དུ་གྱུར་ཟིན།
དགོན་པ་ནས་བུ་མོའི་བར་གྱི་གོ་རིམ།
མལ་སའི་ནང་གི་སེམས་པ།
བསོད་ནམས་ནོར་བུ།
གུང་སེང་ཡིན་སྙམ་ལྷོད་ལ་ཕབ་ནས།།
གོག་པོའི་ལུས་འདི་མལ་དུ་འཕངས་ཏེ།།
ཚ་པོའི་ཇ་ཞིག་ཁ་ལ་བཏུང་ཡང་།།
སེམས་པའི་གཏིང་ལ་དྲོད་ཅིག་མི་འདུག།
རླུང་།
འཁྱམས་པོ།
རྡུལ་འཚུབ་དང་ན་བུན་ཁྲོད་ན།
ཁྱོད་ནི་ནག་ཉེས་གནམ་སར་མི་ཤོང་པའི་ཉེས་ཅན་ཞིག
ངས་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་བཏོན་དེ་ཁྱོད་གོ་ལ་འདིའི་སྒང་ནས་གཙང་བཟོ་བྱས་ན་འདོད།
འོན་ཀྱང་དེ་ག་ལ་ཆོག
ཁྱོད་ནི་འབྱུང་བ་བཞིའི་ཡ་ཀྱལ་གཅིག་སྟེ་ངའི་ཕུང་ཁམས་ཀྱི་གྲུབ་ཆ་ཞིག
ཚོལ་ཡ།
འབའ་སྲས།
ཕ་མ་ལྷ་ལས་མཆེད་པའི་འགོ་ཁུངས་དེ་མ་ཚོལ།།
འཇིག་རྟེན་བཀོད་པས་བཟོས་པའི་རྟོག་སྒྲུང་དེ་མ་ཚོལ།།
སྤྲེའུ་བྱང་ཆུབ་སེམས་དཔའི་བརྩེ་དུང་གི་རུམ་ཁ།།
བྲག་སྲིན་མཛའ་མོར་སྦྱར་སའི་བྲག་ཕུག་དེ་ཚོལ་ཡ།།
སྙན་ངག་གི་ཆེད་དུ་ཆང་འདི་འཐུངས།
ཚོར་ཡན་ཞིག
རས་པ།
ས་རུབ་ཐེངས་རེར
འོད་ཀྱི་ཕུང་པོས་སྤྲས་པའི་ས་གཞི
ངའི་མིག་ལམ་དུ་གསལ་ཞིང
ས་རུབ་ཐེངས་རེར
སྡུག་ཉེས་ཡོད་ཚད་ལ་ངས་འཁྲབ་གཞུང་རེ་འབྲི་ཐུབ
ཁེར་རྐྱང་གི་འགྲུལ་བཞུད་པ།
རེབ་ཐོག་མདའ།
ཕ་མ་ཉེ་དུ་རྒྱབ་ལ་དོར་དེ་རྒྱང་རིང་ལམ་ཆེན་གོམ་པས་བཅད།།
ས་ཡ་དྲུག་གི་ལས་དབང་ཟད་པོ་ཤ་དང་རུས་པའི་གསེང་ལ་སྦས།།
ཟླ་བ་ཉི་མའི་གཏམ་རྒྱུད་རུམ་བཞིན་ཞེན་པ་དཀར་བོ་བོད་ལ་བསྲིངས།།
ཁེར་རྐྱང་གོམ་ཁ་རྡོ་ལ་ཐོགས་ཀྱང་རང་ཚུགས་བརྟན་པོ་མ་བོར་བར།།
ལོ་ཟླ་རིང་མོའི་འགྲུལ་བཞུད་ཀློང་གི་ཁེར་རྐྱང་བུ་ཁྱོད་སྙིང་ནས་དྲན།།
མི་མངོན་པའི་ནད་གཞི་ཞིག
རྒྱང་མིག
ངེད་གཉིས་ཁ་ཁར་གྱེས་པའི་སྟབས་ཀྱིས
སུ་ཞིག་གི་ཡིད་ངོར་མ་དྲན་པའི
མི་མངོན་པའི་ནད་གཞི་ཞིག
སྐར་མདའ་ཇི་བཞིན
གློག་དམར་ཇི་བཞིན
ཕ་ཡུལ་རེབ་གོང་།
རེབ་ཐོག་མདའ།
རྨ་ཀླུང་རིང་མོའི་ལྷོ་རྒྱུད་དེ་ན་བདག་གི་བྱིས་དུས་རྨི་ལམ་འཁྲུངས་ཡོད།།
བྱ་ཁྱུང་རི་བོའི་འདབས་རོལ་དེ་ལ་བདག་གི་ལས་ཀྱི་ས་བོན་བཏབ་ཡོད།།
དགུ་ཀླུང་རིང་མོའི་འགྲམ་རྒྱུད་དེ་ལ་བརྗེད་མེད་སེམས་ཀྱི་དྲན་ཤིང་བརྐོས་ཡོད།།
ས་མཐའི་བུ་ཡི་སེམས་པ་དམར་པོ་ཕ་ཡུལ་རེབ་གོང་གྲོང་ལ་འཁྲེང་ཡོད།
བཅོས་མིན་ཡིད་ཀྱི་འཆར་སྒོ་གླུ་རུ་བླངས་པ་རབ་བསྔགས་སྙིམ་པའི་མེ་ཏོག
~སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་
རྫ་ཚེ་རིང་བཀྲ་ཤིས།
བཅོམ་ལྡན་འདས་གར་གྱི་དབང་ཕྱུག་
སྟོང་ཆེན་བདེ་ཀློང་འཁྱིལ་བ་དབྱི
དབྱངས་ཅན་སྒྱུ་མའི་གར་བསྒྱུར་ཡེ
བདག་མགྲིན་གསེར་གྱི་པདྨོར་ལྷོད་
དེ་ལས་མང་བ་། “བཅོས་མིན་ཡིད་ཀྱི་འཆར་སྒོ་གླུ་རུ་བླངས་པ་རབ་བསྔགས་སྙིམ་པའི་མེ་ཏོག” »
དྲན་གདུང་འོག་གི་སེམས་པ།
བསོད་ནམས་ནོར་བུ།
མི་ཡུལ་གྱི་གྲུ་ཁ་ཞིག་ནས།།
ཆུང་འདྲིས་ཀྱི་གྲོགས་པོ་ཚོ་དང་།།
དྲན་གདུང་གི་རྨ་ཁ་ལྕི་ཡང་།།
འཛུམ་ཆུང་འདི་ཤུགས་ཀྱིས་ངོམ་ཡོད།།
ཆེས་མཐའ་མཇུག་གི་རེ་ས་དེ་ཡང་འདི་ལྟར་ཡལ་སོང་།
བཀྲ་ཤིས་དོན་འགྲུབ།
འདུ་འཛིས་བསྡམས་པའི་རྣམ་གླིང་ཆོས་སྒར་ནས།།
རྒོད་པོ་ཞིག་ནི་གནམ་འཕང་བཅད་ནས་སོང་།།
དེ་ལ་མིག་ཆུའི་འབོད་པ་མང་མོད་ཀྱི།།
མི་མངོན་ནམ་མཁའི་དབྱིངས་སུ་ཡལ་ཏེ་སོང་།།
དེ་ལས་མང་བ་། “ཆེས་མཐའ་མཇུག་གི་རེ་ས་དེ་ཡང་འདི་ལྟར་ཡལ་སོང་།” »
སྙན་ཚོམ་ཁག་གཉིས།
ཁྲོ་གཏུམ།
བྱ་རྨྱང་བྱེད་ཞོར།
མཛུབ་མོ་ལ་བཏེག་པའི་དཀར་ཟླུམ་སྣེ་སེར་འདི
ངའི་བྲང་གཞུང་ལ་བབ་པའི་སྨུག་པ་
བྱ་རྨྱང་བྱེད་ཞོར་དེ་རིང་གི་སྨུག་པ
སང་ཉིན་གྱི་ངལ་དུབ་ལྷག་མ་རུ་འགྱུར་བར་མ་འབད་ཀྱང
རང་བྱུང་གི་མཛེས་སྡུག་ཏུ་འཐིམས་སོང་།
ཁ་བའི་འབྲོག་མོ།
རི་སྣེ་ཞིག་ལ་ཡུལ་ཚོ་ཆུང་ཆུང་ཞི

