Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་ཉིད་ཀྱི་སྙན་ངག

Posted on 2008-08-012008-08-01 By ཡེ་ཤེས་ 3 Comments on ཆོས་ཉིད་ཀྱི་སྙན་ངག

དཀོན་མཆོག་གསུམ། དགེ་འདུན་དཀོན་མཆོག་ནི་སྐྱེ་སྟོབས་ཀྱི་དཔལ་ཡོན་འབར་བའི་མེ་ཏོག་གི་ས་བོན་ཞིག་རེད། ཆོས་དཀོན་མཆོག་ནི་ས་བོན་དེ་ལས་འབུས་པའི་བཀྲག་མདངས་འཚེར་བའི་ལྗང་མྱུག་ཅིག་རེད། སངས་རྒྱས་དཀོན་མཆོག་ནི་ལྗང་མྱུག་དེའི་རྩེ་རུ་བཞད་པའི་ཡིད་དུ་འོང་བའི་མེ་ཏོག་གི་གང་བུ་ཞིག་རེད། བདེན་པ་བཞི།  འགོག་བདེན་ནི་འཇིག་རྟེན་འདིར་འགྲན་ཟླ་དང་བྲལ་བའི་མེ་ཏོག་གི་སྐྱེད་ཚལ་ཞིག་རེད། ལམ་བདེན་ནི་སྐྱེད་ཚལ་དེར་བགྲོད་སའི་ཀྱག་ཀྱོག་གི་ལམ་ཕྲན་ཞིག་རེད། ཀུན ་འབྱུང་བདེན་པ་ནི་ལམ་ཕྲན་དེའི་སྟེང་དུ་ཡོད་པའི་མི་གཙང་བའི་ལྗན་ལྗིན་རེད། སྡུག་བསྔལ་བདེན་པ་ནི་ལྗན་ལྗིན་དེ་དག་ལས་འཐུལ་བའི་དྲི་ངན་རེད།

སྙན་ངག

པེ་ཅིང་རྩེད་མོར་ཕེབས་མཁན་གྱི་སྐུ་མགྲོན་ཚོར་ཞུ་བ།

Posted on 2008-08-01 By དགེ་རབ་ 1 Comment on པེ་ཅིང་རྩེད་མོར་ཕེབས་མཁན་གྱི་སྐུ་མགྲོན་ཚོར་ཞུ་བ།

སྤོབས་པ་མཐའ་ཡས།
པེ་ཅིང་ཨོ་ལེམ་པིག་གི་རྩེད་འགྲན་གྲ་སྒྲིག་ནི་རྩེད་འགྲན་ཆེན་པོ་ཞིག་གྲ་སྒྲིག་བྱེད་བཞིན་པ་མི་འདྲ་བར་དམག་འཁྲུག་ཆེན་པོ་ཞིག་གྲ་སྒྲིག་བྱེད་བཞིན་པ་དང་མཚུངས། དེ་ལོས་ཡིན། པེ་ཅིང་ཨོ་ལེམ་པིག་ནི་དམག་འཁྲུགས་ལྟ་བུའི་རྙོགས་ཟིང་ཤ་སྟག་བརྒྱུད་ནས་འོངས་པ་ཞིག་ཡིན། པེ་ཅིང་གི་དམག་འཁྲུགས་གྲ་སྒྲིག་བྱེད་བཞིན་པ་དེ་ཡང་ཨོ་ལེམ་པིག་གི་རྩེད་འགྲན་གྱི་ཆ་ཤས་ཤིག་ཡིན་གྱི་རེད། ཁོང་ཚོའི་དྲག་ཤུགས་དེ་ལི་ཡུལ་ལམ་ཤར་ཏི་ཀི་སི་ཐན་པ་ལ་ངོམ་དགོས་ལ། ཨ་རིར་གནས་དབྱུངས་བཏང་ཟིན་པའི་ལི་ཡུལ་གྱི་ཨ་མ་རྒན་མོ་ལྕམ་ར་བྷི་ཡ་ཁ་རྡེར་ལ་ངོམ་དགོས། བོད་པ་ལ་ངོམ་དགོས། རྡ་རམ་ས་ལའི་ནགས་ཁྲོད་ན་བཞུགས་པའི་དགེ་སློང་བསྟན་འཛིན་རྒྱ་མཚོ་ལ་ངོམ་དགོས། ནང་སོག་པ་ལ་ངོམ་དགོས། ད་དུང་གནམ་བདེ་སྒོ་མོའི་ཐང་གི་མཐོ་སློབ་པའི་རྣམ་ཤེས་གཅེར་བུ་ཚོར་ངོམ་དགོས། མིའི་རིགས་ཀྱི་རང་དབང་དོན་གཉེར་མཁན་གྱི་ཚོགས་སྡེ་ཚོར་ངོམ་དགོས། ལྷག་པར་ཡང་པེ་ཅིང་ཨོ་ལེམ་པིག་ལ་རྒྱབ་སྐྱོར་དང་མཉམ་ཞུགས་བྱེད་མཁན་ཚང་མ་ལ་ངོམ་པ་རེད།

དེ་ལས་མང་བ་། “པེ་ཅིང་རྩེད་མོར་ཕེབས་མཁན་གྱི་སྐུ་མགྲོན་ཚོར་ཞུ་བ།” »

རྩོམ་རིག

མུན་ནག་དང་འཆི་ལམ།

Posted on 2008-08-012008-08-01 By ཡེ་ཤེས་ 15 Comments on མུན་ནག་དང་འཆི་ལམ།

གངས་རི་དཀར་པོའི་དབུ་རྩེ་མཐོ་ཡང་བྲན་གཡོག་མགོ་བོ་ས་ལ་དུད། ། ཉི་ཟླ་གཉིས་དང་ཁ་ཐག་ཉེ་ཡང་འཇིགས་རུང་མུན་པའི་མཁའ་དབུགས་གཏིབས། ། དམ་ཆོས་རིན་ཆེན་གླེགས་བམ་མང་ཡང་ཤེས་རབ་སྒྲོན་མེར་དགྲ་རུ་འཛིན། ། སྨྱུ་གུ་ཐོགས་པའི་ཤེས་ལྡན་དག་ཀྱང་མིག་བཙུམས་གཡང་ལ་ཅིའི་ཕྱིར་མཆོང་། ། ལུང་ཤར་དཔའ་བོའི་ཕུགས་བསམ་མ་འགྲུབ་སྤྱན་མིག་གཉིས་པོ་ས་ལ་འཕངས། ། དགེ་ཆོས་རྒྱལ་རབས་རྩོམ་འཕྲོར་ལུས་ཏེ་ལོ་གསུམ་མུན་ནག་བཙོན་དུ་བཅུགས། ། ཕུན་དབང་སྒྱུར་བཅོས་སྙན་ཞུའི་ལན་དུ་ཁ་བ་ཅན་ནས་ས་མཐར་སྤྱུགས།། ། ཀླུ་སྨྱོན་རྩོམ་དེབ་མ་དཔར་སྔོན་དུ་འཆི་ལམ་རྫོང་བའི་དཔུང་ཁག་འདུར།…

དེ་ལས་མང་བ་། “མུན་ནག་དང་འཆི་ལམ།” »

གསར་འགྱུར།, སྙན་ངག

ཤ་ཞེན་གྱིས་འཚོ་བའི་བོད་ཀྱི་སྒྱུ་རྩལ་པ།

Posted on 2008-07-312008-07-31 By དགེ་རབ་ 9 Comments on ཤ་ཞེན་གྱིས་འཚོ་བའི་བོད་ཀྱི་སྒྱུ་རྩལ་པ།

གཡང་སྐྱབས་རྒྱལ་གྱིས།
ཁ་བརྡ་དྲ་དེབ་འདི་སླེབས་པ་ནས་བཟུང་ང་ལ་ཚོར་སྣང་གསར་པ་ཞིག་བྱུང་། སྤོབས་པ་དང་མགོན་པོ་ཕྱག་གཉིས་པ་ལྟ་བུ་མཁྱེན་རྒྱ་ཅན་འདི་ཚོ་སེམས་ལ་འཁོར་བྱུང་། མཚམས་རེར་ཁོང་ཚོས་བྲིས་པ་རྣམས་མཐོང་སྐབས་ང་རང་དེབ་ཀྱི་རྗེས་སུ་རྒྱུགས་ནས་ཀློག་དགོས་པ་དང་ཀློག་འདོད་པ་དེ་འདྲ་བཟོས་བྱུང་། ངེད་ཀྱི་ཚོར་བ་དེ་ཤེས་ཡོན་དང་ལས་ཀ་ཞེས་པ་དེའི་སྐོར་ཡིན།

(ང་ཚོས་གཤམ་གསལ་གྱི་སྐད་ཆ་འདི་འདྲ་བཤད་སྐབས་གཟབ་གཟབ་བྱེད་དགོས་ཀྱི་འདུག གཞན་དུ་ན་ང་ཚོ་ལ་ཕྱི་རྒྱལ་གྱི་ལད་ཟློས་བྱེད་ཀྱི་འདུག་ཅེས་སྨད་པ་བཏང་ཡོང་གི་འདུག ཕྱི་རྒྱལ་གྱི་ལད་ཟློས་བྱེད་པ་དང་ཕྱི་རྒྱལ་གྱི་མི་ལ་འགྲན་བསྡུར་བྱེད་པ་གཉིས་ལའང་ཁྱད་པར་ཞིག་འདུག ཕྱི་རྒྱལ་མི་ལ་འགྲན་བསྡུར་བྱེད་པ་དེའང་ཕྲག་དོག་གི་དབང་གིས་མ་ཡིན་པར་དངོས་དོན་གྱི་ཐོག་ནས་ལྟ་རྒྱུ་ཡོད་པ་ཞིག་རེད་བསམས། )
བོད་ཀྱི་ཉེ་རབས་ཀྱི་ལོ་རྒྱུས་ཐད་ནས་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ཀྱི་རྗེས་སུ་ཚེ་རིང་ཤཀྱཱ་ལགས་ཀྱི་བོད་ཀྱི་རྒྱལ་རབས་ཏེ་གངས་ཅན་ཡུལ་ན་འབྲུག་ཅེས་པ་དེ་བོད་མིས་བརྩམས་པ་གྲགས་ཅན་དེ་རེད། ཡིན་ན་ཡང་འདི་དབྱིན་སྐད་དུ་ཡོད། ངེད་ཀྱི་དྲན་ཚོད་དང་བསྡུར་ན། འབའ་བ་ཕུན་དབང་གི་རྣམ་ཐར་དེ་དབྱིན་ཇི་བས་བྲིས་སོང་། ཆུ་སྒང་གི་ལོ་རྒྱུས་སངས་རྒྱས་ཀྱི་དཔའ་རྟུལ་ཟེར་བ་དབྱིན་ཇི་བས་བྲིས་སོང་། བོད་ནང་ཨ་རིའི་གསང་དམག་ཟེར་བ་ཞིག་དབྱིན་ཇི་བས་བྲིས་སོང་། ༧རྒྱལ་བའི་དགོངས་བཞེད་དུ་ཡོད་པའི་བོད་ཀྱི་ལོ་རྒྱུས་ཞེས་པ་ཞིག་དབྱིན་ཇི་བས་བྲིས་སོང་། བོད་ བོད་ཟེར་བ་དེ་ཡང་དབྱིན་ཇི་བས་བྲིས་སོང་། འདི་ཚོ་ཚང་མ་ཉེ་བའི་ལོ་བཅུ་ཕྲག་གི་ནང་ཚུད་ཀྱི་གནས་ཚུལ་རེད། བོད་མི་ཚོ་ལ་བོད་ཀྱི་ལོ་རྒྱུས་དང་མི་ལ་རྒྱུས་མེད་པ་རེད་དམ། སྐུ་ཞབས་པད་མ་འབུམ་གྱིས་བྲིས་པའི་སྐར་མ་སྨིན་དྲུག་སྐེ་འཁྱོག་དང་དྲན་ཐོ་རྡོ་རིང་མ་ལྟ་བུ་དང་། དེ་བཞིན་ནུས་བློས་བརྩམས་པའི་ནགས་ཚང་ཞི་ལིའི་སྐྱིད་སྡུག་ལྟ་བུ་ལ་གཟིགས་དང་། བོད་མི་ཚོས་བྲིས་པ་རྣམས་ཀྱང་གཞན་ལ་འགྲན་བསྡུར་བྱེད་ཐུབ་པ་ཞིག་ཡོད་པ་རེད། ད་ནི་ཅི་ཞིག་གིས་ལན་པ་རེད་ཅེ་ན། སྒོར་མོ་ལ་ཐུག་པ་རེད་བསམས་ཀྱི་འདུག

དེ་ལས་མང་བ་། “ཤ་ཞེན་གྱིས་འཚོ་བའི་བོད་ཀྱི་སྒྱུ་རྩལ་པ།” »

རྩོམ་རིག

བོད་ཕུང་བའི་རྩ་བ།

Posted on 2008-07-312008-07-31 By tenzin 1 Comment on བོད་ཕུང་བའི་རྩ་བ།

ན་གཞོན་བསམ་གྲུབ་ཀྱིས་ཕུལ་ལོ། ༼རྩོམ་འདི་དབྱིན་ཡིག་ནས་བོད་ཡིག་ལ་སྒྱུར་བ་ཞིག་དང་། བྲིས་མཁན་ཨ་རིའི་སློབ་འབྲིང་གི་བོད་པའི་སློབ་མ་ཞིག་གོ།༽ བོད་ཀྱི་སྤྱི་ཚོགས་ད་ཆའི་ཡ་ང་བའི་གནས་སྟངས་འདིར་ལྷུང་དགོས་པ་འདི་ཐུག་ས་སྣེ་གཅིག་ཁོ་ན་སྟེ། སྤྲུལ་སྐུའི་ལམ་ལུགས་བྱུང་བ་དེ་ནས་མགོ་བཙུགས་སོ། དེའི་རྒྱུ་མཚན་ནི་བགྲང་ལས་བརྗོད་པར་དཀའ་ཡང་གཤམ་གསལ་གྱི་རྣམ་གྲངས་རྣམས་ནི་གཙོ་བོ་འབའ་ཞིག་སྣང་། འདྲ་མཉམ་བྲལ་བའི་གཤེད་མའི་འཕྲུལ་འཁོར། སྤྲུལ་སྐུའི་སྤྱི་ཚོགས་དེས་མི་ཚང་མ་འདྲ་མཉམ་ཡིན་ཟེར་བའི་ལྟ་བ་དེར་ཐད་ཀར་ཁ་གཏད་བཅོག་གི་ཡོད། ”ང་སྐྱེ་བ་སྔ་མ་མི་མཁས་པ་དང་ཆེན་པོ་ག་གེ་མོ་ཞིག་གི་ཡང་སྲིད་ཡིན་”ཟེར་ནས་མི་འདྲ་འདྲའི་དཀྱིལ་ནས་ཁོ་རང་ཆེ་ས་ཆེ་ཤོས་ཀྱི་གོ་གནས་བཟུང་བར་དོད་སྟབས། འགྲོ་བ་མིའི་རིགས་ཡར་རྒྱས་ཡོང་སའི་བླ་ཤིང་སྟེ། རང་དབང་། འདྲ་མཉམ། སློབ་གསོ། ཤེས་ཡོན། ཉམས་མྱོང་། བློ་གྲོས། འགྲན་བསྡུར་བཅས་རྩི་མེད་དུ་གཏོང་གི་ཡོད། འགྲན་བརྩོད་མེད་པ་དང་། ཤེས་ཡོན་དང་ཉམས་མྱོང་ལ་དོ་སྣང་མེད་པའི་སྤྱི་ཚོགས་དེས་དངོས་ཡོད་དང་འགལ་བའི་རིགས་པ་སྟེ། ལྷ་དང་བླ་མའི་ལུང་ཟེར་བ་ཞིག་ལ་བཅོལ་ནས་མིའི་རིགས་ཀྱི་མདུན་ལམ་ལ་ཐག་གཅོད་བྱས་སྟབས། དེའི་འབྲས་བུའང་། མི་སྡེ་ཡར་རྒྱས་དང་། ཀུན་སྤྱོད་དང་ཤེས་ཡོན་མདུན་སྐྱོད་བྱེད་པའི་གལ་ཆེའི་རྐང་པ་སྟེ་མིའི་རྫོགས་མཐའ་མེད་པའི་རྩལ་སྟོབས་དེ་རྩ་མེད་བཏང་ཡོད། དུས་དེང་སང་ཡང་བོད་མིའི་སྤྱི་ཚོགས་དེ་ལྷ་དང་བླ་མའི་ལུང་ལས་སྒྲོལ་མེད། དཔེར་ན་དཀའ་ཤག་གི་མཐའ་མའི་ཐག་གཅོད་དེ་གནས་ཆུང་གསོལ་ནས་བྱེད་ཀྱི་ཡོད་པ་དེ་བདེན་པ་རེད། དེ་ལྟར་གྱི་ལམ་ལུགས་དེས་བོད་ལ་མཚོན་ན། ལོ་རྒྱ་ཕྲག་རིང་། བོད་ཀྱི་སྤྱི་ཚོགས་འདི་རྨོངས་དད་དང་། གཏི་མུག བློ་གྲོས་མེད་པའི་དུད་འགྲོའི་འཕྲུལ་འཁོར་ཞིག་ཏུ་བསྐྲུན་པར་བྱེད། དེས་བློ་གྲོས་དང་ཉམས་མྱོང་ལ་དོ་སྣང་མེད་པའི་སྤྱི་ཚོགས་གླེན་པ་ཉག་གཅིག་ཞིག་གི་འཁོར་ལོ་དྲུད་དོ།  འཛམ་གླིང་འདིའི་སྟེང་ད་ཆ་ཆེས་ཐབས་སྡུག་དང་ཡ་ང་བའི་མི་རིགས་འདི་བོད་པ་ཚོ་ཆགས་ཡོད། ནང་ལ་ཡོད་པའི་བོད་པ་ཚོ་རྒྱ་མིའི་འོག་ལ་མི་སེར་གཉིས་པའི་འཚོ་བ་ཞིག་སྐྱལ་བཞིན་ཡོད་པ་དང་་། ཕྱི་ལ་ཡོད་པའི་ཏ་ལའི་བླ་མ་མཆོག་གི་གཙོས་པའི་བོད་པ་རྣམས་སྐྱབས་བཅོལ་བའི་མི་རིགས་ཞིག་ཏུ་བསྒྱུར། དེ་ནི་སྤྲུལ་སྐུའི་ལམ་ལུགས་ཀྱི་བྱས་རྗེས་དང་པོ་སྟེ། རང་མེད་མི་མེད་བཟོ་བ་གཤེད་མའི་འཕྲུལ་འཁོར་གྱི་ལེའོུ། རྣམ་དཔྱོད་བྲལ་བའི་ལོང་བའི་ཁ་ལོ་བ། སྤྲུལ་སྐུའི་སྤྱི་ཚོགས་ཀྱི་དུག་སྐྱོན་གཉིས་པ་དེ་རྣམ་དཔྱོད་ལ་ཁ་གཏད་ཅོག་པ་འདི་རེད། སྤྱི་ཚོགས་ཡར་རྒྱས་འགྲོ་བའི་རྒྱུའམ་ཨ་མ་དེ་རྣམ་དཔྱོད་རེད། རྣམ་དཔྱོད་ལ་བརྟེན་ནས་འཇིག་བརྟེན་འདིར་འདས་ཟིན་པ་དང་ད་ལྟ་འཚོ་བཞིན་པའི་འགྲོ་བ་དུང་ཕྱུར་མང་པོས་གནས་སྐབས་དང་ཕུགས་ཀྱི་དཀའ་ངལ་གདོང་ལེན་བྱེད་བཞིན་ཡོད་ལ་ཁོང་ཚོར་ཡང་གཡུར་དུ་ཟར་བ་འབྲས་བུ་མང་པོ་ཐོབ་ཡོད། དེ་ལས་ལྡོག་སྟེ། བོད་ལ་སྤྲུལ་སྐུའི་ལམ་ལུགས་ཞིག་བཙུགས་ཏེ། དེས་རྣམ་དཔྱོད་བེད་སྤྱོད་བྱེད་པའི་གཞི་རྩའི་ས་གཞི་སྟེ་རང་དབང་། འདྲ་མཉམ། ཚོད་དཔག ཉམས་མྱོང་། ཚོད་ལྟ། རིགས་པའི་འགྲན་བརྩོད་རྣམས་རྩ་མེད་དུ་བཏང་ནས། སྤྲུལ་སྐུ་བྱིས་པ་བསམ་མེད་ཞིག་གནམ་ལ་སྟེགས་ནས། ཕྲུ་གུ་དེས་གནམ་དང་ལྷ་ཡི་སྟོབས་ལ་བརྟེན་ནས་འགྲོ་བ་མིའི་རིགས་ཀྱི་སྡུག་བསྔལ་དེ་དག་སྐྱོབ་པར་རེ། སྤྲུལ་སྐུ་དེ་ཡང་དམིགས་བསལ་གྱི་ཤེས་ཡོན་དང་ཉམས་མྱོང་མེད་སྟབས། མགོ་འོ་མ་ཐུང་སྟངས་ནས་མཐར་རྐུབ་ཕྱིས་སྟངས་བར་མི་གཞན་ཞིག་གིས་བསླབ་དགོས་པ་ལས་རང་སྟོབས་ཀྱིས་ཤེས་པའི་ནུས་པ་མེད་པ་དེ་གསལ་པོ་རེད། དེ་འཚོར་བཞིན་དུ། བསམ་མེད་ཀྱི་སྤྲུལ་སྐུའི་འགྲམ་གྱི་མི་དེ་ཚོས་ཐབས་སྣ་ཚོགས་ལ་བརྟེན་ནས་མང་ཚོགས་རྣམས་བསླུ་བྲིད་བྱས་ནས་རྣམ་དཔྱོད་དང་རིགས་པ་དང་ལྡན་པའི་སྐྱེ་བོ་རྣམས་མཐར་ཕུད། ལོང་བས་ཞར་བ་འདྲེན་པའི་སྤྱི་ཚོགས་ཞིག་སྐྲུན་ནས། ལུང་བསྟན་དང་། རྨི་ལམ། རྟགས། རྟེན་འབྲེལ། ལྷ་འབེབ། མོ། དེ་བཞིན་ཆོས་སྐྱོང་སྲུང་མའི་ལུང་ལ་བརྟེན་ནས་མིའི་རིགས་ཀྱི་དཀའ་ངལ་དང་མདུན་ལམ་རྣམས་དངོས་ཡོད་དང་ཡོངས་སུ་ལྡོག་པའི་ཐབས་ལམ་ལ་བརྟེན་ནས་ཐག་གཅོད་བྱེད། དེ་ལྟར་བྱེད་པའི་རྒྱུ་མཚན་ཡང་། སྤྲུལ་སྐུ་དེ་དང་། ཁོང་གི་ཉེ་འགྲམ་གྱི་མི་དེ་ཚོའི་འདོད་པ་དང་། ཁེ་ཕན་ཁོ་ན་སྒྲུབ་ཆེད་ལས། དམངས་ལ་ཕན་པའི་བསམ་པ་ཞིག་ད་བར་བྱུང་མེད། དེའི་འབྲས་བུར། བོད་ཀྱི་སྤྱི་ཚོགས་དེ་ལོང་བ། རྨོངས་དད་ཀྱི་ཆེས་ནག་ཁུང་དང་ཡ་ང་བའི་སྤྱི་ཚོགས་ཞིག་ལ་འགྱུར་སྟབས། རྒྱ་གུང་ཁྲན་རྣམས་སྟབས་བདེ་པོས་ཡུལ་དེར་བཙན་འཛུལ་བྱེད་པར་རོགས་བྱས་ཡོད། འདི་སྤྲུལ་སྐུའི་ལམ་ལུགས་ཀྱི་བྱས་རྗེས་གཉིས་པ་སྟེ། ལོང་བའི་ཁ་ལོ་བའི་ལེའོུ། ངས་ལེའུ་གསུམ་པ་འདི་ཀློག་མཁན་རྣམས་ཀྱིས་འགོད་རོགས་ཅེས་ཞུ་བ་འཐེན་ལོ།  

རྩོམ་རིག

ངེད་ཀྱིས་སེམས་ཁྲལ་བྱེད་སའི་འཛམ་གླིང་ཡང་ཐོག་གི་བོད་ཀྱི་རང་བྱུང་གཏེར་མཛོད།

Posted on 2008-07-31 By དབང་ཕྱུག་ No Comments on ངེད་ཀྱིས་སེམས་ཁྲལ་བྱེད་སའི་འཛམ་གླིང་ཡང་ཐོག་གི་བོད་ཀྱི་རང་བྱུང་གཏེར་མཛོད།

སྐར་ཆེན།
ཕྱི་ལོ་༢༠༠༥ལོའི་ཟླ༦པའི་ཚེས་༡༧ཉིན་རྒྱ་གར་རྡ་ལམ་ས་ལར་བྲིས།
ངེད་རང་བོད་དུ་སྐྱེས་ཤིང་བོད་དུ་འཚར་ལོངས་བྱུང༌། ཁོམ་པ་ནམ་ཡོད་ལ་རང་གི་ཕ་ཡུལ་གྱི་ཕྱོགས་སུ་བསམ་བློ་བཏང༌། ཕ་ཡུལ་གྱི་མཛེས་སྡུག་ལྡན་པའི་རི་ལུང་དང་ནགས་ཚལ། ད་དུང་མེ་ཏོག་སྣ་བརྒྱ་བཞད་པའི་རྩ་ཐང༌། འབྲུ་དྲུག་སྙེ་མ་ལྡེམས་པའི་ཞིང་ཁ། ད་དུང་ཕ་ཡུལ་གྱི་མཛེས་སྡུག་ཡོད་ཚད། ངས་འདི་ལྟར་ཕ་ཡུལ་གྱི་ཕྱོགས་སུ་བསམ་བློ་གཏོང་གིན་གཏོང་གིན། ཕ་ཡུལ་གྱི་རང་བྱུང་གཏེར་མཛོད་དང་དེའི་འཇིག་ཉེན་གྱི་ཕྱོགས་ལ་བསམ་བློ་བཏང༌། དེ་ཡང་རང་གིས་བཀླགས་ཟིན་པའི་ཞིབ་འཇུག་གི་དཔེ་དེབ་ཁ་ཤས་ཤིག་གཞི་ལ་བཞག་ནས་ཕ་ཡུལ་གྱི་རང་བྱུང་གཏེར་མཛོད་སྐོར་ལ་རྩོམ་ཞིག་འབྲི་རྒྱུའི་འགོ་བརྩམས།
རྩོམ་འདི་ཡང་དུས་ཚོད་ཐུང་ངུ་ཞིག་གི་ནང་ལ་བྲིས། རྩོམ་འདི་ནི་ནམ་རྒྱུན་འབྲི་ཡན་དུ་སོང་བའི་རྩོམ་ཞིག་མིན། རྩོམ་འདི་དགོས་དབང་ཆུང་ངུ་ཞིག་གི་རྐྱེན་བྱས་ཏེ་བྲིས་བ་ཡིན།་རྩོམ་འདི་མ་བྲིས་བའི་སྔོན་ལ་ངེད་ཀྱི་སེམས་སུ་དྲན་ཚོར་འདི་འདྲ་ཞིག་འཁོར། བོད་ཀྱི་རྩོམ་འབྲི་བ་རྣམས་ལ་མཚོན་ན་ཡང༌། བརྗོད་བྱ་སྣ་མང་གི་ཕྱོགས་ལ་དཔྱད་བརྗོད་དང་ཞིབ་འཇུག་བྱེད་དགོས་བ་གལ་ཆེར་མཐོང༌།

དེ་ལས་མང་བ་། “ངེད་ཀྱིས་སེམས་ཁྲལ་བྱེད་སའི་འཛམ་གླིང་ཡང་ཐོག་གི་བོད་ཀྱི་རང་བྱུང་གཏེར་མཛོད།” »

རྩོམ་རིག

བོད་ཀྱི་བུད་མེད་མགོ་རིལ་ཞིག

Posted on 2008-07-31 By དབང་ཕྱུག་ 14 Comments on བོད་ཀྱི་བུད་མེད་མགོ་རིལ་ཞིག

བསྟན་འཛིན་ཟླ་འོད་ཚེ་དབང༌།
སྐར་ཆེན་གྱིས་བསྒྱུར།

ང་རང་ལྕགས་ཀྱི་རྐུབ་སྟེགས་དེར་བསྙེས་བཞིན། མི་ཚོགས་ཀྱི་ངོ་གདོང་བལྟ་དུས། ངའི་སེམས་སུ་སྐྱོ་སྣང་གི་རླབས་ཕྲེང་ཞིག་འཕྱུར་ནས་འོངས། བོད་ནང་དུ་ཞི་བའི་གྱེན་ལངས་བྱེད་མཁན་གཞིས་ལུས་བོད་མི་རྣམས་ལ་མྱ་ངན་གྱི་ཆེད་དུ་དྭང་བླངས་སྒོས་སོ་སོའི་དབུ་སྐྲ་བཞར་མཁན་རྣམས་རེ་རེ་བཞིན་སྐད་བཏང་སོང༌། ངའི་ཡབ་ཆེན་དང་ངེད་གཉིས་ཀྱི་མིང་ནས་ཀྱང་བོས་སོང༌། ང་ཡར་ལངས་སྟེ་མདུན་ལ་སོང༌། ངས་་གཡོན་ཕྱོགས་སུ་བལྟ་སྟངས་ཤིག་གིས་རང་གི་ཡབ་ཆེན་གྱི་གཟུགས་བརྙན་མཐོང་བྱུང༌། སྐད་ཅིག་མ་དེར་ངས་ཁོང་གིས་སྤྱི་ཚོགས་ལ་བཅིངས་བའི་ལྷག་བསམ་དང་སྙིང་སྟོབས་སོགས་དྲན་སོང༌། ལག་ཏུ་ཚོན་ཁྲ་དམར་ནག་གིས་བྲིས་བའི་འབོད་ཚིག་གི་དར་བྱང་དཀར་པོ་ཞིག་ཐོགས་བཞིན་ངའི་མགོ་བོ་སྡུག་བསྔལ་གྱི་ནང་ལ་ཟགས། ངས་རང་གི་མིག་ཟུང་བཙུམས་བཞིན་མྱ་ངན་བྱས། ངའི་སྐྲ་ལོའི་ཉག་མ་རེ་རེ་བཞིན་ས་རུ་ཟགས། འགོག་མེད་ཀྱི་མིག་ཆུའི་ཐིགས་པ་འགའ་ངའི་མཁུར་ཚོས་བརྒྱུད་ནས་ས་རུ་ཟགས། སྐད་ཅིག་མ་དེར།ཨ་མདོ་རྔ་བ་རུ་བོད་མིའི་ཞི་བའི་གྱེན་ལངས་ལ་དམག་དཔུང་གིས་གཅར་རྡུང་བྱེད་བཞིན་པའི་སྣང་བརྙན་དག་ངའི་མིག་ཟུང་དུ་འཆར། ངའི་སྐྲ་ལོའི་ཉག་མ་དག་ས་རུ་ཟགས་ཐེངས་རེར་ངའི་ནང་སེམས་ལ་འགྱུར་བ་ཐེབས་ཤིང་ང་རང་མི་གཞན་ཞིག་ཆགས་སོང༌།

དེ་ལས་མང་བ་། “བོད་ཀྱི་བུད་མེད་མགོ་རིལ་ཞིག” »

འགྱུར་རྩོམ།

ནམ་ཡང་སེམས་ནས་བརྗེད་ཐབས་མེད་པའི་གླུུ་ཞིག

Posted on 2008-07-30 By dhatsenpa 8 Comments on ནམ་ཡང་སེམས་ནས་བརྗེད་ཐབས་མེད་པའི་གླུུ་ཞིག

  འདིར་སྔོན་མ་ཞིག་ནས་ད་བར་ངའི་ཕ་ཡུལ་དུ་བླངས་དང་ལེན་བཞིན་པའི་གླུ་ཞིག་དང་དེ་ལས་འཕྲོས་པའི་བསམ་གཞིགས་འགའ་ཞུ་འདོད་བྱུང་།  གླུ་འདི་ང་རང་ཆུང་བའི་སྐབས་སུའང་ཡང་ཡང་ལེན་མྱོང་།  ལོ་འགའ་ཤས་ཀྱི་སྔོན་དུ་ཕ་ཡུལ་ལ་ལྟ་སྐོར་ཕྱིན་པ་ཡིན། དེ་སྐབས་བཟའ་གོ་ར་གང་བོ་ངོ་འཛོམས་པས་ཚང་མ་དགའ་དགའ་སྤྲོ་སྤྲོའི་ངང་གླུ་ལེན་གར་རྩེད་ལ་རོལ་བ་ཡིན།  གླུ་ལེན་གར་རྩེད་ཀྱི་མཇུག་ཏུ།  ཡུལ་གྱི་གོམས་སྲོལ་ལྟར་ངའི་ཚ་མོ་ཆུང་ཆུང་ཞིག་གིས་ལག་པར་ཁ་བཏགས་ཤིག་བཟུང་ཞིང་། ལག་གཡས་པས་འགྲམ་པ་གཡས་པ་སྐྱོར་ཙམ་བྱས་ནས་།  རྟ་ལྷས་གོར་མོ་རྟ་གིས་གང་།། རྟ་སྔོན་མ་གཤར་ནས་རྐྱང་ལ་འདྲེས།། རྟ་རྗེས་མ་ད་རུང་ཤུལ་ན་ཡོད།། གཡང་འདི་ཚོ་མི་འབྲལ་བཀྲ་ཤིས་འཇོག། ཟོག་ལྷས་གོར་མོ་ཟོག་གིས་གང་།། ཟོག་སྔོན་མ་གཤར་ནས་འབྲོང་ལ་འདྲེས།། ཟོག་གཞུག་མ་ད་རུང་ལྷས་ན་ཡོད།།…

དེ་ལས་མང་བ་། “ནམ་ཡང་སེམས་ནས་བརྗེད་ཐབས་མེད་པའི་གླུུ་ཞིག” »

བརྩམས་སྒྲུང་།

ངེད་ཀྱི་ཁ་བརྡ།

Posted on 2008-07-30 By དགེ་རབ་ 2 Comments on ངེད་ཀྱི་ཁ་བརྡ།

སྐར་ཆེན།
ལས་འབྲས་མེ་ཏོག་ཆུ་བོའི་གཞུང་ལ་མ་སྟོར།།
ཕ་མའི་བཀའ་དྲིན་རྡོག་པའི་སྣེ་མོར་མ་འདོགས༌།།
གཞོན་པའི་མི་ཚེ་སྟོང་སེམས་རླུང་ལ་མ་བསྐུར༌།།
རང་གི་སྙིང་ལ་ལྕགས་ཀྱི་རུས་བ་འཇུག་རོགས།

ཁྱེད་ཀྱི་སྡུག་བསྔལ་གཞན་ལ་བདེ་བ་ཆགས་ཅིང༌།།
གཞན་གྱི་བདེ་བ་ཁྱེད་ལ་སྡུག་བསྔལ་ཆགས་དུས།།
རྟེན་འབྱུང་སྟོང་ཉིད་སེམས་ལ་གོམས་པ་མེད་ཀྱང༌།།
འཇིག་རྟེན་དངོས་པོའི་གཤིས་ལ་ངེས་རྟོགས་རྙེད་དགོས།།

དེ་ལས་མང་བ་། “ངེད་ཀྱི་ཁ་བརྡ།” »

སྙན་ངག

དགེ་བསྐོས་བཙན་པོ་འཕྲོས་པའི་གསལ་བཤད་ཉུང་ངུ༌།

Posted on 2008-07-29 By དགེ་རབ་ 16 Comments on དགེ་བསྐོས་བཙན་པོ་འཕྲོས་པའི་གསལ་བཤད་ཉུང་ངུ༌།

སྤོབས་པ་མཐའ་ཡས།
དགེ་བསྐོས་བཙན་པོ་གླེངས་སྐབས་དྲྭ་གྲོགས་ཚོའི་ཁྲོད་ན་ལ་ལས་གོ་བ་ཚུལ་བཞིན་ལེན་མི་ཐུབ་པ་དང༌། ལ་ལས་གོ་བ་ལྡོག་ཕྱོགས་ནས་ལེན་པ། ལ་ལས་གོ་ཡང་མ་གོ་བ་ལྟར་བརྫུ་བ་སོགས་གང་ལྟར་དང་ལེན་བྱེད་དཀའ་བའི་རྣམ་འགྱུར་ཅིག་མཐོང་སོང༌། དེ་ལྟར་བྱུང་དགོས་པའི་གནད་དོན་ཁག་གཅིག་གཤམ་གསལ།
༡་ རང་རེ་ཆོས་ལ་དུང་དྲགས་པས་དགོན་སྡེའི་ལམ་སྲོལ་ཡོངས་རྫོགས་ཆོས་སུ་ལྟ་བ་ལས་དེ་ལ་སྐྱོན་གྱི་ཆ་ཕྲ་མོ་ཙམ་གྱིས་གོས་པར་ཡང་དང་ལེན་བྱ་འདོད་མེད་པ།
༢་ ནང་པར་ཁེ་འཆེ་ཡང་ཆོས་ཀྱི་ཤེས་རྟོགས་དམན་དྲགས་པས་བླ་མ་དགེ་བསྐོས་ཀྱི་མོང་ཅན་ཚོས་གར་ཁྲིད་ཁྲིད་མ་གཏོགས་ཆོས་འདུལ་བ་དང་དེའི་དགོང་འགྲེལ་ཁག་གི་ལྟ་སྒོམ་སྤྱོད་འབྲས་དང་བསྟུན་ནས་བརྟག་དཔྱད་བྱེད་པའི་ཤེས་རྟོག་དམན་པ།
༣་ སྐྱོན་ཡོངས་རྫོགས་གཞན་སྟེང་དུ་འགེལ་བ་ལས་ཁ་རང་ཉིད་ཀྱི་སྤྱི་ཚོགས་ལ་ཚུར་བསྐོར་ཏེ་རྟོག་ཞིབ་བྱེད་པའི་སྙིང་སྟོབས་མེད་པ།
༤་ སྒེར་གྱི་ཁེ་ཕན་ཁོ་ན་ལས་སྤྱི་ཚོགས་ཁྱོན་ཡོངས་ལ་འགན་འཁུར་གྱི་འདུ་ཤེས་དམན་པ་བཅས་ཡིན།

དེ་ལས་མང་བ་། “དགེ་བསྐོས་བཙན་པོ་འཕྲོས་པའི་གསལ་བཤད་ཉུང་ངུ༌།” »

རྩོམ་རིག

བོད་ནས་འབྱོར་བའི་དྲི་བ་ཆུང་ཆུང་ཁ་ཤས།

Posted on 2008-07-292008-07-29 By tenzin 6 Comments on བོད་ནས་འབྱོར་བའི་དྲི་བ་ཆུང་ཆུང་ཁ་ཤས།

༼གཤམ་གྱི་འདྲི་བ་དེ་དག་བོད་ནང་གི་སློབ་མ་ཞིག་གིས་QQཐོག་ཕྱིའི་བོད་པ་རྣམས་ལ་འདྲི་རོགས་གྱིས་གསུངས་བྱུང་བས་གུས་པས་དེ་བོད་ཡིག་ལ་ཕབ་ནས་ཚང་མར་ཕུལ་ཡོད། དོ་འཁུར་ཅན་རྣམས་ཀྱིས་ལན་ཞིག་ཡོང་བར་མཁྱེན། ཁོང་གི་མིང་ལ་དབྱངས་འཛོམས་ཟེར།༽ ༡༽གལ་ཏེ་རྒྱལ་དབང་བཅུ་བཞི་པ་འཚོ་བཞུགས་རིང་བོད་ཀྱི་རང་དབང་འཐབ་རྩོད་ལ་འབྲས་བུ་མ་བྱུང་ན། ཁོང་ཞིང་གཞན་ལ་ཕེབས་རྗེས་ང་ཚོའི་གནས་བབ་ཇི་ལྟར་འགྱུར་རམ། ང་ཚོ་ལ་རེ་བ་གཞན་གང་ཡོད། ༢༽ རྒྱལ་དབང་ཁོང་གི་ཡང་སྲིད་ཐད་རྒྱ་དང་རྙོག་ཟིང་ཡོང་རྒྱུ་ཉག་གཅིག་ལ་སོང་། ཁོང་གི་རྒྱུན་འཛིན་པ་སུ་འཇོག་ན་ལེགས་སམ། དེའི་རྒྱུ་མཚན་གསུངས་རོགས། ༣༽ རྒྱ་ནག་དམངས་གཙོའི་རྒྱལ་ཁབ་ལ་གྱུར་ནས་མི་དམངས་ལ་རང་དབང་སྤྲོད་པའི་དུས་ཤར་སྐབས། དེས་བོད་ཀྱི་གནད་དོན་ལ་འགྱུར་བ་གང་འབྱུང་ངམ། ཁྱེད་ནས་འདི་ལ་ཚོད་བགམ་ཞིབ་ཕྲ་གཅིག་ནང་ནས་ངེད་ཚོར་གསུངས་ན་ཨེ་འགྲིག ༤༽ གལ་ཏེ་ཐེངས་རྗེས་མའི་རྒྱ་བོད་འབྲེལ་མོལ་གྱི་ཐོག་རྒྱ་ཕྱོགས་ནས། བོད་ཆོལ་ཁ་གསུམ་ཁས་ལེན་མེད། བོད་རང་སྐྱོང་ལྗོངས་ཀྱི་ནང་ལ་གནས་བབ་ལེགས་སུ་གཏོང་རྒྱུར་སྐད་ཆ་ཤོད་ན་འགྲིག རྒྱལ་བ་རིན་པོ་ཆེ་དེར་ལོག་ཕེབས་ནས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་ན་འགྲིག་ཟེར་ན་ཁྱེད་ལ་བསམ་ཚུལ་གང་ཡོད། ༥༽ གལ་ཏེ་རྒྱ་ཡིས་བསྐོས་པའི་པན་ཆེན་དེ་རྒྱ་གར་ལ་བྲོས་ནས་གོང་ས་མཆོག་ལ་མགོ་བོ་བཏགས་ན། ཁོང་ལ་ལས་འགན་གང་སྤྲོད་དགོས་སམ། ༦༽ཁྱེད་ལ་བོད་ཀྱི་གནད་དོན་དང་འབྲེལ་ཡོད་ཀྱི་དྲི་བ་གང་ཡོད།

རྩོམ་རིག

བདེན་པ་དང་བསམ་ཚུལ་བར་གྱི་ཁྱད་པར།

Posted on 2008-07-282008-07-28 By དགེ་རབ་ 5 Comments on བདེན་པ་དང་བསམ་ཚུལ་བར་གྱི་ཁྱད་པར།

“བོད་རིགས་ཚོས་བསམ་ཚུལ་ཤོད་ཀྱི་འདུག བསམ་ཚུལ་བཤད་པ་མ་གཏོགས་དངོས་ཡོད་ཤོད་ཀྱི་མི་འདུག”ཅེས་པ་འདི་ནི་ངས་ལན་མང་གོ་མྱོང་བ་ཞིག་ཡིན། ངས་རང་གི་ཉེ་འཁོར་གྱི་མི་རྣམས་ལ་བརྟག་དཔྱད་ཅིག་བྱས་པ་ཡིན། དཔེར་ན། མི་གཉིས་ཀྱིས་སྐད་ཆ་བཤད་སྐབས། “ཚེ་རིང་ག་པ་ལ་ཕྱིན་སོང་།” “ཚོང་ཁང་ལ་ཕྱིན་པ་འདྲ། ནང་ལ་བསྡད་མི་འདུག” “དངོས་གནས།” “གང་ཤེས། གཞན་ག་བ་ལ་འགྲོ་དགོས་རེད། ཁོ་ལ་འགྲོ་ས་གཞན་པ་མེད་པཱ།” འདི་ལྟ་བུ་རེད། ང་ཚོ་ལ་གནས་ཚུལ་གང་ཡིན་ཡང་ཚགས་པར་བཀླགས་ནས་གནས་ཚུལ་ཤོད་རེས་བྱེད་པ་ཞིག་མེད་པ་འདྲ། ཡིག་ཆའི་ཐོག་གི་གནས་ཚུལ་གང་ཡིན་ཡང་།…

དེ་ལས་མང་བ་། “བདེན་པ་དང་བསམ་ཚུལ་བར་གྱི་ཁྱད་པར།” »

རྩོམ་རིག

བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་རེག་སྲིད་དམ།

Posted on 2008-07-28 By དགེ་རབ་ 7 Comments on བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་རེག་སྲིད་དམ།

ཕྱི་ལོ་༢༠༠༧ལོའི༥པའི་ཚེས༣༡ཉིན་བྲིས།
རིག་འབྱུང་དོན་གྲུབ་བཀྲ་ཤིས།

ང་ཚོ་ཕ་ཡུལ་ལོག་ཐུབ་བམ། དུས་ནམ་ཞིག་ལ་གནས་སྟངས་ཇི་འདྲ་ཞིག་གི་འོག་ནས་ལོག་ཐུབ་བམ། ད་ནི་༧གོང་ས་མཆོག་གི་ཐུགས་རེ་བཞིན། བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་མ་རེག་ན། བོད་ལ་རང་དབང་མ་ཐོབ་ན། ང་ཚོའི་མི་ཚེ་ས་མཐའ་ནས་རྫོགས་ཤིང་ང་ཚོ་ཡང་ས་མཐའ་ནས་ཁ་འཐོར་དུ་འགྲོ་སྲིད།
འོ་ན། བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་རེག་སྲིད་དམ། འདི་བྱེས་བཞུགས་བོད་མི་རྣམས་བོད་ལ་ལོག་ཐུབ་མིན་གྱི་གནད་དོན་དང་འབྲེལ་བ་ཡོད། ཆེས་མཐོའི་རང་སྲིད་རང་སྐྱོང་འདི་ཡང་ཕར་དེད་ན་བོད་རྒྱ་ཞི་མོལ་གྱི་གླེང་གཞི་རེད། དོན་དངོས་སུ། བོད་རྒྱ་ཞི་མོལ་ཟེར་བ་འདིའི་ཚད་དང་མཚམས་ཇི་འདྲ་ཞིག་ལ་ངོས་འཛིན་དགོས་སམ། བཙན་བྱོལ་བོད་གཞུང་གི་འདོད་མོསབཞིན་བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་རེག་པ་ཡིན་ན༌། བོད་རྒྱ་ཞི་མོལ་ལ་གྲུབ་འབྲས་བྱུང་བ་ཡིན་ནམ།
ཡང་ན། རྒྱ་ནག་གི་འདོད་པ་བཞིན་ང་ཚོའི་ངོས་ནས་བོད་ཆེན་པོའི་ལྟ་བ་དོར་བ་ཡིན་ན། བོད་རྒྱ་ཞི་མོལ་ལ་གྲུབ་འབྲས་བྱུང་བ་ཡིན་ནམ། གཞན། ད་ལྟའི་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་ལམ་ཞི་མོལ་འདི་མུ་མཐུད་དུ་རྒྱུན་བསྲིངས་ཐུབ་པ་ཡིན་ན། བོད་རྒྱ་ཞི་མོལ་ལ་གྲུབ་འབྲས་ཐོབ་པ་ཡིན་ནམ། དོན་ངོ་མར། རྒྱ་ནག་དང་ང་ཚོའི་དབར་ན་གཉིས་མོས་ཀྱི་ལམ་ཞིག་ཡོད་དམ་མེད།་འདི་ནི་ངའི་སེམས་ཀྱི་རེ་བའི་གཏོད་གཞི་དང་བསམ་བློ་གཏོང་གཞི་ཆགས་འདུག

དེ་ལས་མང་བ་། “བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་རེག་སྲིད་དམ།” »

རྩོམ་རིག

དགེ་བསྐོས་བཙན་པོ།

Posted on 2008-07-28 By དགེ་རབ་ 6 Comments on དགེ་བསྐོས་བཙན་པོ།

སྤོབས་པ་མཐའ་ཡས།
དགེ་བསྐོས་བཙན་པོ་ནི་དཔར་འགྲེམ་བྱར་ཉེ་བའི་དཔེ་དེབ་ཅིག་ཡིན་ལ། དེ་ཡང་ཉེ་སྔོན་དེའི་སྐོར་ལ་གསལ་བརྗོད་ཉུང་བསྡུས་ཤིག་བྱས་ཀྱང་མཆན་བུ་འགོད་མཁན་སོགས་མ་བྱུང་སྟབས་དྲྭ་གྲོགས་ཚོས་དོ་སྣང་ཆེར་མ་བྱུང་བ་ཡིན་ངེས་པས་ད་ཐེངས་ཡང་རྩོམ་ཐུང་འདི་སྤེལ་བ་ཡིན། དེ་ལྟར་གལ་པོ་ཆེ་ལ་ནན་བརྗོད་བྱེད་དགོས་དོན་ནི་ང་ཚོའི་སྤྱི་ཚོགས་ཀྱི་མུན་ནག་གི་ངོས་ཤིག་ལ་ཁ་གཏད་པའི་བདེན་པའི་ལས་འགུལ་ཞིག་སྟེ་ཞི་བདེའི་འོད་སྣང་ཞིག་སྤེལ་བའི་སྟ་གོན་ཡིན་སྟབས་ངེས་པར་དུ་ཡང་ང་ཚོ་སྟེ་བོད་ཀྱི་མི་རབས་གསར་པས་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་བྱ་དགོས་པ་ཞིག་ཡིན།

དེ་ལས་མང་བ་། “དགེ་བསྐོས་བཙན་པོ།” »

རྩོམ་རིག

དགེ་འདུན་ཆོས་འཕེལ་འབྲུག་ཡུལ་དུ་ཕེབས་པའི་སྐོར།

Posted on 2008-07-272008-07-27 By དགེ་རབ་ 12 Comments on དགེ་འདུན་ཆོས་འཕེལ་འབྲུག་ཡུལ་དུ་ཕེབས་པའི་སྐོར།

འཇུ་བསྟན་སྐྱོང༌།
མཁས་དབང་དགེ་འདུན་ཆོས་འཕེལ་ཞེས་གླེང་ན་བོད་རིགས་མཁས་བླུན་ཀུན་ལ་ཆེས་རྒྱུས་ཡོད་ཀྱི་མི་སྣ་ཞིག་ཡིན་ལ། ཁོང་གི་མཛད་རྣམ་རག་པ་ཡང་ཀུན་གྱི་ཁ་ཐོག་འཁོར་ལོ་ལྟ་བུ་ཞིག་ཏུ་གྱུར་ཡོད། འོན་ཀྱང༌། ཁོང་གི་རྐང་རྗེས་ཀྱི་ཟབ་ས་དང༌། རྣམ་དཔྱོད་ཀྱི་རྣོ་མྱུར། སྒྱུ་རྩལ་གྱི་མཛེས་དཔྱོད་བཅས་ནི་ད་དུང་ལྐོག་གྱུར་དང༌། རྩོད་གཞི་ཞིག་ཏུ་ཆགས་ཡོད་པ་སྨོས་མེད་རེད། ཡིན་ཡང༌། རེ་ཞིག་འདི་ནས་དེ་དག་མི་བཤད་བར་མཛད་རྣམ་ཁག་ཏུ་གསལ་བོར་མ་འཁོད་པའི་ལྷོ་འབྲུག་ལ་ཕེབས་སྐོར་དང༌། དེ་འབྲེལ་རྩོམ་ཡིག་འགའ་ཞིག་ངོ་སྤྲོད་ཞུ་རྒྱུ། དགེ་ཆོས་ལགས་རྒྱ་གར་དུ་སྔ་རྗེས་གཉིས་སུ་ཕེབས་པའི་ཕྱི་མ་རང་ཡུལ་ཁ་བ་ཅན་ལ་ཞལ་བསྒྱུར་སྐབས་ལྷོ་འབྲུག་བརྒྱུད་ཟེར་བ་དང༌། མོན་རྟ་དབང་བརྒྱུད་ནས་ཕེབས་ཚུལ་གཉིས་ཡོད་ལ། སྔ་མ་གྲགས་ཆུང་ཞིང་ཕྱི་མ་ཡོངས་གྲགས་ལྟ་བུ་ཡིན་ཡང༌། དོན་དངོས་འདི་དུས་མོན་འབྲུག་གཉིས་ཆར་ཕེབས་ཆོག་པ་ལྟ་བུ་སྣང་ལ། ཁྱད་པར་འབྲུག་ཡུལ་དུ་ཕེབས་པ་ཧ་ཅང་གསལ་ཐག་ཆོད་པ་ཤེས་རྟོགས་བྱུང༌།

དེ་ལས་མང་བ་། “དགེ་འདུན་ཆོས་འཕེལ་འབྲུག་ཡུལ་དུ་ཕེབས་པའི་སྐོར།” »

རྩོམ་རིག

གསེར་གྱི་ཉི་མ།

Posted on 2008-07-272008-07-27 By དབང་ཕྱུག་ No Comments on གསེར་གྱི་ཉི་མ།

བོང་སྟག་རི་ལུ། རྒྱལ་བ་བསྟན་འཛིན་རྒྱ་མཆོག་ནི།། སེར་པོ་གསེར་གྱི་ཉི་མ་ཡིན་སོང༌།། སེར་པོ་གསེར་གྱི་ཟེགས་མ་རེ་རེས།། རིས་མེད་འཛམ་གླིང་འོད་ཀྱིས་ཁྱབ་སོང༌། རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ནི།། ཆོལ་གསུམ་བོད་མིའི་སྙིང་ནོར་ཡིན་སོང༌།། སྙིང་གི་ནོར་བུ་གམ་ན་མེད་པས།། ཡ་ཆུང་སེམས་ལ་གས་ཆག་ཤོར་སོང༌།། རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ནི།། གངས་ཅན་བོད་མིའི་སྐྱབས་མགོན་ཡིན་སོང༌།། ལུས་ངག་ཡིད་གསུམ་ཁོང་ལ་གཏད་ནས།། ཤ་རུས་ཁྲག་གསུམ་བོད་ལ་འབུལ་འདོད།།

སྙན་ངག

གསེར་གྱི་ཉི་མ། ༼བོད་འབྱོར་རྩོམ་ཡིག༽

Posted on 2008-07-25 By དབང་ཕྱུག་ 1 Comment on གསེར་གྱི་ཉི་མ། ༼བོད་འབྱོར་རྩོམ་ཡིག༽

བོང་སྟག་རི་ལུ། རྒྱལ་བ་བསྟན་འཛིན་རྒྱ་མཆོག་ནི།། སེར་པོ་གསེར་གྱི་ཉི་མ་ཡིན་སོང༌།། སེར་པོ་གསེར་གྱི་ཟེགས་མ་རེ་རེས།། རིས་མེད་འཛམ་གླིང་འོད་ཀྱིས་ཁྱབ་སོང༌། རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ནི།། ཆོལ་གསུམ་བོད་མིའི་སྙིང་ནོར་ཡིན་སོང༌།། སྙིང་གི་ནོར་བུ་གམ་ན་མེད་པས།། ཡ་ཆུང་སེམས་ལ་གས་ཆག་ཤོར་སོང༌།། རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ནི།། གངས་ཅན་བོད་མིའི་སྐྱབས་མགོན་ཡིན་སོང༌།། ལུས་ངག་ཡིད་གསུམ་ཁོང་ལ་གཏད་ནས།། ཤ་རུས་ཁྲག་གསུམ་བོད་ལ་འབུལ་འདོད།།

སྙན་ངག

ཁྱེད་དྲན་ནས་མིག་མཐའི་མཆི་མ་སྐམ་ལ་ཉེ།བོད་འབྱོར་རྩོམ་ཡིག༽

Posted on 2008-07-25 By དབང་ཕྱུག་ No Comments on ཁྱེད་དྲན་ནས་མིག་མཐའི་མཆི་མ་སྐམ་ལ་ཉེ།བོད་འབྱོར་རྩོམ་ཡིག༽

ཨ་རིའི་ལྕགས་མོ་འཚོ་ལ་བྲིས་པའི་སྙན་ངག་ལས་ཁག་དང་པོ།
བོང་སྟག་རི་ལུ། ༼མཚོ་ནུབ་༽
ཁ་སང་ཁྱེད་ཀྱི་ཕ་ཡུལ་འཁོར་ཞག་ཏུ་ཐེངས་ཤིག་ཕྱིན་ཅིང༌།
མེ་ཏོག་གིས་བརྒྱན་པའི་ཡུལ་ལྗོངས་དང༌།
ནོར་ནག་གིས་འཁྱུད་པའི་རྩྭ་ཐང་མཐོང་དུས།
ངས་ཁྱེད་རང་སྙིང་ནས་དྲན་ཞིང༌།
གནས་འདི་ནས།
མེ་ཏོག་གི་དྲི་བསུང་མ་ཡལ་བའི་གནས་འདི་ནས།
གངས་རིའི་བཀྲག་མདངས།
ང་ཚོ་མྱུར་བར་ལྷན་འཛོམས་ཀྱི་གོ་སྐབས་ཤིག་ཡོད་ན་ཅི་མ་རུང་སྙམ།

དེ་ལས་མང་བ་། “ཁྱེད་དྲན་ནས་མིག་མཐའི་མཆི་མ་སྐམ་ལ་ཉེ།བོད་འབྱོར་རྩོམ་ཡིག༽” »

སྙན་ངག

དགོན་པའི་གཅར་རྡུང་ལམ་ལུགས་ལ་སྐྱོན་བརྗོད་ཀྱི་དེབ་ཐོན་ལ་ཉེ་བའི་གཏམ་བཟང༌།

Posted on 2008-07-24 By དགེ་རབ་ 4 Comments on དགོན་པའི་གཅར་རྡུང་ལམ་ལུགས་ལ་སྐྱོན་བརྗོད་ཀྱི་དེབ་ཐོན་ལ་ཉེ་བའི་གཏམ་བཟང༌།

སྤོབས་པ་མཐའ་ཡས།
རྩོམ་པ་པོ་གྲགས་ཅན་ཀླུ་སྨྱོན་ཧེ་རུ་ཀའམ་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོས་དགའ་འབྲས་སེ་གསུམ་གཙོས་བོད་ཀྱི་དགོན་སྡེ་ཁག་གི་ནང་དུ་ཤུགས་ཆེར་དར་བའི་སྒྲིག་ཁྲིམས་ལྕག་གིས་འཚོ་བ་ཞེས་སྒྲིག་ཁྲིམས་ཆུང་ཚག་འགལ་རིགས་ལ་གཅར་རྡུང་དྲག་པོ་བྱེད་སྲོལ་འདི་མཚམས་འཇོག་དགོས་སྐོར་རྩོམ་ཡིག་ཉི་ཤུ་ཡས་མས་ཤིག་ཕྱོགས་བསྡེབས་གྱི་དེབ་ཅིག་དཔར་སྐྲུན་བྱེད་འཆར་ཡོད་ཚུལ་ཐོས། གསན་ཚུལ་འཁོད་གསལ་ལ་དེབ་དེ་རང་རེའི་དགོན་སྡེ་ཆེ་གྲས་ཁག་གཅིག་ཆགས་ཡུལ་རྒྱ་གར་ལྷོ་ཕྱོགས་ནས་དཔར་སྐྲུན་བྱེད་རྒྱུ་ཡིན་ཞིང་རིང་མིན་དཔར་འགྲེམས་བྱ་རྒྱུ་རེད། གནད་དོན་འདི་ལྟ་བུ་ནི་སྤྱིར་ཆོས་ལུགས་གཞན་མེད་པའི་གདུག་རྩུབ་གཉའ་གནོན་གྱི་ལོག་སྤྱོད་ཡ་ང་བ་ཞིག་ཡིན་ལ་སངས་རྒྱས་ཀྱི་བསྟན་པ་མདོ་སྔགས་ཀྱི་ཐེག་པ་གང་དང་ཡང་མི་མཐུན། རང་རེའི་སྤྱི་ཚོགས་ཀྱི་སྲོལ་རྒྱུན་གནོན་ཤུགས་ཆེ་དྲགས་པས་གནད་དོན་དེར་གཞུང་ཁྲིམས་ཀྱི་སྟངས་འཛིན་དང་མང་ཚོགས་ཀྱི་ཁ་རྡུང་ཆེ་བ་ཕོག་མ་ཐུབ་པར་ད་དུང་ཡང་ལག་བསྟར་བྱེད་བཞིན་ཡོད། གནད་དོན་དེ་མི་རིགས་གཞན་གྱི་མཇལ་སྐོར་བས་ལྟ་ཉན་མེད་ཐོག་རང་རེའི་གྲྭ་རྐྱང་དཀྱུས་མ་དང་མང་ཚོགས་ཁྲོད་དུ་ཡང་སྔར་ནས་གླེང་གཞི་ཆེ། གཉའ་གནོན་ཡོད་སར་ངོ་རྒོལ་ཡོང་བ་ཆོས་ཉིད་ཡིན་སྟབས་ལོ་ཤས་སྔོན་གོང་སྨྲོས་རྩོམ་པ་པོ་མཆོག་གིས་དེའི་སྐོར་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་ཡིན་སྐོར་རྩོམ་ཡིག་ཅིག་བོད་ཀྱི་དུས་བབབ་གསར་ཤོག་ཏུ་ཆེས་ཐོག་མར་སྤེལ། དེ་ལ་མང་ཚོགས་སྤྱི་དང་གྲྭ་བ་དཀྱུས་མ་མང་པོས་དོ་སྣང་དང་གདེངས་འཇོག་མཐོན་པོ་བྱེད་བཞིན་པ་མཐོང༌། འོན་ཀྱང་ཆོས་ཟབ་ས་ན་བདུད་ཟབ་པའི་དཔེ་བཞིན་མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང་ངམ་ནག་བཞིན་གྱི་གཉེར་མ་མི་གཏོང་མཁན་ཞིག་གིས་ལན་འདི་ལྟར་བཏབ་བྱུང༌། དྲག་རྡུང་མངར་གཅོད་བྱེད་པའི་ལམ་སྲོལ་དེ་ནི་རང་རེའི་ཆོས་ཁྲིམས་དར་གྱི་མདུད་པ་ཡིན་སྟབས་དེ་ལ་ནུབ་ཕྱོགས་པས་གླེང་བའི་འགྲོ་བ་ཐོབ་ཐང་སོགས་མེད་ཀྱང་ཆོག་ཅེས་བརྗོད། ད་དུང་ཆོས་ལ་མི་རྟོན་གང་ཟག་རྟོན་པ་སྟེ་གླེང་གཞི་ལས་མི་གླེང་བར་རྩོམ་པ་པོ་ལ་སྒྲོ་སྐུར་ཉག་ཉོག་མང་དུ་གླེང་བའི་ཨ་ཆད་ཨུ་ཐུག་གི་རྩོམ་ཡིག་ཅིག་སྤེལ་བར་ཡང་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ་མཆོག་གིས་དེ་མ་ཐག་གི་འདོན་ཐེངས་ལས་རྣག་ཐོག་གཙགས་ཁེལ་གྱི་ལན་སྤེལ་བས་ཕ་རོལ་པོའི་ཁ་ལ་སྨྲ་བཅད་ཀྱི་རྒྱ་བཏབ།

དེ་ལས་མང་བ་། “དགོན་པའི་གཅར་རྡུང་ལམ་ལུགས་ལ་སྐྱོན་བརྗོད་ཀྱི་དེབ་ཐོན་ལ་ཉེ་བའི་གཏམ་བཟང༌།” »

རྩོམ་རིག

རྒྱལ་བ་རིན་པོ་ཆེ་དང་། རྒྱ་རི་རིན་པོ་ཆེ་དང་། ཟམ་གདོང་རིན་པོ་ཆེ་བཅས་འབྲེལ་མོལ་སྐོར་བཀའ་མོལ་གནང་བའི་དུམ་བུ་གཅིག

Posted on 2008-07-222009-01-01 By tenzin 6 Comments on རྒྱལ་བ་རིན་པོ་ཆེ་དང་། རྒྱ་རི་རིན་པོ་ཆེ་དང་། ཟམ་གདོང་རིན་པོ་ཆེ་བཅས་འབྲེལ་མོལ་སྐོར་བཀའ་མོལ་གནང་བའི་དུམ་བུ་གཅིག

རྒྱལ་བ་རིན་པོ་ཆེ་དང་། རྒྱ་རི་རིན་པོ་ཆེ་དང་། ཟམ་གདོང་རིན་པོ་ཆེ་བཅས་འབྲེལ་མོལ་སྐོར་བཀའ་མོལ་གནང་བའི་དུམ་བུ་གཅིག རྟོགས་རྩོམ། ༼ཕྱག་གསུམ་འཚལ་རྗེས་སྐུ་མདུན་གྱི་ཁ་སྤྲོད་རྐུབ་སྟེགས་ཐོག་བསྡད། ཟམ་གདོང་རིན་པོ་ཆེ་རྒྱ་རིའི་འཁྲིས་ལ་ཡོད།༽ རྒྱལ་བ་རིན་པོ་ཆེ། ཡ། ད་རེས་གང་འདྲས་བྱུང་སོང་། རྒྱ་རི། ལ་ཡག་པོ་ཞེའོ་ཅིག་བྱུང་སོང་། དང་པོ་ང་ཚོར་སྣེ་ལེན་དཔེ་རྒྱས་པོ་གནང་བ་དང་། རྣམ་འགྱུར་ཡང་ཡག་པོ་ཞེའོ་ཅིག་འདུག ཁོང་རང་ཚོའི་དཔོན་པོ་མཐོ་ཤོས་དེས་ཡར་ལངས་ནས་ང་ཚོར་ཁྱེད་རང་ཚོ་ཐག་རིང་པོ་འདི་འདྲ་ནས་འདིར་ཡོང་ནས་ང་ཚོར་འབྲེལ་མོལ་བྱས་པ་འདི་རླབས་ཆེན་གྱི་བྱས་རྗེས་རེད། རྒྱ་ནག་མི་འབོར་དུང་ཕྱུར་བཅུ་དང་གྲངས་ཆུང་༣་གྱིས་ནམ་ཡང་བརྗེད་སྲིད་ཀྱི་མ་རེད་ཅེས་ཟེར་གྱི་འདུག…

དེ་ལས་མང་བ་། “རྒྱལ་བ་རིན་པོ་ཆེ་དང་། རྒྱ་རི་རིན་པོ་ཆེ་དང་། ཟམ་གདོང་རིན་པོ་ཆེ་བཅས་འབྲེལ་མོལ་སྐོར་བཀའ་མོལ་གནང་བའི་དུམ་བུ་གཅིག” »

བརྩམས་སྒྲུང་།, མཚར་གཏམ།

Posts pagination

Previous 1 … 377 378 379 … 383 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme