ཟླ་བ་གཞོན་ནུ།
རྒྱུ་སྐར་སྒྱུ་མའི་རོ་བྲོ་འཛོམས་ས་ནས།།
སེམས་ཀྱི་མགོ་འཕང་མཁའ་ལ་གཏད་ན་ཡང་།།
དུག་གི་མཆུ་མདུང་ཕྲ་མོ་བཙུགས་བྱས་ནས།།
དྭངས་མའི་ཁྲག་ཁུ་འདྲེན་ལ་ཨ་ཐང་ཆད།།
ཁུ་སིམ་རླུང་བུས་ཟོས་པའི་གྲུ་ག་ནས།།
ལྷ་ཡི་ཕོ་ཉར་སྒུག་པའི་རེ་སྨོན་འདི།།
ས་སྒང་ཉི་འོད་ཕོག་པའི་དུས་ཀྱི་ཚེ།།
མཁའ་ལ་ངང་གིས་འགྲོ་བའི་རླངས་པར་ངེས།།
